| Wylie | e-texts produced with BDRC’s OCR application |
ཕབ་པའོ།། @རྒྱ་གར་སྐད་དུ། ཨཱརྱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་སཾ་ཧ་ནཱ་ད་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་སྤྱན་རས ་གཟིགས་དབང་ཕྱུག་སེང་གེ་སྒྲའི་གཟུངས་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས། ་དབང་ཕྱུག་གི་ཕོ་བྲང་རི་བོ་པོ་ཊ་ལའི་རྩེ་མོ་ན་རིན་པོ་ཆེའི་ཁང་བཟངས་རིན་པོ་ཆེ་དང་། མུ་ཏིག་དང་། ནོར་བུ་དཔག་མེད་ཀྱིས་སྤྲས་པ། འོད་ཀྱིས་སྟོང་གསུམ་ཁྱབ་པ་མེ་ཏོག་དྲི་ཞིམ་པོ ་སྣ་ཚོགས་ཀྱིས་ཀུན་ནས་བརྒྱན་པའི་ས་ཕྱོགས་དེ་ན་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་། ཉན་ཐོས་ཆེན་པོ་ཤ་ར་དྭ་ཏིའི་བུ་ལ་སོགས་པ་དགེ་སློང་རབ་ཏུ་མང་པོས་ཡོངས ་སུ་བསྐོར་ཞིང་། བཅོམ་ལྡན་འདས་སེང་གེའི་གདན་བཤམས་པ་ལ་བཞུགས་སོ།། འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ཞེས་བྱ་བ་འདུས་ཏེ་འདུག་པར ་གྱུར་པ་དེ་རང་གི་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ནས་བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཡུལ་མ་ག་དྷ་ན་རྒྱལ་པོ་དབང་ཕྱུག་འོད་ཅེས་བགྱི་བ་འཁོར་དང་བཙུན་མོ་དང་། ལོངས་སྤྱོད ་ཕུན་སུམ་ཚོགས་པ་དང་ལྡན་པ་ལས་རྒྱལ་པོ་དེ་ལ་མཛེ་དང་། བོལ་མིག་དང་། དབུགས་མི་བདེ་བ་སྙིང་ནང་འབར་བ་བྱུང་སྟེ། དེ་ཇི་ལྟར་བསལ་བར་བགྱི་བཅོམ་ལྡན་འདས་ཀྱིས། ་བཀའ་སྩལ་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་སྔོན་འཇིག་རྟེན་གྱི་ཁམས་འདི་ཉིད་ན་འཇམ་དཔལ་ཁྱོད་ཉིད་བྱང་ཆུབ་སེམས་དཔའ་ཤེས་རབ་ཆེན་པོ་ཞེས་བྱ་བ ་ཡིན་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་འདི་ཉིད་བྱང་ཆུབ་སེམས་དཔའ་སྙིང་རྗེའི་མཆོག་ཅེས་བྱ་བ་ཡིན་པས་བྱང་ཆུབ་སེམས་དཔའ་དེ་གཉིས་སྟོང་གསུམ་དུ ་སེམས་ཅན་གྱི་དོན་ལ་གཤེགས་པ་ལ་སེང་གེ་དཀར་པོ་གཅིག་དབང་དུ་བསྡུས་ཏེ་ཆིབས་པ་བྱས། སྐུ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་མདུང་རྩེ་གསུམ་པ་དང་རལ ་གྲི་དང་། པདྨ་དང་། ཨུཏྤ་ལ་ཐོགས་ནས་ཕྱིན་པ་ལ། རྒྱ་མཚོ་ཆེན་པོ་ལ་རྒལ་བའི་དུས་སུ་སེང་གེ་བཞག་ནས་འཁུར་རེས་བྱས་ཤིང་བྱོན་པ་ལ། བྱང་ཆུབ་སེམས་དཔའ་ཤེས ་རབ་ཆེན་པོ་ཁྱོད་ཉིད་ནི་གྲོགས་ལ་ཕན་པའི་སེམས་ཀྱིས་རང་གི་རལ་གྲིས་རང་བཀུམ་མོ།། བྱང་ཆུབ་སེམས་དཔའ་སྙིང་རྗེ་མཆོག་གི་བསམ་པ་ལ་སྟེང་འོག་པར་སྣང་གི་ཀླུ་དང་ལྷ་ལ་སོགས་པས ་བསད་དམ་སྙམ་ནས་བཏུང་བའི་སྣོད་བྲམ་ཟེའི་ཐོད་པ་ལག་ན་ཐོགས་ཏྲི་ཤཱུ་ལ་རྩེ་གསུམ་པ་ལག་ན་ཐོགས་སེང་གེ་དཀར་པོ་ལ་ཞོན་མྱ་ངན་དུ་རལ་པ་ཐོད་དུ་བཅིངས་ནས ་སྟེང་གི་ལྷ་ལ་བསྡིགས་ཏེ། སྙིང་རྗེའི་སྟོབས་ཀྱིས་སེམས་ཅན་དོན་བྱས་པས།། རང་གི་གྲོགས་པོ་སྤངས་ནས་གཅིག་པུ་ལུས།། ལྷ་རྣམས་ཀུན་གྱིས་ཉེས་ནས ་ཆད་པའི་ལས།། གྲོང་ཁྱེར་འཇོམས་ཤིང་ལྷ་རྣམས་འགུམས་པར་བགྱིད།། ཅེས་སྨྲས་ཏེ་ལྷ་རྣམས་ལ་ཏྲི་ཤཱུ་ལ་གདེངས་པ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། ་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ཁམས་གསུམ་གྱི་ལྷ་དགའ་བའི་མདངས་ཕྱུང་སྟེ། ལྷའི་མེ་ཏོག་པདྨ་དང་། ཀུ་མུ་ད་དང་། པུཎྜ་རི་ཀ་དང་། ཙམ་པ་ཀ་ལ་སོགས་པ་ཕུལ་ཏེ་ཐོད་པ ་བཀང་ངོ་།། དེ་ནས་བར་སྣང་གི་ལྷ་དང་། ཀླུ་དང་། དྲི་ཟ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། གྲུལ་བུམ་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་ལ་སོགས་པ་ལ་བསྡིགས་པ། ་ཏྲི་ཤཱུ་ལ་གདེངས་ནས། སྙིང་རྗེའི་སྟོབས་ཀྱིས་སེམས་ཅན་དོན་བྱས་པས།། རང་གི་གྲོགས་པོ་སྤང་ན་གཅིག་པུ་ལུས།། སྡེ་བརྒྱད་ཚོགས་ཀྱིས་ཉེས་ན་ཆད་པའི་ལས།། གྲོང་ཁྱེར་འཇོམས ་ཤིང་སྡེ་བརྒྱད་འགུམས་པར་བགྱིད།། ཅེས་སྨྲས་ཏེ་སྡེ་བརྒྱད་ལ་ཏྲི་ཤཱུལ་གདེངས་པ་དང་། ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་དང་། དྲི་བའི་རྒྱལ་པོ་ཟུར་ཕུང་ལྔ་པ་དང་། གནོད་སྦྱིན་གྱི་རྒྱལ་པོ་རྣམ ་ཐོས་ཀྱི་བུ་དང་། ཕྲམ་མིར་གྱི་རྒྱལ་པོ་ཟགས་ཟངས་རིས་དང་། མིའམ་ཅིའི་རྒྱལ་པོ་སྔོན་བི་ཏ་མ་གོ་ཅན་དང་། ཐུལ་བུམ་གྱི་རྒྱལ་པོ་སྦྲུལ་མཐོ་དགྲོ་དང་། ནམ་མ་ལའི་རྫིང་ས་རྒྱས་བམ ་མིག་ཅན་ལ་སོགས་པ་འཁོར་མང་པོ་དང་བཅས་པ་དགའ་བའི་མདངས་ཕྱུང་སྟེ་སེང་གེ་ལ་རིན་པོ་ཆེའི་རྒྱན་ཕུལ་ལོ།། དེ་ནས་སའི་འོག་ན་གནས་པའི་ཀུལ་བསྡིགས་ཏེ། སྙིང་རྡོའི་སྟོབས་ཀྱིས་སེམས ་ཅན་དོན་བྱས་པས།། རང་གི་གྲོགས་པོས་སྤངས་ནས་གཅིག་པུ་ལུས།། ཀླུ་ཚོགས་རྣམས་ཀྱིས་ཉེས་ན་ཆད་པའི་ལས།། གྲོང་ཁྱེར་འཇོམས་ཤིང་ཀླུ་རྣམས་འགུམས་པར་བགྱིད།། ཅེས ་སྨྲས་ཏེ་རྒྱ་མཚོ་ཆེན་པོ་ཏྲི་ཤཱ་ལས་དཀྲུགས་པ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་བ་རུ་ཎ་དང་། ཀླུའི་རྒྱལ་པོ་འཇོག་པོ་དང་། དེ་དག་ལ་སོགས་པ་རྫུ་འཕྲུལ་དང་ལྡན་པ། འོད ་དང་ལྡན་པ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་མྱོང་བར་བྱེད་པ། ཀླུའི་རྒྱལ་པོ་འབུམ་ཕྲག་དྲུག་གཡོག་དང་འཁོར་དུ་བཅས་པ་འདུས་ཏེ་དགའ་བའི་མདངས་ཕྱུང་ནས། ཀླུའི་རྒྱལ་པོ་བ་རུ་ཎ་སྦྲུལ ་དཀར་པོ་གཅིག་ཏུ་བྱས་ནས་ཕྱག་འཚལ་བསྐོར་བ་ལན་གསུམ་བྱས་ཏེ། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན།། ཁྱོད་ལ་བདག་ནི་སྐྱབས་སུ་མཆི།། ཀླུ་རྣམས་ཀུན་གྱི་མགོན་མཛོད་ཅིག། ཉམས་ན ་ཀླུ་ཡི་གཤེང་མ་མཛོད།། ཅེས་སྨྲས་ནས་ཏྲི་ཤཱུ་ལ་ལན་གསུམ་དཀྲིས། ཁ་བྱང་ཆུབ་སེམས་དཔའ་ལ་བསྒྱུར། ཕུཿཕུཿཞེས་བརྗོད་ཅིང་གུས་པས་ཁ་ནས་ཁྲག་འབྱིན་ཅིང་གནས་སོ།། ཀླུའི་རྒྱལ ་བོ་གཞན་རྣམས་ཀྱང་ཐལ་མོ་སྦྱར་ནས་བསྐོར་བ་ལན་གསུམ་གསུམ་བྱས་ནས། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན།། ཁྱོད་ལ་བདག་ཅག་སྐྱབས་སུ་མཆིའོ།། ཀླུ་རྣམས་ཐམས་ཅད་སྐྱབས ་སུ་རུང་།། ཉམས་ན་ཀླུ་མི་ག་ཤེ་མ་མཛོད།། ཅེས་སྨྲས་ནས་ཀླུ་ཆེན་པོ་བརྒྱད་སྦྲུལ་དཀར་པོ་གཅིག་ཏུ་བྱས་ནས་ཚངས་སྤྱད་ལ་འཁྲིས་སོ།། ཀླུའི་རྒྱལ་པོ་རྣམས་ཀྱང་བདུན ་ཅག་ནི་བྲན་བགྱིད་དོ།། ཅི་བཀའ་སྩལ་པ་ཉན་ནོ་ཞེས་སྨྲས་ནས་ཀླུ་རྣམས་སོ་སོའི་གནས་སུ་དེངས་སོ།། འཇམ་དཔལ་བྱང་ཆུབ་སེམས་དཔའ་དེ་ནི་སྙིང་རྗེ་ཀླུ་འདུལ་ཞེས་བྱའོ།། སྙིང་ནད་སེལ་བ་ཞེས ་བྱའོ།། འཇམ་དཔལ་དེ་ལྟར་སྔོན་གྱི་བྱང་ཆུབ་སེམས་དཔའ་ཤེས་རབ་ཆེན་པོ་འཇམ་དཔལ་སྨྲ་བའི་སེང་གེ་ཁྱོད་ཉིད་ཡིན་ནོ།། དེའི་དུས་ཀྱི་བྱང་ཆུབ་སེམས་དཔའ་སྙིང་རྗེ་མཆོག་དེ་ནི་ད་ལྟའི་འཕགས ་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་ཀླུའི་དེད་དཔོན་ཆེན་པོ་འདི་ཉིད་ཡིན་ནོ།། འཇམ་དཔལ་ངས་རྒྱལ་པོ་ཆེན་པོ་དེའི་དོན་དུ་ཐུགས་རྗེ་ཆེན་པོའི་སྔགས་བརྗོད་པར་བྱའོ།། ཡིད་ལ་ཟུང་ཞིག། ན ་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡེ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ། ཀ་ཏཾ་ཀ་ཊེ་ཀ་རོ་ཊོ། ཙི་ཏི་ཛཱ་ལ་ཀ་རོ་ཏི་བཨཱརྱེ་སྭཱཧཱ། ་གཟུངས་འདི་ནི་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུས་གསུངས་ལ། ད་ལྟར་ང་ཉིད་ཀྱིས་བརྗོད་པའོ།། འདིའི་ཆོ་ག་ནི་མི་དགོས་པས་ལས་ཐམས་ཅད་འགྲུབ་པའོ།། བཅོམ་ལྡན་འདས་སྤྱན་རས་གཟིགས ་དབང་ཕྱུག་སེང་གེ་སྒྲའི་སྐུ་ལུགས་མ་འམ། བྲས་སྐུའི་སྤྱན་སྔར་བའི་ལྕི་བ་ས་ལམ་ལྷུང་བས་སོ་སོར་མ་འདྲེས་པར་མཎྜལ་བརྒྱད་བྱས་ཏེ། མཎྜལ་རེ་རེ་ལ་མེ་ཏོག་ཆོམ་བུ་ལྔ་ལྔ་པ་འམ་སྟེ། མེ་ཏོག་དང་། ་བདུག་པ་དང་། སྤོས་དང་། འཕྲེང་བ་དང་། ཕྱེ་མ་རྣམས་ཀྱིས་མཆོད་ནས། མཎྜལ་རེ་རེ་ལ་གཟུངས་ལན་བཅུ་གསུམ་བཅུ་གསུམ་གྱི་བར་དུ་བཟླས་ལ་ལྕི་བ་དེ་བསྡུས་ཏེ། ལྕིབ་ལྷག་མ་ལ་བསྔགས ་ཤིང་ནང་པ་ལ་བླུགས་ན་ནད་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ།། ལྷ་དང་ཀླུ་ལ་སོགས་པའི་དུག་གི་ནང་ཐམས་ཅད་ཞི་བར་འགྱུར་རོ།། ཞག་ཉི་ཤུ་རྩ་གཅིག་ལ་གྲུབ་པར་མ་གྱུར་ན། འཇམ་དཔལ ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་མཚམས་མེད་པ་ལྔའི་ལས་བྱས་པ་ཡིན་ནོ།། འཇམ་དཔལ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་དམ་བཅས་པའི་ཚིག་གོ།། འཇམ་དཔལ་རྒྱལ་པོ་ཆེན་པོའི་གནོད་པ་ནི་གཟུངས་འདིས ་སྙིང་ནད་འབར་བ་ལས་གྲོལ་ནས་སྐྱེ་བ་ཕྱི་མ་ལ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་འགྱུར་རོ།། འཇམ་དཔལ་ཉོན་ཅིག། སངས་རྒྱས་འོད་དཔག་མེད་ལ་སོགས་པ་སངས་རྒྱས་བྱེ་བ་ཕྲག་དགུ ་བཅུ་རྩ་དགུས་སྙིང་པོ་འདི་གསུངས་སོ།། ཨོཾ་ཨཱཿཧྲཱིཿས~ཾ་ཧ་ནཱ་ད་ཧཱུཾ་ཕཊ། ད་ལྟར་ང་ཉིད་ཀྱིས་བརྗོད་དེ། རིག་སྔགས་ཀྱི་སྙིང་པོ་འདི་ལན་ཅིག་བརྗོད་པས་སྡིག་པ་ཀུན་ལས་གྲོལ་བར་འགྱུར ་སྲིད་པ་ཉམ་ངར་འགྲོ་མི་འགྱུར།། ལུས་ལ་མཚོན་གྱིས་ཚུགས་མི་འགྱུར།། དགྲ་དང་ཆོམ་པོས་མི་ཚུགས་ཤིང་།། ཀླུ་ལ་སོགས་པས་འཚེ་མི་འགྱུར།། རྟག་ཏུ་དཔལ་དང་ལྡན་པར་འགྱུར། ་བུང་མེད་ལུས་སུ་མི་འགྱུར་ཞིང་།། རྟག་ཏུ་སྐྱེ་བ་དྲན་པར་འགྱུར།། ཤི་ནས་བདེ་བ་ཅན་དུ་འགྲོ།། འཇམ་དཔལ་དེ་བཞིན་གཤེགས་པ་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ་ཐམས་ཅད་སྐྱོབ་དང་། ལོག་པར་དང་སེལ་དང་། གསེར་ཐུབ་དང་། འོད་སྲུངས་ཀྱིས་ཀྱང་གསང་སྔགས་འདི་གསུངས་ལ། ད་ལྟར་ཤཱཀྱ་ཐུབ་པ་ངས་ཀྱང་བརྗོད ་པབ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཧ་ཡ་གྲཱི་བཱ་ཡ། ན་མོ་ལོ་ཀེ་ཤྭ་རཱ་ཡ། ཏདྱ་ཐཱ། ཨོཾ་ཧྲཱིཿཀུ་ལུ་ཡུ་ལུ་ནཱི་ལ་ཀཎྛ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བན་དྷ་བན་དྷ། མཱ་ར་ཡ་མཱ་ར་ཡ། ཧཱ་ཧཱ་ཧཱ་ཧཱ ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧྲཱིཿཧཱུཾ་ཕཊ། འཇམ་དཔལ་གཟུངས་འདི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད་པདྨ་ཧ་ཡ་གྲཱི་བའི་སྔགས་ཡིན་ཏེ། ལན་ཅིག་ཀློག་པར་བྱེད་པའི་མི།། སྡིག་པ་ཀུན་ལས ་གྲོལ་འགྱུར་ཞིང་།། ངན་སོང་སྒོ་རྣམས་གཅོད་པར་འགྱུར།། ཀུ་སོགས་གདོན་གྱིས་འཚེ་མི་འགྱུར།། བྱད་དང་དུག་ལས་གྲོལ་འགྱུར་ཞིང་།། སངས་རྒྱས་ཀུན་གྱི་གསུང་ཡིན་ནོ།། ་བགྲངས་མེད་མཐུ་ལས་བྱུང་།། དེ་ཡི་ཡོན་ཏན་དཔག་ཏུ་མེད།། ལན་ཅིག་བཀླགས་ན་སྡིག་པ་སེལ།། ལན་གཉིས་བཀླགས་པས་དཔལ་དང་ལྡན།། གསུམ་གྱིས་ཚེ་རྣམས་རིང་བར ་འགྱུང།། འབྲུམ་ཟླན་བཻནྡྷ་མས་ནལ་མཐོར་འགྱུར།། བནྡྷནྡན་གྱུ་དང་དེར་འགྲོ།། འཇམ་པལ་མི་གཞན་དག་ལ་ནི།། ཟུབ་དང་བཞེས་པ་ལས་གྱུར་བ་ད་། རླུང་དང་ཟང་བ་ལས ་པ་དང་། སུ་རྒྱམ་རིགས་ཀྱིས་ཟིན་པ་དང་། བུ་བྲམ་ཟེའི་རིགས་ཀྱིས་ཟིན་པ་དང་། གྲུ་གདོལ་པ་དང་དམངས་རིགས་ཀྱིས་ཟིན་པ་ནི་སྙིང་མི་དགའ་བ་དང་། སྙིང་ན་བ་དང་། དབུགས་མཐོང ་དྷ་དང་། ལྷོ་རྒྱབ་ཏུ་ན་པ་དང་། མ་དཀོར་དུན་པ་དང་། གནོགས་ཕྱེད་ངུན་པ་དང་། མཐུ་བ་དང་། ཁྲོས་པ་དང་། འབུམ་གྱིས་བཏབ་པ་དང་། སྡུམ་པ་ལྟ་བུར་རབ་དང་། སྲོག་ཆགས་སུན་བང། ་ཚིགས་དང་ཤ་ཁོལ་བུར་ན་བ་དང་། མ་ཁུ་ཅན་དང་། ལུང་པ་གློ་ཅན་དང་། རུལ་ཁོལ་དུན་པ་དང་། འཕྲེས་པ་དང་། ཞ་བ་དང་། ཡི་ག་མི་བདེ་བ་དང་། ཟོར་པ་ལྟ་བུའི་ནད་དང་། སྨན་ཅན ་དང་། དམུ་ཆུ་ཅན་དང་། འབྲས་དང་། མེ་དཔལ་དང་། ལྷོག་པ་དང་། གག་པ་དང་། ཆུ་ཐིག་ཅན་དང་། གྲང་ལྷང་ལྒང་དང་། ཚ་ཙག་ཙག་ལ་སོགས་པའི་མཛེ་རིགས་ཅན་དང་། བོལ ་མིག་དང་བཅས་པ་དང་། ལྷ་དང་། བདུད་དང་། ཚངས་པ་དང་། གཤིན་རྗེ་དང་། བྲག་སྲིན་དང་། སེམས་འཁྲུགས་གི་གདོན་དང་། ཟབ་གཞོ་བ་དང་། མཚོ་སྨན་དང་། ཀླུལ ་སོགས་པས་ཟིན་པ་དང་། གནོད་སྦྱིན་དང་། འབྱུང་པོ་དང་། ལོག་འདྲེན་དང་། ཤ་ཟའི་གདོན་རྣམས་ཀྱིས་ཟིན་པ་དང་། ནད་སྣ་ཚོགས་འབྱུང་སྟེ། དེའང་མི་དགེ་བ་ལས་སྡུག ་བསྔལ་འབྱུང་བ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ཉོན་ཅིག། སྙིང་པོ་གཟུངས་ཀྱི་ཆོ་ག་འདི།། དང་པོ ་ཐུགས་རྗེ་ཆེན་པོ་ལ།། གུས་ཤིང་ངང་པའི་སེམས་བསྐྱེད་ནས།། སྦུན་པའི་ས་ལ་དཀྱིལ་འཁོར་བྱ།། ལ་ཛིར་བཅས་བྱུགས་ནས་ནི།། ཚོན་རྩི་ཁ་དོག་སྡེ་ལྔ་ཡིས།། དཀྱིལ ་འཁོར་བ་དྨ་ལྟ་བུར་བྲི།། བུམ་པ་གང་བ་ལྔ་དག་ཀྱང་།། ཕྱོགས་བཞི་དབུས་དང་ལྔ་རུ་གཞག། གང་བའི་གཏོར་མ་ལྔ་ཡང་བཤམས།། སང་ལྡེང་བུར་བུ་ལྔ་ཡང་དགོ།། ་དར་གྱིས་དཀྲིས་པའི་མདའ་བཞི་དགོད།། ཚོན་སྐུད་ལྔ་ཡི་དྲ་བ་བྲེ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་ལ་ཕྱག་འཚལ་ལོ།། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ལ་ཕྱག་འཚལ་ལོ།། ་བཅོམ་ལྡན་འདས་མ་གོས་དཀར་མོ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་ཀླུའི་རྒྱལ་པོ་བ་རུ་ཎ་ལ་ཕྱག་འཚལ་ལོ།། ཨ་ཧྲཱིཿཧྲཱིཿཔཾ། ་ཏཾ་ནཾ། ཡི་གེ་དྲུག་པའི་སྔགས་འདི་ནི།། བརྗོད་པས་སྡིག་པ་སྡུག་བསྔལ་སེལ།། སྭཱ་ཧཱ། སངས་རྒྱས་མཆོད་ལ་བརྩོན་པར་བྱ།། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་གི་འཕྲེང་བ ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ཕྱེ་མ་དང་། རྒྱན་ཐམས་ཅད་ཀྱིས་མཆོད་ནས། སེང་ལྡེང་རྒྱ་ཤུག་མེ་བཏང་ལ།། ཚོན་སྐུད་བཅང་ཞིང་འབྲུ་རྣམས ་སྲེག། རྨ་བྱ་སྨུག་ཤད་ལྕུག་མ་ཡིས།། ཀླུ་ཡི་དུག་རྣམས་སེལ་བར་བྱེད།། ཧྲཱིཿནཱ་ག་ལེ་ལེ། ནཱ་ག་དུམ་བ་ལེ་ལེ། ནཱ་ག་ཕུད་ཕུད། ཧ་ལེ་ཧ་ལེ། ཧཱ་ལ་ཧཱ་ལ། སྥུ་ཊ་སྥུ་ཊ། ནཱ་ག་ཁྲོལ་ཁྲོལ ་ཤེག་ཤིག་སྭཱ་ཧཱུ~ཾ། ཀླུ་དའི་ལོག་འདྲེན་ཐམས་ཅད་ཀྱི་ཡིད་ཀྱི་དྲུག་དང་། མཐོང་བའི་དྲུག་དང་བཅིངས་པའི་དུག་དང་། ཁ་རླངས་ཀྱི་དྲུག་དང་། རིག་པའི་དུག་དང་། དུག་ཐམས་ཅད་ཕྱིར ་ཕུང་ཅིག་སྤྱ་། དྲུག་འདིར་མ་འདུག་ཅིག། སྦྱིན་པར་བྱེད་པའི་གམ་དུ་མོ་ངསས། འཛིན་པའི་ནང་དུ་སོ་ནི།། མེའི་ནང་དུམ་པནག། ཆུ་ནང་དུམ་པནག། ཞི་བར་གྱུར་ཅིག་སྣ། འམ ་དཔལ་འདི་དག་ནི་དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་བསྒྱུར་བའོ།། ཧྲཱིཿདྷུ་མ~ཾ་ཧཱ་ཁཾ། རིགས་སྔགས་དབང་བསྐུར་བའོ།། རྡོ་རྗེ་སྲུང་བའི་མཆོག་ཏུ་འགྱུར།། བཀྲ་ཤིས་ལྷ་མོ་དཔལ ་དང་ལྡན།། བསྙེན་གནས་ལ་ནི་གནས་གྱུར་ནས།། དཀོན་མཆོག་རྗེས་དྲན་སེམས་བསྐྱེད་ནས།། བུམ་ཆུ་དག་པས་ལས་སྒྲིབ་སེལ།། ལུས་ངག་སེམས་ཀྱིས་དག་པ་ཐོག།། ཕ་རོལ་ཕྱིན ་དྲུག་གནས་གྱུར་ཅིག། སངས་རྒྱས་སེམས་ཅན་མཁྱེན་པར་འགྱུར།། ཏིང་འཛིན་ཐམས་ཅད་མངོན་དུ་འགྱུར། བུ་མོ་གཞོན་ནུས་བཀལ་བ་ཡི།། སྲུང་པ་དཀར་པོ་གསུམ་སྒྲིལ་ལ། ་བཟླས་བརྗོད་ཉི་ཤུ་བརྒྱད་བཟླས་ན།། མགུལ་དུ་བཏགས་ན་ནང་ལས་གྲོལ།། ནད་ལ་ཕན་པའི་སྨན་རྣམས་ལ།། གཟུངས་སྔགས་བཟླས་ཤིང་བཏབ་གྱུར་ན།། ནང་རྣམས་ཀུན་ལས ་གྲོལ་བར་འགྱུར།། ཚུལ་གཟུངས་སྔགས་མང་བཟླས་ན།། ཀླུ་ནང་ཁོང་དུ་སེལ་བར་འགྱུར།། ལོ་ཏོག་ཟ་བ་ཁ་བཅིང་ན།། བྱེ་མ་ས་དང་ཐལ་བས་སེལ།། ཧ་ཅང་ཆར་པ་ཆེས་པ་ན། ་ལྷ་ལ་ཕུལ་བའི་སྙིང་པ་ལ།། ཁམ་པོར་གསར་པའི་ནང་དུ་ཡང་།། མེ་ཏོག་གཙང་མ་བླངས་ནས་ནི།། བསྲེགས་ན་ཆར་པ་འཆང་བར་འགྱུར།། སེར་བ་དྲག་པོ་འོང་བ་ན།། ཐལ་ཆེན ་ཞུངས་ཀར་བཟླས་བརྗོད་ཀྱིས།། སེར་བ་ཉ་ལྕིབས་ལྷག་མ་དང་།། ལྷུམ་པོ་བཏགས་ཏེ་བཙུགས་གྱུར་ན།། སེར་བ་འཆད་པར་འགྱུར་བ་ཡིན།། ལཱ་ཀླུ་དྲི་ཟ་ལ་སོགས། ་པའི།། གདོན་ནི་གནོད་པར་གྱུར་པ་ལ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། བུམ་པ་གཙང་མ་ལྔ་བཞག་སྟེ།། སྨན་སྦྱར་ཆུས་ནི་གང་བ་ལ།། བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བཟླས། ་སློབ་མ་གོས་ཟས་དཀར་པོར་སྦྱར།། དཀྱིལ་འཁོར་དེ་ཡི་ནང་དུ་གཞུག་བུམ་པའི་ཆུ་ཡིས་བཀྲུ་བར་བྱ།། ནད་དང་གནོད་པ་ཀུན་ལས་ཐར།། ཀླུ་སོགས་གདོན་རྣམས་དཔག་མེད་ཀྱིས། ་གླགས་ཀྱང་རྙེད་པར་མི་འགྱུར་རོ།། བུས་པ་གདོན་གྱིས་འཇིགས་པ་ལ།། གིའུ་ཝང་གིས་ནི་སྲུང་འཁོར་བྲི།། ཡུངས་ཀར་དག་དང་བཅས་ཏེ་གདགས།། བྱིས་པ་གདོན་དང་ནད་ལས་ཐར། ་ལམ་དུ་ཞུགས་ཏེ་འགྲོ་བ་ན།། ཐུ་བ་གཡས་པའི་གོས་ཀྱི་གྲཝར།། བཟླས་བརྗོད་བདུན་བྱས་མདུད་པ་བོར།། སོང་ན་བདེ་ཞིང་དོན་ཡང་འགྲུབ།། རྟ་ལ་སོགས་པའི་ཕྱུགས་རྣམས་ལ། ་ཆུ་དང་ཡུངས་ཀར་བཅས་པ་ལ།། བཟླས་ནས་གཏོར་ན་བདེ་བར་འགྱུར།། མི་ནང་ཕྱུགས་ནད་ཐམས་ཅད་ལ།། ཡུངས་དཀར་དང་ནི་བུམ་པའི་ཆུས།། བཀྲུ་ཞིང་བཏགས་ན་མི་ན་པ་ནི། ་ཨ་སྥ་རི་ལྀ་གཟུངས་སེལ་ལྟར།། ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་རྒྱལ ་པོ་འདིའི་ལོང་ན་ཀྲུའི་དུག་གིས་གང་ནས་འདུག་སྟེ། འདི་ནི་ནུའི་རྒྱལ་པོ་བ.རུ་ཎ་འདི་ས་ཀླུ་ཐམས་ཅད་ལ་དབང་བྱེད་པ་ཡིན་པས་འདྲི་དབྱུང་བར་བྱའོ།། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུགས ་སྒྲ་ལ་ཕྱག་འཚལ་ལོ།། ཀླུའི་རྒྱལ་པོ་བ་རུ་ཎ་ལ་ཕྱག་འཚལ་ལོ།། ཀླུའི་རྒྱལ་པོ་ཏཀྵ་ཀ་ལ་ཕྱག་འཚལ་ལོ།། ཀླུའི་རྒྱལ་པོ་མཐའ་ཡས་ལ་ཕྱག་འཚལ་ལོ།། ཀླུའི་རྒྱལ་པོ་པདྨ་ལ་ཕྱག་འཚལ་ལོ།། ་ཀླུའི་རྒྱལ་པོ་པདྨ་ཆེན་པོ་ལ་ཕྱག་འཚལ་ལོ།། ཀླུའི་རྒྱལ་པོ་དུང་སྐྱོང་ལ་ཕྱག་འཚལ་ལོ།། ཀླུའི་རྒྱལ་པོ་རིགས་ལྡན་ལ་ཕྱག་འཚལ་ལོ།། ཀླུའི་རྒྱལ་པོ་དགའ་བོ་ལ་ཕྱག་འཚལ་ལོ།། ཀླུའི་རྒྱལ་པོ ་ནོར་རྒྱས་ལ་ཕྱག་འཚལ་ལོ།། ཨོཾ་བ་རུ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཨ་ནནྟ་ཡ་སྭཱ་ཧཱ། ཨོཾ་བཱ་སུ་ཀཱ་ཡ་སྭཱ་ཧཱ། ཨོཾ་ཏཀྵ་ཀཱ་ཡ་སྭཱ་ཧཱ། ཨོཾ་ཀརྐོ་ཊཱ་ཡ་སྭཱ་ཧཱ། ཨོཾ་པདྨ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་བདྡྷ་སྭཱ་ཧཱུ~ཾ། ཨོཾ ་ཤཾ་ཁ་པཱ་ལཱ་ཡ་སྭཱ་ཧཱ། ཨོཾ་ཀུ་ལི་ཀཱ་ཡ་སྭཱ་ཧཱ། ཀླུ་ཡི་གཟུགས་ནི་མེང་པོ་ཡང་།། དཀར་གསུམ་མངར་གསུམ་འབྲས་ཟན་ལ།། ལེགས་བྱས་ཁ་དོག་བ་སྦྱར་བྱས་ལ།། མེ་ཏོག་སྤོས་དང་བྱུག ་པ་དང་།། མར་མི་ཞལ་ཟས་སྒྲ་སྙན་དང་།། གདུགས་དང་རྒྱལ་མཚན་མེ་ཏོག་འཕྲེང་།། ཚངས་པའི་སྐུད་པས་མཉེས་པར་བྱ།། རྩ་བ་ལོ་མ་སྡོང་བུ་དང་།། མེ་ཏོག་འབྲས་བུ་སྨན་གྱིས ་མཆོད།། རྨ་བྱ་གཟུགས་མོ་མེ་ལོང་གིས།། རྒྱལ་པོ་ཁོང་གི་དུག་ཐོན་ཅིག། རིན་ཆེན་རྨག་ཤང་མཆོད་པའི་རྟེན།། མི་ལྡོག་པ་ཡི་རྫས་སུ་ཆོངས།། བུམ་པ་གཏེར་གྱིས་གང་བ་མཛེས།། སྲོག ་ཆགས་ཡིད་འོངས་གཟུགས་ཀྱིས་མཆོད།། ཞི་འགྱུར་འདིལ་ཐེ་ཚོམ་མེད།། ཀླུ་ཡི་རྒྱལ་པོ་འཇོག་པོ་ཡིས། ཟིན་ཀྱང་སྐད་ཅིག་གཅིག་ལ་ཟོན།། འཇམ་དཔལ་འང། ་གཞན་གྱི་མཐུ་མ་ཡིན་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེའི་མཐུའོ།། སྟོབས་སོ།། བྱིན་གྱི་རླབས་སོ།། ཐུགས་རྗེ་དང་ལྡན་པ་འདིའི་ཡོན་ཏན་བརྗོད་ཀྱིས་མི་ཡང་ཡང་བདག་གི་ཆ ་ཤས་ཙམ་ཞིག་བརྗོད་ན། ཨོཾ་བཅོམ་ལྡན་འདས་བྱ་བ་བྱས་ཤིང་བྱེད་པ་བྱས།། ཁུར་བོར་བདག་དོན་རྗེས་སུ་བརྙེས།། སྲིད་པར་སྦྱོར་བ་ཡོངས་སུ་ཟད།། ཡང་དག་བཀའ་ལས་རྣམ་པར་གྲོལ། ་སེམས་དཔའ་དབང་སྒྱུར་ཐམས་ཅད་ཀྱི།། མཆོག་ཏུ་ཕ་རོལ་ཕྱིན་ཐོབ་པ།། སྲིད་ལས་བརྒལ་ཞིང་ཚོགས་གཉིས་རྫོགས།། ཨཱཿགཞན་ལ་ཕན་བརྩོན་ཐུགས་བརྩེ་ཅན།། སེམས་ཅན་ཀུན་ལ ་མཆོག་ཏུ་བྱམས།། ཁམས་གསུམ་ཀུན་གྱི་གཉེན་གཅིག་པུ།། མཐའ་ཡས་སེམས་ཅན་སྒྲོལ་ལ་མཁས།། ཧྲཱིཿའགྲོ་བ་ཉམ་ཐག་ཀུན་ཏུ་སྐྱོབ།། དྲི་མ་གསུམ་སྤངས་ཕ་རོལ་ཕྱིན།། མངོན་ཤེས ་དྲུག་བརྙེས་ནྱ་གྲོ་བུ།། སྐྱེས་བུ་ཆེན་པོའི་མཚན་རྣམས་ནི།། སུམ་ཅུ་རྩ་གཉིས་དག་དང་ལྡན།། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས།། སྐུ་མདོག་ཤེལ་གྱི་ཁ་དོག་འདྲ།། གངས་རི་ཉི་ཤར་ལྟ་བུར ་མཚན།། སླ་ད་ཆེལ་འོད་ཟེར་འབར།། རིགས་སྔགས་སངས་རྒྱས་སྦལ་འགྲོ།། དབུ་མ་ཐོར་ཚུགས་གྱེན་ལ་བརྗེས།། དབུལ་འདི་པས་མེད་པ་བཞུགས།། ཐུ་རྣམས་ཐམས་ཅད་འདུལ ་མཛད་པ།། རྩེ་གསུམ་སྦྲུལ་གྱིས་རབ་ཏུ་དཀྲིས།། རིགས་གསུམ་མགོན་པོའི་བྱིན་རླབས་འཛིན།། དུག་གསུམ་རྩད་ནས་གཅོད་ལ་བསྟོད།། སྐྱོན་གྱིས་མགོས་པདྨ་བསྣམས།། ཤེས་རབ་ཟུར་སུམ ་རལ་གྲི་འབར།། ཉོན་མོངས་དག་པ་ཟམ་ཟེའི་མགོ།། མེ་ཏོག་ཕྲིན་མཚོགས་ཀྱིས་བཀང་།། བུ་རྣམས་ཀུན་ནས་དབང་བསྡུས་པས།། སྦྲུལ་གྱི་ཚངས་སྲུང་མཛེས་ལ་བསྟོད།། ས~ཾ་ཧ་བད་དག་གིད ་ལ་བཞུགས།། བདུད་བཞི་ཟིལ་གྱིས་གནོན་མཛད་པ།། སེང་གེ་དཀར་པོའི་གདན་ལ་བཞུགས།། འདོད་པའི་དོན་རྣམས་སྒྲུབ་པའི་ཕྱིར།། རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན།། བ་སྤུ་ཉག་མ་རེ ་རེ་ཡང་།། སེམས་ཅན་ཀུན་གྱི་མཆོག་ཏུ་འགྱུར།། ཕྱག་འཚལ་ཐུགས་རྗེ་ཅན་ལ་བསྟོད།། དམ་ཆོས་རྒྱལ་ཚབ་དབང་བསྐུར་བ།། ལྷ་མོ་སྒྲོལ་མ་རྗེས་སུ་འབྲང་།། འཇིགས་པ་བརྒྱད་སྐྱོབ་སྐུ ་མདོག་ལྡང་།། གནོད་པ་སེལ་བ་མི་འཇིགས་སྦྱིན།། ཨུཏྤལ་ཐུགས་རྗེའི་བདག་ཉིད་ཅན།། བཏུད་དེ་སྤྲུལ་པ་མང་པོ་འགྱེད།། ཙཱ་གོས་དཀར་མ་ནི་བཀའ་བཞིན་བྱེད།། ཡིད་བཞིན་འཁོར་ལོ ་བདེ་བར་བསྐོར།། འདོད་པའི་དོན་ཡོད་སྡུག་བསྔལ་ནི།། འཇིགས་པ་བརྒྱད་པོ་སེལ་ལ་བསྟོད།། ཕཊ། ཧ་ཡ་གྲཱི་བ་ཁྲོ་བོའི་སྲ།། འཕགས་པ་རྟ་མགྲིན་བདུང་བཞི་འཇོམས།། ཀྲོ་དྷ་མགྲིན་སྟོན། ་གདུག་པ་འདུལ།། ཀླུ་བདུད་འདུལ་མཛད་ཧཱུཾ་གིས་བསྟོད།། ནཱ་ནམ་མཁའ་ཀླུ་རྒྱལ་བ་རུ་ཎ།། ཆུ་ལྔ་སྟོན་པའི་ཞལ་མཐོང་ཞིང་།། བསྟན་ལ་རབ་དགའ་ཀླུ་རྣམས་འདུལ།། ས་དང་པོ་འི ་བདེན་པ་མཐོང་།། བདེ་བར་གཤེགས་པའི་རིང་བསྲེལ་འཛིན།། ཀླུ་རྒྱལ་བྱང་ཆུབ་སེམས་ལ་བསྟོད།། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ། ཀ་ཏ་ཀར ་སྭཱ་ཧཱ། གང་གིས་བསྟོད་ཅིང་ཟློས་པ་དེ་མཚམས་མེད་པ་ལྔ་བྱས་པའི་ལས་ཀྱི་སྒྲིབ་པའང་ཡོངས་སུ་བྱང་བར་འགྱུར་རོ།། དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ།། གསང་སྔགས་ཐམས ་ཅད་བཟླས་པར་འགྱུར་རོ།། བསྐལ་པ་སྟོང་གི་བར་དུ་ངན་སོང་དུ་མི་སྐྱེའོ།། བུད་མེད་ཀྱི་ལུས་སུ་མི་སྐྱེའོ།། སུ་ཞིག་ནང་པར་ལངས་ནས་ཆུ་དྲི་ཞིམ་པོས་ཁྲུས་བྱས་ཏེ་གཙང་སྦྲ་ལ་གནས་ནས། ་ཐུགས་རྗེ་ཆེན་པོ་སེང་གེ་སྒྲའི་སྤྱན་སྔར་གཟུངས་འདི་ཀློག་གམ། འདྲི་འམ། འཆང་ངམ། ཀློག་ཏུ་འཇུག་གམ། ཁ་ཏོན་དུ་བཏོན་ནས་སྙིང་པོ་དང་གཟུངས་སྔགས་ཟློས་ན་ནི། དེའི་ལུས ་ལ་འཛེ་དང་། ཤུ་བ་དང་། ཕོལ་མིག་དང་། འབྲས་དང་། བས་བལྗགས་དང་། མེ་དཔལ་དང་། གཡན་པ་དང་། ལྡོག་པ་དང་། གག་པ་དང་། ལྟོས་པ་དང་། དམུ་ཆུ་དང ་སྐེམ་པ་དང་། མཁལ་མ་རྡོལ་བ་དང་། དོན་སྡོད་དུ་འདུས་པ་དང་། བྱད་ཀྱི་དཀྱིལ་འཁོར་ལ་ནང་སྣ་ཚོགས་འདུས་པ་དང་། གློབ་ན་བ་དང་། དབུགས་མི་བདེ་བ་དང་། རླུང་མ་ཁྲིས་པདཀན ་འདུས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ།། འཇམ་དཔལ་གཟུངས་འདི་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ།། སུ་ཞིག་གམ་རྒྱལ་པོ་དེས་གཟུངས་འདི་གླེགས ་བམ་ལ་བྲོས་ཏེ་འཆང་བ་དང་། ཐོག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། མཆོང་བ་དང་། མི་གེར་འདྲི་བ་དང་། གྲོང་ངམ། གྲོང་ཁྱེར་རམ་གློང་རྡལ་ལམ། ལྗོངས་སམ་རྒྱལ་པོ་ལུམ ་འཁོར་དང་བཅས་པ་འམ། གཙུག་ལག་ཁང་དུ་གླེགས་པམ་འདི་འཆང་ན། དཔལ་ནག་པོ་ཆེན་པོ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཀླུའི་རྒྱལ་པོ་བ.རཱ་ཎཱ་དང་། གྲུ་ཆེན་པོ་བརྒྱད་རྣམས་སྲུང ་བཞིན་འབྲང་ཞིང་། དཔག་ཚད་སྟོང་ཚུན་ཆད་དུ་སླར་རྒོལ་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། གདོན་མ་རུངས་པ་ཐམས་ཅད་དང་། ལོག་པར་འདྲེན་པ་དང་། ཕྱིར་རྒོལ་བ་ཐམས ་ཅད་འཇོམས་པར་འགྱུར་རོ།། སྐོམ་ཉེས་པ་དང་། བྲི་ཉེས་པ་དང་། སྔགས་ནོར་བ་དང་། ཕྱག་རྒྱ་ནོར་བ་དང་། བཤད་ཉེས་པ་དང་། མཉན་པ་ནོར་བའང་གཟུངས་འདི་བཀླགས་པས་དག ་པར་འགྱུར་རོ།། གཟུངས་འདིས་སུ་ལ་བསྲུང་བ་བྱས་པ་དང་། ཡོངས་སུ་བསྐྱབ་པ་བྱས་པ་དང་། བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་བྱས་པ་དེ་ལ་མཚོན་དང་། དུག་དང་། དབྱིག ་དྲུག་དང་། བྱང་དང་། གཤེད་མ་དང་། རིམས་དང་། གནོད་པ་ཐམས་ཅད་དང་། དུས་མ་ཡིན་པར་འཆི་བས་མི་ཚུགས་སོ།། གནོད་པར་བྱེད་པོ་ཚར་གཅོད་པར་འགྱུར་རོ།། བཅོམ་ལྡན ་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། ཉན་ཐོས་ཆེན་པོ་ཤཱ་ར་དྭ་ཏིའི་བུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི ་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྐུ་ཞེས་བྱ་བའི་གཟུངས ་རྫོགས་སོ།། ། ཁ་ཆེའི་ཡུལ་དུར་ཁྲོད་འབྲིས་ཀ་རང་བྱུང་གི་མཆོད་རྟེན་རྩར་དངོས་གྲུབ་བརྙེས་པའི་རྗེ་བཙུན་མ་རྡོ་རྗེ་སེམས་མ་དང་། སྒྲ་བསྒྱུར་གྱི་ལོ་ཙ་བ་འགར་ཤེས་རབ ་འབྱུང་གནས་ཞེས་བྱ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ ་