CLOSE WINDOW

Ty069-047: 'phags pa tshe dang ye shes dpag tu med pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། རྒྱ་གར་སྐད་དུ། ་ཨཱརྱ་ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ ་ལོ།། འདི་སྐད་བདག་གི་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྤྲིན་གྱི་ཀུན་དགའ་ར་བ་ན། དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དག་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱི། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་སྟེད ་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚོ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ ་པཔར་གདོན་མི་ཟ་བའི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ།། ཚེ་འཛིན་ཅིང་ཚེ་མཐར་ཕྱིན་པར་བཞེད་དེ། སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ།། འཇམ་དཔལ་གཞོན་ནུར་གྱུར་པ་ཉོན་ཅིག། འཛམ་བུའི་གླིང་འདིའི ་སེམས་ཅན་རྣམས་ནི་ཚེ་ཐུང་བ་ཚེ་ལོ་བརྒྱ་བ་ཤ་སྟག་སྟེ། དེ་དག་ལས་ཀྱང་ཕལ་ཆེར་ནི་དུས་མ་ཡིན་པར་འཆི་བར་བསྟན་ཏེ། འཇམ་དཔལ་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག། ་ཏུ་མེད་པ་དེའི་ཡོན་ཏན་དང་བསྔགས་པ་ཡོངས་སུ་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་འམ། ཡི་གེར་འདྲིར་འཇུག་གས། མིང་ཙམ་ཡང་ཉན་ཏམ། ཀློག་པ་ནས། གླེགས་པམ་ལ་བྲིས ་ཏེ་ཁྱིམ་ན་འཆང་གི་བར་དུ་བྱེད་དམ། མེ་ཏོག་དང་། སྤོས་དང་། འཕྲེང་བ་དང་། ཕྱེ་མ་རྣམས་ཀྱིས་མཆོད་པར་གྱུར་པ་དེ་དག་གི་ཚེ་ཡོངས་སུ་ཟད་པ་ལས་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ།། འཇམ་དཔལ་སེམས ་ཅན་གང་དག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་གདོན་མི་ཟ་བའི་རྒྱལ་པོའི་མཚན་བརྒྱ་རྩ་བརྒྱད་ཐོས་པ་དེ་དག་ཚེའང་རྣམ་པར་འཕེལ་བར་འགྱུར་རོ།། སེམས་ཅན་གང་དག་ཚེ་ཡོངས་སུ་ཟད ་ཀར་མཚན་འཆང་བར་གྱུར་པ་དེ་དག་གི་ཚེ་འདྲ་རྣམ་པར་འཕེལ་བར་འགྱུར་རོ།། འཇམ་དཔལ་དེ་ལྟ་བས་ན་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཚེ་རིང་པོར་འདོད་པ་དག། དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ ་མེད་པ་དེའི་མཚན་བརྒྱ་རྩ་བརྒྱད་ཉན་ཏམ། ཡི་གེར་འདྲིའམ། ཡི་གེར་འདྲིར་འཇུག་ན།། དེ་དག་གི་ཡོན་ཏན་དང་ལེགས་པར་གྱུར་པ་ནི་འདི་དག་གོ། ཨོཾ་ནཱ་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སུ་བི་ནི་ཤྩི་ཎ་ཏེ ་ཛེ་རཱ་ཛཱ་ཡ། ཏ་ཐཱ་ག་དཱ་ཡ་ཨན་ཏེ་ས་མྱཀ་ས~ཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾསྐཱ་ར་པ་རི་ཤུདྡྷ་དྷརྨྨ་ཏེ་ག་གནས་མུ་དག་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། འཇམ་དཔལ་དེ་བཞིན་གཤེགས་པའི་མཚན་བརྒྱ ་རྩ་བརྒྱད་པོ་འདི་དག་གང་ལ་ལ་ཞིག་གིས་ཡི་གེར་འདྲི་འམ། ཡི་གེར་འདྲིར་འཇུག་གམ། གླེགས་དམལ་བྲིས་ཏེ་ཁྱིམ་ན་འཆང་ངམ། ཀློག་པར་གྱུར་ན། ཚེ་ཟད་པ་ལས་ཚེ་ལོ་བརྒྱ་གྲུབ་པར་འགྱུར་རོ།། ་དེ་ནས་ཤི་འཕོས་ནས་དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཡོན་ཏན་དཔག་ཏུ་མེད་པ་ལ་སོགས་པར་སྐྱེ་བར་འགྱུར་རོ།། ཨོཾ་ན་མེ་བྷ་ག་ཝཱ་ཏེ ་ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ་། ཏ་ཐཱ་ག་ཏཱ་ཡ་ཨཱརྦ་ཏེ་ས་མྱཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་བཱ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས ་རྒྱས་བྱེ་བ་ཕྲག་དགུ་བུརྩེ་དགུས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ།། ཨོཾ་ན་མོ་བཱ་གཱ་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛ་ཡ། ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སཾམྱཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་བཱ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་དགོངས་པ་གཅིག་དང་། ་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ།། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྦ་ཏེ་སམྱ་ཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ཀ་ན་ས་མུད་ག་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་བཱ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བདུན་ཅུ་རྩ་བདུན་གྱིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི། ་མདོ་སྡེ་འདི་གསུངས་སོ།། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨོཾ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨན་ཏེ་སམྱ་ཀཱ་ས~ཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་གཱ་ན་ས་མུད་ག་ཏེ་སྭ། ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་དྲུག་ཅུ་རྩ་ལྔས་དགོངས་པ་གཅིག་དང་དབྱིངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ།། ཨོཾ་ན་མོ་བྷ་ག་ཝ་ཏེ། ་ཨ་པ་རི་མི་ཏ་ཨཱ་ཡུར་ཛཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཨརྦ་ཏེ་སབྱཱ་ཀ་ས~ཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦ་སཾ་སྐཱར་པ་རི་ཤུདྡྷ་དྷརྨྨ་ཏེ་གཱ་ག་ན་ས་མུད་ག་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ར་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཡང་ངོའི་ཚེ་སངས ་རྒྱས་བྱེ་བ་ཕྲག་ལྔ་བཅུ་རྩ་ལྔས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ།། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུར་ཛཱ་ན་སུ་བེ་ནཻ་ཤྩི་ཏ་ཏེ་ཛེ་རཱ་ཛཱ་ཡ ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམ་ཀཱ་ས~ཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བཞི་བཅུ་རྩ་ལྔས་དགོངས་པ ་གཅིག་དང་དབངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ།། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛེ་རཱ་ཛཱ་ཡ། ཏ་ཐཱ་གེ་ཏཱ་ཡ་ཨརྷ་ཏེ་སམྱཀ་སཾ་བུདྡྷ་ཡ ་ཏཿཛཱ། ཨོཾ་སརྦྦ་ས་སཱ་ར་བ་རི་ཤུདྡྷ་དྷརྦྦ་ཏེ་ག་གནས་རུང་ག་ཏེ་སྭ་བྷཱ་ཝ་བི་ཤྱདྡྷེ་མ་བཱན་ཡ་པ་རི་ཝ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་སུམ་ཅུ་རྩི་ལྔས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང ་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ།། ཨོཾན་མོ་བྷ་ག་ཝ་ཏེ། ཨུ་པྲ་རི་མི་ཏ་ཨཱ་མུར་ཛཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་ས་མྱ་ཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ་ཨོཾ་སརྦྦ་སྭ་སྐཱ་ར་པ་རི་ཤུདྡྷ་དྷཱམྤ་ཏེ་ག་ག་ནུ་ས་མུ་ག་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་རྩ་ལྔས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས ་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ།། ཨོཾ་ན་མོ་བྷ་ག་ཝཱ་ཏེ། ཨ་པ་རི་མི་ཏ་ཨཱ་སུར་ཛྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨན་ཏེ་སམྱཀ་ས~ཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་བ་རི་ཤྭཿ ་དྷརྨྨ་ཏྭེ་ག་གན་ས་མུད་ག་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་བ་རི་ཝཱ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚ་དང་ཡེ་ཤེས་དཔག་ཏུ་མེད ་པའི་མདོ་སྡེ་འདི་གསུངས་སོ།། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སུ་བི་ནརི་ཤྩི་ཏ་ཏེ་ཛེ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀ་སཾ་བུདྡྷཱ་ཡ། ཏིདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་བ་རི་ཤུདྡྷ་དྷརྨྨ་ཏེ ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འདྲི་འམ། ཡི་གེར་འདྲིར་འཇུག་གམ། འཆང་ན་དེ་ཚེ་ཟད་པ་ལས་ཚེ་ལོ ་བརྒྱ་ཐུབ་པར་འགྱུར་ཏེ། ཚེའང་རྣམ་པར་འཕེལ་བར་འགྱུར་རོ།། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱག་ཏཱ་ཡ་ཨརྷ་ཏེ་ས་མྱཀ་ས་བུདྡྷཱ་ཡ། ཏདྱཐཱ། ཨོཾ་སརྦྦ ་ས་སྐཱ་པ་རི་ཀུཏྟཱ་དྷ་དྷ་ཏེ་ག་གནས་མུ་ག་ཏེ་སྭཱ་དྷཱ་སྭ་བི་ཤྲདྡྷེ་མཛྙཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དང་ག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འདྲིའམ། ཡི་གེར་འདྲིར་འཇུག་ན། དེ་སེམས་ཅན་དམུན ་བདང་། བྱོལ་སྲིང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུའང་སྐྱེ་བར་མི་འགྱུར་ཏེ། ནམ་དུའང་ཇི་ཁོམ་པར་སྐྱེ་བར་མི་འགྱུར་རོ།། ཀླུང་དང་གང་དུ་སྐྱེ་བའི་སྐྱེ་བ་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ།། ་ཨོཾན་མོ་དྷ་གས་ཏེ། ཨེ་བ་རི་མི་ཏ་ཨཱ་ལུ་ཛྙཱན་སུ་བི་ནརིཤྩི་ཏཱ་ཏི་ཛོ་ཛཱ་མ་རཱ་ཏ་ཐཱ་ཀཱ་ཏཱ་ཡཱ་ཨརྡྷ་ཏྲེ་ས་མྱཀ་ས་བུདྡྷ་ཡཱ། དདྷ་ཛྙཱ། ཨོཾ་སདྒྷ་སཾ་སཱ་ར་དེ་རི་ཀུདྷདྷཱརྨཱ་ག་གན་ས་མུང་ག་ཏེ་སྭ་བྷཱ ་ཤུདྡྷེ་མ་ཧཱན་ཡ་བ་རི་ཝཱ་རེ་སྭཱཧཱ། གང་ལ་ལི་ཞིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འདྲི་འམ། ཡི་གེར་འདྲིར་འཇུག་ན། དེས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འདྲིར་བཅུག་པར ་འགྱུར་རོ།། ཨོཾན་མོ་བྷ་དེ་ལ་ཏེ། ཨ་པཱ་རི་མྲི་ཏ་ཨཱ་ཡུར་ཛཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛྲེ་རཱ་ཛཱ་ཡ་ཏཱ་ཐཱ་ག་དྷཱ་ཡ་ཨརྡྷ་ཏྲེ་སམྱག་ས~ཾ་བུདྡྷཱ་ཡ། ཏྲདྱ་ཐཱ། ཨོཾ་སརྦྦ་ས~ཾ་སྟཱ་ར་པ་རི་ཤུདྡྷ་དྷརྨྨ་ཏེ་ག་གན་ས་མུད་ག་ཏི་སྭབྷཱ་ཝ་བི། ་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འདྲི་འམ། ཡི་གེར་འདྲིར་འཇུག་ན། དེས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བྱེད་དུ་བཅུག་པ་དང་རབ་ཏུ་གནས ་པར་བྱས་པ་ཡིན་ནོ།། ཨོཾན་མོ་བྷཾ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུར་དྷཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛེ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨྨ་ཏིག་གན་ས་མུ་ག་ཏེ་སྭབྷྲཿ། ་བི་ཤུདྡྷེ་མ་ཧཱ་ན་ལ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འདྲི་འམ། ཡི་གེར་འདྲིར་འཇུག་ན། དེའི་མཚམས་མེད་པ་ལྔ་ཡོངས་སུ་འབྱུང་བར་འགྱུར་རོ།། ་ཨོཾ་ན་མོ་བྷ་ག་ཝ་ཏྲེ། ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སུ་བི་ནི་ཤྩི་ཏ་ཏཱི་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨཱཿ་ཏེ་ས་མྱཀ་ས~ཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྦྦ་ཏེག་གནས་མུད་ག་ཏེ་སྱཱ་བྷཱ་ཝ་བི་ཤུདྡྷེ་མཧཱ་ན་ཡ་བ་རི་ཐཱ ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འདྲ་འམ། ཡི་གེར་འདྲིར་འཇུག་ན། དེའི་སྡིག་པའི་ཕུང་པོ་རི་རབ་ཙམ་ཡང་ཡོངས་སུ་འབྱང་བར་འགྱུར་རོ།། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་བ་རི་མི ་ཏ་ཨཱ་ཡུར་ཛྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨྨ་ཏེ་ག་གན་ས་མུད་ག་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ། གང་ཞིག་ཚེ ་དང་ཡེ་ཤེས་དཔག་ཏུ་མེད་དེའི་མདོ་སྡེ་འདི་ཡི་གེར་འདྲི་འམ། ཡི་གེར་འདྲིར་འཇུག་ནུ། དེ་ལ་བདུད་དང་བདུད་ཀྱི་རིགས་ཀྱི་ལྷ་དང་གནོད་སྦྱིན་དང་། སྲིན་པོས་གླགས་བལྟས་ཀྱང་གླགས་རྙེད་པར་མི་འགྱུར ་རོ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པཱ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛེ་རཱ་ཛཱ་ཡ། ཏྲ་ཐཱ་ག་ཏཱ་ཡ་ཨརྠ་ཏེ་སམྱཀ་ས་བུདྡྷ་ཡོ་ཏདྱ་བྲཱ་ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨྨ་ཏེ་ག་ག་ན་ས ་མུད་ག་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡ~ཾ་གེར་འདྲི་འམ་ཡི་གེར་འདྲིར་འཇུག་ན། དེ་འཆི་བའི་དུས་ཀྱི་ཚེ་སངས་རྒྱས ་བྱེ་བ་དྲུག་དྲུག་ཅུ་རྩ་དགུས་མངོན་སུམ་དུ་ལུང་སྟོན་པར་མཛད་དེ། སངས་རྒྱས་སྟོང་གིས་དེ་ལ་ཕྱག་རྐྱོང་བར་འགྱུར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་མཛད་པར་འགྱུར་ཏེ། འདི ་ལ་ཐེ་ཙོམ་དང་། སོམ་ཉིད་དང་། ཡིད་གཉིས་སུ་བྱེད་ཅིག། ཨོཾ་ན་མོ་བྷ་ག་ཝ་ཏྭེ། ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏྲ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་ས་མྱཀ་སཾ་བུདྡྷཱ་ཡ། ཏཿཐཱ ་ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུད་ག་ཏ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ། གང་དག་ཚྭ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡ~ཾ་གེར་འདྲི་འམ་ཡི་གེ་འདྲིར་འཇུག་ན ་རྒྱལ་པོ་ཆེན་པོ་བཞིས་དེའི་ཕྱི་བཞིན་དུ་འབྲང་ཞི་བསྲུང་བ་དང་། བསྐྱབ་པ་དང་སྦེད་པར་འགྱུར་རོ།། ཨཱ་ན་མོ་བྷ་ཀ་ཝ་ཏེ། ཨ་བ་རི་མིཏ་ཨཱ་ཡུར་ཛྙཱ་ན་སུ་བི་ནརི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ ་ཨཱརྷ་ཏེ་སམྱཀ་ས~ཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སི་སྐཱ་ར་པ་རི་ཤུདྡྷ་དྷརྨྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་བ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་སྡེ་འདི་ཡི་གེར ་འདྲི་འམ་ཡི་གེར་འཇུག་ན་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།། ཨོཾན་མོ་ཐག་ལ་ཏེ། ཨ་པ་རི་མི་ཏ་ཨཱ་སུར ་ཛྙཱན་སུ་བི་ནི་ཤྩི་ཏ་ཏི་ཛེ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨན་ཏེ་ས་མྱག་སེ་བུཥྚས་ཏྱཐཱ.ོཾ་སརྦས་སྐཱ་ར་པ་རི་ཤུདྡྷ་དྷམྲྀ་ཏིག་གནས་མུང་གཏེ་སྭ་བྷཱ་ལ་བི་ཤུདྡྷེ་མ་དཱ་ན་ཡ་པ་རི་ཝ་རེ་སྭཱཧཱ ་ས་ཕྱོགས་གང་དུ་མདོ་སྡེ་འདི་འདྲི་བའི་ས་ཕྱོགས་དེའང་མཆོད་རྟེན་དུ་འགྱུར་ཏེ་ཕྱག་བྱ་བའི་འོས་སུ་འགྱུར་རོ།། བྱོལ་སོང་གི་སྐྱེ་གནས་སུ་སོང་བའི་བྱ་དང་རི་དགས་གང་དག་གི་རྣ་ལམ་དུ་གྲགས་པར་གྱུར ་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུད་ཛྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ་ཏ་ཐཱག ་ཏཱ་ཡ་ཨརྠ་ཏེ་ས་མྱག་ས་དུདྷཱ་ཡ། ཏཿནྟུ། ཨོཾ་སརྦྦ~ཾ་ས་སྐཱ་ར་བ་རི་ཤུདྡྷདྷརྨྨ་ཏེ་ག་གནས་མུ་ག་ཏེ་སྭ་བྷཱ་ཝ་བི་ཤྭེདྡྷ་མ་དཱ་ནཱ་ཡ་པ་རི་ཝ་རེ་སྭཱནྟ། གང་རིག་ཚེ་དང་ཡི་ཤེས་ད་པག་ཏུ་མེད་པའི་མདོ་སྡེ་འདི་ཡེ་གེར་འདྲི་འམ། ་ཡི་གེར་འདྲིར་འཇུག་ན། དེ་བུད་མེད་ཀྱི་དངོས་པོར་ནམ་དུའང་སྐྱེ་བར་མི་འགྱུར་རོ།། ཨོཾ་ན་མོ་བྷ་ག་ཝ་ཀཾ། ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨན་ཏེ་སམྱཀ་སཾ་བུདྡྷ་ཡཱ ་ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨྨ་ཏེ་ག་ག་ན་ས་མུང་ག་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཆོས་ཀྱི་རྣམ་གྲངས་འདིའི་ཕྱིར་ཀར་ཤ་པ་ཎ་གཅིག་སྦྱིན་པ་བྱིན་ན། ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་པར་འགྱུར་རོ།། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ་ཏཐཱམ་དྷ་མ་མ་རྒྱ་ཤེས་མྱགས་བུནྡྷལ། བཐཱག་ཏཱ་ཡ་ཨན་ཏེ་ས་མྱགས་བུདྡྷས། \ུ0f7fོཾ་སརྦཱས་ཀཱར་པའི་ཤུདྷ་དྷ་རྤ་ཏེ་གགནས་མུང་གཏེ་སྭ་བྷཱ་ཝ་བི་ཤུདྡྷི་མ་ཧཱན་ཡ་ང་རི་ཛྭ་ར་སཱནྡ ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པར་བྱེད་པ་དེ་དག་གིས་དམ་པའི་ཆོས་ཐམས་ཅད་ཁོང་དུ་ཆུད་པར་འགྱུར་རོ།། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏྲ་ཨཱ་ཡུར་ཛཱ་ན་སུ་དི་ནི་ཤྩིཏ་ཏེ་ཛེ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ། ་ཡ་ཨན་ཏེས་མྱཀ་སཾ་བུདྡྷ་ས། ཏཿཐཱ། ཨོཾ་སརྦྦ་སཾ་སྐཱར་པ་རི་ཤུདྷ་དྷརྨ་ཏེ་ག་གནས་མུང་ག་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱན་པ་རི་ཝཱ་རེ་སཱནྟུ་འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པ་རྣམ་པར་གཟིགས་དང་། ་གཙུག་ཏོར་ན་དང་། ཐམས་ཅད་སྐྱོབ་དང་། ལྡོག་པར་དང་སེལ་དང་། འཐོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུངས་དང་ཤཱཀྱ་ཐུབ་པ་ལ་རིན་པོ་ཆེ་སྣ་བདུན་གྱིས་མཆོད་པ་བྱས་པའི ་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་ནུས་ཀྱི། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ།། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུ་ར་ཛྙཱ་ན་སུ་བི་ནི་ཤྩི་ཏ་ཏེ ་ཛོ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་བ་རི་ཝ་རེ་སྭཱ་ཧཱ། འདི་ལྟ་སྟེ། དཔེར་ན་རིའི་རྒྱལ་པོ་རི་རབ་དང ་མཉམ་པའི་རིན་པོ་ཆེའི་ཕུང་པོར་བྱས་ཏེ་སྦྱིན་པ་བྱིན་པ་དེའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་ནུས་ཀྱི། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ།། ཨོཾན ་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སུ་བི་ནིཤྩི་ཏ་ཏི་ཛེ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀ་ས~ཾ་བུདྡྷཱ་ཡ་ཏཿཐཱ། ཨོཾ་སརྦྦ་སཾ་སྐཱ་ར་བ་རི་ཤུདྡྷ་དྷརྨྨ་ཏེ་ག་ག ་ན་ས་མུད་ག་ཏེ་སྭ་བྷཱུ་ཝ་བི་ཤུདྡྷ་མཱ་ཧཱ་ན་ཡ་བ་རི་ལཱ་རེ་སྭཱཧཱ། འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་བནི་ཆུས་ཡོངས་སུ་གང་བའི་ཐིག་པ་རེ་རེ་ནས་བགྲང་བར་ནུས་ཀྱི། ཚེ་དང་ཡེ་ཤེས་དཔག་ཏུ ་མེད་པའི་བསོས་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ།། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སུ་བི་ནི་ཤྩི་ཤ་ཏི་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྠ་ཏྲེ་ས་མྱཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར ་པ་རི་ཤུདྡྷ་དྷརྨྨ་ཏེ་ག་ག་ན་ས་མུ་ག་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འདྲི་འམ། ཡི་གེར་འདྲིར་འཇུག་གྲམ། གུས་པར་བྱས་ཏེ ་མཆོད་པར་བྱེད་པ་དེ་དག་གིས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་པ་དང་མཆོད་པ་བྱས་པ་ཡིན་ནོ།། ཨོཾ་ན་མོ་བྷཱ་གྲ་ཝ་ཏེ། ཨ་པ་རི་མི་ཏི་ཨཱ་ཡུར ་ཛྙཱ་ན་སུ་བི་ནཻ་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྠ་ཏེ་སམྱཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་ས~ཾ་སྐཱ་ར་བ་རི་ཤུདྡྷ་དྷརྨྨ་ཏི་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཛི་རེ་སྭཱ་ཧཱ། སྦྱིན་པའི་སྟོབས་ཀྱིས ་སངས་རྒྱས་ཡང་དག་འཕགས།། མི་ཡི་སེང་གེས་སྦྱིན་པའི་སྟོབས་རྟོགས་ནས།། སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ནི།། སྦྱིན་པའི་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར།། ཚུལ་ཁྲིམས་སྟོབས་ཀྱིས་སངས་རྒྱས ་ཡང་དག་འཕགས།། མི་ཡི་སེང་གེས་ཚུལ་ཁྲིམས་སྟོབས་རྟོགས་ནས།། སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ནི།། ཚུལ་ཁྲིམས་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར།། བཟོད་པའི་སྟོབས་ཀྱིས་སངས་རྒྱས ་ཡང་དགའ་ཕགས།། མི་ཡི་སེང་གེས་བཟོད་པའི་སྟོབས་རྟོགས་ནས།། སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན།། བཟོད་པའི་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར།། བརྩོན་འགྲུས་སྟོབས་ཀྱིས་སངས་རྒྱས ་ཡང་དགའ་ཕགས།། མི་ཡི་སེང་གྲེས་བརྩོན་འགྲུས་སྟོབས་རྟོགས་ནས།། སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན།། བརྩོན་འགྲུས་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར།། བསམ་གཏན་སྟོབས་ཀྱིས་སངས། ་རྒྱས་ཡང་དག་འཕགས།། མི་ཡི་སེང་གེས་བསམ་གཏན་སྟོབས་རྟོགས་ནས།། སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན།། བསམ་གཏན་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར།། ཤེས་རབ་སྟོབས་ཀྱིས་སངས ་རྒྱས་ཡང་དག་འཕགས།། མི་ཡི་སེང་གེས་ཤེས་རབ་སྟོབས་རྟོགས་ནས།། སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན།། ཤེས་རབ་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར།། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ ་ཨཱ་ཡུར་ཛྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱ་ཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བརྞྞ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨྨ་ཏེ་ག་ག་ན་ས་མུང་གཱ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཧཱ། བཅོམ་ལྡན་འདས ་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དང་ལ་གཞོན་ནུར་གྱུར་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གཟུངས་རྫོགས་སོ།། རྒྱ་གར་སྐད་དུ། ་