CLOSE WINDOW

Ty071-005: 'jig rten dbang phyug gi rtog pa
Wyliee-texts produced with BDRC’s OCR application

ཅིགཏན་མ་བབ་པལ། རྒྱགར་སྐད་དུ། མོ་ག་ཤྭ་ཀ་ལཱ། བོང་སྐང་དུ། འཇིག་རྟེན་དབང་ཕྱུག་གི་རྟོག་པ། བཅོམ་ལྡན་འདས ་བསྙུན་རས་གཙིགས་དབང་ཐུགས་ཕྱག་འཚལ་པ།། སངས་རྒྱས་ས་མྱུག་འདུམ་ལ།། ཆོས་ལ་ཕྱག་འཚལ་ལོ།། དགེ་འདུདུས་ཐུག་འོ།། འཛི་མ། ་རྟོག་པ་ན།། མདོར་བསྡུས་འདིར་ནི་བརྗོད་བྱསྟེ།། སངས་རྒྱས་ཐམས་ཅད་ཏན་རྟེན་པོ།། འདོད་པའི་དོན་ཅན་རབསར་བ།། དང་པོར་ཞིག་རིག་པ་འཛིན་པས་གཅུ་ནིང་དབྱེད་པའིས་བྱོན ་སུ་ཧཱུཾ་གིས་དག་པར་བྱས་པས་ཉེ་བར་འཇུག་ཅིང་པདྨའི་ཕྱག་རྒྱ་བཅིངས་ལ། ཨོཾ་ཤཱནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཙྪཛྫ། ཞེས་བརྗོད་ལ། ཐམས་ཅད་སྟོང་པའི་རྣམ་པར་བསམ་པར་བྱའོ།། ་དེའི་རྗེས་ལ། ཨོཾ་ཙིཏྟ་པྲ་ཏི་བོ་དྷཾ་ཀ་རོ་མི། དེ་ལྟར་བརྗོད་ལ། སྣ་ཚོགས་པདྨ་འདབ་མ་བརྒྱད་པར་བསྒོམ་ནས། པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་བསམ་པར་བྱའོ།། ཟླ་བའི་སྟེང་དུ་པྲཱིའི་སྔགས ་གྱུར་པ་ལས་བདག་ཉིད་འཇིག་རྟེན་དབང་ཕྱུག་ཏུ་བསྒོམ་པར་བྱ་སྟེ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཉིས་པ། མདོག་དམར་བ། མཚན་དུ་ནི་གོས་དཀར་མོ། དེ་ལ་འཁྱུད་པ། ་པདྨ་དམར་པོ་ཁ་འབྱེད་ཅིང་གར་གྱི་ཚུལ་ཅན། ཁབ་ཀྱི་ཕྱག་རྒྱས་ཁ་འབྱེད་པར་བསྒོམས་ལ། འདི་བརྗོད་པར་བྱ་སྟེ། ཇི་ལྟར་པདྨ་དམར་པོ་ནི།། འདོད་ཆགས་སྐྱོན་གྱིས་མི་གོས་ཤིང་།། དེ་བཞིན་སྣ ་ཚོགས་བག་ཆགས་སྐྱོན།། ཁམས་གསུམ་རྣམ་པར་དག་པའོ།། དབུ་རྒྱན་ལ་འོད་དཔག་ཏུ་མེད་པ་བསྒོམ་པར་བྱའོ།། དེ་ནས་འདི་བརྗོད་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ། ཀཱ་ཡ་བཱ་ཀྩིཏྟ་བཛྲས ་བྷཱ་བ་ཨཱཏྨ་ཀོ&ཧ~ཾ། དེ་ལྟར་བསྒོམས་ནས་ཕྱོགས་བརྒྱད་དུ་ལྷ་མོ་རྣམས་བསམ་མོ།། ཨོཾ་བི་ལོ་ཀ་ན~ཾ། ཨ་བ་ལོ་ཀི་ནི། ཨ་བ་ལོ་ཀ་ཡ་སྭཱ་ཧཱ། ཤར་གྱི་འདབ་མ་ལ་ནི་རྣམ་པར་གཟིགས་མ་ཞེས་བྱ་བའི་རྒྱུ། ་མོ་པདྨ་དམར་པོ་བསྣམས་པའོ།། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ལྷོའི་པདྨ་ལ་བཅོམ་ལྡན་འདས་མ་སྒྲོལ་མ་པ་ལ་ཤའི་འདབ་མ་ལྟ་བུའི་པདྨ་བསྣམས་པའོ།། ཨོཾ་བྷུ་རི་ཎི་མ་ཧཱ་ཙཀྲ་བརྟི་ནི་ཧཱུཾ། ནུབ་ཀྱི ་འདབ་མ་ལ་བྷུ་རི་ཎི་ཞེས་བྱ་བའི་ལྷ་མོ་ཨུཏྤལ་སྔོན་པོ་ལྟེ་བུའི་པདྨ་བསྣམས་པའོ།། ཨོཾ་བྷྲྀ་ཀུ་ཊཱི་ཏཱ་རེ་ཏུ་ཏ་མ་ཏ་ཧཱུཾ། བྱང་གི་འང་བྱ་མ་ལ་ཁྲོ་གཉེར་ཅན་ཞེས་བྱ་བའི་ལྷ་མོ་པདྨ་སེར་པོ་བསྣམས ་བའོ།། ཨོཾ་མ་ཧཱ་ཤྲི་ཡེ་མ་ཎི་པདྨེ་ཧཱུཾ། འདི་ནི་པདྨའི་གོས་ཅན་ཤར་ཕྱོགས་ཀྱི་མཚམ་སུ་བཙོད་ལྟ་བུའི་པདྨ་བསྣམས་པའོ།། ཨོཾ་བཛྲ་པདྨེ་ཤྭ་ར་མ་ར་པདྨ་ཧཱུ~ཾ། ལྷོ་ཕྱོགས་ཀྱི་མཚམས་སུ་པཛྲ ་དཀར་པོ་བསྣམས་པའོ།། ཨོཾ་བཻ་ཤྭ་པདྨེ་ཧཱུཾ། འདི་ནི་སྣ་ཚོགས་ཀྱི་པདྨེ་སྟེ། ནུབ་ཕྱོགས་ཀྱི་མཚམས་སུ་པདྨ་ནག་པོ་བསྡམས་པའོ།། ཨོཾ་བི་ཤྲ་བགྷྣཱ་ནཱ~ཾ། འདི་ནི་སྣ་ཚོགས་ཀྱི་ཞལ་ཅན་ཏེ། ་བྱུང་ཕྱོགས་ཀྱི་མཚམས་སུ་སྣ་ཚོགས་པདྨ་བསྣམས་པའོ།། ཨོཾ་ཧྲཱི་པདྨཱ་ནརྦེ་ཤྭར་ཧཱུ~ཾ། ཟེ་འབྲུའི་དབུས་སུ་འདོད་ཆགས་ཆེན་པོའི་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གོ།། དེ་ལྟར ་ས་དབང་སྒོམ་པ་ང་ལྡ་ནི་འཏིང་འཛིན་ལ་གོམས་པར་བྱེད་དེ་མ་ཐུབ་པ་ན་པོར་འགྱུར་རོ།། རྣམ་སངས་རྒྱས་ཅིང་དང་འ་དང་པ་འི་ལངས་སྤོང་ཐམས་ཅད་སྣང་ངོ་།། མས ་རོལ་ཕྱིན་གྲུབ་ཅིང་།། གཟུངས་དང་ས་ཡང་དེ་བཞིན་ནོ།། འཇིག་རྟེན་ཀུན་གྱི་བདེ་སྟོན་ཅིང་།། སོ་སོ་རང་ཉིད་རྗེས་སུ་སྒྲུབ།། སངས་རྒྱས་ཉིད་ནི་བྱང་སེམས་ཉིད།། རང ་རྒྱལ་ཉིད་ཀྱང་དེ་བཞིན་ནོ།། ཡིད་འོང་སངས་རྒྱས་གོ་འཕང་ནི།། སྤྱད་མི་དགོས་པར་འགྲུབ་པར་འགྱུར།། བྱང་ཆུབ་སེམས་དང་ག་པུར་བཅས།། ཙན་དན་དམར་དང་རབ་སྦྱར་ཏེ།། རྡོ་རྗེ ་ཆུ་དང་ཡང་དག་ལྡན།། སངས་རྒྱས་ཀུན་གྱི་བཅུད་ལེན་ཡིན།། སྦྱོར་བ་བཟང་པོ་འདི་ཡིས་ནི།། བཅུད་ཀྱིས་ལེན་ནི་བདེ་བ་ཡང་།། འགྲུབ་འགྱུར་འཇིག་རྟེན་མགོན་པོ་ཡི།། གཞོན་ཞིང ་ནད་མེད་དམ་བདེ་ཞིང་།། ཚེ་དང་སྟོབས་དང་བརྩོན་འགྲུས་དང་།། སྐལ་བཟང་ཡེ་ཤེས་བླ་ན་མེད།། སྐྱེ་བ་འདི་ལ་འགྲུབ་པའོ།། མ་ལུས་ལུས་པ་མེད་པ་འགྲུབ།། དབང་དང་དགུག་དང ་དབྱེ་བ་དང་།། གསད་དང་བསྐྲད་པ་ལ་སོགས་པ།། རེངས་དང་ཕུར་བུས་གདབ་ཉིད་དང་།། ནམ་མཁར་འགྲོ་བ་དེ་བཞིན་ནོ།། ས་བཅུའི་དབང་ཕྱུག་ཐོབ་འགྱུར་ཞིང་།། ཏིང་ངེ་འཛིན་ལ་གནས ་བར་འགྱུར།། དེ་ཕྱིར་ཏིང་འཛིན་ལྡན་པ་ཡིས།། རྡོ་རྗེ་དམ་ཚིག་དེ་ཡི་ནི།། རིག་པ་དང་ནི་བཅས་པའི་མཆོག། འཇིག་རྟེན་མགོན་པོར་འགྲུབ་པར་འགྱུར།། ཨོཾ་ཧྲཱི་པདྨ་ན་རྟེ་ཤཱ་རེ་ཧཱུཾ། རྩ་བའི་སྣམ ་འདི་བརྒྱ་རྩི་བརྒྱད་བཟླས་ན་ཉིན་མོ་དང་ནུབ་མོ་བྱས་པའི་སྡིག་པ་ཉམས་པར་འགྱུར་རོ།། ཡང་ན་ལྔ་བརྒྱ་བཟླས་བརྗོད་བྱས་ན་ནང་ཐམས་ཅད་ལས་གྲོལ་བར་འགྱུར་རོ།། ཡང་ན་སྟོང་བཟླས་བརྗོད ་བྱས་ན་དུས་མ་ཡིན་པར་འཆབ་མེད་པར་འགྱུར་རོ།། ར་རྗོང་བླག་གཉིས་བཟླས་བརྗོད་བྱས་ཐམས་ཅད་ཀྱིས་མཆོད་པ་འོསས་འགྱུར་རོ།། གཞན་ཡང་སྤོང་ནུག་གསུམ་བཟླས་བརྗོད་ནུས་ན་སྨྲསར། ་བཟང་བ་དང་གཡང་རབ་ཏུ་འཕེལ་བར་འགྱུར་རོ།། གཞན་ཡང་སྟོང་ཕྲག་བཞི་བཟླས་བརྗོད་བྱས་ན་དབུལ་བ་མེད་པར་འགྱུར་རོ།། ཡང་ན་སྟོང་ཕྲག་ལྔ་བཟླས་བརྗོད་བྱས་ནང་གྲ་ཐམས་ཅད་ཀྱི་མིང་འཇུག ་པར་བྱེད་དོ།། སྟོང་ཕྲག་དྲུག་བཟླས་བརྗོད་བྱས་ན་དགྲ་ཐམས་ཅད་མེད་པར་འགྱུར་རོ།། སྟོང་ཕྲག་བདུན་བཟླས་བརྗོད་བྱས་ན་བདུད་བཞི་ལས་མཆོག་ཏུ་རྒྱལ་བར་འགྱུར་རོ།། སྟོང་ཕྲག་བརྒྱད་བཟླས ་བརྗོད་བྱས་ན་རིག་འཛིན་མ་འགྲུབ་པར་འགྱུར་རོ།། སྟོང་ཕྲག་དགུ་བཟླས་བརྗོད་བྱས་ན་གནོད་སྦྱིན་མོ་འགྲུབ་པར་འགྱུར་རོ།། ཁྲི་ཚོ་གཅིག་བཟླས་བརྗོད་བྱས་ན་ལྷ་དང་། ཀླུ་དང་། མིའི་བུ་མོ་རྣམས། ་འགྲུབ་པར་འགྱུར་རོ།། སྟོང་ཕྲག་ཉི་ཤུ་བཟླས་བརྗོད་བྱས་ན་བར་སྣང་ལ་འགྲོ་བའི་རྣལ་འབྱོར་མ་རྣམས་འགྲུབ་པར་འགྱུར་རོ།། སྟོང་ཕྲག་སུམ་ཅུ་བཟླས་བརྗོད་བྱས་ན་བསམ་པ་ཐམས་ཅད་རྫོགས ་བར་འགྱུར་རོ།། སྟོང་ཕྲག་བཞི་བཅུ་བཟླས་བརྗོད་བྱས་ན་ནམ་མཁའ་ལ་སྤྱོད་པའི་རིག་པ་འཛིན་པར་འགྱུར་རོ།། སྟོང་ཕྲག་ལྔ་བཅུ་བཟླས་བརྗོད་བྱས་ན་རལ་གྲིའི་རིག་པ་འཛིན་པར་འགྱུར་རོ།། སྐྱོང ་ཕྲག་དྲུག་ཅུ་བཟླས་བརྗོད་བྱས་ན་གྲུབ་པའི་རིག་འཛིན་དུ་འགྱུར་རོ།། སྟོང་ཕྲག་བདུན་ཅུ་བཟླས་བརྗོད་བྱས་ནས་གསུམ་གྱི་བདག་པོར་འགྱུར་རོ།། སྟོང་ཕྲག་བརྒྱད་ཅུ་བ་ཟླས་བརྗོད་བྱས་ན་འཁོར་ལོས ་སྦྱར་བའི་རྒྱལ་པོར་འགྱུར་རོ།། འབུམ་ཕྲག་གཅིག་བཟླས་བརྗོད་བྱས་ན་བྱང་ཆུབ་སེམས་དཔའ་ཉིད་དུ་འགྱུར་རོ།། འབུམ་ཕྲག་བཅུ་བཟླས་བརྗོད་བྱས་ན་རང་དགའི་གཟུགས་སུ ་འགྱུར་རོ།། གཞི་ཆ་དང་བཅས་པའི་འབུམ་ཕྲག་བཟླས་བརྗོད་བྱས་ན་སངས་རྒྱས་ཉིད་དུ་འགྱུར་རོ།། བྱེ་བ་ཕྲག་གཅིག་བཟླས་བརྗོད་བྱས་ན་ཐམས་ཅད་དུ་རྗེས་སུ་འཛིན་པར་བྱེད་པའི་ནུས་པ་ཅན་སྤྱན་རས ་གཟིགས་དབང་ཕྱུག་ལྟ་བུ་འགྲུབ་པར་འགྱུར་ཞིང་། ལུས་དང་། ངག་དང་། ཡིད་ཀྱང་བྱིན་གྱིས་རློབ་བོ།། འདི་ནི་བཅོམ་ལྡན་འདས་གསུང་རྡོ་རྗེས་གསུངས་པའོ།། ཨོཾ་པཎྜ་ར་བ་སི་ནི་བ་རི་དེ་ཧཱུཾ ་འདི་ནི་གོས་དཀར་མོའི་སྔགས་ཏེ་ལན་གཅིག་བརྗོད་པས་སྡིག་པའི་རིགས་ཀྱི་ཚོགས་སྲེག་པར་བྱེད་དོ།། ནུབ་བདུན་གྱི་ནང་རོལ་དུ་རྒྱལ་པོ་བློན་པོ་དང་བཅས་པ་མདུན་ན་འདོན་དང་། སྐྱེ་འགྲོའི་ཚོགས་དང་། ་བཙུན་མོའི་ཚོགས་དང་བཅས་པ་དབང་དུ་འགྱུར་རོ།། བཟླས་པ་ཙམ་གྱིས་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་སྐལ་བ་དང་ལྡན་པར་འགྱུར་རོ།། དེ་ལྟ་བུའི་རིམ་པས་འབུམ་ཕྲག་གཅིག་བཟླས་ན་ག ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ནུས་པ་མཉམ་ཞིང་། དངོས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འགྲུབ་པར་འགྱུར་རོ།། ཨོཾ་བི་ལོ་ཀི་ནི་ཨ་བ་ལོ་ཀཱ་ཡ་སྭཱཧཱ། འདིའི་སྦྱོར་བ ་སྟོང་བྲག་བཅུ་བཟླས་བརྗོད་བྱས་ན་མེ་ལོང་དང་། མཐེབ་ཆེར་དང་། ནམ་མཁའ་ལ་སོགས་པ་ལ་གསལ་པོ་ཕྲང་བབ་མ་འགྲུབ་པར་འགྱུར་རོ།། གང་སྔོར་བྱུང་བ་དང་ཡང་ང་སྟེར་དང་ཕྱིས་འོང་བའི་གྲོར། ་པར་བྱེད་དོ།། མང་ནས་གང་སས་ན་ས་ན་རྒྱ་བགྱིས་མང་བར་བཀླགས་པར་བྱས་པ། རྣ་མཐལ་བའི་དྲུས་སུམ་ག་འཇས་ནམ་མི་སྐབ་པ་ལ་ད་དགོས་པ་དང་ཕྱི་པ་རྣཾམས་དུ་ཚུར་པ་བྱུ ་འཁྲུལ་པ་མེད་པར་སྟོན་ནོ།། ཨོཾ་ཏྟཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། བཅོམ་ལྡན་འདས་སྒྲོལ་མ་འདི་འབུམ་ཕྲག་གཅིག་བཟླས་ན་འཇིག་རྟེན་གསུམ་གྲུབ་པར་འགྱུར་རོ།། ལྔའི་བུ་མོ་དང་། ཀླུའི་བུ་མོ་དང་། མིངམ ་ཅིའི་བུ་མོ་དང་། གནོད་སྦྱིན་གྱི་བུ་མོ་དང་། མའི་བུ་མོ་སྟེ། འདི་རྣམས་ཀྱི་ནང་ནས་གང་འདོད་པ་དེའི་ཆོས་འབྱུང་དུ་གུར་ཀུམ་དང་། རྒྱ་སྐྱེགས་དང་། རང་བྱུང་གི་མེ་ཏོག་དང་། བྱང་ཆུབ་ཀྱི་སེམས ་དང་ཡང་དག་པར་ལྡན་པས་རྩིབས་དྲུག་པ་ཤིན་ཏུ་རྣོ་བའི་འཁོར་ལོ་དམར་པོ་འཁོར་བཞིན་པ་རྣམ་པར་བྲིས་པ་བསམ་ལ། ཆོས་འབྱུང་དེ་སྒྲུབ་པ་པོས་རི་སུལ་ཆུ་ངོགས་གསང་བའི་གནས་སུ་བསམ་པར ་བྱའོ།། དེའང་མྱོས་ཤིང་སྒྲུབ་པ་པོའི་སྟེང་དུ་ལྷུང་བའི་རྣམ་པ་བསྒོམ་པར་བྱའོ།། དེ་བཀུག་ལ་རང་ལ་ཆུ་ཤིང་ནོར་དང་བཅས་པ་དབང་དུ་འགྱུར་བར་བལྟའོ་ཞེས་བྱའོ།། ཡང་ན་ལྷ་དང་། ཀླུ་དང་། ་ལྷ་མ་ཡིན་དང་། མི་འམ་ཅི་དང་། རིག་པ་འཛིན་པ་དང་། གནོད་སྦྱིན་དང་། འཁོར་ལོས་སྒྱུར་བ་དང་། བློན་པོ་དང་། སྐྱེས་བུ་འམ། གང་འདོད་པ་དེ་དམར་པོར་རྣམ་པར་བསམས་ལ། དེའི ་སྙིང་ཁར་རྡོ་རྗེ་ལྕགས་ཀྱུ་འོད་འབར་བའི་འཕྲེང་བ་འཁྲུག་པའི་ལྕགས་ཀྱུས་འབིགས་བཞིན་པ་དང་། ཞགས་པས་རྐེད་པ་ནས་བཅིངས་ལ་འགུགས་བཞིན་པ་འདོད་པས་མྱོས་པར་གྱུར་པས་རབ་ཏུ ་གསལ་པོར་བསམ་པར་བྱའོ།། བདག་ཉིད་ནོར་དང་བཅས་པ་འགུགས་ཤིང་དབང་དུ་འགྱུར་རོ་ཞེས་བྱའོ།། ཨོཾ་བྷཱ་རི་ཎི་མ་ཧཱ་ཙཀྲ་བརྟིན་ཧཱུཾ། འདིའི་སྦྱོར་བ་ནི་དྲི་ཆེན་དང་རྡོ་རྗེ་རུ ་ལ་སོགས་པས་དཀྱིལ་འཁོར་བྱས་ལ། ཇི་ལྟར་རྙེད་པའི་མེ་ཏོག་གིས་མཉམ་པར་མཆོད་ལ། དེ་ན་གནས་པའི་སྒྲུབ་པ་པོས་གླིང་ངམ། གླིང་གཞན་དང་། གྲོང་ཁྱེར་དང་། གྲོང་དང་། ཡུལ་འཁོར། ་གྱི་རྒྱལ་པོར་བསམ་ཞིང་བཟླས་པར་བྱའོ།། དེས་བདག་པོ་ཉིད་དུ་འགྱུར་ཞིང་ལོངས་སྤྱོད་པ་ལ་ལོངས་སྤྱད་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བ་ཐོབ་པར་འགྱུར་རོ།། ཨོཾ་བྷྲི་ཀུ་ཊཱི་ཏཱ་རེ་ཏུ་ཏ་མ་ཏ ་ཧཱུཾ། ལྷ་མོ་ཁྲོ་གཉེར་ཅན་ཞེས་བྱ་བ་འདི་ནི། དགྲའི་རྐང་རྗེས་ཀྱི་རྡུལ་བླངས་ལ། དུག་དང་། ཚྭ་དང་། སྐེ་ཚེ་དང་། ཁྲག་དང་། ཆུ་བོའི་འགྲམ་གཉིས་ཀྱི་ས་དང་དྲི་ཆེན་རྡོ་རྗེ་ཆུས་བསྔོས་གཟུགས། ་བརྙན་བྱས་ལ། མིའི་རུས་པའི་རང་བཞིན་གྱིས་ཕུར་བུས་ཚིག་དང་གནང་ཀུན་ལ་བཏབ་ལ། ཐོད་པ་ཁ་སྦྱར་གྱི་ནང་དུ་བཞག་སྟེ་དུར་ཁྱོད་ཀྱི་མེ་ལ་གདུང་བར་བྱའོ།། ཞག་བདུན་དུ་སྦྱོར་བ་བྱས་པས། ་འཆི་བར་འགྱུར་རོ།། གལ་ཏེ་སེམས་ལ་སྡིག་པ་མེད་པར་གྱུར་མ་ནག་ཉི་ཤུ་རྩ་གཅིག་གིས་ནི་སངས་རྒྱས་ཀྱང་འཆི་བར་འགྱུར་རོ།། ཨོཾ་མ་ཧཱ་ཤྲི་ཡེ་མཆེ་བདྭེ་ཧཱུ~ཾ། ལྷ་མོ་འདིས་དྲི་དང་། མི་ཏོག་དང་། ་མར་མེ་ད་། བམང་སྙོམས་ཀྱི་ཟས་ཀྱི་མེ་ས་སོར་མཚད་ལ་བཟླས་པ་བྱས་ན་ཐམས་ཅད་དུ་བསྲུངས་པར་འགྱུར་རོ།། ཡུའི་ཆོས་ཀྱི་རྩོད་པ་ལས་རྒྱལ་བར་འགྱུར་རོ།། སུན་རམ་གཟིགས་དབང་ཕྱུག ་དང་བཐམ་པ་ས་སལ། ན་ནང་པའི་བདུ་ཐོར་གྱུར་།། འང་སྐྱོ་ལས་སྦྱིན་ལས་བྱས་གྱུ།། སློ་ས་ཡང་ནཱ། དན་བདང་ཕྱུ་འཇ། ་ཀྱིས་བཟླས་ན་དབང་དང་དཀྲུག་པ་ལ་སོགས་པ་བྱེད་དོ།། ལན་བདུན་མངོན་པར་བསྔགས་ཏེ་གཙུག་པུང་བདུད་ན་སྲུང་ཞིང་རིམས་དང་། ལྐོག་ནང་དང་། ནང་ཐམས་ཅད་དང་། མཚོན་དང་། མེ་དང་། ་རྐུན་པོ་དང་། སེང་གེ་དང་། གླང་པོ་ཆེ་དང་། སྦྲུལ་དང་། འཆིང་བ་དང་། རྒྱ་མཚོ་དང་། ཤ་ཟའི་ནང་སྟོང་ཕྲག་གཅིག་བཟླས་པས་ཞི་བར་འགྱུར་རོ།། ལན་གཅིག་གི་ལས་ཀྱིས་བརྗེད་བྱེད་ཀྱི ་གདོན་དང་། ཟད་བྱེད་དང་། སྐྱུག་པ་དང་། བྲི་བར་དཀའ་བ་དང་། སྒོམ་པར་དཀའ་བའི་གདུག་པ་ཅན་གྱི་སེམས་ཅན་ཐམས་ཅད་ཉམས་པར་འགྱུར་རོ།། འབུམ་ཕྲག་གཅིག་བཟླས་ན་ལུས ་འཕེལ་ཞིང་སྐལ་བ་བཟང་བ་དང་། ལུས་གཞོན་ཞིང་ནད་མེད་པར་བྱེད་ཅིང་དུས་མ་ཡིན་པའི་འཆི་བ་ཉམས་པར་བྱེད་དོ།། ཡང་ནཱ་ཀླུ་ཐབ་ཁུང་དུ་བྲིས་ལ་དེར་དུག་དང་། སྐེ་ཚེ་དང་། ཚ་བའི་སྦྱིན་སྲེག ་བྱ་ཞིང་། ཀླུའི་མིང་དང་སྤེལ་བས་འབུམ་ཕྲག་གཅིག་སྦྱིན་སྲེག་བྱས་ན་ཆར་ཆེན་པོ་ཕབ་ན་ས་མུ་གེ་མེད་པར་འགྱུར་རོ།། ཨོཾ་བི་ཤྭ་པདྨེ་ཧྲཱིཿ། སྣ་ཚོགས་པདྨ་འདི་ནི་རྨོངས་པ་དང་། རེངས་པ ་དང་། མནན་པ་དང་། ཕུར་བུས་གདབ་པ་དང་། གཞན་གྱི་ནོར་འཕྲོག་པ་དང་། ཕུར་བུ་དང་། མིག་འཕྲུལ་དང་། ངོ་མཚར་དང་། མི་མཐོང་བར་བྱེད་པ་དང་། ཕུག་ཏུ་འཇུག་པ་དང་། ་ནམ་མཁའལ་འགྲོ་བ་དང་། ལྕགས་སྩོག་བཅོད་པ་དང་། རིལ་པོར་དགུག་པ་གང་དང་གང་མིནབ་རྒྱ་མས་པསན་དང་། དྷཱ་གན་དང་ཡང་ན ་ཐམས་ཅད་བྱེད་དོ།། སྲས་དང་། ད་དང་། ཡི་དགསུམ་གྱི་དངོས་གྲུབ་སྟེད་ཏེ། བཅོམ་ལྡན་འདས་འཕགས་པ་སྟན་རས་གཟིགས་དབང་བྱུག་འགྲུབ་ཅིང་གང་འདོད་པའི་ལས་ཐམས་ཅད། ་ནི་འགྲུབ་པར་འགྱུར་རོ་ཞེས་བྱའོ།། ཨོཾ་བི་ཤྭ་པདྨེ་ཧཱུཾ། སྣ་ཚོགས་རྡོ་རྗེ་ཞེས་བརྗོད་པའི་ལྷ་མོ་འདིས་ནི་ངག་གི་དངོས་གྲུབ་སྟེར་རོ།། ཚིགས་བཤད་མཁན་དུ་བྱེད་ཅིང་གཞན་གྱི་དག་རེངས་པར ་བྱེད་དོ།། རང་ཉིད་སྲུང་བ་དང་གཞན་ཡང་སྲུང་བར་འགྱུར་རོ།། རང་སྐལ་བ་བཟང་ཞིང་གཞན་ཡང་སྐལ་བ་བཟང་པོའི་རང་དོན་དང་གཞན་དོན་བྱེད་དོ།། ཇི་ལྟར་འདིར་ནི་འཕགས་པ་སྤྱན ་རས་གཟིགས་དབང་ཕྱུག་སེམས་ཅན་གྱི་དོན་ལ་སྤྲོ་ཞིང་བརྩོན་པ་དེ་བཞིན་དུ། འདིར་བཅོམ་ལྡན་འདས་མས་དམྱལ་བ་དང་། ཡི་དྭགས་དང་། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སེམས ་ཅན་རྣམས་སྒྲོལ་བར་བྱེད་དོ།། བདེ་བར་གཤེགས་པའི་བསྟན་པ་ལ་དད་པ་རྣམས་ལ་མ་ཉིད་ཀྱིས་སྲུང་ངོ་ཞེས་ཐུགས་ཀྱི་རྡོ་རྗེ་དེ་བཞིན་གཤེགས་པས་གསུངས་སོ།། དེ་ལྟར་རྟོག་པའི་རྒྱལ་པོ ་བསྡུས་པ་རབ་ཏུ་བསྟན་ནོ།། སེམས་བརྟན་རྟོག་པ་མེད་པ་ཡི།། བློ་དང་ལྡན་པས་འགྲུབ་པར་འགྱུར།། གང་ཞིག་སྤྱོད་ལམ་བསྟན་པ་ཡི།། སངས་རྒྱས་ཀུན་རྒྱུ་ཇི་ལྟ་བར།། དེ་ལྟར་འདིར་ནི ་རབ་སྦྱར་ནས།། དེ་ནས་རྟག་པའི་གོ་འཕང་འགྲུབ།། ཇི་ལྟར་འདོད་པར་གནས་བྱེད་ཅིང་།། ཀུན་ལ་ལོངས་སྤྱོད་ཀུན་བྱེད་ལྟར།། ཇི་ལྟར་འདོད་པའི་སྙིང་རྗེས་སྤྱོད།། ཇི་ལྟར་འདོད་པའི་སྤྱོད་པ ་ཡིས།། འདུག་པ་འམ་ནི་ལངས་ཀྱང་རུང་།། འཆག་པའམ་ནི་གང་དང་དེ།། རྒོད་པ་འམ་ནི་བརྗོད་པ་འམ།། གང་དེ་ཇི་ལྟར་དོན་བཞིན་ནོ།། དཀྱིལ་འཁོར་དུ་ནི་མ་ཞུགས་པའམ།། སྒྲིབ་པ ་ཀུན་དང་ལྡན་པ་ཡང་།། རང་མོས་ལྷ་ཡི་རྣལ་འབྱོར་བདག། བསོད་ནམས་ཆུང་བའང་འགྲུབ་པར་འགྱུར།། འདི་ཡིས་སངས་རྒྱས་ཐམས་ཅད་ཉིད།། ཐམས་ཅད་མཁས་པ་ཉིད་དང་ནི།། ཐམས ་ཅད་རྡོ་རྗེ་འཆང་ཉིད་ཀྱང་།། སྐྱེ་བ་འདི་ལ་འགྲུབ་པར་འགྱུར།། ཡང་གསུངས་པ། རྣལ་འབྱོར་དག་ནི་གཟུགས་བརྙན་གྱི།། བཅོས་མའི་སྐུ་ལས་འགྱུར་བ་མིན།། བྱང་ཆུབ་སེམས་ཆེན་ལ་བརྩོན ་ནརྣལ་འབྱོར་དག་ནི་དེ་ལྷ་ཡིན།། ཁྲག་ཆེན་པོ་དང་ག་པུར་བཅས།། ཙན་དན་དམར་དང་བསྲེས་པ་ནི།། ཚོགས་ཀྱི་ནང་དུ་ཞུགས་པ་ན།། ཀུན་ལས་མཆོག་གྱུར་བཅུད་ལེན་ནོ།། སྦྱོར་བ་བཟང་། ་པོ་འདི་མས་ནི།། བཅུད་ཀྱིས་ལེན་ནི་སྲསླ་བ་རུ།། དཔལ་རྡོ་རྗེ་སེམས་དཔའི་ཚེ་བཟང་དང་།། ནད་མེད་བདེ་བ་བཟང་པོ་འཐོབ།། གྲུབ་པའི་མཚན་ཉིད་ཇི་ལྟར་གསུངས།། སངས་རྒྱས་ཕ་རོལ ་ཕྱིན་པ་དང་།། གཟུངས་དང་ས་ཡང་དེ་བཞིན་འགྲུབ།། བདེ་སྟོན་ཐམས་ཅད་ཐོབ་འགྱུར་ཞིང་།། རང་ཉིད་སོ་སོ་རྗེས་སུ་འགྲུབ།། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བས།། སངས་རྒྱས ་ཐམས་ཅད་ཉིད་དུ་འགྱུར།། སངས་རྒྱས་ཀུན་གྱི་དངོས་ཉིད་ཀྱང་།། སངས་རྒྱས་ཀུན་ནི་རབ་འགྲུབ་འགྲུབ། གཞན་ཡང་རལ་འབྱོར་གྱི་སྤོང་བ་བྱེད་པ་འཛདུ་ས ་ཡོངས་སུ་དག་པ་མེད་ན་དེའི་ཚེ་ཐང་སྐུའི་སྒྲུད་པ་བཤད་དེ། བསྙེན་གནས་དང་ལྡན་ཞིང་སྨྱུང་བར་གནས་པའི་སྣ་བཟོས། ཚུན་སྣུམ་འདྲེས་པར་རས་གས་པ་དེའང་རང་རང་ག་ཀུན་ཏུ་ཟླ་རེའི་དྷང་ཀྱི ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྲི་བར་བྱ་སྟེ། སྣ་ཚོགས་ཀྱི་པདྨ་འདབ་མ་བརྒྱད་པ། ཟེ་འབྲུའི་དཀྱིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་མདོག ་དམར་བ། མི་བསྐྱོད་པའི་དབུ་རྒྱན་ཅན། ཞལ་གསུམ་པ། ཞལ་གྱི་གཙོ་བོ་ནི་དམར་བ་སྟེ་འདོད་ཆགས་ཆེན་པོ་ཉིད་ཀྱི་ཕྱིར་རོ།། གཡས་པ་གནག་པ་སྟེ་ཞེ་སྡང་ཆེན་པོ་ཉིད་ཀྱི་ཕྱིར་རོ།། གཡོན་པ། ་དཀར་བ་སྟེ་གཏི་མུག་ཆེན་པོ་ཉིད་ཀྱི་ཕྱིར་རོ།། ཕྱག་དྲུག་པ་བྱའོ།། གཡོན་པའི་ཕྱག་གཅིག་གིས་གོས་དཀར་མོའི་མགྲིན་པ་ནས་འཁྱུད་པ་དང་། པདྨ་དམར་པོ་བསྣམས་པ་དང་། གཡོན་པ ་གཉིས་ཀྱིས་མེ་ཏོག་གི་གཞུ་བསྣམས་པའོ།། གཡས་པ་གསུམ་དུ་ཁབ་ཀྱི་ཕྱག་རྒྱས་པདྨ་ཁ་འབྱེད་པ་དང་། མེ་ཏོག་གི་མདའ་དང་། ལྕགས་ཀྱུ་བསྣམས་པའོ།། སེམས་དཔའི་སྐྱིལ་མོ་ཀྲུང ་གིས་གནས་པར་བྱའོ།། ཤར་གྱི་འདབ་མ་ལ་རྣམ་པར་གཟིགས་མ་མདོག་དཀར་མོ་པདྨ་དམར་པོ་དང་རྡོ་རྗེ་ཕྱག་ན་བསྣམས་པའོ།། ལྷོ་ཕྱོགས་ཀྱི་འདབ་མ་ལི་ལྷ་མོ་སྒྲོལ་མ་ལྗང་ཁུ་རྒྱ་སྐྱེགས་ཀྱི་ཤིང་གི ་ལོ་མདང་རིན་པོ་ཆེ་ཕྱག་ན་བསྡམས་པའོ།། ནུབ་ཕྱོགས་ཀྱི་འདབ་མ་ལ་བྷུ་རི་ནི་སེར་མོ་ཨུཏྤལ་སྔོན་པོ་དང་འཁོར་ལོ་བསྡམས་པའོ།། བྱང་ཕྱོགས་ཀྱི་འདབ་མ་ལ་ཁྲོ་གཉེར་ཅན་པདྨ་དཀར་སེར་ལྷ་བུ་པདྨ་སེར་། ་དང་རལ་གྲི་ཕྱག་ན་བསྣམས་པའོ།། ཤར་ཕྱོགས་ཀྱི་མཚམས་སུ་པདྨའི་གོས་ཅན་མ་གསེར་ལྟ་བུའི་མདོག་གཅོད་ལྟ་བུའི་པདྨ་བསྣམས་པའོ།། ལྷོ་ཕྱོགས་ཀྱི་མཚམས་སུ་རྡོ་རྗེ་པདྨའི་དབང་ཕྱུག་མ་ནམ་མཁའི ་མདོག་ཅན་དཀར་པོ་པདྨ་དང་ཤེལ་གྱི་འཕྲེང་བ་བསྣམས་པའོ།། ནུབ་ཕྱོགས་ཀྱི་མཚམས་སུ་སྣ་ཚོགས་ཀྱི་པདྨ་སྟོན་ཀའི་ཟླ་བ་ལྟ་བུ་དཀར་སེར་གྱི་མདོག་པདྨ་ནག་པོ་དང་པོ་ཏི་ཕྱག་ན་བསྣམས་པའོ།། ་བྱང་ཕྱོགས་ཀྱི་མཚམས་སུ་སྣ་ཚོགས་རྡོ་རྗེ་མ་སྣ་ཚོགས་ཀྱི་མདོག་ཅན་དུ་བྱས་ལ། སྣ་ཚོགས་ཀྱི་རྡོ་རྗེ་དང་སྣ་ཚོགས་ཀྱི་པདྨ་བསྣམས་པའོ།། དེ་ལྟར་པདྨ་ལ་བཀོད་ཅིང་བྲིས་ལ། སྒེག་མོ་ལ་སོགས་པ་རྣམས་ནི ་མཚམས་སུའོ།། རྨ་ཧཱ་བི་ཧོཿའི་ཡི་གེ་ལས་ཡང་དག་པར་བྱུང་བའི་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་རྣམས་ནི་ཤཱར་ལ་སོགས་པའི་ཕྱོགས་རྣམས་སུའོ།། ཡང་ཟང་སྒྲ ་གཞན་བརྗོད་པར་བྱ་སྟེ། སྟོན་ཀའི་ཟླ་བ་ལྟ་བུའི་དཀར་སེར་གྱི་བཅོམ་ལྡན་འདས་གཡས་ན་སྐུད་བ་དང་། དབྱུག་པ་དང་། རྩེ་གསུམ་དང་། མཆོག་སྦྱིན་པའི་ཕྱག་ཅན། གཡོན་ན་པདྨ་དང་། རིལ་བ ་སྤྱི་བླུགས་དང་། ཞགས་པ་དང་། ཐམས་ཅད་མཁྱེན་པའི་དམ་ཚིག་གི་པོ་ཏི་བསྣམས་པའི་ཕྱག་ཅན། སྟག་གི་པགས་པའི་ཤམ་ཐབས་འཆང་བ། སྦྲུལ་མཆོད་ཕྱིར་ཐོགས་པ། རལ་པའི་ཅོད་པན་ལ ་འོད་དཔག་མེད་བཞེངས་པ་འམ་སྐྱིལ་ཀྲུང་ཕྱེད་པས་གནས་པ་བ་རྒྱན་དུ་བྱས་པའོ།། དེའི་གཡས་ཕྱོགས་ཀྱི་ཆ་རུ་སྒྲུབ་པ་པོ་མཆོད་ཡོན་གྱི་སྣོད་དང་བདུག་སྤོས་ཀྱི་སྣོང་ལག་པས ་གཟུང་བར་བྱའོ།། གཞན་ཡང་བཅོམ་ལྡན་འདས་ཕྱག་གཉིས་ལ་རི་གྲུ་འཛིན་ལ་གནས་ཤིང་སེང་གེའི་ཁྲི་ལ་བཞུགས་པ། གཡོན་པ་ས་ལ་གནས་ཤིང་ཞབས་གཡས་པ་པདྨའི་སྟེང་གི་གདན་སྟེངས་སུ་བཞུགས ་པའོ།། ཕྱག་རེ་རེ་ན་འཕྲེང་བ་བསྣམས་པར་སེམས་པ་པོས་འཕྲེང་བའི་འོག་ཏུ་འདྲེན་པའི་ཚུལ་འདིས་བསམ་པར་བྱ་བ་ནི་སེམས་པ་ལྟ་བུར་གནས་པ་ཞེས་བྱའོ།། ཆོ་ག་གཞན་ཡང་བཅོམ་ལྡན་འདས་དཀར། ་ཞིང་དམར་བ་ཕྱག་བཅུ་པ་རི་དགས་སེང་གེའི་གདན་ལ་པདྨའི་སྟེང་དུ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། གཡས་ན་འཕྲེང་བ་བསྣམས་པའོ།། སེང་གེ་དང་། གླང་པོ་ཆེ་དང་། མེ་དང་། སྦྲུལ་གྱིས་འཇིག ་པ་རྣམས་ལས་གྲོལ་བའི་ཆ་བྱད་ཅན་ནོ།། གཡོན་ན་པདྨ་དམར་པོ་སྡོང་བུ་གཉིས་པ་སྟེང་དུ་པོ་ཏི་ཅན་ཏེ། རྐུན་མ་དང་། ལྕགས་སྒྲོག་གིས་བཅིངས་པ་དང་། མཚོན་དང་། ཐོག་ཆེན་པོ་དང་། ཤ་ཟས། ་ཟ་བ་རྣམས་སྒྲོལ་བའི་ཆ་བྱད་ཅན་ནོ།། གནས་དེ་བརྒྱད་དུ་སྒྲུབ་པ་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པ། སྔོན་བཞིན་དུ་ལངས་པ་འམ་འདུག་པར་བསམ ་པར་བྱའོ།། གཞན་ཡང་ཆོ་ག་ནི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་སྣ་ཚོགས་ཀྱི་གཟུགས་འཆང་བ། དབུ་བཅུ་གསུམ་པ། སྤྱི་བོའི་མགོ་བོ་ནི་ལྗང་ཁུའི་རྟ་ཞལ་ལོ།། ཡང་ན་ཞི ་བ་སངས་རྒྱས་ཤཱཀྱ་ཐུབ་པའི་ཞལ་ལོ།། ཕྱག་རྒྱ་བའི་བཅོམ་ལྡན་འདས་འདི་ནི་སྣ་ཚོགས་ཀྱི་མཚོན་ཆ་བསྣམས་པའོ།། ཡང་ན་ཞལ་བརྒྱ་པ་ཕྱག་སྟོང་པའང་བྱའོ།། ཁ་ཅིག་ཏུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས། ་གནས་པ་འམ་བཞེངས་པའང་བྱའོ།། ཙམ་པ་ལྟ་བུའི་དཀར་སེར་གྱི་བཅོམ་ལྡན་འདས་སོ།། ཐང་སྐུ་དེ་ཀུན་གྱི་གཡས་ཕྱོགས་ཀྱི་བར་དུ་སྒྲུབ་པ་པོ་མེ་ཏོག་དང་། མཆོད་ཡོན་གྱི་སྣོད་དང་། བདུག་སྤོས་ཀྱི ་སྣོད་ལག་པ་ན་གཟུང་བར་བྱའོ།། དེ་རྣམས་ཀྱི་དབུ་ལ་དབུ་རྒྱན་དུ་འོད་དཔག་མེད་པ་འམ། ཆོས་ཀྱི་རྒྱལ་པོའི་མཆོད་རྟེན་བྲི་བར་བྱའོ།། འདི་ནི་ཟང་སྐུའི་ཆོ་གའོ།། ཐང་སྐུའི་མདུན་དུ་རྩ་བའི་སྔགས་ཇི་ལྟ ་བ་འདོད་པ་དེ་བཟླ་ཞིང་བསམ་གཏན་ཡང་བྱས་ནས། མཆོད་པ་རྣམ་པ་ལྔས་མཆོད་ལ། མཆོད་ཡོན་སྣོད་དང་། ཡོངས་སུ་གང་བའི་བདུད་རྩི་ལྟ་བུའི་ཟས་དང་། སྒྲོན་མའི་ཟས་ལ་བྱས་ནས་མཆོད ་ཡོན་བྱིན་ཏེ་སྔགས་གང་འདོད་པ་དེ་བཟླས་པ་བྱས་ན། དེ་ལ་གསུངས་པའི་དངོས་གྲུབ་ཏུ་འགྱུར་རོ།། གསང་བ་པོ་ནི་སྔགས་འདི་ཉིད།། ཁ་ཅིག་ལ་ཡང་མི་སྦྱིན་ནོ།། བློ་ལྡན་སེམས་ཅན་དོཿ། ་བརྩོན་པའི།། སེམས་བརྟན་པ་ལ་སྦྱིན་པར་བྱ།། མཆོད་རྟེན་ལས་བྱེད་ཉིད་ལ་ནི།། བློ་ལྡན་འབད་པས་སྦྱིན་པར་བྱ།། རང་ཉིད་དང་ནི་ནོར་དང་ནི།། བླ་མ་ལ་རྟག་གུས་པར་བྱ།། རྡོ་རྗེ་སློབ་དཔོན ་རྣལ་འབྱོར་ལ། མཆོག་ཏུ་གྱུར་པའི་ཡོན་ཡང་དབུལ།། གང་དང་གང་ནི་གཏང་དཀའ་བ།། མཆོག་ཏུ་གྱུར་པར་འདིར་ནི་བསྔགས།། ཆུང་མ་སྲིང་མོ་དང་ཡང་ནི།། བུ་མོ་དང་ནི་ཚ་མོ་དག། བུ་མོ་རྒྱན ་ཀུན་བརྒྱན་པར་བྱའོ།། གླང་ཆེན་རྟ་དང་ཤིང་རྟ་དང་།། ཕྱོགས་དང་གྲོང་ཁྱེར་རྒྱལ་སྲིད་དང་།། ཡུལ་འཁོར་རྒྱལ་སྲིད་ལྡན་པ་དང་།། རིན་ཆེན་སྣ་ཚོགས་དག་ཀྱང་ནི། ་གཞན་ཡང་རྡོ་རྗེ་སློབ་དཔོན་དབུལ།། རྡོ་རྗེ་སློབ་དཔོན་དགྱེས་གྱུར་པ།། ཐམས་ཅད་རབ་སྦྱིན་དབུལ་བར་བྱ།། འཇིག་རྟེན་དབང་ཕྱུག་གི་རྟོག་པ་རྫོགས་སོ།། ། རྒྱ་གར་གྱི ་མཁན་པོ་ཛམྦྷ་ལ་དང་། བོད་ཀྱི་ལོ་ཙ་བ་དགེ་སློང་བ་རིས་བསྒྱུར་ཅིང་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ། ཨཱརྱ་ས་མནྟ་བྷ་དྲ་ནཱ་མ་དྷཱ་ར་ཎིབོད ་