| Wylie | e-texts produced with BDRC’s OCR application |
ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཚེགས་ཀྱི་བདག་པོའི་སྙིང་པོ་རྫོགས་སོ།། རྒྱ་གར་སྐད་དུ། མ་ཧཱ་ག་ཎ་པ་ཏི། ་ནཱན་པ། བོད་སྐད་དུ། ཚོགས་ཀྱི་བདག་པོ་ཆེན་པོའི་རྒྱུད་ཅེས་དྲབྱ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།། དེ་ནས་དཔལ་ལྔར་ཚོགས་བདག་ཆེ།། ཕྱག་འཚལ་དཔལ་ལྡན་ཙོག་བདག ་དགྱེས།། གཟུགས་བརྙན་བཎྜལ་གྲུ་བཞིར་གནག། ཟླ་བི་དྲུག་ཏུ་མཆོད་པར་བྱ།། ལྷ་ཡི་འཁོར་ལོས་སྒྱུར་བ་དང་།། ཚེ་འདི་ཉིད་ལ་སྐལ་བ་མཉམ།། བསོད་ན་པས་ཆེན་དེ་ཐོབ་པར་འགྲེར།། ལོངས། ་སྤྱོད་ལྷ་དང་མཉམ་པ་དང་།། ཚེ་ཡང་རིང་བའི་མཆོག་ཏུ་འགྱུར།། མི་ལ་སོགས་པ་དབང་དུ་འགྱུར།། ལྷ་ཡི་བུ་ཡང་བྲན་བཞིན་འགྱུར།། བདག་གིས་བསྒོ་བ་ཉན་པར་འགྱུར།། ཀླུ་ཡང་དེ་ཡིས་བསྒོ ་བ་ཉན།། བྲན་བཞིན་ལས་རྣམས་བྱེད་པར་འགྱུར།། ལྷ་ཡི་ལོངས་སྤྱོད་མངའ་རིས་ལས།། འདོད་པའི་ལོངས་སྤྱོད་འབྱུང་བར་འགྱུར།། དངོས་གྲུབ་སྒྲུབ་པའི་སྐལ་བ་ཅན།། གདུལ་བྱ་དབང་གིས་སྐུ་སྤྲུལ ་ག་ལྷ་རྗེན་ཚོགས་བདག་ཆེན་པོས་བྱ།། དངོས་གྲུབ་དམ་པ་མཆོག་སྒྲུབ་ན།། མཐུ་སྟོབས་ཕུན་སུམ་ཚོགས་ལྡན་ཞིང་།། ལོངས་སྤྱོད་ཡིད་བཞིན་འཕེལ་བར་བྱེད།། འཇིག་རྟེན་པན་མཛད་ལྷ་ཡི ་ལྷ། གང་གིས་མཆོད་པ་དངོས་གྲུབ་ཡི།། ལྷ་ཆེན་ཚོགས་ཀྱི་བདག་པོའི་རྒྱུད་ལས།། དངོས་གྲུབ་འབྱུང་བ་ཞེས་བྱ་བའི་ལེའུ་སྡེ་དང་པོའོ།། ། དེ་ནས་དབེན་པའི་གནས་སུ་ནི། ་དཀྱིལ་འཁོར་གྲུ་བ་ནི་དག་བྱ་སྟེ།། བ་ཡི་ལྕི་བས་ལེགས་པར་བྱུགས།། འཇམ་ཞིང་མཉེན་ལ་དབུས་མཐོ་བོའི།། དབུས་སུ་ཚོགས་བདག་སྐུ་གཟུགས་བཞུགས།། མེ་ཏོག་དཀར་པོས་དེ་ལ་གཏོར།། བདག ་ཉིད་གཅེར་བུར་བྱུང་བྱས་ཏེ།། ལོག་འདྲེན་གཟུགས་ཀྱིས་ཡང་དག་མཆོད། ཁར་ཏག་ཟླ་བ་དྲུག་གཉིན་རེ་བཞིན་དུ་དུས་གསུམ་དུ། གསང་སྔགས་བརྒྱནི་རྩ་བརྒྱད་བཟླས། ཡིད་ལ་རེབ ་ཐམས་ཅད་རྫོགས།། བསམ་པ་ཐམས་ཅད་འགྲུབ་བར་འགྱུར།། ཨོཾ་ནི་བཀྲ་ཤིས་དཔལ་དང་ལྡན།། གསང་སྔགས་མགོ་ལ་གཞག་པར་བྱ།། ཡིད་བཞིན་ནོར་བུ་ལྟ་བུ་ཡི།། དངོས་གྲུབ་སྟེར་བྱེད་ཡི་གེ་ཡང་། ་དེ་འོག་གྲལ་ལ་གཞག་པར་བྱ།། ཉི་མས་བུའི་ཡི་གེ་ཡང་།། དྲོ་ཡི་རྗེས་ལ་བཀྲུག་པར་བྱ།། དེ་བཞིན་གཤེགས་པའི་མཚན་དང་པོ།། ཡི་གེའི་མཆོག་ནི་བླང་བར་བྱ།། གསལ་བྱེད་ཡི་གེ་དང་པོ་ཡང་།། དེ་ཡི་འཛུམ ་ཏུ་བརྗོད་པར་བྱ།། རིན་ཆེན་ཡི་གེ་སྭཱ་ཞེས་བྱ།། ལས་ཀྱི་ཡི་གེ་ཧཱ་ཞེས་བྱ།། དངོས་གྲུབ་འདོད་པས་གསང་སྔགས་བཟླས།། ལྷ་ཆེན་དངོས་གྲུབ་སྒྲུབ་པའི་རྒྱུད་ལས། ལྷའི་དངོས་གྲུབ་ཀྱི་གསང་སྔགས་བསྟན ་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་ཚོགས་ཀྱི་བདག་པོ་བཤད།། ཚོགས་ཀྱི་བདག་པོ་སྐུ་མདོག་དཀར།། གླང་པོ་ཆེ་ཡི་མགོ་བོ་ཅན།། མཆེ་བ་ཡ་གཅིག་ཆག་པ་དང་།། ཕྱག་གཡས ་ལ་ཕུབ་བསྣམས་པ་དང་།། བྱི་བའི་གདན་ལ་བཅིབས་པ་དང་།། རིན་པོ་ཆེ་ཡིས་སྐུ་བརྒྱན་པ།། ཟླ་བ་ཚེས་པས་དབུ་བརྒྱན་པ།། འོད་གསལ་བ། འོད་ཟེར་འཕྲོ་བ། མདོག་བཟང་བ་ཁ་དོག་བཟང ་བ། གསུས་པ་ཆེ་བ་རྒྱན་གྱིས་སྡུད་པའོ།། དངོས་གྲུབསྒྲུབ་པའི་རྒྱུད་ལས། ཚོགས་ཀྱི་བདག་པོ་བསྟན་པའི་ལེའུ་སྟེ་གསུམ་པའོ།། དེ་ནས་སྐར་མ་རྒྱལ་གྱི་འིན། ་པར་མེ་ཏོག་དཀར་པོ་བླངས་ཏེ་ཚོགས་ཀྱི་བདག་པོའི་སྐུ་གཟུགས་བྲིས་ཏེ། ཁ་དོག་དཀར་པོ་གླང་པོ་ཆེའི་དབུ་ཅན་ཕྱག་གཡས་ནལ་ཕུག་བསྣམས་པ། གཡོན་པ་ན་རིན་པོ་ཆེའི་ནོར་བུ་བསྣམས་པཀ་གསུཿ། ་བཆེ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པཱ། ཟླ་དང་བྱི་བའི་ཁྲིལ་བཞུགས་པ་མཁས་པས་བྱའོ།། དེ་ལ་དཀྱིལ་འཁོར་གྱི་དབུས་བདག་ལ་ཞལ་ཕྱོགས་པར་བཞག་ལ། བདག་ཉིད་ལོག་འདྲེན་གྱི་གཟུགས ་ཀྱིས་ཡང་དག་པར་མཆོད་དོ།། ཚོགས་ཀྱི་བདྲག་པོ་ཞལ་གཅིག་ཕྱག་བཞི་པ་སྒྲུབ་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་དབང་ལྡན་གྱི་མཚམས་སུ་ཚོགས་ཀྱི་བདག་པོ་དཀར་པོ ་གླང་པོ་ཆེའི་མགོ་ཅན། བྱི་བ་ལ་ཞོན་པ། མིག་གསུམ་པ། ཟླ་བ་ཕྱེད་པ་འཛིན་པ། གཡས་ན་ལ་ཕུག་དང་དགྲ་སྟ་འཛིན་པ། གཡོན་པ་ཏྲི་ཤཱུ་ལ་དང་ཐོད་པ་འཛིན་པ། ལག་པ་གཡོན་པ ་ཁུ་ཚུར་བཅངས་པའི་མཛུབ་མོ་དང་གུང་མོ་བརྐྱང་ལ་མཛུབ་མོ་བཀུག་ལ་གུད་མོའི་ཚིགས་སུ་གཟུང་བར་བྱ་བ་ནི་ཚེགས་ཀྱི་བདག་པོའི་ཕྱག་རྒྱའོ།། ཚོགས་ཀྱི་བདག་པོའི་ཕྱག་རྒྱ་བསྟན་པའི་ལེའུ་སྟེ་ལྔ ་པའོ།། ། དེ་ནས་གསང་སྔགས་བསྟན་པ་ནི།། ཨེ་ནི་དཔལ་ལྡན་མགོ་ལ་གཞག། དེ་ནས་ཡིད་བཞིན་ནོར་བུ་ནི།། རིན་པོ་ཆེ་ཡི་ཡི་གེ་བྲི།། སྡེ་ཚན་གསལ་བྱེད་དང་པོ་ཡང་། ་དེ་ཡི་རྗེས་སུ་བྲི་བར་བྱ།། དེ་བཞིན་གཤེགས་པའི་མཚན་དང་པོ།། དབྱངས་ཡིག་བརྒྱད་པས་མཛེས་པར་བྱ།། གསལ་བྱེད་དང་པོ་ཡི་གེ་ཡང་།། བློ་ཡིས་བླངས་ཏེ་ཡིད་ཀྱིས་བྲི།། སྡེ་ཚན་གསུམ་པའི་གསུམ་པ་ལ། ་དང་པོའི་བཞི་པ་སྦྱར་བར་བྱ།། སྡེ་ཚན་བདུན་པའི་གསུམ་པ་ལ།། གསུམ་པའི་དང་པོས་འོག་ཏུ་སྦྱར།། ཡིད་བཞིན་ནོར་བུའི་ཡི་གེ་ལ།། བཞི་པའི་ལྔ་པ་ཟླ་བ་གཞག། དབྱངས་ཡིག་གསུམ ་པས་བརྒྱན་པར་བྱ།། བཞི་པའི་གསུམ་པས་དེ་ནས་བརྗོད།། དཔོ་བྱ་སྒྲུབ་པའི་ཡི་གེ་ནི།། དེ་ཡི་རྗེས་ལ་བྲི་བར་བྱ།། གསང་སྔགས་དྲག་པོའི་ཡི་གེ་ཡང་།། ཀུན་གྱི་མཐར་ནི་བརྗོད་པར་བྱ།། གསང་སྔགས་འདི་ཡི ་དངོས་གྲུབ་ནི།། འཇིག་རྟེན་དབང་ཕྱུག་ཉིད་ཀྱིས་བྱིན།། དགོས་པ་ཐམས་ཅད་འགྲུབ་པར་འགྱུར།། ཚོགས་བདག་ཆེན་པོའི་གསང་སྔགས་བསྟན་པའི་ལེའུ་སྟེ་དྲུག་པའོ།། ། དེ་ནས ་གཞན་ཡང་གསུངས་པ་ནི།། དངོས་གྲུབ་ཐམས་ཅད་སྒྲུབ་པ་ཡི།། མཚན་གྱི་གསང་སྔགས་ཞེས་བྱ་བའི།། དངོས་གྲུབ་སྒྲུབ་པོའི་སྙིང་པོ་ནི།། དཔལ་དང་ཡཱ་གི་ཡི་གེ་སྟེ།། ཨོཾ་ཞེས་བྱ་བ་མགོ་ལ ་གཞག། ཡིད་བཞིན་ནོར་བུའི་ཡི་གེ་ལས།། ཉི་མའི་ཡི་གེ་འོག་ཏུ་སྨྲསྤྲས།། དབྱངས་ཡིག་དྲུག་པའི་འོག་ཏུ་སྦྱར།། ཐིག་ལེ་ནཱ་དས་བརྒྱན་པར་བྱ།། མཚན་གྱི་དང་པོའི་ཡི་གེ་ནི།། དེ་ཡི་རྗེས་ལ་བརྗོད་པར ་བྱ། བཞི་པའི་ལྔ་པ་དེ་ནས་སྦྱར།། ལྔ་པའི་དང་པོ་བྲི་བར་བྱ།། དེ་བཞིན་གཤེགས་པའི་མཚན་དང་པོ།། འབྱུང་བ་རླུང་གི་ཡི་གེ་ཡང་།། དབྱངས་ཡིག་བརྒྱད་པས་བརྒྱན་པ་ནི།། དེ་ཡི་རྗེས་ལ་བྲི་བར་བྱ།། ཞི་བའི ་ཡིག་འབྲུ་གཉིས་པ་ཡང་།། ཀུན་གྱི་མཐར་ནི་བརྗོད་པར་བྱ།། མཚན་གྱི་གསང་སྔགས་ཞེས་བྱ་བ།། འདོད་པ་ཐམས་ཅད་གྲུབ་བྱེད་ཡིན།། མཚན་གྱི་གསང་སྔགས་བསྟན་པའི་ལེའུ་སྟེ་བདུན་པའོ།། ་དེ་ནས་གཞན་ཡང་བཤང་བར་བྱ།། སྐར་མ་རྒྱལ་གྱི་ཉིན་པར་ནི།། མེ་ཏོག་དཀར་བྲེའི་རྩ་བུ་བླངས།། ཙན་དན་དཀར་པོ་དག་ལས་ནི།། ཚོགས་ཀྱི་བདག་དེའི་སྐུ་གཟུགས་ནི ་མཐེ་བོང་གི་ནི་ཚང་ཙཱ་བ་བ།། གསུས་པ་ཆེ་ལ་ཕྱག་བཞི་པ། མ་ཁས་པས་བྱས་ཏེ་ལེགས་པར་བྱ།། རིན་པོ་ཆེ་ཡི་སྣོང་དུ་གཙུག། དཀར་ཆེན་མངོན་པར་གསལ་ངའི་ཚེ།། ནང་གི་ཆ་རིས་སྐུ་ཁྲུས་གསོལ། ་གསལ་ཞིང་དང་ལ་ཡིད་དུ་འོང་།། དྲི་དང་ལྡན་པའི་བུམ་པ་ཡིས།། མེ་ཏོག་དཀར་པིའི་དྲི་ཡིས་ནི།། བདག་ཆལ་ལྡན་པས་ཁྲུས་བྱའོ།། དེ་ནས་དེ་མ་ཐག་ཏུ་ནི། དཀྱིལ་འཁོར་དབུས་སུ་སྤྱན་དྲངས་ལ།། མེ ་ཏོག་དཀར་པོ་དབུལ་བ་རུ་།། ལ་ཕུག་ལ་དུར་བཅས་པ་ཡི།། གཏོར་མ་ཆེན་པོའང་དེ་ནས་དབུལ།། སྤོས་དང་དྲི་དང་མར་མེ་དང་། ལྷ་བཤོས་དག་གིས་མཆོད་པར་བྱ།། གསང་སྔགས་འདིས། ་ལ་ཕུག་དང་།། ལ་དུ་དེང་ཆུ་དང་། དཀར་གསུམ་གྱི་གཏོར་མས་ཚོགས་ཀྱི་བདག་པོ་ལ་ཕུལ་ཏེ། སྤོས་དང་མེ་ཏོག་རྣམས་ཀྱང་དབུལ་དེ་ལྟར་བྱས་ན་ཕྱིས་བགེགས་བྱེད་པར་མི་ནུས་སོ།། ཚོགས ་ཀྱི་བདག་དེའི་མཆོད་པའི་ལེའུ་སྡེ་བརྒྱད་པའོ།། ། དེ་ནས་ལ་ཕུག་ཅེས་བྱ་བ།། རེ་བརྒྱད་ལྡན་པའི་ཉུང་མ་སྟེ།། ཟས་རྣམས་ཀུན་གྱི་མཆོག་ཀྱང་ཡིན།། རོ་མཚིག་བརྒྱད་དང ་ལྡན་པ་ཡི།། ཁ་དང་སྒུར་དང་བསྐ་བ་དང་། མངར་དང་ཚ་དང་ལན་ཚྭའི་རོ།། བདུན་དང་བྲ་མཆེ་གེ་ཆེ་བ་ཡང་།། ནད་སྣ་བརྒྱད་ཀྱི་གཉེན་པོ་ཡིན།། མབྲིས་པ་བད་ཀན་འདས་པ་དང་།། ཁྲག་དང་ཆུ་སར ་མཇུག།། རླུང་དང་རིམས་ན་ཀུན་ལ་ཕན།། འདི་འདྲ་བྱུང་བའི་ཁ་ཟས་མེད།། ལྷ་རྣམས་ཀུན་གྱི་མཆུ་སྲང་འགུལ།། དངོས་གྲུབ་འགྲུབ་པའི་ཞལ་ཟས་ཡིན།། ཚོགས་ཀྱི་བདང་། ་པོ་མཆོད་པར་བྱ།། ལ་དུ་ཞེས་བྱའི་ཞལ་ཟས་ནི།། མངར་གསུམ་འབྲས་བུ་གསུམ་པ་ནི།། དེ་བཞིན་ཞིམ་པའི་སྤོས་ཀྱིས་བྲན།། བག་ཟན་གྱི་ནི་རིལ་བུ་བྱ།། འོ་མ་མར་དུ་བཅོས་བྱས་ལ།། ཚོགས་པའི་གཏོར་མ་ཆེན་པོ་བྱ། ་མར་དང་འཁུར་བ་མངར་གསུམ་དང་།། མཐུན་པའི་ཞལ་ཟས་སྣ་ཚོགས་ཀྱིས།། ཚོགས་བདག་ཆེན་པོ་མཆོད་པར་བྱ།། དེ་ལྟར་ཚོགས་ཀྱི་བདག་པོ་ལའོ།། ཚོགས་ཀྱི་བདག་པོའི་སྐུ་གཟུགས་ལག་པ་གཡས ་པའི་མཐིལ་དུ་བཞུགས་ལ། སེམས་གཞན་དུ་མ་ཡེངས་པར་བཟླས་བརྗོད་འབུམ་བྱ་སྟེ། ལ་ཕུག་ལ་སྔགས་ཀྱིས་བཏབ་སྟེ་ཚོགས་ཀྱི་བདག་པོ་མཆོད་ན། ཚེ་འདི་ཉིད་ལ་འཁོར་ལོ་སྒྱུར་བའི་རྒྱལ་པོ་དང་བསོན ་ནམས་མཉམ་པར་འགྱུར་རོ།། མེ་ཏོག་དཀར་པོས་མཆོད་ན་རྒྱལ་པོ་ལ་སོགས་པ་ཕམ་པར་མི་འགྱུར་རོ།། རྒྱལ་པོ་ལ་སོགས་པ་སྒྲུབ་པར་འགྱུར་རོ།། རྒྱལ་པོ་དང་བློན་པོ་ལ་སོགས་པ་བདག་གི་དབང་དུ་འདུས ་པར་འགྱུར་རོ།། དངོས་གྲུབ་སྒྲུབ་པའི་ཞལ་ཟས་བསྟན་པའི་ལེའུ་སྟེ་དགུ་པའོ།། ། དེ་ནས་ཆོ་ག་བཤད་པར་བྱ།། དངུལ་ཞེས་བྱ་བའི་རིན་ཆེན་ལ།། ཚོགས་བདག་ཆེན་པོའི་གཟུགས ་བྱས་ཏེ།། ཡིད་བཞིན་ནོར་བུ་ལེག་ན་ཐོགས།། དཀྱིལ་འཁོར་ཆེན་པོ་ཁྲུ་གང་ཚད།། རིན་ཆེན་མེ་ཏོག་དཀར་པོ་བཀྲམ།། གསང་སྔགས་འབུམ་དུ་བཟླས་བྱས་པས།། ནད་དང་སྡུག་བསྔལ་ཞི་བར ་འགྱུར།། ཤེལ་དྲང་དུང་ལས་ཚོགས་བདག་སུ།། མཁས་པས་ཇི་ལྟར་འབྱོར་པར་བྱ། སྡུག་བསྔལ་ཐམས་ཅད་སེལ་བར་འགྱུར།། རིན་ཆེན་ཤེལ་ལས་ཚོགས་བདུག་སྐུ། མཐེ་བོང་གི་ནི་ཚད་ཙམ་བྱ།། ་སེན་པྲ་ཞེས་བྱ་དྭའི་སྔགས།། རིག་པ་འབུམ་དུ་བཟླས་བྱས་ཏེ།། ཤེལ་གྱི་སྐུ་དེ་རྗེས་བྱས་ནས།། སྐེར་མ་རྒྱལ་གྱི་ཞིན་པར་ནི།། བདག་ཉིད་ཤར་དུ་ཁ་བལྟས་ནས།། གོས་དེ་ཀར་གྱོན་ཏེ་ཁྲུས་བྱས་ལ། ་ཐལ་སྦྱར་ཡིད་ཀྱིས་གསོལ་བ་གདང་།། བདག་ལ་གནོད་པའི་བགེགས་གང་ཡིན།། ཤེལ་གྱི་སྐུ་དྲི་མ་ལོང་སྟེ།། མི་གཡོ་མི་འགུལ་རབ་ཏུ་བཞུགས།། བདག་ཉིད་ཁྲུས་པས་ཤར་དུ་ལྟ་འཛར་བ ་དང་རྐུན་མ་ནི།། གང་ཡིན་མེ་ལོང་ནང་དུ་འབྱུང་།། དེ་ཚེ་དེ་ཡིས་ངོས་ཟིན་འགྱུར།། ཚོགས་བདག་ཤེལ་གྱི་སྐུ་དེ་ནི།། མཆོད་པ་རབ་གསལ་ལེགས་བྱས་ལ།། ན་གཱ་ཀུ་རུ་ཞེས་བྱ་བའི།། རིག་པ་འབུམ་དུ ་བཟླས་བྱས་ནཱ། ཁྭ་ནད་དང་སྡུག་བསྔལ་གྱིས་ཉེན་ལ།། སྐུ་དེ་བསྣུན་པ་ཙམ་གྱིས་ནི།། ནད་རྣམས་ཐམས་ཅད་སོས་པར་འགྱུར།། སྡུག་བསྔལ་ལས་ཀྱང་ཟེར་པར་འགྱུར།། ཞི་བ་ཆེན་པོའི་ཚེ ་ག་ཡིན།། རིན་ཆེན་གསེར་ཞེས་བྱ་བ་ལ།། ཚོགས་བདག་ཆེན་པོའི་སྐུ་བྱས་ཏེ།། རྒྱལ་གྱི་ཉིན་པར་མིག་ཕྱེ་ནས།། མཆོད་དང་རབ་ཏུ་གནས་པ་བྱ།། བ་ར་ཞེས་བྱ་བའི་གསང་སྔགས་ནི།། འབུམ་ཕྲག་གཅིག། ་ཏུ་བཟླས་པ་ཡིས།། སྐུ་གཟུགས་བཞུགས་པའི་ཁྱིམ་དེར་ནི།། ནོར་རྣམས་ཐམས་ཅད་འཕེལ་བར་འགྱུར།། གསེར་གྱི་ཚོགས་བདག་མཐོང་བ་ཡིས།། བགེགས་རྣམས་ཐམས་ཅད་ནེར་འབུལ་འགྱུར།། ་བགེགས་ཀྱིས་གནོད་པ་མི་ནུས་ཏེ།། རྒྱལ་པོ་བཞིན་དུ་མཆོད་པར་འགྱུར།། གསེར་གྱི་ཚོགས་བདག་གནས་པ་ཡིས། ཀས་ཕྱོགས་རིན་ཆེན་ཆར་པ་འབེབས།། གསེར་གྱི་ཚོགས་ཀྱི་བདག། ་པོ་ལ།། བགེགས་ཀྱི་རྒྱལ་པོ་ཐམས་ཅད་ཀྱིས།། ནོར་རྣམས་ཐམས་ཅད་འབུལ་བ་ཡིན།། བདག་ཉིད་ཕུན་སུམ་ཚོགས་པར་འགྱུར།། ཚོགས་ཀྱི་བདག་པོའི་སྐུ་གཟུགས་མཆོག། བྱས་པའི་ཡོན་ཏན་རྣམས་ལ་ནི ་གནོད་སྦྱིན་རྣམས་ཀྱིས་གཏེར་ཁ་འབྱེད།། སྐྱེ་བ་འདྲི་དང་ཕྱི་མ་ལ།། རྟག་ཏུ་ཡོ་བྱད་འཕེལ་བར་འགྱུར།། ནོར་གྱི་བདག་པོ་རྣམ་ཐོས་བུས་ཁ་རྒྱལ་བུ་བཞིན་དུ་བསྙེན་བཀུར་བྱེད།། དེ་ནས་དཔལ་ལྡན ་ཚེགས་བདག་གི།། སྐུ་གཟུགས་དཀྱིལ་འཁོར་གྲུ་བཞིར་གཞོག། བྷ་ག་ཞེས་བྱའི་གསང་སྔགས་ནི།། བཟླས་པ་འབུམ་དུ་བྱས་པ་ཡིས།། ཚེ་དེ་ཉིད་ལ་དངོས་གྲུབ་ནི།། ཅི་འདོད་པ་ནི་སྦྱིན་པར་མཛད།། ལྷའི་རྒྱལ ་པོའི་མངའ་ཐང་ནི།། སྒྲུབ་པ་པོ་ལ་སྩོལ་བར་མཛད།། ཤིན་ཏུ་ཐུགས་རྗེའི་བདག་ཉིད་པས།། དཔལ་ལྡན་ཚེགས་བདག་ཐུགས་རྗེ་ཅན།། ཐུགས་རྗེའི་ཕུང་པོས་དབུལ་བསྐྱོད།། ནོར་ལྷ་ཆེན་པོའི་བདག། ་ཉིད་འདི།། དར་དམར་རེས་ལ་ལེགས་བྲིས་ཏེ།། རྒྱལ་གྱི་ཉིན་པར་སྤྱན་ཕྱེ་ནས།། གང་གི་ཁྱིམ་དུ་བཞུགས་པ་དེའི།། ས་ཕྱོགས་དེ་ནི་བཀྲ་ཤིས་འགྱུར།། ཟངས་ལ་ཚོགས་བདག་ཆེན་པོའི་སྐུ།། མཁས་པས། ་ལགས་པར་བཟོ་བྱས་ཏེ།། ཙན་དན་དམར་པོས་བྱུགས་པའི་སར། མཎྜལ་སྟེང་དུ་ལེགས་པར་གཞག་བན་དུ་ཀ་ཡི་མེ་ཏོག་དང་། པདྨ་རཱག་རིན་ཆེན་དང་།། མེ་ཏོག་དམར་པོ་ཀུན་གྱིས་མཆོད།། ཧཱུཾ་ཞེས ་བྱ་བའི་རིགས་སྔགས་བཟླས།། རྒྱལ་པོའི་བུ་མོ་དབང་དུ་འགྱུར།། ལྷ་ཡི་བུ་མོ་ཀུ་མོ་དང་།། མི་འམ་ཅི་ཡི་བུ་མ་དྲང་།། བྲམ་ཟེའི་བུ་མོ་མཚན་ལྡན་མོ།། མཆོག་ཏུ་གཟུགས་བཟང་གུས་པར་འགྱུར།། བྲན་མོ་བཞིན། ་དུ་བསོ་བ་ཅན།། དེ་ལ་སོགས་པ་མཐའ་ཡས་མཆོག། སུ་གཟུགས་དགལ་བརྟེན་ནས་ཟུག། མཆོད་པ་ཙམ་གྱིས་འབྱུང་བ་ཡིན།། གནན་ཡང་ཚོགས་བདག་ཆེན་པོའི་སྐུ།། རིན་པོ་ཆེ་ཡི་རྒྱུ་ལས་བྱས།། དཀྱིལ་འཁོར། ་སྐད་དུ་བཞུགས་བྱས་ཏེ།། རཏྣ་སིདྡྷི་ཞེས་བྱ་བའི།། རིག་པ་འབུམ་དུ་བཟླས་པ་བྱ།། ས་འོག་གཏེར་རྣམས་སྟོན་པར་འགྱུར།། ཅི་དགའ་བར་ཡང་སྤྱོད་པར་འགྱུར།། ཚོགས་བདག་ཆེར་པོའི་རྒྱུད་ལས།། རྒྱལ་པོ་ལ་སོ། ་བསྒྲུབ་པའི་ལེའུ་སྟེ་བཅུ་པའོ།། ། དེ་ནས་དཔལ་ལྡན་ཚོགས་བདག་ཆེ།། དྲག་པོ་ཆེན་པོ་དྲུག་ཤུལ་ཅན།། སངས་རྒྱས་ཐུགས་ལ་བྱོལ་སོང་དབུ།། གླང་ཆེན་གཞོན་ནུས ་འལྡི་བརྒྱན་པ།། སྤྱན་གསུམ་མཆེ་བ་བཞི་དང་ལྡན།། ཕྱག་བཞི་ཞབས་བཞི་ཀླུ་ཆེན་གདན།། དབང་པོ་མཆེ་བ་དཀར་པོ་འཛིནི།། དེ་འོག་ཞགས་པ་གཡོན་པ་ན།། དགྲ་སྟ་ཁ་ཊྭཱཾ་རྩེ་གསུམ་འཛིན ་མཐིང་ལ་གསུས་པ་ཆེ་བའོ།། དེ་ལྟ་བུ་ཡི་ཚོགས་བདག་སྐུ།། འཁར་བ་ཁྲོ་ཆུ་དག་ལ་བྱ།། རྒྱལ་གྱི་ཉིན་པར་རབ་ཏུ་གནས།། དེས་ན་སྐོམ་ཞིང་སྒྲུབ་པ་ནི།། དཀྱིལ་འཁོར་བྱ་བའི་ས་བརྟགས་པ། ་ལེའུ་ཚེ་དགུ་པའི་དཀྱིལ་འཁོར་བྲི།། སྒོ་དང་སྒོ་ཁྱུད་ལྡན་པར་བྱ།། དབུས་སུ་པདྨ་འདིབ་བརྒྱད་ལ།། ཚོགས་བདག་ཆེན་པོས་བསྒྲུབ་བྱ་མནན།། ཟླ་བིའི་གདན་ལ་ཡུམ་དང་ནི།། གཉིས་སུ་མེད་པར་དགོད ་པར་བྱ།། དེའི་མིང་ཨ་རྩི་ཀ་རེ་སྟེ།། རྡོ་རྗེ་ཕག་གདོང་མ་ཞེས་བྱ།། ཀླདགྲ་སཱ་བན་ད་ལག་ན་ཐོགས།། ཁྲག་གིས་གང་བ་གཙོལ་སྟོག། ཤར་ཕྱོགས་ཀྱི་ལེའུ་ཚེ་སེར་པོ་ལ་ཁམས ་གསུམ་གྱི་བདག་པོ་ལ་ཕུག་དང་གྲི་འཛིན་པའོ།། ལྷོ་ཕྱོགས་ཀྱི་ལེའུ་ཚེ་སྔོན་པོ་ལ་གནོད་སྦྱིན་ཆེན་པོ་རྡོ་རྗེ་མཆུ་མ་ཧཱ་དེ་བའི་གདོང་ཅན་དབྱུག་ཏོ་དང་ཐོ་བ་འཛིན་པ་ནག་པའོ།། ནུབ་ཕྱོགས་ཀྱི་ལེའུ་ཚེ་དམར་པོ ་ལ་གནོད་སྦྱིན་གྱི་བདག་པོ་སྤྲིན་བདག་ཅེས་བྱ་བ་དམར་པོ་ཆུས་གང་བའི་སྤྲིན་ཕུང་དང་ཞགས་པ་འཛིན་པའོ།། བྱང་ཕྱོགས་ཀྱི་ལེའུ་ཚེ་ལྗང་ཁུ་ལ་གནོད་སྦྱིན་གྱི་བདག་པོ་ནོར་གནས་ཞེས་བྱ་བ་ལྗང་ཁུ་དབྱུག་ཏོ ་དང་རིན་པོ་ཆེའི་ཁ་ཊྭཱཾ་ག་ཐོགས་པའོ།། བྱང་ཤར་གྱི་ལེའུ་ཚེ་དཀར་པོ་ལ་བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀ་གླང་པོ་ཆེའི་གདོང་མདུང་རྩེ་གསུམ་པ་དང་ལ་ཕུག་ཐོགས་པ་ནག་པོའོ།། ཤར་ལྷོའི་ལེའུ་ཚེ་དམར་པོ་ལ་ཡི། ་དགས་ཀྱི་རྒྱལ་པོ་དྲུག་པོ་ཞེས་བྱ་བ་དགྲ་སྟ་དང་ཐོད་པ་རིལ་པོ་ཐོགས་པ་ནག་པོའོ།། ལྷོ་ནུབ་ཀྱི་ལེའུ་ཚེ་ནག་པོ་ལ་སྤྲིན་ཕུང་གི་སྒྲོན་མ་ཞེས་བྱ་བ་སྤྲིན་ཕུང་དང་གློག་གི་འོད་བཅས་པ་ལག་པ་གཉིས་ཀྱིས་ཐོགས་པའོ།། ་བྱ་ནུབ་ཀྱི་ལེའུ་ཚེ་ནག་པོ་ལ་བགེགས་ཀྱི་རྒྱལ་པོ་ལོག་འདྲེན་སྣ་ཡོན་ཞེས་བྱ་བ་གླང་པོ་ཆེའི་སྣ་ཅན་རྩེ་གསུམ་དང་ཐོད་བསྐམ་པོའི་ནང་དུ་ལ་ཕུག་དང་ཤས་བཀང་བ་ཐོགས་པའོ།། ལྷ་རྣམས་ལ་ཀླུའི་རྒྱལ་པོ ་བརྒྱད་པ་གཏན་ག་ནི་ཀླུའི་རྒྱལ་པོ་ཨ་བ་ལ་དང་། བ་རུ་ཎ་དང་། དུང་སྐྱོང་དང་། འཇོག་པོ་དང་། རིགས་ལྡན་དང་། མཐའ་ཡས་དང་། པདྨ་དང་། པདྨ་ཆེན་པོ་རྣམས་སོ།། ཤར་གྱི་སྒོར་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། ་ལྡེ་སྒོར་འཕགས་སྐྱེས་པོ། ནུབ་སྐོར་སྤྱན་མི་བཟང་། བྱང་སྣོར་རྣམ་ཐོས་སྲས་རྣམས་སྐུ་མདོག་དཀར་བ་དང་། སྔོ་བ་དང་། དམར་པབུ་དང་། ལྗང་ཁུར་ཤེས་པར་བྱའོ།། ལག་ན་ནོར་བུ་རིན་པོ་ཆེ་རེ་རེ། རལ་མི ་རེརེརའོ།། འདི་རྣམས་ཀྱི་ཆུང་མཱ་ནི་མ~ཾ་བྲིགྶ། འདི་ལྟར་བྲིས་བུའི་བྱང་ཤུར་དུ་གསད་པའི་དཀྱིལ་འཁོར་གྲུ་གསུམ་ལན་དེའི་ནང་དུ་དགྲ་བོའི་གཟུགས་སྤྲ་ཚལ་ལས་བྱས་པ་རིང་པ། གནག་པ། སྨྲ་ཟེད་པ། ཏིལ་མར ་གྱིས་བྱུགས་ཏེ། སྙིང་ཁར་མིང་རུས་བྲིས་ལ་གཞུག་གོ།། དེའི་སྐེར་རོ་སྭཱ་ལས་བྱས་པའི་ཐག་པ་གདགྲ་སོ།། དེ་ལྟར་བྱས་ནས་གནོད་སྦྱིན་ཆེན་པོ་བརྒྱད་ལ། ལོ་དུ་དང་ལ་ཕུག་དང་བཅས་པའི་གཏོར་མ་དང་། ་གནོད་དེ་སྤྲིན་ཆེན་པོ་བརྒྱད་ལ་ཉ་ཤ་དང་སྒོག་བཙོང་དུ་སྦྱར་བའི་དམར་གྱི་གཏོར་མ་རེ་རེ་བ་ཤམ། ཀླུ་ཆེན་པོ་བརྒྱད་ལ་གཏོར་མཆེ་བ་གཅིག་དང་། རྒྱལ་པོ་ཆེན་པོ་བཞི་ལ་རེ་རེ་བྱ། གལ་ཏེ་མ་འབྱོར་ན་ཆེ་བ ་གཅིག་བྱོ། ལྷ་བ་ཤོས་རེ་རེ་དབུལ་བར་བྱའོ།། གཞན་ཡང་དྲག་པོའི་རྫས་སྤང་ཀིའི་ཐོད་པ་དང་། ཟིར་ནག་པོ་དང་སྐེ་ཚེ་དང་ཉུངས་ཀར་དང་། ཉུངས་ནག་གཞག་པར་བྱའོ།། ཚོགས་བདག་ཆེན་པོའི ་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་གཅིག་པའོ།། དེ་ནས་གཞན་ཡང་བཤད་པར་བྱ།། སྒོམ་པའི་རིམ་པ་འདི་ལྟ་བུ།། མ་བྱུང་འབྱུང་བར་མི་འགྱུར་བས།། ཤིན་ཏུ་གསང་སྟེ་བསྒྲུབ་པར་བྱ། ་ཡི་ཡི་རང་བཞིན་སྟོང་པ་ལས།། སྣང་བའི་རང་བཞིན་ཧཱུཾ་དང་ནི།། ཡ་ཚོགས་བརྒྱད་པའི་ས་བོན་འབྱུང་།། མིང་གི་སྔགས་ལས་རབ་ཏུ་བསྐྱེད།། ཁྲོ་བོའི་སྤྲུལ་པས་སྟོང་གསུམ་བཀང་།། འོད་བསྡུས་ཐོག་མའི་ཧཱུ~ཾ་ལ ་འདུས།། ཚོགས་ཀྱི་བདག་པོ་ཆེན་པོ་དེ།། འགྲོ་བའི་དོན་དུ་བཞེངས་པ་ནི།། ཁྲོ་བོ་ཆེན་པོ་འཇིགས་པའི་གཟུགས།། ཡུམ་དང་འཁོར་ཡང་རྫོགས་པར་བསྐྱེད།། ཕུ་བརྒྱད་ཀླུ་བརྒྱུད ་སེམས་དཔའི་ཚུལ།། རྒྱལ་པོ་དེ་བཞིན་ཁྲོ་བོའི་ཚུལ།། ཡི་གེ་བྷེ་དང་མིང་ལས་བསྐྱེད།། འོད་ཟེར་ཚུལ་གྱིས་སྤྱན་དྲངས་ལ།། ཛ་དང་ཛ་ཡི་འཕྲོ་འདུ་དང་།། ཧཱུཾ་དང་ཧཱུཾ་གི་གསང་སྔགས་དང་།། ལྕགས་ཀྱུའི ་ཕྱག་རྒྱས་སྤྱན་དྲངས་ལ།། ནུས་པའི་མཐུ་དང་ལྡན་པར་བྱ།། མཆོད་དང་གཏོར་མ་བཏབ་པར་བྱ།། བ་ལིཾ་གྲིཧྞ་ཁཱ་ཡི་སྔགས།། སྙིང་པོ་དག་དང་སྤེལ་བར་བྱ།། སྒོམ་པའི་རིམ་ལེའུ་སྡེ་བཅུ་གཉིས་པའོ།། ་དེ་ནས་གེས་སྔགས་རྒྱལ་པོནི།། དབྱངས་ཡིག་གསལ་བྱེད་དག་ལས་བཏུ།། དང་པོ་བནི་པདེ་རྗེས་བྲི།། བཞི་པའི་ལྔ་པ་བྲལ་ལ་གཞག། ཡིད་བཞིན་ནོར་བུའི་ཡི་གེ་དང་།། དེ་ཡི་རྗེས་སུ ་བསམ་པར་བྱ།། དེ་བཞིན་གཤེགས་པའི་མཚན་དང་པོ།། དེ་ཡི་རྗེས་སུ་བརྗོད་པར་བྱ།། དེ་ལ་དབྱིངས་ཡིག་བརྒྱད་པས་བརྒྱད།། དགུག་པའི་ཡི་གེ་དག་དང་ནི།། འབྱུང་བ་རླུང་གི་ཡི་གེ་ལ།། དབྱངས་ཡིག་གཉིས་པ་སྦྱར་བ ་ཡིས།། རྒྱལ་བའི་རྒྱལ་པོ་ཞེས་བྱའོ།། ཡིད་བཞིན་ནོར་བུའི་ཡི་གེ་ལ།། དབྱངས་ཡིག་གཉིས་པ་སྦར་བར་བྱ།། ཉི་མ་ཡི་ནི་ཡི་གེ་དང་།། བཞི་པའི་ལྔ་པ་དེ་ནས་བྲི།། དེ་ལ་དབྱངས་ཡིག་བརྒྱད་པས་བརྒྱན།། གཉིས་པོའི ་བཞི་པའི་ཡི་གེ་ལ།། དབྱངས་ཡིག་བཞི་པས་བརྒྱན་པར་བྱ།། ལྔ་པའི་བཞི་པའི་ཡི་གེ་ལ།། གསུམ་པོའི་ལྔ་པ་སྦར་བར་བྱ།། བཞི་པའི་དང་པོའི་ཡི་གེ་ལ།། དབྱངས་ཡོག་བཞི་པས་བརྒྱན་པར་བྱ།། འབྱུང་བ་རླུང་གི ་དྲིས། དེ་སྲོག་ཏུ་སྦྱང་བདག། རི་པོ་ཚུམ་ཡི་གེ་དང་། ལས་ཀྱི་མི་སེ་མཐའ་མར་བརྗོད། རྫོགས་པདག་ཆེན་པོའི་རྩ་བའི་སྔགས། འདོད་པ་བས་ཅད་རྩུབ་བྱེད་ཡིན།། གདོད་སྦྱིན་བརྒྱད་སྡིགསང་དཀྭ་ཡི།། ་ས་ལ་སོགས་པ།། མ་མཤེས་པ་ཚོགས་དང་།། ཡིནས་བྱ་བལ་སོགས་དང་།། བི་ས་གཉིས་བྱབ་ལ་སོགས་པ་དང་།། ཧཱུཾ་ཤེས་བྱབས་སོགས་པ་དང་།། རྗེརྗེས་པ་བ་དང་། ཇིས་བྱ་སྟེ། ་སྤྱན་པོལ་ཧཱུཾ་དང་རབགྱིས་མབྱ་རྟེན་པས་སྲོག་གི་སྙིང་པོའོ།། རྫུ་མི་སྔགས་ནི་མིང་ལས་བསྐྱེད། ཡི་ང་དུ་པཅུ་དང་ལྡན་པར་བྱ། རྒྱལ་པོ་ཆེན་དེའི་གབང་སྔག་ནི། འི་ས་བྱ་བ་དང་། ཉིཞེས་བྱ་བ་དང ་དྷནས་བྱ་བའི་སྔགས་སུ་གྱུར་རོ།། གནོད་སྦྱིན་ཆེན་པོ་རྣམས་ཀྱི་ཤེསང་སྔགས་འབྱུང་བའི་ལོ་འུ་གེ་བཅུ་གསུམ་པའོ།། ། བསྒྲུབ་པ་དགུག་པའི་སྔགས་ནི།། ཡ་དང་ཀྵ་ད་དང་ལ། ་མ་དང་ཧཱ་དང་བྷེ་རདྷེ།། ཏྲི་དངར་དང་ཙ་དག་གིས།། ཤཱ་ནྟི་ཛ་ནི་ཛ་ཞེས།། ལན་གྲངས་མང་དུ་བཟླས་པར་བྱའོ།། གནོད་སྦྱིན་བརྒྱད་ཀྱི་གསང་སྔགས་ཀྱིས།། དགྲ་བོའི་བུ་རྡོ་བླང་བར་བྱ།། དེ་ནས ་རྡེརྗེ་བསྲེག་པར་བྱ།། དེ་ནས་བླ་རྡོ་མནན་པར་བྱ།། རྦད་པའི་གསང་སྔགས་རྒྱལ་པོ་ནི།། ཡ་དང་ཀྵ་དང་ཀ་དང་ལ། མ་དང་ཧཱ་དང་བྷཻ་ར་བེ།། དེ་བ་ཡཀྵ་ཡ་མ་དང་། ན་གན་ག་ཟུམ་རི་ལ་ཡང་།། ཆེ་གེ ་མོ་དགྲ་བོ་ཐུམ་རི་ལ་ཡ། ཡ་ཡ་ཞེས་ཀྱང་བསྐུལ་བར་བྱ།། དེ་ནས་གསད་པའི་གསང་སྔགས་ནི།། མ་དང་ཧཱ་དང་བྷེ་ར་བེ།། ཡཀྵ་ལ་སོགས་གོང་དང་མཐུན།། དེའི་རྗེས་འདི་སྐད་བརྗོད་པར་བྱ།། ན་ཤ་ཡ་ན ་གལན་གཉིས་སོ།། ཤ་ཡ་ཙྪ། ཙཱུ་ཏྲ་ལ་ཡ།། ནཱ་ག་ཡ་ཀ་ཏྲ་མཱ་ར་ཡ།། ཧན་ཙཀྲ་རིམ་པ་གཉིས། བི་ནཱ་ཡ་ཀ་ཛི་བྷིན་དྷ།། ཏནྟ་ཀཱར་དེ་ནས་བརྗོད།། ཆེ་གེ་མོ་དྷ་ར་ཡ་ཞེས་པ།། ཧཱུཾ་ཧཱུཾ ་ཕཊ། དྲག་པོས་གསད་པ་སྔགས་ཀྱི་ལེའུ་སྟེ་བཅུ་པའི་པའོ།། ། དེ་ནས་ཡང་ནི་དྲག་པོའི་སྔགས།། ཨོཾ་བིགྷྣ་བཱི་བ་བཱི་སརྦ་བི་དྲཱ་བི་ནཱ་ཤ་ཡ་ཧྲི་ད་མི་ཏ་ཡ། ཧཱུ~ཾ་ཙི་ཏུ་ར་ཛྲ། པྲ་མ་རུ་ཏཱ་ཡ ་ཧ་ན་ཧ་ན། གྲྀཧྞ་གྲྀཧྞ། བཙ་པ་ཙྱ། བྲཧྨ་བྲཧྨ། པྲདྡྷཱ་ཡ་པྲཧྨ་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ། འབར་བའམ་ཡང་ན་ཟངས་དག་ལ།། ལོག་འདྲེན་ཆེན་པོའི་གཟུགས་བྱས་ལ།། དེ་ལ་རབྱེ་གནས་མཆོད་པ་བྱ།། དགྲ་དེའི ་གཟུགས་བརྙན་འོག་ཏུ་གཞུག། ཚོགས་ཀྱི་བདག་པོའི་སྟན་དུ་བྱ།། དགྲ་དེ་འཆི་བར་ཐེ་ཚོམ་མེད།། ཡང་ནི་སྦྱོར་བའི་ལས་རྣམས་ནི།། དགོས་པ་ཆེན་པོ་འདི་གསུངས་སོ།། ཚོགས་ཀྱི་བདག་པོའི་སྐུ་ཙན་དན ་ནམ་རིན་པོ་ཆེ་ལ་བྱས་ཏེ། རབ་གནས་བྱས་ལ་མཆོད་པ་ཕུལ་ཏེ། སེར་བ་གཅོད་པར་འདོད་ན། སེར་བའི་བདག་པོ་རླུང་ལྔ་དང་ཆུ་ལྷའི་གཟུགས་བྱས་ཏེ། སྤྲིན་གྱི་གཟུགས་དང་། འབྲུག་གི་གཟུགས་བྱས ་ལ་ཚོགས་ཀྱི་བདག་པོ་གདན་དུ་མནན་པར་བྱའོ།། བདག་ཉིད་ཀྱིས་ཀྱང་མནན་པར་བསམས་ཏེ། ཧི་ཀ་ཙནྡ་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་ན་སར་པ་ཆོད་པར་འགྱུར་རོ།། ཡུངས་ཀར་ཡང་ཕྱོགས་སུ ་གཏོར་བར་བྱའོ།། སེར་བ་འབེབས་པར་འདད་ན།། ཆུ་དང་སྤྲིན་གྱི་མཎྜལ་མངོན་པར་བྲིས་ཏེ། ཚོགས་བདག་ཆེན་པོ་འབྲུག་ལ་ཞོན་པར་བསྒོམས་ཏེ། བདག་གི་བཀའ་ཉན་པར་བསམ། གསང་བའི་རྫས ་སུ་བ་བ་ལ།། ལུགས་ཕྱེ་གསེར་སྟེ་འདུ་བྱ་རྣམས།། གནམ་ཆུ་འབྲས་ཀྱི་ཕྱེས་སྨྲས་ཏེ།། སེར་བ་ཇི་ཙམ་འདོད་པའི་དབྱིབས་ཆེ་ཆུང་བྱས་ལ་ཁྲག་གིས་བྱུགས་ལ་བདུན་དང་བདུན་ཕྲག་མང་དུ་བྱས་ཏེ། ཀ་དཀྲི ་ཀུའི་ཐོད་པའི་ནང་དུ་ཐུགས་ཏེ། སྤྲིན་གྱིས་དགབ་པར་བྱའོ།། ཀ་ཀུའི་ཐོད་པ་ལ་སྔགས་བྲི་བར་བྱའོ།། རིམ་པ་གསུམ་མོ།། རྟེན་གྱི་རྫ་སྒོ་ཀྱང་གཞག་པར་བྱའོ།། བྲུ~ཾ་དྲུཾ་བྷྱོ་ཤ་ཡ་ཞེས་བྱ་བ་ལ་སོགས་པའི་སྔགས ་འབུམ་ཕྲག་གཅིག་བཟླས་པ་དང་། ཀ་ཀའི་ཐོད་པའི་ནང་དུ་སེར་བ་དངོས་སུ་གསུམ་མམ། བདུན་ནམ། བརྒྱད་བྱུང་བ་དང་། དགྲའི་ཡུལ་དུ་བསྐྱལ་ཏོ། སྔགས་ཟློག་ནས་བཟླས་པས་འབབ་བོ།། གལ་ཏེ་མ ་བབ་ན་ཚོགས་ཀྱི་བདུག་པོའི་སྐུ་དབུ་ཐུར་ལ་བསྟན། ཞབས་གྱེན་ལ་བསྟན་པ་དགྲ་བའི་ཡུལ་གྱི་དབུས་སུ་སྤྲོའོ།། མོད་ལ་སར་པ་འབབ་སྟེ། བྱ་ཀ་ལན་ཏ་ཀའི་སྒོ་ང་ཙམ་དང་། དབྱིབས་དམར་པོ་ཤ་བའི་རླིག་འབྲས ་ཙམ་པ་ཡུན་རིང་པོ་འབབ་བོ།། ལོ་ཏོག་འཇོམས་པའི་སྔགས་ནི་བྲི་ཞེས་བྱ་བའོ།། དེ་གཅོད་པར་འདོད་ན་ནི་སྐུ་དང་ཀ་ཀི་མ་ཕྱུང་བའི་བར་ལ་ཉི་མ་རེ་རེར་འབབ་པས་དབྱུང་བར་བྱའོ།། ཚོགས་ཀྱི་བདག་པོའི་སྐུ་ལ ་མཆོད་པ་དབུལ་བར་བྱའོ།། གསང་སྔགས་ཀྱང་དབུ་ཞབས་མ་ནོར་བར་རིན་པོ་ཆེའི་འཕྲེང་བ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ།། སྐུ་ཁྲུས་གསོལ་བ་བདག་གི་དཀྱིལ་འཁོར་གྱི་དབུས་སུ་བཞུགས་སུ་གསོལ་ལོ།། ་དེ་ལ་སོགས་པ་མཐའ་ཡས་མཆོག། ཚོགས་ཀྱི་བདག་པོས་བྱེད་པ་ཡིན།། ཕྱག་འཚལ་དེང་ལ་ལྡན་ཚོགས་བདག་ད་གྱེས།། ཕྱག་འཚལ་དཔལ་ལྡན་ཚོགས་བདག་ཆེ།། ཕྱག་འཚལ་དཔལ་ལྡན ་འི་ཁྲོ་ཆེ།། དངོས་གྲུབ་འབྱུང་བའི་རྒྱུད་ལས།། ཚོགས་ཀྱི་བདག་པོ་ལ་བསྟོད་པའི་ལེའུ་སྟེ་བཅོ་ལྔ་པའོ།། ཚོགས་ཀྱི་བདག་པོའི་རྒྱུད་དངོས་གྲུབ་འབྱུང་། ་བ་ཞེས་བྱ་བ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་དྲི་པཾ་ཀ་ར་ཤྲཱི་ཛྙཱ་ནས། འཇིག་རྟེན་དངོས་གྲུབ་ཆེད་དུ་ནི།། རྒྱ་གར་ཡུལ་ནས་བསྣམས་ནས་བྱེན།། རྒྱལ་པོའི་འབྱུང་གནས་ལ ་གཏད་ནུས། རྒྱུད་འདི་བསམ་པས་གྲུབ་པ་ཡིན། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀ་ལ་ཏནྟྲ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་རྒྱུད། དབང ་