CLOSE WINDOW

Ty071-011:
Wyliee-texts produced with BDRC’s OCR application

འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྐུ་ཞེས་བྱ་བའི་གཟུངས ་རྫོགས་སོ།། ། ཁ་ཆེའི་ཡུལ་དུར་ཁྲོད་འབྲིས་ཀ་རང་བྱུང་གི་མཆོད་རྟེན་རྩར་དངོས་གྲུབ་བརྙེས་པའི་རྗེ་བཙུན་མ་རྡོ་རྗེ་སེམས་མ་དང་། སྒྲ་བསྒྱུར་གྱི་ལོ་ཙ་བ་འགར་ཤེས་རབ ་འབྱུང་གནས་ཞེས་བྱ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ་ཨོཾ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊེ། ཀ་རོ་ཊེ། བཨཱརྱེ་སྭཱ་ཧཱ། བཅོམ་ལྡན་འདིས་དེའི་སྤྱན་སྔར་བའི་ལྕི་བ་ས་ལེམ་ལྷུང་བས་སོ་སོར་མཎྜ་ལ ་བརྒྱད་བྱས་ལ། མཎྜལ་རེ་རེ་ལ་ལན་བཅུ་གསུམ་གྱི་བར་དུ་བཟླས་ལ། ལྕི་བ་ལྷག་མ་ལ་སྔགས་བཟླས་ཏེ་ནད་པ་ལ་ཉེ་བར་བྱུགས་ན་ནད་ཐམས་ཅད་ཞི་བར་འགྱུར་རོ།། གལ་ཏེ་ཉི་མ་བདུན་ནམ། ་བཅུ་གསུམ་མམ། ཉི་ཤུ་རྩ་གཅིག་གིས་འགྲུབ་སྟེ། མཚམས་མེད་པ་ལྔ་བྱས་པ་ནི་མ་ཡིན་ནོ།། དེ་ལྟར་མ་གྲུབ་ན་བདག་གིས་མཚམས་མེད་པ་ལྔ་བྱས་པར་འགྱུར་རོ།། སེང་གེ་སྒྲའི་གཟུངས ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ངག་གི་དབང་ཕྱུག་དང་། གློག་སྐྱ་ཤེས་རབ་བརྩེགས་ཀྱིས་བསྒྱུར་བའོ།། ་གར་གང་དུ། ཨཱ་བ་མག་ཏེ་གར་སྙམམ་ས་ཤ་ཏ་ཀར། ཟོད་མང་དུ། འཕགས་པ་སྟན་རས་གཟིགས་དབང་བྱུག་གི་མཚན་བརྒྱརྩ་བརྒྱད་པ། སངས་ཆུས་དང་དྲང་ཆུབ་སམས་དཔའ་བམས། ་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕོ་བྲང་རི་པོ་ཊ་ལའི་རྩེ་མོ་ན་མེ་ཏོག་དྲི་ཞིམ་པོ་སྣ་ཚོགས ་ཀྱིས་བརྒྱན་པ། འཛམ་བུ་ན་དཱིའི་གསེར་གྱི་ཁ་དོག་དང་འདྲ་བ། རིན་པོ་ཆེ་སྣ་ཚོགས་ཀུན་ཏུ་འབར་བའི་ས་ཕྱོགས་ན་བཞུགས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་ལྷམ ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། མི་དང་། མི་མ་ཡིན་པ་བྱེ་བ་ཁྲག་ཁྲིག་བརྒྱ ་སྟོང་དུ་མས་བཅོམ་ལྡན་འདས་ལ་བསྟི་སྟང་དུ་བྱས། བླ་མར་བྱས། རིམ་གྲོར་བྱས། མཆོད་ཅིང་བཀུར་སྟིར་བྱས་ཏེ། ཡོངས་སུ་བསྐོར་ནས་མདུན་དུ་བྱས་པ་ལ་ཆོས་སྟོན་ཏེ། ཐོག་མར ་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་བྱུང་བ། ཡོངས་སུ་དག་པ། ཡོངས་སུ་རྫོགས་པ། ཡོངས་སུ་གསལ་བ ་ཚངས་པར་སྤྱོད་པ་འབའ་ཞིག་ཡང་དག་པར་རབ་ཏུ་སྟོན་ཏོ།། དེ་ནས་ཚངས་པ་ལ་སོགས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག ་