| Wylie | e-texts produced with BDRC’s OCR application |
བ་མོ་ཀི་ཏེ་ཤྭ་ར་ཨཱ་ཛྙཱ་བ་ཡ་ཏི་སྭཱ་ཧཱ། སྙིང་རྗེ་མི་བཤོལ་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། རྒྱ་གར་སྐད་དུ། ས~ཾ་ཧ་ནཱ་ད་ཏནྟྲ་ནཱ་མ། བོད་སྐད་དུ། སེཾང ་གེ་སླའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་པདྨ་གསུང་གི་ལྷ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པ་དུས་གཅིག་ན། བཅོམ་ལྡན་འདས་པདྨའི་དབང་ཕྱུག་ཏུ་བསྒྱུར་ཏི་རྡོ་རྗེའི་གདན་ལ་བཞུགས ་སོ་འདེ་ནས་པསང་བའི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་དང་། ལམ་རྣམས་ཇི་ལྟར་བྱུང་། ཨེམ ་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་མཆོག་སྤྱན་རས་གཟིགས་སེང་གེ་སྒྲ་ཞེས་བྱ་བ་ཡོད་དོ།། དེས་སྨོན་ལམ་སྦྱང་བ་དང་། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་བསགས་པར་ཡོད་ལ་བྱས་སོ།། ་དེ་ནས་བཅོམ་ལྡན་འདས་པདྨའི་དབང་ཕྱུག་ལངས་ཏེ་གསང་སྔགས་ཀྱི་ཚིག་འདི་དག་སྨྲས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊེ། ཀ་རོ་ཀཾ་ཊ། བཱིརྱེ་སྭཱ་ཧཱ། ཨོཾ་ཨཱཿཧྲཱིཿ། སཽ་ཧ་ནཱ་དཱ་ཧཱུཾ། བྲུཾ་ཨཱཾ་ཛྲྀ་ཁཾ་ཧཱུཾ། ཨོཾ་ཨཱཿཧཱུཾ། ཨོཾ་བཱ་ལི་ནེ་བྷུ། ཛཱ་ཛཱི་བ། ་བུཥྤེ་དྷཱུ་པེ་དྲཱ། སརྦ་ཨམྲྀ་ཏི་དྷཱ། ཨོཾ་བ་ཏ་ལི། མ་ཧཱ་བ་ལི། དཱ་དྡ་དྲཱ་\ུ0f7f་སཱཧཱ། ཨོཾ་བྷཀྵ་བྷ་ཀྵ་ས་མེ་ཡ་ཏཱིཥྛ་ཛ་དྲཱ་ཕཊ་སྭཱཧཱ། ཨོཾ་ཏི་མྲྀ་ཏེ་ཧཱུཾ་ཕཊ། ཀྲོད་ཏི་ཀ་རཱཤྨི་ཕཊ། ཨོཾ་བ་རུ་\ུ0f7f་ཨཱ་གནྡྷ་ས། ་ཨཱ་གནྡྷ་ཡ། མ་ཧཱ་ནཱ་ག་གི་ས་ཏི་སརྦེ་བྷུ་རཿཕུཿཕུཿཕུཿསྭཱ་ཧཱ། ཨོཾ་བྷ་ག་བ་ཏི་ཤྲུ་ཏེ་སྨྲྀ་ཏི་ས་མ་བ་ཏི། ས་ར་མ་ཏི་སིད་དྷ་སྭཱ་ཧཱ། ཨོཾ་ཨཱཿཧྲཱིཿཧཱུཾ་སྭཱ་ཧཱ། པུཿཧྲཱིཿ། ཨཽ་སིཾ་ཧ་ནཱ་ད་ཧཱུཾ་ཕཊ་ཕཊ། ནཱ་ག་དུ་བ ་ལི་མཱ་ར་མ་ཕཊ། ཛྭ་ལེ་ཛྭ་ལ་ཧཱུ་ཕཊ། ཨོཾ་ཨ་བིགྷྣཱནྡ་ཀྲྀཏི་ཧྲཱིཿ། ཨོཾ་ཨགྣ་ཡེ་ཨ་ཏི་བྱཾ། ཨ་བྷི་ས་མ་ཡ་ཡ་།། མ་ཧཱ་ཀྲྀ་ཡེས་བྱ། ཀབྱེ་མ་ཧཱ་ནེ་ཡེ་སཱ་ཧཱ། ཨོཾ་བྷ་བ་ག་ཨ་གྣ་ས~ཾ། ཤཱནྟ་ཀུ་རུ་སཱ་ཏྲ། ་ཨཱ་དྷཱི་ས~ཾ་ཧ་ནཱ་ད་བ་དྲ་ཙཀྲ་བརྟི་ལོ་ཀི་ཀ་ཊུ་རྦུ་ཊུ། ལོ་ཀོཏྟ་ར་ཎི་སི་ཧ་ནཱད་ཊུ་ཊུ་ཊུ་ཧཱུན་དྷུ་ན་ས~ཾ་ཧ་ནཱ་དནུ་རྦུརྦུ་རཱུ་ཛུ་ཧཱུ~ཾ་སཱ་ཧཱ། གསང་བའི་བདག་པོ་འདི་མཎྜལ་གྱི་བསྒྲུབ་པ་ཞེས་བྱ། ་བའོ།། གསད་པ་དང་། ཕྱིར་ལྡོག་པ་དང་། གདུག་པ་དང་། བཅིང་བ་དང་། ཞི་བའི་ལས་ཡིན་ཏེ། ནང་པར་བའི་ལྕི་བ་ས་ལ་མ་ལྷུང་བས་མཎྜལ་བྱས་ཏེ། མངར་གསུམ་ལག་པའི་མཐིལ་དུ ་མཉེས་པས་ཀླུའི་ཞེ་སྡང་ཞི་བར་འགྱུར་རོ།། འདི་ནི་ཀླུའི་སྡེ་དཔོན་ཞེས་བྱ་སྟེ། སེང་གེའི་སྟེང་དུ་ཟླ་བ་ལ།། རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས།། གཡས་ན་ཐོད་མཚན་རྩེ་གསུམ་ལ། ་དྲག་པོའི་རྒྱལ་རིགས་དབང་དུ་བསྡུས།། པདྨའི་རྩེ་ལ་ཐོད་པ་ནི།། འཕྲིན་ལས་བཞི་ལྡན་ཀུ་མུ་ད།། ཤེས་རབ་སྦྱོར་བའི་རལ་གྲིར་བཅས།། དཀའ་ཐུབ་ལྡན་པའི་སྐུ་དེ་ལ།། རིག་སྔགས་རྣམ་པར ་རྒྱན་པ་པོ།། གསུམ་དང་ལྔ་ནི་མདུན་དུ་འཕྱང་།། རྩེ་མོར་འོད་དཔག་མེད་པས་བརྒྱན།། སེང་གེའི་ཆ་ལས་བྱུང་བ་ཡིན།། འདམ་སྐྱེས་དམར་པོའི་ལོ་མ་གཉིས།། པདྨ་བཞི་ལ་སྔགས་བཞི་ལྡན།། ་རང་ལུས་འོག་གནས་ཐལ་མོ་སྦྱར།། སྐུ་ལ་འདུད་ཅིང་འཕྲིན་ལས་བྱེད།། རྡོ་རྗེའི་གདན་ལ་མི་བསྐྱོད་པའི།། ཐུགས་ཀ་ནས་ནི་སྔགས་འོད་འདོན།། སྤྲོ་བ་གསུམ་དུ་ལྡན་པའི་སྔགས།། ཉི་ཤུ་རྩ ་གཅིག་གདོན་པར་བྱའོ།། གསང་བའི་བདག་པོ་རྒྱུད་འདི་ལ་སྨོད་པའི་སེམས་ཅན་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྨོད་པ་ཡིན་ནོ།། གསང་བའི་བདག་པོ་རྒྱུད་འདི་ཉན་པ ་དང་། སེམས་པ་དང་། མཆོང་བ་དང་། འཆང་བ་དང་། བྲན་འདིས་མས་པའི་སེམས་ཅན་དངག་ལ་རྒྱམ་ཆེན་པ་ནའི་ལྔ་དང་། སམ་ན་རྩ་གསམ་གྱི་ལྔ་དང་། ཚངས་པའི་བུ་དང་། ཚངས་ཆེར ་རྣམས་ཀྱིས་སྲུང་བ་དང་། སྒྲུབ་པ་དང་། སྲ་བ་དང་། ཀུན་ཏུ་རྗེས་སུ་འབྲང་བར་བྱེད། དེ་བས་ཆེས་ལྷག་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བུ་ལམས་སྲུང་བ་བཞིན་དུ་བྱུང ་བར་འགྱུར་རོ།། བདུད་ཀྱིས་བར་དུ་གཅད་པར་མི་ནུས་སོ།། གང་ཤི་འཕོས་ནས་ནུབ་ཕྱོགས་བདེ་བ་ཅན་དུ་པདྨོ་ལས་སྐྱེ་བར་འགྱུར་རོ།། མངལ་གྱི་སྡུག་བསྔལ་ལས་ཐར་བར་འགྱུར་རོ།། ཚེ་འོདིམ ་དང་ཆུའི་འཇིགས་པ་ལས་ཐར་བར་འགྱུར་རོ།། འདིར་ནི་མདོ་ཙམ་སྨོས་སུ་ཟད་ཀྱིས། དེ་མ་ཡིན་པ་གང་འདོད་པ་ཐམས་ཅད་བསམ་པ་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ།། གང་རྒྱུད་འདི་ལ ་གནོད་པ་དང་། འཚེ་བ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་ན། དེ་ལ་ལྷའི་བུ་དང་། ཀླུའི་བུ་ཁྱེད་རྣམས་ཀྱིས་སྲུང་བར་གྱིས་ཤིག་ཅེས་བཀའ་སྩལ་ཏོ།། དེ་ནས་གསང་བའི་བདག་པོ་དང་།། ་ཚངས་རིས་ཀྱི་ལྷའི་བུ་དེ་དག་རབ་ཏུ་དགའ་ནས་ཚུལ་བཞིན་དུ་ཁས་བླངས་པར་བྱས་སོ།། དེ་ནས་གཞན་སྲུང་བའི་ཕྱིར་བདག་ས་དཀར་པོ་ལ་ལན་དུ་མར་བསྔགས་ན་བར་ཆད་ཐམས་ཅད་ཞི་བར་འགྱུར ་རོ་སེང་གེ་སྒྲའི་རྒྱུད་ཅེས་བྱ་བ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་པྲཛྙཱ་ཀཱ་ར་དང་། བོད་ཀྱི་ལོ་ཙ་བ་འགོས་ཁུག་པ་ལྷས་བཙས་ཀྱིས་ཞུས་ཤིང་བསྒྱུར་ཏེ་གཏན་ལ ་ཕབ་པའོ།། @རྒྱ་གར་སྐད་དུ། ཨཱརྱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་སཾ་ཧ་ནཱ་ད་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་སྤྱན་རས ་