| Wylie | e-texts produced with BDRC’s OCR application |
འགྱུར།། དཔལ་ལྡན་བྱང་ཆུབ་སེམས་དཔའ་དང་།། དཔལ་ལྡན་ལྷ་མོ་ནག་མོ་ཡི།། མིང་བརྒྱ་རྩ་བརྒྱད་གང་འཛིན་པ།། ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་སྟེ།། སྐུ་གསུང་ཐུགས་ནི་གྲུབ་ནས ་ཀྱང་།། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་འགྱུར།། ཞེས་གསུངས་པ་དང་།། བྱང་ཆུབ་སེམས་དཔའི་འཁོར་དེ་དག་དང་། དཔལ་ལྡན་ལྷ་མོ་ནག་མོ་ཆེན་མོ་རྣམས་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་ཀྱིས ་གསུངས་པ་ལ་རྗེས་སུ་ཡི་རང་ཞིང་མངོན་པར་བསྟོད་དོ།། དཔལ་ལྷ་མོ་ནག་མོ་ཆེན་མོའི་མཚན་བརྒྱ་རྩ་བརྒྱད་པ་ཡོན་ཏན་དང་བཅས་པ་རྫོགས་སོ།། ལྷའི ་དབང་པོ་བརྒྱ་བྱིན་གྱིས་བསྟོད་པ།། དུས་གསུམ་འཁོར་བའི་སྡུག་བསྔལ་ཆེན་པོ་དང་།། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་རྒྱུས།། སྡིག་མིན་ལས་གྲུབ་ལྷ་དང་ལྷ་མ་ཡིན།། དམྱལ་ཚོགས་མེ་ལྟར་འབར་བའི་གནས ་འདི་རུ།། ཤ་ཁྲག་དམར་ལ་རོལ་པའི་ལྷ་མོ་ཁྱོད།། ལྷ་ཡི་གཡུལ་ངོ་རྒྱལ་བར་ཞལ་ཆེས་ལས།། ལྷ་མ་ཡིན་གྱི་དཔུང་རྣམས་བརླག་པར་མཛོད།། ཅེས་བསྟོད་དོ།། རྫོགས་སོ།། ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། བཛྲ་མ་བུ། བུདྡྷ་བཛྲེ། བཛྲ་མ་བུ་བུད་དྷ་ཛེ། ཤཱུ་ནྱ་ཏཱ་པྲ་བེ་ཤེ། བཻ་རོ་ཙ་ན་གརྦྷེ། པཙྪེ་དྲི་ཡ། ཨ་བ་བོ་དྷ་ན་སྭཱ་ཧཱ། ་ཆོ་ག་ནི་རྟག་ཏུ་བཟླས་བརྗོད་བྱས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཐོབ་པར་འགྱུར་རོ།། བདུད་ཐམས་ཅད་དང་།། དགྲ་ཐམས་ཅད་དང་ཀ་ལོག་འདྲེན་ཐམས་ཅད་ཀྱིས་མི་ཚུགས་སོ།། འཆི་བའི་ཚེ་འཕགས ་པ་འོད་དངག་མེད་མཐོང་བར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་མཐོང་བར་འགྱུར་རོ།། ཇི་ལྟར་སྨོན་ལམ་བཏབ་པ་བཞིན་དུ་སྐྱེ་བར་འགྱུར་རོ།། ་རྫོགས་སོ།། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ། འཕགས་པ་ཚེ་དངག་མེད་ཀྱི་སྙིང་པོ་འདི་རྟག་ཏུ་བཟླས་སམ། སྔགས་ཆབ་ཀྱིས་དབང་བསྐུར་ན་ཚེ་ནུར་བར ་འགྱུར་རོ།། ཨོཾ་པུཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་ར་མི་ཏ་ཨཱ་ཡུར་ཎྱེ་ཛྙཱ་ན་སཾ་བ་རོ་ཙི་ཏི་སྭཱ་ཧཱ། @། རྒྱ་གར་སྐད་དུ། ཨཱརྱ་ཨ་བ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་ནཱ་མེ་མ་ཧཱ་ཡ ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས ་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་འཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཡོན ་