CLOSE WINDOW

Ty069-005: 'phags pa rdo rje khro bo'i rgyal po'i rtog pa bsdus pa'i rgyud ces bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱ་བཛྲ་ཀྲོ་དྷ་རཱ་ཛཱ་ཀལྤ་ལ་གྷཱ་ཏནྡ་ནཱ་མཾ། བོད་སྐད་དུ། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ཅེས་བྱ་བ། དཔལ་འཇམ་པའི་དབྱངས་ལ་ཕྱག་འཚལ ་ལོ།། འདི་ག་བདག་གིས་ཐོས་པ་དུས་གཅིག། བཅོམ་ལྡན་འདས་གཞན་འཕྲུལ་དབང་བྱེད་ཀྱི་རྣམ་མཁའི་རླུང་གི་དཀྱིལ་འཁོར་རྡོ་རྗེ་སྙིང་པོར་བྱིན་གྱིས་བརླབས་པའི་སྟེང་དུ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ། གྷའི ་གནལ་མེད་ཁང་བྱེ་བ་ཕྲག་བརྒྱད་རྒྱལ་བསྐོར་བའི་དབུས་སུ་དཔག་ཚད་འབུམ་ཕྲག་ཁྱབ་པའི་ཁང་པ་བརྩེགས་མ་ཤིན་ཏུ་མཐོབ། ཀུན་ཀྱང་རིན་པོ་ཆེ་དུ་མའི་ཤྲཱི་པདྨ་དང་སེང་གེས་མཐོབ་དབུ་རྩེ་རིན་པོ་ཆེ་ཟུར་མངས ་ཀྱི་མཆོད་རྟེན་པདྨ། འཁོར་ལོ་དང་གདུགས་མཐོ་བར་དྲངས་པ་ལ་དར་གྱི་སྦྱངས་སྙིང་བ། དེའི་གྲིབ་མས་གཞི་ལ་བཀོད་པ་ན་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལྷའི་བཞོན་པ་ལས་བབས་ནས་ནང་དུ ་གཤེགས་པ། སྣ་ཚོགས་དྲིལ་བུ་དང་། ཁ་དན་དང་། རིན་པོ་ཆེའི་མེ་ཏོག་པ་འཕྲེང་བ་དང་། དྲ་བ་དང་དྲ་བ་ཕྱེད་པ་དང་། རྔ་ཡབ་དང་། ཟླ་བ་ཕྱེད་པ་དང་། རྡོ་རྗེ་བྱེད་པ་དང་། ཆུ་འབྱུང ་ཤར་བུ་ལ་སོགས་པ་དུ་མས་མཛེས་པ། སྒོ་ཁྲུང་ཁྱམས་དང་། སྒོ་གླེགས་དང་། རིན་པོ་ཆེའི་མེ་ལོང་དང་། གདུགས་ལ་སོགས་པ་དུ་མས་ཁྱབ་པ།། རིན་པོ་ཆེའི་ཕ་གུ་བརྩིགས་ཏེ་མཛེས་པར་བྱས་པ་དུམ་དེ་ཐམས ་ཅད་ཀྱི་དབུས་སུ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དང་ལྷན་ཅིག་ཏུ་བཞུགས་སོ།། དེའང་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཚོགས་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་། འཇམ་དཔལ་དང་། ཀུན་ཏུ་བཟང་པོ་དང་། ་བྱམས་པ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ཞི་བའི་བློ་གྲོས་དང་། སྣ་ཚོགས་བཀྲམ་པ་དང་། མཁའ་འོད་མེ་ཏོག་འཆད་པ་དང་། ནམ་མཁའི་སྙིང་པོ་དང་། གཟུགས་མཛེས་དག་པ་དང་། སའི་སྙིང་པོ ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཕྲག་བདུན་དང་། ཤཱ་རིའི་བུ་དང་། མོའུ་འགལ་དང་། རྟ་ཐུལ་དང་། འོད་སྲུངས་ལ་སོགས་པ་བྱེ་བ་ཕྲག་བཞི་དང་། གྲགས་ཆེན་སྙན་པ ་ཆེན་པོ་བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་དང་། ལུས་ངན་དང་། གཤིན་རྗེ་དང་། དགའ་ར་བ་དབང་ཕྱུག་ལ་སོགས་པ་ལྷའི་རིགས་སུམ་བརྒྱ་དང་ལྷན་ཅིག་ཏུ་ཆོས་ཀྱི། ་རྣམ་གྲངས་གསང་སྔགས་ཞེས་བྱ་བ་ལ་འཇུག་པ་གང་ཞིག་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། འཇིག་རྟེན་སྐྱོང་བ་ལ་སོགས་པ་རྣམ་པ་དུམ་དང་ལྡན་པའི་འཁོར་རྣམས་ལ་དགོངས་པ་ཐ་དད་ཀྱི་བསས་པ་དང ་འཐུན་པའི་བཀོད་པ་ཆེན་པོ་བསྐྱེད་པ་དང་། ཆོ་འཕྲུལ་དུ་མ་བསྒྱུར་བ་དང་འོད་ཟེར་དུ་མ་འགྱེད་ཅིང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་བཞིན་དུ་འཁོར་ལ་གཟིགས་ནས་ལྗགས་ཀྱི་དབང་། ་པོ་བཀྲམ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ཡི་གེ་མིང་ཚིག་དག་གི་སྒོས།། སྔགས་དབྱིབས་ཆོས་སུ་བྱིན་བརླབས་ཀྱིས།། ཡི་གེ་སྒྲ་ཙམ་ཕྱེད་དམ་གཅིག ་མངོན་སུམ་རྗེས་འཇུག་རིང་ཐུང་དང་།། དབྱངས་དང་གསལ་བྱེད་མཚོན་མས་མཚན།། ས་བཅུ་ཕ་རོལ་ཕྱིན་བཅུ་དང་།། དབང་བཅུ་དོན་བཅུ་རྣམ་པ་བཅུ།། མི་འཇིགས་བཞི་དང་མ་འདྲེས་ཆོས།། བྱམས་དང་ཐུགས ་རྗེ་ཆེན་པོ་དག། དབྱངས་གཅིག་གིས་ནི་སྔགས་སུ་གྱིས།། སྡུག་བསྔལ་སྣ་ཚོགས་རབ་ཞི་དང་།། ཡིད་འཕྲོག་དཔལ་འབྱོར་དབང་ཕྱུག་དང་།། མཐུ་སྟོབས་དུ་མ་བསྐྱེད་པ་དང་།། རྟག་གནས་ཐོབ་དང་དོན་ངེས་ཐོབ།། ་རྡོ་རྗེ་བླ་ན་མེད་སེམས་བསྐྱེད།། མདོར་ན་གང་གིས་གང་འདོད་པ།། བསམ་པས་སེམས་རྣམས་རྫོགས་པའི་ཕྱིར།། རྡོ་རྗེ་བླ་ན་མེད་པ་གསོར།། ཆོས་སུ་བླ་ན་མེད་པ་སྒྲོགས།། འཁོར་ལོ་བླ་ན་མེད་པ ་སྐོར།། རལ་གྲི་བླན་མེད་པ་ཟུང་། པདྨ་བླ་ན་མེད་པ་ཆོངས།། རིན་ཆེན་བླ་མེད་གསལ་བར་གྱིས།། དཀྱིལ་འཁོར་ཚུལ་དུ་སྤྲོས་ནས་ཀྱང་།། མཆོད་རྟེན་ཚུལ་དུ་བསྡུ་བར་གྱིས།། ལྷ་ཀླུ་གནོད་སྦྱིན་དྲི ་ཟ་དང་། ལྷ་མིན་མཁའ་ལྡིང་མི་འམ་ནི།། སྲིན་པོ་ཤེས་བརྗེད་བྱེད་ཚོགས།། འཇིགས་པ་དག་ཀྱང་འཇིགས་འགྱུར་བའི།། ནམ་འཕྲུལ་དུ་མ་འདི་སྦྱར་ཅིག། གསུང་མཆོག་དེ་སྐད་ཐོས་མ་ཐག། ལགོན་རྡོ་རྗེ ་མཐུ་བོ་ཆེ།། དགའ་མགུ་ཐལ་མོ་རབ་སྦྱར་ཏེ།། སྙན་པའི་ཚིག་གིས་འདི་གསོལ་ཏོ།། གསེར་དང་རིན་ཆེན་ལྔ་པོ་ལས།། རབ་མཆོག་རི་བོར་གྱུར་པ་ལས།། འགྲོ་རྣམས་ཀུན་གྱི་རྟེན་གནས་དང་།། རྟགས་སུ ་ཡང་དག་འཛིན་པ་ལྟར།། རྣམ་པ་ཤེས་དང་ཕུང་པོ་བཞི།། འབྱུང་བ་རྣམ་པར་དག་བསྒྲུབས་པས།། ལྷ་དང་ཕྱག་རྒྱ་འཕྲིན་ལས་སུ།། སྔགས་ཤེས་རྣམས་ཀྱིས་བཟུང་བྱས་ནས།། བཏུལ་བའི་ཡེ་ཤེས་བྱང་ཆུབ ་རིམ།། ཁྱད་པར་དེ་ལ་ལྡན་པར་འགྱུར།། དེ་ནས་བཅོམ་ལྡན་ཐུབ་པ་ཆེ།། ཀུན་མཁྱེན་ཡེ་ཤེས་གཙོ་བོ་ཆེས།། སྐུ་ལས་སྣ་ཚོགས་མདངས་འོད་ཅན།། འོད་ཟེར་དུ་མ་བྱུང་ནས་ཀྱང་།། གཞི་དང་སྙིང་པོ་མེ ་ཏོག་གིས། བརྒྱན་པའི་ཞིང་རྣམས་ཁྱབ་བྱས་ཚེ།། ས་ཡང་རྣམ་པ་དྲུག་ཏུ་གཡོས།། འཇིག་རྟེན་སྐྱོང་དང་བདུད་ཀྱི་ཚོགས།། མ་ལུས་པ་རྣམས་བརྩལ་བར་གྱུར།། ཉན་ཐོས་རང་རྒྱལ་འདར་བར་གྱུར། ་བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།། ཚོགས་རྣམས་ཤིན་ཏུ་སྐྲག་པར་གྱུར།། དེ་ཚེ་ཕྱོགས་བཅུའི་ཞིང་རྣམས་ནས།། སངས་རྒྱས་ཀུན་གྱི་མཛོད་སྤུ་ནས།། ཁྲོ་བོ་ཆེན་པོའི་ཚོགས་བྱུང་བ།། འོད་ཟེར་རྩེ ་མོས་དྲངས་ནས་སུ།། ཞིང་དབུས་དཀྱིལ་འཁོར་འདི་རུ་ལྷགས།། འོད་ཟེར་ཚོགས་ཀྱང་རབ་འདུས་ནས།། དཔལ་བེའུ་ཉིད་དུ་ཐིམ་པར་གྱུར།། དེ་ཚེ་འོད་དེའི་བྱིན་རླབས་ལས།། མཁའ་ལས ་འདི་གྲགས་པར་གྱུར།། ཤཱཀྱའི་མགོན་པ་རྫོགས་སངས་རྒྱས།། གང་དུ་གཟི་བརྗིད་ཆེ་བཞུགས་སླད།། ཆོས་ཀྱི་དབྱིངས་ལས་བྱུང་བ་ཡི།། རྒྱལ་བའི་སྲས་པོ་ཐམས་ཅད་གཤེགས།། དྲི་མ་མེད་པའི་དམ་ཆོས་མཆོག། གསང ་སྔགས་སྤྱོད་པའི་ཚུལ་དགེ་བ།། ཐོས་ནས་བྱང་ཆུབ་འདུས་མ་བྱས།། འཇིག་རྟེན་མགོན་པོ་བརྙེས་པར་གྱུར།། དེ་ནས་ལག་ན་རྡོ་རྗེ་ཚོགས།། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱང་།། སྙིམ་པ་མེ་ཏོག་བཀང་བྱས་ཏེ།། གཏོར་ནས་ཕྱག ་འཚལ་བསྐོར་བ་བྱས།། དང་ཞིང་གུས་པའི་ཚུལ་གྱིས་སུ།། པུས་བཙུགས་ཐལ་སྦྱར་གསོལ་བ་འདེབས།། མི་གནས་ཡེ་ཤེས་ཆེ་བའི་མཆོག། ཡོན་ཏན་རྒྱ་མཚོ་འབྱུང་བའི་གཙོ།། མཚན་ཉིད་ཐམས་ཅད་རབ་བརྒྱན་པ། ་མཚན་མིན་སྤངས་པའི་ཐུབ་པ་ཆེ། དྲི་མེད་དགེ་བཇི་ལྟར་ལགས།། གསང་སྔགས་ཚུལ་དུ་སྤྱོད་པ་ཅིག་འདུས་མ་བྱས་པའི་བྱང་ཆུབ་གང་།། འཇིག་རྟེན་མགོན་པོ་ཇི་ལྟར་འགྱུར། བདག་ཅག་རྣམས་ལ་སྔན ་རབ་དང་།། འགྲོ་ལ་ཐུགས་རྗེ་ཆེ་མཛད་ཕྱིར།། མགོན་པོ་བཅོམ་ལྡ་གྲུབ་པ་ཆེ།། ཡང་དང་ཡང་དུ་བཤད་དུ་གསོལ།། དེ་ནས་ཡང་དག་རྫོགས་སངས་རྒྱས།། རྐང་གཉིས་གཙོ་བོས་བཀའ་སྩལ་པ། ་གསང་བའི་དབང་ཕྱུག་རྡོ་རྗེ་འཛིན།། ཤེས་རབ་ཆེན་པོའི་སྤྱན་ལྡན་པས།། བདག་གཞན་ཕན་དོན་ལ་བརྩོན་ཕྱིར།། ལེགས་པར་ཉོན་ལ་ཡིད་ལཟུང་། ཡང་དག་ཡང་དག་མཐའ་མིན་ཚུལ།། དེ་ནི་ང་ཡིས ་བཤད་པ་ས། ཐོན་གཅོད་མསྦྱིན་ན་བསྨྲ་འདྲི་ཚིབཅུ་བ་དདེ་དང་ངག་པས་ས།། ངན་བ་སེམས་གནོད་སེམས་ལོགས་ཅད། དྲ་ངོན་པའི་བས་གོས་དང་། ཐོག་ན་གཟུག་སོ། ་འབྱོར་བས།། སློབ་དཔོན་གེ་དུན་མཆོད་རྟེན་སོགས།། ཁྱད་པར་ཡུལ་ཅན་ཡོ་བྱད་དང་། དམན་ཞིང་ནམ་ཐག་དྲོག་དགུཔ།། གླེགས་པས་འཚོང་དང་ཆོས་ཀྱི་ཟོང་།། གཡང་སརལ་གྲིས་དུག ་སོགས། མེའོ་བས་ལྟར་མཐོང་སྤངས་ནས་ཀྱང་།། རྣམ་པར་དཀར་ལ་སོགས་པར་བྱ།། ཡི་གེ་འདྲི་མཆོད་སྦྱིན་རྩོལ་དང་།། ཉན་དང་འཛིན་དང་ཀློག་པ་དང་།། མཆོད་པ་དང་ནི་ཁ་ཏོན་དང་།། དེ་དག་སེམས་ད། ་སྒོམ་པ་སྟེ།། དཀར་བཅུ་ལམ་ལ་ཡུན་རིངས་དང་། ནུབ་བཅུས་རྒྱུན་མི་འཆད་དུ་འབད།། གཏན་པ་མེད་པའི་བྱང་ཆུབ་སེམས།། ཤེལ་ལྟར་དྲི་མ་མེད་པའོ།། མཆོག་འདི་སྤྱད་པས་སྡུག་བསྔལ་ཚོགས།། མྱུང་དུ ་གཅོད་པས་དགེ་བའོ།། ཆོས་བདག་མེད་དང་མཉམ་ཉིད་དང་།། རང་སེམས་གདོད་ནས་དག་པ་གང་།། སྒྱུ་འདྲ་འདུ་བྱེད་མེད་པ་དང་།། ཟག་བཅས་དེ་དང་བྲལ་བ་ལས།། བྱང་ཆུབ་ཕྱོགས་མོས་མ་ལུས་པ། ་ཆོས་ཉིད་བདག་མེད་སྤྱོད་པ་ནི།། ཆོས་དབྱིངས་ཡེ་ཤེས་མངོན་བྱས་ནས།། མ་འདྲེས་ཆོས་རྣམས་རྫོགས་གསལ་བ།། འདུས་མ་བྱས་ཀྱི་བྱང་ཆུབ་སྟེ།། ཆོས་རྣམས་ཀུན་གྱི་གཞི་ལུས་སོ།། འདོད་པའི་ཁམས ་སོགས་ཡོན་ཏན་ལ།། ཤིན་ཏུ་བདེ་རོལ་སྤྱད་པ་སྤྲོད།། སངས་རྒྱས་མུ་སྟེགས་ཅན་རྣམས་ཀྱི།། ལྐོག་ཏུ་གྱུར་པ་གསང་བ་སྟེ།། བསྐལ་པ་བསམ་ཡས་དཔག་མེད་དུ།། བརླབས་དཀར་ཡངས་ཟབ་རྒྱ་ཆེན་རྣམས།། ་སྔགས་དང་ཕྱག་རྒྱ་ཏིང་འཛིན་དུ།། ལུས་ངག་ཡིད་ལ་གང་གནས་པ།། དབྱེར་མེད་ཚུལ་དུ་སྐྱོབ་པས་ན།། སངས་རྒྱས་ཀུན་གྱིས་སྔགས་སུ་བརྗོད།། མཚན་དང་དཔེ་བྱད་ལྡན་པའི་སྐུ། ་ཡོན་ཏན་མཐའ་དག་རྫོགས་པ་ནི།། བདེན་པ་གཉིས་ལ་གནས་པ་ཡི།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མགོན།། ལ་ལར་འཁོར་ལོས་སྒྱུར་བའི་གཟུགས།། ལ་ལར་དགེ་སྦྱོང་ཆེན་པོའི་གཟུགས།། ལ་ལར། ་སྲིན་པོ་སྲིན་མོའི་གཟུགས།། ལ་ལར་འགྲོ་བ་བཟང་པོའི་གཟུགས།། ཆོས་ཀྱི་འཁོར་ལོ་སྐོར་བ་དང་།། སེང་གེ་ལྟར་གཟིགས་མཛད་ལ་སོགས།། སྣ་ཚོགས་དུ་མ་མཛད་པ་ནི།། རྐང་གཉིས་ལྷ་མིན་རྣམ་གཉིས ་སོགས།། འགྲོ་བའི་མགོན་པོར་གྱུར་པའོ།། རྟག་དང་འདྲ་དང་ངེས་མེད་པའི།། གཙོ་བོ་བསམ་པས་གྱུར་པ་རྣམས།། འཇིག་རྟེན་ཕལ་པའི་མགོན་པོ་སྟེ།། གཟུགས་བྱེད་ཁ་དོག་ཐ་དད་པ།། ཡུལ་དུས་རྣམ་པའི་བྱེ་བྲག ་གིས།། གྲངས་མ་བྱུང་བ་མཆོད་འོས་སོ།། ཐུབ་པས་གསུང་བའི་དེ་མ་ཐག། རྡོ་རྗེ་ཅན་གྱིས་བཞེངས་ནས་ཀྱང་། ཕྱག་འཚལ་བསྐོར་བ་བྱས་ནས་ནི།། སྤྱན་སྔར་འདུག་ནས་འདི་སྐད་གསོལ། འདྲེན་པ་གཙོའོ། ་བཅོམ་ལྡན་འདས།། སྔགས་ཞེས་པ་ནི་གང་གང་ཡིན།། ཕྱག་རྒྱ་ཞེས་ནི་ཇི་ལྟ་བུ། ཏིང་འཛིན་ཞེས་ནི་ཇི་ལྟར་བཤད་ལུས་ངག་ཡིད་ལ་ཇི་ལྟར་གནས།། དབྱེར་མེད་ཚུལ་དུ་ཇི ་ལྟར་སྐྱོབ།། བདག་ལ་ཕན་པའི་དོན་ཕྱིར་དང་།། གཞན་ལ་བརྩེ་ཕྱིར་བཤད་དུ་གསོལ།། དེ་ནས་རྒྱལ་བ་གཙོ་མཆོག་ནི།། ལྗགས་ཀྱི་དབང་པོ་བཀྲས་བྱས་ཏེ།། ཚངས་པ་ཆེན་པོའི་གསུང་སྙན་གྱིས།། རྣམ་རྟོག་ཟད་ཕྱིར ་འདི་གསུངས་སོ།། སྙིང་པོ་ཉི་སྙིང་རྩ་བའི་སྔགས།། ལས་ཀྱི་སྔགས་སུ་གྱུར་པ་སྟེ། སྙིང་པོ་བརྗོད་དང་ས་བོན་ནོ།། ཉེ་སྙིང་ཡེ་ཤེས་མཆོག་དང་ནི།། གསང་བའི་སྙིང་པོ་ཞེས་གྲགས་སོ།། ལས་ཀྱི་སྔགས ་ནི་གཉིས་ཡིན་ཏེ།། བདག་ཉིད་བརྟན་བྱེད་ལས་སྔགས་དང་།། སྦྱོར་ཚོགས་གྲུབ་པར་བྱེད་པའོ།། ཕྱག་རྒྱ་ལག་པའི་འདུ་བྱེད་དང་།། རྐང་པ་སྟབས་ཀྱི་འགྱུར་བའོ།། རྟགས་སུ་མཚོན་དང་འདེབས་པ་དང་། ་འགྱུར་བ་མེད་པར་བྱེད་པས་ན།། ཕྱག་རྒྱ་ཞེས་སུ་བཤད་པའོ།། རང་གི་རྩེ་གཅིག་སེམས་བསྡུས་ནོ།། སེམས་ལ་ལྷག་པའི་ཆོས་འབེབས་པ།། དེ་ནི་ཏིང་ངེ་འཛིན་ཞེས་བྱ།། དེ་ལྟར་དེ་དག་ལ་རྟེན་ནས། ་སྔ་མའི་གནས་དེ་ཡོངས་གྱུར་ནས།། སྒོ་ང་བྲལ་བའི་འདབ་བཟང་ལྟར།། ལུས་འདི་མཁའ་ལ་ཆེརེ་སོང་ནས།། རྒྱལ་བའི་ཞིང་ཁམས་ཐམས་ཅད་དུ།། རྒྱལ་བ་དམ་ཆོས་མཉན་ནས་ཀྱང་།། རྒྱལ་སྲས་ཀུན་ལ ་བཤད་པ་དང་།། སྐད་ཅིག་མཁྱེན་པའི་ཤེས་པས་ཀྱང་།། ཤེས་བྱ་མ་ལུས་ཕྱོགས་ཁྱབ་པ།། ལུས་ངག་ཡིད་ལ་གནས་པའོ།། སེམས་དང་ཡིད་ནི་འདྲེས་པའི་ཚེ།། ཡེ་ཤེས་བདེ་བར་ཤར་བ་ནི།། དུས་གསུམ་སང ་རྒྱས་ཐམས་ཅད་ཀྱིས།། དབྱེར་མེད་ཚུལ་དུ་སྐྱོབ་ཅེས་གསུངས།། འཕགས་པ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ལས།། ལྷག་པར་གནས་པའི་དོན་ཡོངས་སུ་བཀོད་པའི་ལེའུ་སྟེ་དང་པོའོ།། ་ཞི་བས་བཏུལ་དཀའ་བགེགས་ཆེན་དང་།། ལོག་འདྲེན་དེ་རྣམས་འདུལ་བའི་ཕྱིར།། སེམས་ཀྱི་བྱེ་བྲག་ཐུགས་ཆུད་ནས།། དེ་དང་གཟུགས་འདྲལ་གཞོམ་པའི་ཕྱིར།། རྟོག་མེད་ནམ་མཁའི་ལམ་གནས་ཏེ། ་རྫོགས་སངས་གདུལ་དཀའ་འདུལ་མཛད་སྨྲ།། རབ་འཕགས་ཁྲོ་བོ་སྟོབས་ཆེན་དཔལ།། སངས་རྒྱས་ཀུན་གྱི་སྲས་ཀྱི་སྲས།། མི་གཡོའི་མཚན་གྲགས་དེ་ལ་འདིར།། རྒྱལ་དང ་རྒྱལ་སྲས་རྟག་ཕྱག་འཚལ།། ཚངས་སོགས་ལྷ་དང་ལུས་ཅན་ཀུན།། དེ་ལ་རྟག་ཏུ་མཆོད་པར་བྱེད།། རྒྱལ་བས་བྱས་གཟོ་རྒྱལ་སྲས་ཀྱི།། སྨོན་རྫོགས་བསམ་གྱིས་མི་ཁྱབ་པའི།། ཡེ་ཤེས་རྫོགས་ནས་མི ་གཡོའི་ས།། ཐོབ་པས་མི་གཡོ་བ་ཞེས་བྱ།། ཕས་ཀྱི་རྒོལ་འཇོམས་དཔའ་བོ་སྟེ།། ཚར་གཅོད་པ་ནི་ཁྲོ་བོ་ཡིན།། སྔགས་ཀྱི་བདེན་ཚིག་མི་སླུ་བས།། ཉན་ཐོས་བདུད་ཚོགས་ཀྱིས་མི་གཡོ།། རྟོག་མེད་བདུད་རྩི ་ཁྲོ་བས་རྒྱལ།། རྫུ་འཕྲུལ་སྐྱོད་མེད་མི་གཡོ་བ།། དེ་བཞིན་ཉིད་ཀྱི་སྙིང་པོ་མཆོག། སྟོང་ཉིད་ལས་བྱུང་རྒྱལ་བའི་སྐུ།། ཆོས་དབྱིངས་བདག་ཉིད་ལ་བཞུགས་ནས།། སྤྲུལ་འདིས་སྲིད་པའི་ཁམས་སྐྱོང་མཛད། ་མཁའ་ལྟར་དྲི་མེད་སྤྲོས་བྲལ་བས།། དུས་གསུམ་སངས་རྒྱས་ཐམས་ཅད་འབྱུང་།། སྤྲོས་མེད་ནམ་མཁའི་རང་བཞིན་ལ།། ཐ་སྙད་ཙམ་དུ་གསང་སྔགས་ཞེས།། བརྗོད་ཀྱང་ངག་གི་སྤྱོད་ཡུལ་འདས།། སྐྱོབ་པས ་ཐ་སྙད་རྟོགས་ཕྱིར་གསུངས།། སེམས་མེད་རང་བཞིན་སྟོང་པ་ཉིད།། སྒྱུ་འདྲར་ཡིད་ཀྱིས་སྒོམ་པ་ཡིན།། དངོས་མེད་མཉམ་མཛེས་འདོད་དོན་རྣམས།། གསང་སྔགས་མགོན་འདིས་བརྗོད་པས་སྩོལ།། མུ་སྟེགས་བདག་དང ་སོགས་གང་ཟག། གཙོ་བོ་སྐྱེས་བུ་ཁྱབ་གནས་པས།། འཁོར་བ་རྟག་རྟོག་ང་རྒྱལ་རྨོངས།། ལོག་པའི་ཞགས་བཅིངས་སྡུག་བསྔལ་སྐྱེད།། བདག་མེད་སྲོག་མེད་སེམས་ཅན་མེད།། བྱེད་པོ་མེད་ཅིང་གཙོ་བོ་མེད།། ཁྱབ་གནས ་མེད་ཅིང་དངོས་པོ་མེད།། རྫས་ལ་སོགས་པའི་རང་བཞིན་མེད།། ལོག་རྟོག་སྲིད་འཆིང་ཞགས་གཅད་ཕྱིར།། དངོས་མེད་སྣ་ཚོགས་གཟུགས་བསྒོམས་པས།། དངོས་གྲོལ་སྟོང་ཉིད་གོ་འཕང་འཐོག་། ཕྱི་ནང་ཁྱང་བར། ་གོམས་པའོ།། ཁྲུ་བཅུ་བུར་སྒྱུ་འདྲར་སྒོམ།། སྟོང་ཉིད་ལས་ལྡང་ཏིང་འཛིན་གྱིས།། རྣམ་རྟོག་སྡིག་བཅིངས་ལས་གྲོལ་ནས། འཆི་མེད་ཡེ་ཤེས་གློ་འཕང་ཐོབ།། ཕུང་པོ་ཁམས་དང་སྐྱེ་མཆེད་མེད།། ཀུན ་གཞི་མེད་དེ་གང་ཟག་མེད།། གཟུངས་འཛིན་མེད་དེ་བཅིངས་མེད་པ།། རྒྱལ་བ་རྣམས་ཀྱིས་རྟག་ཏུ་བཤད།། ཀུན་མེད་ཀུན་བྲལ་ཀུན་སྤངས་པའི།། སྟོང་ཉིད་བྱང་སེམས་སྒྱུ་འདྲ་བར།། བག་ཡོད་པས ་ནི་རྟག་བསྒོམས་ན།། བྱང་ཆུབ་སེམས་ཀྱི་མྱུ་གུ་འཆར།། ཡིད་བཞིན་ནོར་འདྲ་རྫུ་འཕྲུལ་ཆེ།། མཁའ་ལྷུར་གོས་པ་མེད་པའི་སྐུ།། སྔགས་སྤྱོད་བྱང་ཆུབ་སེམས་དཔའ་ཡི།། བྱང་ཆུབ་སེམས་ཀྱི་སྒོམ་པ ་འཐོག། ངོ་མཚར་གསུངས་ཏེ་ཐོས་མཐག། ཁྲོ་བོ་རྣམས་ཀྱིས་གཙོལ་བསྐྱེད།། རྟག་ཏུ་དག་ཅིང་དྲི་མེད་པ།། རྣམ་རྟོག་རྒྱུན་འགགས་ཀུན་རྟོག་མེད།། བརྟག་རྟོག་མེད་ལ་ཞུགས་པ་ཡི།། དཔའ་བོ་ཆེན། ་པོ་ཕྱག་འཚལ་བསྟོད།། ཆོས་ཀུན་གཡོ་བ་མེད་པ་ཁྱོད།། སྤྱོད་ཡུལ་ཀུན་ཏུ་ལེགས་སྦྱར་བས།། ཀུན་མཁྱེན་གཡོ་བ་མེད་པ་རྟོག། རང་བཞིན་སྤྲོས་བྲལ་ཁྱོད་ཕྱག་འཚལ།། སེམས་ཅན་སྣ་ཚོགས ་ཕན་དོན་དུ།། མཛད་སྤྱོད་སྣ་ཚོགས་གསུངས་པའོ།། དག་པའི་ལམ་རྣམས་ཡང་དག་འབྱུང་།། རྣམ་དག་སེམས་ལ་ཕྱག་འཚལ་བསྟོད།། མུན་པ་ཕྲ་རབ་དུལ་སྤངས་པའི།། སྤྲིན་བྲལ་ནས་མཁའ ་ས་ད་དྲུག་ཞོ་ཏོག་སས་འགྱུ་རྗོད། སྨོས་པ་ས་སུ།། དུ ་ཀྱི་ཆེད་ཤི་ག། སེ་ཤེས་ཕྱག་ལ་སྟོན། མ་ས་པ་ཤཱ་གཚོགས་པ་།། 9་རྩོད་དག་པའི་སེམས་ཅན་གཀྲིགས།། རྒ་ཡོདན་ས་དཔ་ལན་འཇུས།། ཆེན་པོ་བྱ ་བསྟོད།། ཆོས་ཉིད་ལས་བྱུང་སྙིང་པོ་ནི།། མི་གེ་གཙུག་པ་གཟི་བརྗིད་ཅེ།། སེམས་ཅན་སྡུག་བསྔལ་ས་གཉིས།། མུན་འཕྲིགས་སེལ་ལ་ཕྱག་འཚལ་བསྟོད།། སྔགས་མཆོག་གཙོ་བའི་གསུང་བ་འདིས། ་རྒྱལ་སྲས་ཆོས་འཕེལ་ཤེས་རབ་བསྐྱེད།། བྲེ་མེད་གོ་འབང་མྱུར་འགྲོ་གསུངས།། གཙོ་བི་ཁྱོད་ལ་ཕྱག་འཚལ་བསྟོད།། དངོས་ཀུན་ནུར་དང་བཅས་པ་ཡི།། ལས་དང་སྐྱེ་ལས་རྣམ་པར་གྲོལ།། རྒྱལ ་བརྒྱུ་མེད་བདག་ཉིད་འཁྲུངས།། གཙོ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད།། དངོས་མེད་ཡེ་ཤེས་མེ་ལྕེ་ཡིས།། འདུས་བྱས་རི་བོ་ཀུན་བསྲེགས་ནས།། ཆོས་དབྱིངས་རང་བཞིན་གཅིག་ཏུ་རྒྱལ། ་བླ་མེད་སྐུལ་ཕྱག་འཚལ་བསྟོད།། བསྟོད་པའི་དོན་དཐུགས་ཆུད་ནས།། འགྲོ་ལ་ཕན་ཕྱིར་ཆོ་ག་གསུངས།། གསང་སྔགས་ལོག་པར་སྤྱོད་པ་དང་། སེར་སྣ་ལོག་པར་གོམས་པ་ལས།། འདོད ་པས་ནོན་པའི་སེམས་རྟོག་གིས།། སྔགས་པ་ཡི་དགས་གནས་སུ་སྐྱེ།། དང་པོས་མར་མེ་མེ་ཏོག་དང་།། ཞལ་ཟས་གཏོར་མ་འཕྲེང་བ་སོགས།། མཆོད་པའི་རྫས་དང་ཡོ་བྱད་དང་།། མི་ཡི་ལུས་དང་ཁ་ཟས་ལ།། འཚེ་ཞིང ་བྱུང་བའི་འདུགཐོ་། མི་མུག་དང་སྐྱེད་བ་ཏོ་མ། གཉིས་པ་ད་སྦྱི་འདུགྱུགས། ཤཱཐཱག་ཆང་ས་རློམ་འི་ག་། ཐོས་པསས་སྒྲུབ་པའི་བར་གནོད་ཅིང་། རླུད་སྐྱེ་ས་དེན་ལོགས་སྲེད། གས ་འཆང་གི་གདེན་གཞོས་བྱིར།། སྒྲུབ་པོས་འབད་དེ་སྔགས་བརྗོད་བྱ།། སྔགས་པཐུ་སྦེད་པ་གཏོར་མ་དང་།། སྦྱིན་སྲེག་ཕྱག་རྒྱ་སྔགས་པཅས་དང་།། མནན་པའི་ལས་ཀྱིས་ནགས་ས་ཀར།། ཐོགས་པ་མེད་པར ་འཇོམས་པར་འགྱུར།། དེ་དག་རྟེན་བྱེད་སྒྲ་ཡིན་ཏེ།། དེ་གསལ་བྱེད་པརས་རིས་ཡིན།། དེ་ཀུན་ནས་དག་གས་ལ་བྱེད་པ།། བྱང་ཆུབ་སེམས་མཆོག་ཞི་བ་ནི།། ལོག་རྟོག་འཁོར་བའི་པོ་ཆུན་ལ།། རལ་གྲི་རྣོན་པོའི ་སཱ་རེ་ལྟར།། འཕགས་པ་ཁྲོ་བའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ལས།། དེ་བཞིན་ཉིད་ཀྱི་ལེའུ་སྟེ་གཉིས་པའོ།། ། དེ་ནས་སྔགས་དང་ཕྱག་རྒྱ་དག། འབྱུང་བར་རབ་ཏུ་བཤད་པར ་བྱ། ན་སཿསརྦས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱག་ཏེ་བྷྱཿསརྦ་ཐཱཧཱཾ། སྙིང་པོ་དམ་པའོ།། ན་མཿསརྦ་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱག་ཏེ་བྷྱཿསརྦྦ་ཐཱ། ཙཎྜ་མཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ། ཊཱ་ཏ་ཧ་ས~ཾ། སྙིང་པོའོ།། ་ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ་ཧྲ་ཏ་ཨ་མོ་གྷ། ཙཎྜ་མཧཱ་རོ་ཥཎསྥོ་ཊ་ཡ་ཧཱུཾ། ཏྲ་ས་མ་ཡ་ཧཱུ~ཾ། ཊ་ཊ་ཧཾ་མཾ་ཉེ་བའི་སྙིང་པོའོ།། ན་མཿསརྦ་ས་པ་རི་པཱུ་རེ་ཀེ་བྷྱཿསརྦ་ཏ་ཐཱ་ག ་ཏེབྷྱཿསརྦ་ཨ་ཙ་ལཱན་ན་རྦཱནཊྚ། མོཿསོཊྚ། སརྦྦ་སཱརྦཱ་ཏཊྚ་ཏཿ། ཏིཥྛ་ཏིཥྛ་ཨཱ་བེ་ཤ་ཨཿམཱཿམ་ལ་ཀ། དྷ་ཎ་དྷ་ཎ། ཏིརྟི་ཏོ་ཎི། ཁཱ་ད་འད། བིནྡྷན་མཱ་ར་སཱ་ར ་དུཥྚཱན་པ་ལངས་ཏྲཾ། ཀུ་ཀྵུ་རུ་། ཀི་རི་ཀི་རི་མད་པི་ཛས་བཛྲ་ཕཊ། དྷཱདྷཱུ་ངྐུ་ཏྲི་བི་ལ་ཏར་གཙུཏུག6་ཙལ། ཏེ་ཙ་ཕཊ་ཕཊ། ཨ་ཧཱུཾ། ཨས ་མནྟ་ཀ། ཊ་ཊ་ཀ་མ་ཧཱ་བི་ལ་ས་ཏ་ཨ་མན་ཡ། ཏྲཾ་མཾ་ཧཾ། ཤུདྡྷ་ཏྲ་ལོ་ཀ། ཏུ་ཥྚཱན་ཏུ་ལོཀ། བཛྲཱ་ན་མེ། སྲཱ་པྲ་ཏིཧ་ཏཱ་བ་ལེ་བྷྱོ། ཛ་ལ་མ་ཏྲ་ཏ། ཨ་ས་ཏན་མཿསཱཊྚ། གསང་བའི་སྙིང་པོའོ།། ་དེ་ནས་ཕྱག་རྒྱ་སྟང་སྟབས་ཀྱིས་སྔགས་བརྗོད་པ་འདིར་གསུངས་སོ།། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏི་བྷྱཿསརྦ་ཐཱ། ཨོཾ་ཧ་ན་ཧ་ན་མཱ་ར་ཡ་མཱ་ར་ཡ། ཛྙཱ་ན་ཁ་ཊྭཱཾ་ག་ཧཱུཾ་ཕཊ། རལ་གྲིའི་ཕྱག་རྒྱའི་སྔགས ་སོ།། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ་ཨོཾ་གྲྀཧྞ་གྲྀཧྞ། ཁཱད་ཁཱ་ད། པཱ་ཤན། བན་དྷ་བན་དྷ། མཧཱ་ཨཱརྱ་ཏེ། དྷརྨ་ཏེ་སྭཱཧཱ། ཞིགས་པའིའོ།། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་རཀྵ་རཀྵ། ཧ་ན་ཧ་ན། ཀུཊྚ་ཀུཊྚ། མཱ་ར་ཡ་དུཥྚ་བི་ན་ཡ་ཀཾ་ཧཱུཾ་ཛ། གོ་ཚྭའི་འོ།། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་དྷ་ར་དྷ་ར་བཛྲ་ན་ལྀ། ་ཁ་ཊྭཱཾ་ག་པ་ཤ་དྷ་ར་སྭཱཧཱ། གཙུག་ཏོར་གྱིའོ།། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་བྷཉྫ་བན་དྷ་ཧ་པ་ཙ་བྷཱུ་སྨི་ཀུ་རུ་ཀཱ་རུ་ཧ་ན་ཧ་ན་བཛྲ། གྲྀཧྞ་གྲྀཧྞ་ཕཊ། ཐོ་བའིའོ།། ན་མཿསརྦ་ས་པ་རི ་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨཽ་ཥྚ་ན་ཏ་སཱུརྟི། ད་ཧ་ད་ཧ། སཱ་དྷ་ཡ་སཱ་དྷ་ཡ། བི་ཛ་ཡ་བི་ཛེ་ཡ། བི་ཛ་ཡ་ཀཱིརྟི་སྭཱ་ཧཱ། མགོ་བོའི་ཕྱག་རྒྱའོ།། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱ ་སྤྱ་ད་སརྦན། ཨོཾ་བྷདྷྱ་དྷཱ་། ཨཚན་རྒྱབས་བི་སམ། ཤཱར་བུ་སྩལ་ལ། ས་། རྡོ་བའི་ཕྱག་རྒྱའོ།། ནཱམཿསཟླས་པ་པཱུ་བྷྱ་ས་ནག་ཏེ ་ཨོཾ་བཛྲ་ཧྲྀ་ད་ཡ། བཛྲ་མ་ཏཾ་གི་སཱཏྨ། སཱིང་ལའི་ཕྱག་རྒྱའོ།། ན་མཿསརྦས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦྦ་ཐཱ། ཨོཾ་ཧཱུ~ཾད་ཧ་ད་ཧ། ཀིཉྩི་རཱ་ཡ་སི། ཨཱན་ཡ་ཤཱིཀྵྨཱཾ། རཀྵ་རཀྵ། བན་དྷ་བན་དྷ ་དུཥྚཱ་ན་ད་མ་ད་མ་སྭཱཧཱ། ཕྱོགས་བཅིང་པའོ།། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་དུན་དུ་ན་མ་ཧཱ་པཱ་ཤ་ཁ་ཊྭཱཾ་ག་དྷ་ར། པ་རི་པཱུ་ར་ཀེ་བྷྱཿབཀེའི་རྟགས་ཀྱིའོ།། ན་མཿསརྦ་ས ་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏི་བྷྱཿསརྦ་ཐཱ། ཨོཾ་ག་ག་ན་གན་དྷོད་བྷུ་བ། མ་ཧཱ་ས་མ་ཡ། པ་རི་པཱུ་ར་ཀེ་སཱདྡེ། དྲིའི་ཕྱག་རྒྱའོ།། ན་མེ་དྷྱསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ་ཨོཾ་བི་ཤུད་དྷ་ཛྙཱ་ན་རཱ་ཛི་སཾ་བྷ་བི་ག་ག་ནཱ་ནཱན་ཧཱཿསྭཱ་ཧཱ། མ་མོའི་ཕྱག་རྒྱའོ།། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་ཤུད་དྷ་དྷརྨ་ཏཻ། ཤུདྡྷ་ཤུདྡྷ། གྲྀཧྞ་གྲྀཧྞ། སརྦ་ས་པ ་རི་པཱུ་ར་ཀཻ་བྷྱཿསྭཱཧྨ། གཏོར་མའི་ཕྱག་རྒྱའོ།། ན་སྱཿསརྦ་ས་པ་རི་པཱུ་རེ་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་ཤུད་དྷ་མ་ཧཱ་ཛྙཱ་ན་སྭ་བྷཱ་བཾ། ཏིཥྛ་ཏིཥྛ་མཧཱ་ན་ཡེ་སཱཿ། བདུག་པའི་འོ།། ན་མཿསརྦ་ས ་པ་རི་པཱུ་ར་ཀ~ཾ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་ག་ག་ན་བི་ཀྲཱན་ཏ་གཱ་མི་ནི་མ་ཧཱ་ཤུད་དྷ་ན་ཡེ་སྭཱ་མ་ཏོག་ན་སོས་པསརྦས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་ཧ་ན་ཧ་ན། པ་ར་མ་བི་ཤུད་དྷེ ་དྷ་རྨུམས་པའི་དཱུ་ཀེ་བྷྱཿསྭཱཧཱ། ཞལ་བས་ཀྱིའོ།། ནམཿསརྨས་པའི་བུར་གེ་བྷྱཿསརྦ་ཏན་ག་ཏེ་བྷྱཿསརྦཊྚ། ཨོཾ་ཨ་པྲ་ཏིག་དོན་ན་ཏ་མ་དང་། སུརྦ་དྷཱ། ས་པ ་པཱུ་ར་ཀེ་བྷྱཿསྭཱཧཱ། དཔའ་བོ་སྤྱན་དྲང་བའིའོ།། ན་མཾཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་བ~ཾ་ཤུད་དྷ་བི་ཤུད་དྷ། སཀྲ་སྭ་བྷཱ་བེ་ཨཱ་ན་ཡ། མ་ཧཱ་ན་ཡེ་སྭཱཧཱ། བྱང་ཆུབ ་སེམས་དཔའ་སྤྱན་དྲང་བའོ།། ན་མཿསརྦ་ས་པ་རི་པཱུ་རུ་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་བི་ཤུད་དྷ་སྭཱ་ཧཱ། ཧ་ན་ཧ་ནཱ། ད་མ་ད་མ། མ་ཧཱ་ན་ཡེ་སྭཱ་ཧཱ། ཉན་ཐོས་སྤྱན་དྲང་བའིའོ།། ན་མཿསརྦ ་ས་པ་རི་པཱུ་ར་ཀེ་བྷྱཿསརྦྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་བཛྲ་ཀཪྵ་ཡ། ཤཱི་གྷྲཾ། ད་ཧ་ད་ཧེ། པ་ཙ་པ་ཙ། མ་ཧཱ་པ་རི་ཝཱ་རེ་སྲཧཱ། ཕོ་ཉ་ཕོ་མོ་སྤྱན་དྲང་བའོ།། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་མ་ཐ་མ་ཐ་ཨཱ་ན་ཡ་ཨཱ་ན་ཡ། པྲྀ་བེ་ཤ་ཡ་པྲ་བེ་ཤ་ཡ། སརྦ་ཏ་ཐཱ་ག་ཏ། སརྦ་དེ་བཾ། ཏ་མ་ཏ་མེ། མ་ཧཱ་ན་ཡ། པ་རི་ཝཱ་རེ་སྭཱཧཱ། འཇིག་རྟེན་པ་རྣམས་སྤྱན་དྲང་བའིའོ།། ་ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱེཿསརྦ་ཐཱ། ཨོཾ་ས་ཏྱ་ས་ཏྱ། མཧཱ་སཱ་དྷྱ་ཡེ། ད་མད་མ། མ་ཧཱ་ད་མ། ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ། ཨཱ་དྱ་བི་མ་ཧཱ་ན་ཤུད་དྷེ་སྭཱཧཱ། དྲང་སྲོང་སྤྱན་དྲང་བའོ།། ་ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། མཧཱ་སཏྱ་བ་ཏི་ནི། སརྦ་ཧི་ཏི་སྭཱཧཱ། སྲིན་མོ་རྣམས་སྤྱན་དྲང་བའོ།། ན་མཿསརྦི་ས་པ་རི་པཱུ་ར་ཀེ་བྷྱ ་སརྦ་ཏལྡ་ཀ་ཏེ་བྱངས་པདྷ། ཨོཾ་ཧྲི་ཏྲད། མ་ཐུམ་ཐ། དམངས། ཕནས། མདུན་ས། སར་བ་། བཞན་མམོརྣམས་ལྡན་དྲང་བའོ།། ནམ་བཅས་པ་བྱུ་བྷ་བས་རྦ་ཏན་གཏེ་བྷྱཿས་རྦན་ཨོ་། ་བཛྲ་ཛྲ་པཊ། སརྦ་དུཎྜ་གྲཧ~ཾ། མཐཱས་ཐཱ། \ུ0f7fཉྫབྷཥྚ། སརྦ་བི་སྟན་དམ་ད་མ། སརྦ་དུཥྛན་མོ་ཧཱུ~ཾ་ཊ་སྭཱཧཱ། ནང་སྟབས་ཚས་ངས་གྱི་སྔགས་སོ།། ནམཿསརྦས་པ་རི་བྷཻ་རེ་ཁྱཱཿསརྦ་ཏ་ཐཱ་ཀ་ཏིཿས་རྦཐཱ། ་ཨཱཿཧཱུཾ། ཨཱ་ཀཱ་ཤཱ་ག་གེ་ན་སྤར། ཁཾ་སྭེཧཱ། འོ་ཐུག་འབུར་བ་འབྲུ་སྣ་ཚོགས།། སྤོས་དང་མེ་ཏོག་ལ་སོགས་པ།། ཅི་འབྱོར་འབྱོར་པའི་གཏོར་མ་ནི།། སྔགས་དེས་སྤྲོ་ཞིང་སྤེལ་བར་བྱ།། ན་མཿསརྦས་པ ་རི་པཱུ་ར་ཀེ་བྷྱརྠསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་སྭ་བྷཱ་བ་སརྦ་ཐཱ་བྷྱོ་བཾ་སྭཱཧཱ། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཐཱ། ཨོཾ་ལིཥྞཱི་སརྦ་ག་ག་ན་ལབྷཱ་ཡ་སྭཱ་ཧཱ། ན་མཿསརྦ་ས་པ་རཱི་པཱུ་ར་ཀ~ཾ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་ཐཱ། ཨོཾ་སརྦ་སིདྡྷི། དཱ་དྷ་མི་ཧཾ་སྭཱཧཱ། བྱིན་རླབས་བཞིན་དུ་བསྒྱུར་བ་དང་།། ཀུན་གྱིས་ཐིམ་པར་བྱ་བ་དང་།། འདོད་པའི་ལས་རྣམས་གང་དང་གང་།། གྲུབ་པར་བྱ་བའི་སྔགས་ཡིན་ནོ། ་གཟའ་ཆེན་བརྒྱད་དང་རྒྱུ་སྐར་ཡང་།། ཉི་ཤུ་རྩ་བརྒྱད་རྣམས་ཀྱི་སྔགས།། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱཿཱ་དི་དྱཿསཽཿ~ཾ་གི་རཿབུདྡྷཿབྲི་ཧ་སྭ་ཏི། ཤུ་ཐཿཤ་ནེ་ཤྩ་རཿ ་རཱཧུཿཀེ་ཏུཿཀྲྀཏྟི་ཀཱ། རྀ་ཧི་ཎཱི། མྲྀ་ག་ཤི་རཱ། ཨརྡྷ་པུནརྦ་སུ། པུཥྱ་ཨ་ཤྭེ་ཥཱ། སརྦྦཱ་པུརྦ་པལྒུ་ནཱི་ཨུཏྟ་ར་ཕལྒུ་ནཱི། ཧསྟཱ། ཙིཏྐ་སཱསྟི། བི་ཤ་ཁཱ་ཨ་ནུ་རཱ་དྷཱ་ཛྱེཥྚ་མུ་ལཱ། པཱུརྦཱ་ཥཱ་ཌྷ། ཨུཏྟ་རཱ་ཥཱནྟ ་ཤྲ་བཎ་ཨ་བྷི་ཛི་ཏ། ཤ་ཏ་བྷིཥྛ་དྷ་ནིཥྛ། པཱུརྦ་བྷ་དྲ་པཱ་དཱ་ཨུཏྟ་ར་བྷ་དྲ་པྲཱ་དཱ་རཾ་བ་ཏཱི། ཨ་ཤྲཱི་ནཱི་བྷཱ་ར་ཎི། ཨོཾ་དང་སྭཱ་ཧཱར་བཅས་པ་ནི།། རང་རང་སྙིང་པོའི་སྔགས་ཡིན་ཏེ།། གང་འདོད ་ལས་ཀྱང་སྦྱར་བར་བྱ།། མཆོད་པའི་རིགས་ཀྱང་ཐ་དད་བྱ།། ན་མཿ་ས་སནྟ་ཀཱ་ཡ་བཱཀྩི་ཏྟ་བཛྲ་ཎཱཾ། ཨོཾ་ཨ་ཙ་ལ་ཙཎྜ་མ་ཧཱ་རེ་ཥ་ཎ་སྥོ་ཊཱ་ཡ་ཏྲ་ཀ་ཥ་ཧཾ་སཽ་ཀ། ན་མཿསམནྟ་ཀཱ་ཡ་བཱཀྩི་ཏཱི་བཛྲཱ་ཎཱི། ཨོཾ་བཛྲ་ཀ་བཙུ་དྲུག ་ཨོཾན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་བྷ་ཡ་བི་ག་ཏེ་བྷྱཿབི་ཤྲ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་རཀྵ་མ་ཧཱ་བ་ལི། སརྦ་ཏ་ཐཱ་ག་ཏེ་པུ་ཎྱ་ནི་རྫ་ཏེ། ཧཱུཾ་ཧཱུཾ་ཏྲ་ཐཱ། ཨ་པྲ་ཏི་ཧ་ཏེ་སྭཱཧཱ། ཁྲོ་བོ་སྤྱན་གཅིག་དྲག་ཤུལ་ཅན།། ་སྲུང་དང་བཅས་པར་མཆོད་པ་དང་།། སྔགས་བཟླས་དངོས་གྲུབ་བླངས་པས་འགྲུབ།། ཅི་འདོད་ལས་ལ་ཚེ་གས་སྦྱར།། ལག་གཡས་གུང་མཛུབ་གཞི་བས་ཏེ་བརྐྱང་།། སྲིན་ལག་མཐེའུ་ཆུང ་མཐེབ་མོས་མནན།། ཤུགས་དྲངས་ཚུལ་ཕྱུང་མཁའ་ལ་འཕྱར།། རལ་གྲི་ཕྱག་རྒྱས་བདུད་ཚོགས་འཇོམས།། གཡོན་པ་ཁུ་ཚུར་སྡིགས་མཛུབ་བསྒྲེང་།། སླར་སྦྱར་བྱེད་བ་ཞགས་པའི་རྒྱ། ་གུང་མོ་མཐེའུ་ཆུང་སོ་སོར་སྤྲད།། མཛུབ་མོ་མིང་མེད་ནང་དུ་དགུག། མཐེ་བོང་ག་ཞིབས་པ་གུང་འགྲམ་སྦྱར།། སྙིང་ཁ་བཀོད་དེ་གོ་ཆའི་རྒྱན།། སོར་འཁྱུད་ཁུ་ཚུར་ནང་དུ་བསྡམ།། མཐེབ ་གཉིས་ཅུང་བསྒྱུར་མགོ་ཐོད་བྱ།། གཡོན་པའི་ཁུ་ཚུར་མཐེ་བོང་ནི།། གཡས་པའི་ཁུ་ཚུར་ནང་བཅུག་ནས།། མཐེ་བོང་གཡས་བསྒྲེང་ཐོ་བའི་རྒྱ།། ཕྱོགས་བཅུར་བརྡུང་བ་ལྟར་བྱའོ།། གཡས ་བས་ཅུང་དཀྲུང་པོ་བསྲེད།། སྤྱི་གཙུག་ཕྱག་རྒྱ་གཙུག་ཏུགསུ་གཡོན་པ་ས་ཙུང་ཀྲུང་མཛུབ་བསྦེང་། བཀའ་རྟགས་ཕྱག་ཏུ་རྟག་ཏུ་འབྱར།། ཁུ་ཚུར་གཉིས་གཞིབས་སྷོ་སྣ་བ། རློབལྟ་བུའི་ཕྱག་རྒྱའོ།། ་གཡས་པ་ས་ཚུར་སྙིང་བར་གན་། སྙིང་བརྒྱན་པའི་དྲུག་རྒྱའོ།། ལས་གཉིས་སོང་མོ་ས་སོར་བཏུང་།། ཕྱོགས་བཅུ་བཅིང་བའི་ཕྱག་རྒྱའོ།། ལག་སྦྱ་གུང་གཉིས་དང་བཅུག་གི་དྲི་ཡི་དྲུག་རྒྱུར་བཤད་པས། ་ཁུ་ཚུར་རྒྱབ་སྤང་གུང་མཐེ་བོང་།། མཐེ་བོང་གུང་མཛུབ་སྤྲད་དང་འཁྱུད།། གཏོར་མ་སྦྱིན་པའི་ཕྱག་རྒྱའོ།། ཐལ་མོ་ཁོང་སྡོང་ཤུགས་ལྟར་གདོན། བདུག་སྤོས་འབུལ་བའི་ཕྱག་རྒྱའོ།། ལག ་གཉིས་སོ་སོར་གུང་སྲིན་བཀུག། མཐེབ་མནན་བཞག་བརྐྱང་མེ་ཏོག་རྒྱ། ཐལ་སྦྱར་གུང་སྲིནི་མཛུབ་མོ་བཀུག་མཐེའུ་ཆུང་མཐབ་བརྐྱང་ཞལ་ཟས་རྒྱ།། སྐྱིལ་ཀྲུང་འདུག་སྟེ་སྙིམ་བཟོད།། མཐེ་བོང་གཉིས ་ནིནང་དུ་བཞུག། སོར་གཞིབས་ནས་གཡབ་བྱེད་པ་ནི།། དཔའ་བོ་གཙོ་བོ་སྤྱན་དྲང་རྒྱ།། ཐལ་སྦྱར་མཛུབ་བཀུག་མཐེ་བོས་མནན།། བྱང་ཆུབ་སེམས་ཚོགས་འགུགས་པའི་རྒྱ།། སྙིམ་བསྐྱེད་མཐེའུ་གཤིབས་ཏེ་བརྐྱང་། ་ལྷ་མ་བརྒྱད་པོ་སོ་སོར་དགུག། ཉན་ཐོས་རང་རྒྱལ་རྫུ་འཕྲུལ་ཅན།། མ་ལུས་ཐམས་ཅད་འགུགས་པའི་རྒྱ། ཁུ་ཚུར་གཡས་པ་གཡོན་སྟེང་གཞག། མཛུབ་གཉིས་བརྐྱང་སྟེ་སོ་སོར་དགུག། ཅུང་ཟད་སྤྱོད་པར་བྱེད་པ་ནི། ་ཕོ་ཉ་ཕོ་མོ་འགུགས་པའི་རྒྱ།། ཁུ་ཚུར་རྒྱབ་སྤྲང་གུང་མཛུབ་ནི།། སོ་སོར་དྲང་པོར་གཤིབས་ཏེ་བརྐྱང་།། མཐེབ་གཉིས་ཅུང་ཟད་སྤྲད་དེ་དགུགའཇིག་རྟེན་པ་རྣམས་འགུགས་པའི་རྒྱ།། གཡོན་མིན་གཡས་པོས་དེ་ལྟར ་!། སྱཱ་ནགས་ཡོང་ས། གྲ་ག། ས་གས་། ལགས་ས་པ། །། ་ས་སྨྲ་པ་ས་སྒྲུ་འག ་དེ་ག་སོ་ཀྱང་ཅུ་ནགསས། ཟླུམ་པའི་རྣམས་ཀྱིས་དེ་ཀུན་ཐོག། བ་ཆོགས་འཇོམས་ཤིང་ནལ་འབྱོར་སྲུང་།། ལག་པགས་ནི་བྱིན་དུ་དྲུང་།། གསོད་བསྲིང་འི་གྱིགས་སཛུ་ཧཱ། ་ནང་གཉིས་སྨད་ནས་རྙེད་པ་རྡམས། ཧཱུ~ཾ་རྗོད་དྲུག་ག་མདུ་དུས།། ས་གསུམ་གཡོ་བྱེད་སྔགས་སྟབས།། རྐང་གཡོན་བརྐྱང་བའི་སྐྱབས་དང་ནི།། གས་བརྗོད་ཅིང་ཞཔས་རྒྱ་བཅིངས།། བེན་ཚུན་བསྣོལ ་རྣས་པཤེགས་པ་བརྫུན།། ཡོང་ས་ཕྱི་ས་དང།། ནིང་གསས་བྱུང་བའི་སྐབས་དང་ནི།། དེ་རྗེ་ཐལ་མོམ་ལམ་བསྒྲུན།། ལྡན་མ་མཅུ་ན།། ཡན་ལག་གཉིས་ས་ས་ས་ག་ས། ་དྡྷརྨཱཅ། ལག་གཉིས་སྡིགཔ་ཇུ་གྱུས་འོ། ནང་གཉིས་ས་ཉམ་དུ་དག་ག་ལས། གསས་ཀྱིས་གཡོན་བསྒོར་སྟེ་བ་ཡིན། བདུན་དུ་གཡས་ཏེ་རྒྱབ་ཏུ་གཡོན ་ཆོས་གསུམ་གསུམ་མདན་པ་ནི། རྩེ་གསུམ་ཡིན་ཏེ་རྩ་གསུམ་རྒྱ། ལག་པ་སྟེང་བརྒྱད་དབྱིག་བསྒྲེང་སྐར།། བགེགས་ལ་བསྣུན་ཞིཔ་བྲུ་ཚུགས་བལྟ། གཡས་སུ་ཐོ་བཅུ ་བརྗོད་བརྡེག་གཡོན་པ་སྙིང་ཁའི་སྡིག་མཛུབ་སྟེ། གཉིས་ཀ་སྤྲད་པ་འཁོར་ལོ་བྱ།། ནུབ་བལྟས་རྐང་པ་མཉམ་བཞག་ནས། མདུན་གཡས་རྒྱབ་དང་གཡོན་ཕྱོགས་སུ། གཡོན ་པས་བགེགས་གསུམ་མནན་བྱ་ཞིང་།། རིམ་པས་མེ་དང་རལ་གྲི་དང་།། སྡིགས་མཛུ་བགགས་པས་ཕྱོགས་བཞིར་བཅིང་།། ཧ་ཧཱུཾ་དྲག་བརྗོད་བརྗིད་གནོན་རྗེ། རྐང་གཉིས་པུས་འབུར་ལྡག ་པ་གཉིས།། གྲུ་མོ་བསྒྱུར་ན་ཐིག་གིས་མནན།། བགེགས་བསྐྲད་ཕྱིར་ནི་འབྲུ་ཚུགས་བལྟ།། རྩེ་གཅིག་རྡོ་རྗེ་སྟབས་སུ་བཅད།། རྐང་པ་གཡས་གཡོན་རེས་ཀྱིས་བསྐོར།། ལྷོ་བྱང་གཡོན་ཏེ ་ཤར་ནུབ་གཡས།། བཙོང་ཤིང་དྲུག་ཏུ་བརྡབ་པར་བྱ།། རྒྱ་བནས་དྲང་དང་ཐོ་བ་དང་།། རྡོ་རྗེ་དང་ནི་ཞགས་པའི་དྷ།། ཕྱོགས་བཞིར་བྱ་སྟེ་འཁོར་ལོའི་སྟབས།། ཕྱག་རྒྱ་དང་ནི་སྟང་སྟབས་ཀྱིས།། ཕྱོགས་སྐྱོར ་རྣམས་ཀྱང་སྐྲག་བྱེད་ན།། འབྱུང་པོའི་ཚོགས་འཇོམས་སྤོས་ཅི་དགོས།། ཐམས་ཅད་དབང་དུ་སྡུད་པར་བྱེད།། དེ་ནས་ཕྱོགས་བཅུ་བཅིང་བ་ཡི།། རྐང་སྟབས་ཁྱད་པོར་བཤད་པར་བྱ།། ཤར་དུ་རྐང་པ་མཉམ་པ ་ཡིས།། རྡོ་རྗེལ་མལྡན་དུ་འདིག། སྦྱོར་ནིནང་རྟིང་སྨན་དེ་ག་དང་།། ཧཱུ~ཾ་སྒོགཐལ་མོ་དུ་ཏུ་བསྒྱུར།། ནུབ་ཏུ་རྐང་སྙིད་ལགྲུ་པ་གཉིས།། ས་སོར་སྡིགས་མཛུབ་སྟེད་དུ་བཏུང་།། ཁྱང་དུ་རིམ་གྲོའི་ཕྱག་རྒྱ་དང་། ་གང་པས་གཅིགས་པ་བསྒོག། ཅུང་ཛུས་བྱ་ཐལ་པས་སོ།། གང་གཉིས་ས་ས་ཀྱི་ཀྱིས་བྱ། པ་རྒྱ་རྫོ་པོསམ། བྱ་མི་ཟུགས་པ་རྩེ།། ཅུ་མ ་ཆུང་མཆེ་བའི་རྒྱ།། རྐང་པ་རེས་བཏེག་ཤར་ལྷོར་བྱེ།། ལྷོ་ནུབ་རྐང་གཉིས་རེས་ཀྱིས་བརྡག།། ཞགས་པས་འདེབས་དང་རལ་གྲིས་གཅོད།། ནུབ་བྱང་རྐང་གཉིས་བརྡབ་པ་དང་།། ལཿ ་གཉིས་མཐེབ་སྤྱད་འཁོར་ལོ་བསྐོར།། ཡང་ནམ་ཆེ་གཙིགས་ཕྱག་རྒྱས་གདག།། སྟང་སྣབས་ཐམས་ཅད་ཧཧཱུ~ཾ་སྒྲོག། དེ་ནས་རིག་སྔགས་བཟློག་པ་ཡི།། ཕྱག་རྒྱ་ཆོག་པ་ཤད་པར་བྱ།། ཁུ་ཚུར་གུང་པོ་བརྒྱད་རྩེ་སྤྱད། ་མཛུབ་གཉིས་དེ་ཡི་འགྲམ་དུ་བཅད་།། སྔགས་དང་ཕྱག་རྒྱུ་ཐམས་ཅད་ཀྱིས།། ལྷ་ཀླུ་སྲིན་པོ་གནོད་སྦྱིན་དང་།། མཁའ་འགྲོ་འབྱུང་པོ་མི་མ་ཡིན།། གསོད་དང་སྤྲོད་དེ་མེ་ལྟར་མཛད།། འཕགས་པ་ཁྲོ་བོའི་རྒྱལ་པོའི ་རྟོག་པ་བསྡུས་པའི་རྒྱུད་ལ།། སྔགས་དང་ཕྱག་རྒྱའི་ལེའུ་སྟེ་གསུམ་པའོ།། ། བླ་ན་མེད་པའི་རས་རིས་སྐུ།། ཆོ་ག་དེ་ནས་བཤད་པར་བྱ།། བྲིས་སྐུ་འདོད་པས་ཐམས་ཅད་དུ ་དགེ་བའི་རས་བཟང་བཙལ་ནས་ཀྱང་།། བཀྲུས་ཏེ་སྔགས་ཀྱིས་བསྲུང་བྱས་ལ།། ངུར་སྨྲིག་ཏུ་ནི་བསྒྱུར་བར་བྱ།། རྒྱུད་བཟང་དལ་ཞིང་དུལ་བག་ཡོད།། ཆོས་ཐོས་རི་མོ་མཁན་ལ་སྤྲིན།། སྲིད་ཆུང ་ཡིད་གཞུངས་ཁྲོ་མེད་པས། སེན་རྩི་ཤུན་ཀན་ཚྭ་ལ་སྦྱར།། སྤང་དང་མུ་ཟི་ཀན་ལྟར་ལྡང་།། བ་བླ་ཀྲ་ནི་བླ་ན་སེར། ལི་ཁྲི་སྒོ་ང་མཚལ་ལྤགས་དམར། རམས་དང་མཐིང་ཤུན་བྲུ་ནིར་སྡེ ་སྤྱིག་དང་ཨ་ཛ་ནག་པོ་སྟེ། ཤེ་ཏྲ་དག་ཀྱང་དཀར་པོར་འགྱུར།། ས་སྣོད་སོ་བཏང་སྐགས་སྙིག་བྱུག་པིར་འཇམ་རབ་འབྲིང་ཐ་མ་བྲི།། རྒྱལ་དངས་རིནམ་གྲུ་དང་།། སྣརོན་སྣརུབས་སྨིན ་དྲུག་ལྔ་མཚམས་ཤིས།། དེ་ནས་ཡང་དག་རབ་བཤད་པ།། ཐུབ་པའི་དགེ་བ་རས་རིས་ལ།། དབུས་སུ་བྱང་ཆུབ་ཤིང་མཆོག་དྲུང་།། གསེར་མདོག་འཁོར་ལོ་སྒྱུར་བའི་ཆས།། ཆོས་འཆད་ཕྱག ་རྒྱ་ངུར་སྨྲིག་བསྣམས།། ལོགས་སུ་འདབ་བཟང་རྒྱལ་པོ་གཉིས།། སྙིམ་པ་མེ་ཏོག་བཀང་བའི་གཟུགས།། གཡས་སུ་འཇིག་རྟེན་དབང་པོ་དཀར།། ངུར་སྨྲིག་གོན་པས་ཐལ་མོ་སྦྱར།། དེ་ཡི་ཞབས ་སུ་མི་གཡོ་བ།། སྤྱན་གསུམ་ཁྲོས་པ་ཀླུ་ཡིས་བརྒྱན།། ན་རའི་སྟོད་གཡོགས་སྟག་སྨད་དཀྲིས།། རིན་ཆེན་རྒྱན་ཅན་དོ་ཀེར་ཅན།། རྡོ་བ་དམར་པོའི་ཁྲི་སྟེངས་ན།། རལ་གྲི་དང་ནི་ཞགས་པ་དང་།། ་གཡོན་པ་ཅུང་ཟད་བརྐྱང་སྟེ་བཞེངས།། གཙོ་བོའི་གཡོན་གྱི་ཕྱོགས་ཆལ།། རྡོ་རྗེ་འཛིན་སྔོ་ངུར་སྨྲིག་ཅན།། རྡོ་རྗེ་དང་ནི་ཞགས་པ་འཆང་།། དེ་ཡི་འོག་ཏུ་སྒྲུ་བ་ནི།། པུས་བཙུགས་སྤོས་ཀྱི་ཁང་བུ ་འཛིན།། གཙོ་བོ་ཞབས་སུ་ཁྲོ་བོ་ཆེ།། ནག་པོ་ཁམས་གསུམ་བསྟན་པ་ཡི།། ལག་གཉིས་རིན་ཆེན་ཁྲི་ལ་བཏེག། གཙོ་བོ་སྣ་ཚོགས་པདྨ་སྟེ།། འཇིག་རྟེན་དབང་དང་ཁྲོ་བོ་ཡི།། རྡོ་རྗེ་འཛིན་དང་སྒྲུབ་པའི ་སྔོ།། ཡན་ལག་ལྔ་པ་སྡོང་པོ་གཅིག། ཀླུ་ཡི་བུ་མོ་མཛེས་མ་གཉིས།། སྤང་གིས་འཁྱུད་དེ་འཛིན་པར་མཛད།། ཞི་བརྒྱས་པ་དབང་གི་ཕྱིར།། དེ་ནས་བྲིས་སྐུ་ཡང་དག་པཤད།། དབུས་སུ་ཤཱཀྱ་ཧཱུཾཿ ་པདང་། གཡས་སུ་འཕགས་པའཇམི་དཔལ་ཏེ།། གཡོན་དུ་ཕྱག་ན་རྡོ་རྗེའོ།། བསྙེན་པའི་དོན་དུ་རས་རིས་ནི།། ཤིན་ཏུ་བས་དཀའ་གསུས་པོ་ཆེ།། ཞལ་གཅིག་ཕྱག་བནི་བླ་མིས་བརྒྱན། ་སགཁ་ནས་ཁྲག་འ་དག་ལྕེ་འདྲིལ་བ། མཆེ་གཅིགས་ཧྲཱིཿསཱ་ཆེར་སྒྲོག་པ།། སྤྱན་གསུམ་ཉིམ་ཤར་ཀཱ་འོད།། ངུར་སྨྲིག་བསྣམས་བཅར་སྨིན་མདོ།། སྐུ་འཐོད་རྣོན་འཕྲེང་བ ་ཅན། དབུ་ལཐོད་པ་ཆར་བཞིས་བརྙན།། གསོ་དུ་ནི་ཆེན་ཟུར་བུ་འབྱུང་།། བཞལ་པའི་འདུ་བ་བ་ཡིས།། ཕྱོགས་ཀྱི་གགས་ཚོགས་སྡིག་པར་མན།། གཡས་ཀྱི་དང་པོ་རྡོ་རྗེ། ་པས་རལ་གྲི་འོད་འབར་འཆང་།། གཡོན་གྱི་དང་པོ་རྡོ་རྗེ་ཞགས།། གཉིས་པ་སྡིགས་མཛུབ་བརྐྱང་སྟེ་མཛད།། རིན་ཆེན་རྡོ་ཡི་ཁྲི་སྟེངས་སུ།། བགེགས་ཀྱི་རྒྱལ་པོ་མནན་ནས་ཀྱང་།། གཡོན་བརྐྱང་བ་ཡི། ་གར་གྱིས་གནས།། དེ་ཡི་མདུན་དུ་ཞི་བའི་བྱད།། སྤོས་ཁང་བཟུང་བའི་སྒྲུབ་པོ་དྲི།། ཅི་འབྱོར་རྒྱུན་དུ་མཆོད་པར་བྱ།། མངོན་སྤྱོད་སྒྲུབ་པའི་རས་རིས་ནི།། དེ་ནས་ཡང་དག་བཤད་པར་བྱ།། དུར་ཁྲོད ་རུས་ལ་མི་གཡོ་བ།། མདོག་ནག་སྤྱན་གསུམ་ཟུར་མིག་ལྟ།། ངུར་སྨྲིག་གིས་གྱོན་ཁྲོ་གཉེར་ལྡོན།། རལ་གྲི་དང་ནི་ཞགས་པ་འཚང་།། བྲིས་ནས་བདག་གི་ཁྲག་གིས་ནི།། སྤུན་ཕྱེ་གསོལ་བ་བཏབ་པར་བྱ།། ་རི་མོ་འདིས་ནི་རིག་འཛིན་ཀྱང་།། སྒྲུབ་པོ་མངོན་སྤྱོད་སྨོས་ཅི་དགོས།། ཡང་ན་སྣ་ཚོགས་ལས་ཀྱི་ཕྱིར།། མཐིང་ཁ་ན་རའི་རྒྱན་ཅན་ནི།། བརྐྱང་བསྐུམ་རྡོ་རྗེ་དྲིལ་བུ་འཛིན།། པདྨ་ཟླ་བ་ལ་བཞུགས་བྲི། ་དམག་དཔུང་རེངས་པའི་རས་རིས་ནི།། གསེར་མདོགོ་ཁྲོ་བོ་མི་གཡོ་བ།། མི་སྡུག་མཆེ་བ་གཙིགས་པའི་སྐུ།། འབར་འཕྲེང་འཁྲིགས་པའི་འོད་ལྡན་པ།། ཞལ་བཞི་ཕྱག་ཀྱང་བཞི་པ་སྟེ།། རལ་གྲི་ཞགས་པ་དང ་པོ་འཛིན།། རི་བོ་ཆེ་དང་སྡིགས་མཛུབ་འོག་ཞབས་བཞི་བདུད་བཞི་སྙིང་ཁ་རོ།། དེ་ནས་རིག་འཛིན་དངོས་གྲུབ་ཀྱི། རས་རིས་བྲི་བ་ཡང་དག་བཤད།། མི་གཡོ་ཁྲོ་བོ་ཞལ་གཅིག་པ།། མདངས་བཟང་ཟར ་མའི་མེ་ཏོག་མདོག། རལ་གྲི་ཞགས་པ་སྡིགས་མཛུབ་ཅན།། པུས་མོ་གཡས་བཏེག་གཡོན་པ་ནི།། སལ་ཅུང་ཟད་བཙུགས་པར་མཛད།། མཁའ་ལ་ལྷ་ཡི་བུ་གཉིས་ཀྱིས།། དབུགས་འབྱིན་མཛད་པ ་ཉམས་དགའི་གཟུགས།། གཡས་སུ་རྣམ་སྣང་མཛད་བྲིས་ཏེ།། གཡོན་དུ་འོད་དཔག་མེད་པའོ།། དེ་མདུན་སྒྲུབ་པ་ཉིད་ཀྱང་བྲི།། གང་ཡང་རིས་མ་ཐམས་ཅད་ལ།། མཆོད་དེ་མེ་ཏོག་གཏོར་ནས་ཀྱང་། ་སྤྱན་ཕྱེ་ན་བཟའ་གསོལ་བྱས་ཏེ།། རྟེན་འབྲེལ་སྔགས་ཀྱིས་རབ་གནས་བྱ།། དེ་རྗེས་སྨོན་ལམ་བཏབ་པ་ནི།། ཨོཾ་ལྡན་བདག་གིས་བསགས་པ་ཡི།། བསོད་ནམས་གྲངས་མེད་གཞལ་མི་ལང་།། དེས་ནི ་འགྲོ་བ་མ་ལུས་པ།། བླ་མེད་གོ་འཕང་ཐོབ་པར་ཤོག། སེམས་ཅན་དམྱལ་བ་དུད་འགྲོ་དང་།། ཡི་དགས་གང་དག་གྲངས་མེད་རྣམས།། བདག་གི་བསོད་ནམས་མཐུ་ཡིས་ནི།། ཐམས་ཅད་བདེ་དང ་ལྡན་གྱུར་ཅིག། གང་ཡང་ལྷ་མི་དབུལ་འཕོངས་དང་།། མི་ནད་སུ་གེ་དགྲ་ཚོམ་སོགས།། བདག་གི་བསོད་ནམས་མཐུ་ཡིས་ནི།། དེ་དག་ཐམས་ཅད་བྲལ་གྱུར་ཤོག། ཇི་སྙེད་སེམས་ཅན་ཐམས་ཅད། ་རྣམས།། དེ་ཉིད་སྡུག་བསྔལ་རྒྱ་མཚོ་ཀུན།། སྣ་ཚོགས་དེ་དག་ཀུན་ཞི་ནས།། འགའ་ཡང་སྡུག་བསྔལ་མེད་པར་ཤོག། སེམས་ཅན་གང་དག་ལུས་ངག་ཡིད།། མི་དགེ་སྤྱོད་པ་བྲལ་གྱུར་ནས།། དགེ་བ ་#། ཕྲན་ཚོགས་སྤྱོད་གྱུར་ཏེ།། ཀུན་ཀྱང་བདེ་ལྡན་ཐོབ་གྱུར་ཤོག། དེ་ནས་རྒྱལ་སྲས་ཀུན་བཏུད་དེ།། ལག་ན་དྲི་དང་མེ་ཏོག་སོགས།། མཆོད་པའི་ཡོ་བྱད་ཀུན་ཐོགས་ནས།། བླ་འོག་ཐ། ་དདང་གསལ་བྱའི་ཕྱིར།། བདེ་གཤེགས་བསྡུ་དོན་འདི་སྐད་བརྗོད།། ཨོཾ་བདེ་གཤེགས་པའི་བཅོམ་ལྡན་འདས།། སྐྱོབ་པ་དངོས་སུ་བཞུགས་པ་རྣམས།། བདག་ལ་སླར་ཡང་བརྩེ་བའི་ཕྱིར།། རྒྱལ་བ་སྲས ་བཅས་ལ་མི་མངའ།། བདག་དོན་གྲུབ་པར་འགྲོ་བ་ལ།། བརྩེ་ཕྱིར་སླར་ཡང་བྱོན་པར་མཛོད།། དེ་ནས་གཏོར་མ་མེ་ཏོག་དྲི།། དཀྱིལ་འཁོར་རྒྱན་དང་རྡུལ་ཚོན་རྣམས།། དངོས་གྲུབ་དམ་ཚིག་གནོད་སྤངས་ཕྱིར།། ལག ་པས་རེག་པར་མི་བྱ་སྟེ།། གོས་ཀྱི་ཕུར་མ་ལ་སོགས་པ།། ཅི་བདེ་བས་ནི་ཕྱགས་ནས་ཀྱང་།། སྐྱེ་འགག་མེད་པའི་སྔགས་བརྗོད་ནས།། ཆུ་བོ་ལ་ནི་དོར་བར་བྱ།། འབྲས་དང་འོ་མ་ཤ་ཀ་དང་།། མར་དང་བཅས ་བ་བསྐོལ་བྱས་ཏེ།། འབྲས་ཟན་དང་ནི་ལྷན་ཅིག་ཏུ།། དགའ་སྐྱེད་ཕྱིར་ན་དགེ་འདུན་དང་།། བྲམ་ཟེ་ལ་ནི་སྟོན་མོ་བྱ།། དེ་ནས་བྲིས་སྐུ་བརྟན་པར་ནི།། གསང་བའི་གནས་སུ་མཆོད་པར་བྱ།། ཁྱད་པར་ཚེས ་བརྒྱད་དུས་སུ་མཆོད།། བླ་མ་ལ་ནི་ཡོན་དབུལ་ཞིང་།། རྟག་ཏུ་སྔགས་འཛིན་ཐམས་ཅད་ཀྱང་།། མཉེས་པར་བྱ་ཞིང་ཁྲོས་པ་མིན།། སེམས་ཅན་མ་མོས་སྤང་བར་བྱ།། དཀོན་མཆོག་གསུམ་ལ་ངེས ་བསྐྱེད་དེ།། ཐེ་ཙོམ་ལེ་ལོ་སྤང་བར་བྱ།། རང་གི་ཕུང་པོ་བསྙེན་བཀུར་ཕྱིར།། ཁྲུས་དང་གཙང་སྦྲ་ལྡན་བྱས་ནས།། གོས་བཀྲ་དྲི་མ་མེད་པ་བགོ། ཟས་ཀྱང་འབྲས་སོགས་དྲི་མེད་ལ།། ཉུང་ངུ་བཟའ་ཞིང ་བཏུང་བར་བྱ།། རྨོངས་པས་གཉིད་དང་ལེ་ལོ་དང་།། དྲི་ང་བ་ནི་སྐྱེད་པར་འགྱུར།། ཐོ་རངས་དང་པོར་ལངས་ནས་ནི།། སྲོད་ཐལ་བར་དུ་བརྩོན་པར་བྱ།། ནམ་གྱི་གུང་ལ་གཉིད་པའི་ཚེ།། འགྲོལ་བན་བྱའི ་སེམས་ཀྱིས་ཉལ།། འཕགས་པ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ལས།། བྲིས་སྐུའི་ལེའུ་སྟེ་བཞི་པའོ།། ། དེ་ནས་ཡང་དག་བཤད་པ་སྟེ། ལྷ་སྒོམ་པ་ཡི་རིམ་པ་ནི། ་རང་གཟུགས་སྟོང་བར་བྱས་ནས་སུ།། ཡི་གེ་འཕྲེང་བའི་འཁོར་ལོ་ལས།། སྒྲ་གྲགས་པ་ནི་རིག་པ་ཆེ།། ཟླ་བའི་གཟུགས་བརྙན་ལྟ་བུར་སྣང་།། དེར་སོན་པ་ནི་རྡོ་རྗེ་སོགས།། རང་གི་ཕྱག་རྒྱ་ཉིད་ཡིན་ནོ།། དེ་ལས ་གྱུར་པའི་སྐུ་མཆོག་ནི།། འཇའ་ཚོན་ཤར་བ་ཇི་ལྟ་བར།། མཚན་དཔེ་མདངས་འོད་ཡང་དག་ལྡན།། བརྗིད་ཅིང་དགྱེས་པའི་མདངས་དང་ལྡན།། སྒེག་ཅིང་རོལ་པའི་ཆ་བྱད་ནི།། བྱིས་པ་གཞོན་ནུའི་ལང་ཚོ་འདྲ།། ་རིན་ཆེན་རྒྱན་དང་ན་བཟའ་ནི།། གཟུགས་མཛེས་ལྷ་ཡི་ཇི་ལྟ་བ།། ཁྲོས་པའི་སྲིན་པོ་ལྟ་བུ་སྟེ།། སྐྲ་དང་ཁ་སྤུ་ལ་སོགས་པ།། སྤུ་སོགས་སེར་ཞིང་རྩུ་བ་ལ་འཁྲིལ།། སྣ་ཚོགས་དུར་ཁྲོད་རྒྱན་རྣམས་ནི།། རྩུབ་ཅིང་། ་བློ་ལྡན་རབ་ཏུ་ཁྲོས།། ན་བཟའ་རློན་པ་ཁྲག་ཅན་ནི།། སྟེང་གི་ཁྱམས་སུ་ཡོད་པར་མཛད།། ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཀྱེ།། ངར་སྐད་འབྲུག་སྒྲ་སྤྲུགས་གླུ་ནི།། རི་རབ་འབུམ་སྙིལ་ཚལ་ཆོམ་ལྟར།། ལུས་རབ་ལྟོས་འགྲོས ་བརྒྱན་པ་ནི།། གཟི་ལྡན་འཁྱུད་ཅིང་ཕུ་སྒྲ་འདོན།། འཕྲོ་འདུ་འོད་ཀྱི་དཀྱིལ་འཁོར་ནི།། ཉི་འབུམ་དུས་མེའི་བསྐལ་པ་འདྲ།། རབ་གདུག་མོ་ཚོན་ཆ་དུ་མ་ནི།། ལྷ་མིན་དུས་ཀྱི་འཁྲུག་པའི་ཆ།། ཁྲོ་བོ་ཁྲོ་མོའི་ཚོགས་འབྱུང་བ། ་ཐམས་ཅད་ཡི་གེ་ཧཱུཾ་སྒྲ་ཅན།། མ་མོ་དང་ནི་མཁའ་འགྲོ་རྣམས།། བྱེ་ཡིག་དྲག་པོའི་བདག་ཉིད་ཅན།། ཐུབ་པ་ཡི་གེ་མུཾ་ལས་བསྐྱེད།། རྒྱལ་སྲས་རིག་མཉན་ཐོས་དང་།། འཇིག་རྟེན ་སྐྱོང་རྣམས་སྔགས་འདིས་བསྐྱེད།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཐཱ། ཨོཾ་སརྦ་སཾ་སྐར་པ་རི་ཤུདྡྷེ་དྷརྨཱ་ཏེ་ག་ག་ན། ས་མུད་ག་ཏེ་ས་ཧ་པ་རི་ཤུད་དྷེ། མ་ཧཱ་ན་ཡ་པ་རི་ཝཱི་སྭཱ་ཧཱ། རང་གི་ལུས ་ལ་སེམས་བཅུག་ནས།། སྡིག་པ་ཐམས་ཅད་རབ་ཏུ་ཞི།། ངང་ཚུལ་བཟང་པོར་ཡང་དག་བྱུང་།། རིག་པར་གྱུར་པའི་སེམས་ལྡན་ནས།། དྲང་སྲོང་རྫུ་འཕྲུལ་ཅན་དུ་འགྱུར།། གཞན་ཡང་སྡུག་བསྔལ་ཞི་ནུས་ན།། ་རང་གི་བདེ་ཐོབ་སྨོས་ཅི་དགོས།། རང་རང་རིགས་ཀྱི་ལྷ་རྣམས།། གཟུགས་བརྙན་ཕྱག་མཚན་ཁ་དོག་ནི།། དཀྱིལ་འཁོར་རམ་ནི་རིས་མ་ལས།། གསུང་བ་ཇི་ལྟར་བསྒོམ་པར་བྱ།། དེ་ནས་མི་གཡོ ་ཁྲོ་བོ་ཆེ།། རྡོ་རྗེ་འཛིན་པ་ཕྱག་འཚལ་ནས།། དག་ཅིང་གསལ་ལ་སྙན་པ་ཡིས།། ཚིག་གིས་ཡང་ནི་འདི་གསོལ་ཏོ།། རྡོ་རྗེ་འཛིན་པ་བཅོམ་ལྡན་འདས།། གཏུམ་མོ་མཚན་ཉིད་ལྡན་པ་ཡི། ་ང་ཡི་མཚན་ཉིད་ཁྱེད་བཤད་ནས།། དེ་ཚེ་རྡོ་རྗེ་འཛིན་རྒྱལ་པོས།། གཏུམ་མོའི་ཆ་བྱད་ལྡན་བྱས་ནས།། རང་གཟུགས་སྔགས་དང་བཅས་པ་ཡིས།། གསང་ཆེན་བརྡ་འདི་བཀའ་སྩལ་ཏོ།། དག་པའི ་སེམས་ཉིད་ཧཱུཾ་རྡོ་རྗེ།། མཐིང་ཁའི་མདོག་ལས་རྡོ་རྗེ་འཛིན།། མཐིང་ཁ་བརྐྱང་བསྐུམ་ཁྲི་སེམས་ཅན།། ན་རའི་རྒྱན་བཅས་འཇིགས་བྱེད་སྐུ།། གྱེན་སྒྲ་ཁ་སྤུ་གྱེན་སེར་དམར།། པདྨ་ཟླ་བའི་སྟེང་དུ་ནི།། མེ་ཡི་ནང ་བཞུགས་རྡོ་དྲིལ་འཆང་།། ནམ་སྣང་འཛིན་དང་གཉིས་དང་པོ།། བཞི་པའི་ལྔ་པ་དེའི་གསུམ་པ།། ལྔ་པའི་ལྔ་པ་བདུན་པའི་བཞི།། མེ་ཡི་སབོན་དགུག་པས་མནན།། བདུན་པའི་དང་པོ་གསུམ་པ་ཡིན།། གསུམ་པས ་བཏིག་གོ་ཧཱུ~ཾ་ཕཊ་བནས།། གསང་སྔགས་རྒྱལ་པོ་བླ་མེད་འདིས།། དགོས་པ་ཐམས་ཅད་འགྲུབ་པ་དང་།། ཁྱད་པར་དུ་ནི་འབྱུང་པོ་སེལ།། ཀླུ་འདུལ་བ་ནི་དཀར་པོ་ཆེ།། ནམ་མཁའ་ལྡིང་གི་ཆ་བྱ་ཆེ།། གྲུབ་པའི་གཏེར ་གྱི་དོན་དུ་ནི། སེར་པོ་འོད་དང་ལྡན་པ་ཡི།། དམར་པོ་དང་ནི་ལྗང་ནག་དག་དྲག་པོའི་གདོན་རྣམས་སེལ་བ་དང་།། ཚེ་རིང་བ་ལ་ཤེས་པའོ།། ལྷག་པ་བསྐྱེད་པའི་སྐུ་མཆོག་ནི། འབྱུང་པོར་གྱུར ་བའི་དེ་མ་ཐག་ས་སྟེངས་ཐམས་ཅད་མུན་ནག་འཕྲིགས། བདུད་རྣམས་ཐམས་ཅད་རབ་ཏུ་ཚིག། ཡེ་ཤེས་མེ་འོད་ཆེན་པོ་འདི། བཟོད་པར་བྲ་ལ་གཅིག་མ་མཆིས། བགེགས་ཆེན་ལོག་པར་འདྲེན ་པ་རྣམས།། དོག་པའི་སེམས་ཀྱིས་ཐག་རིང་འབྲོས།། གསང་སྔགས་ཡི་གེ་ཧཱུཾ་སྒྲ་ཅན།། གློག་འཁྲུག་པ་ཡི་འོད་ཟེར་འདྲ།། ཀླད་པར་ཡི་གེ་ཧཾ་གི་གཟུགས།། གྲུ་གསུམ་མེ་ཡི་གཟུགས་བརྙན་ཅན། ་འོད་དམར་ཚལ་པ་རབ་འཐོར་བས།། བགེགས་ཚོགས་སྲེག་ཅིང་འབྲོས་པར་བྱེད།། བོང་བུ་རྔ་མོ་ཁྱི་སྤྲེའུ་གཟུགས།། རོ་ལངས་མ་ལུས་ཐམས་ཅད་ཀུན།། ཧ་ཧཱུཾ་བརྗོད་ཅིང་འབྲོས་པར་བྱེད།། རླུང་གི ་གཡེངས་པའི་རྡུལ་དང་མཚུངས།། གྱེན་ཐུར་ཧཾ་གི་འཕྲོ་འདྲ་དང་།། ཁྲོ་བཅུ་ས་བོན་ཡི་གེ་ཧཱུཾ།། མེ་དང་རླུང་གི་ཚུལ་དུ་འབར། མངོན་སུམ་རྩ་ལ་མེ་བཞིན་དུ།། རྙིང་གི་ཧཱུ~ཾ་གིས་འདས་ནས་ཀྱང་། གླང་པོའི་ཧཱུཾ ་གིས་སྲེག་པར་བྱེད།། འདོད་དང་ཕུག་རྦྷ་ལྒ་ཡི་སྐུ།། བསྐྲད་དང་བཅིང་དང་མྱོས་བྱེད་པསམ།། སེང་གེ་དང་ནི་ཀླུང་ཆེན་འབྲུག། དྲག་པོའི་སྒྲ་སྐད་ཅི་འདྲ་བར། རྩ་བའི་གསང་སྔགས ་ཟློས་པ་ནི།། བགེགས་དང་ལོག་འདྲེན་མ་ལུས་པ། སྲེག་ཅིང་ཕྱེ་མ་རྡུལ་དུ་རློག་སྙིང་ནང་སྙིང་པོ་བསྟན་པ་ནི།། འོད་འབར་འོད་ཀྱིས་སྡིག་པའི་ཚོགས།། དུ་མ་རྣམ་ཀྱང་ཟད་པར་མཛད།། ལུས་ངག ་ཡིད་བརྟན་འཁོར་ལོ་སྔགས།། ཨོཾ་དང་ཨཱཿདང་ཧཱུཾ་ཕྱོར་གྱིས།། དཔལ་འཕེལ་དབང་ཕྱུག་སྐྱེད་པ་དང་། གོ་ཆ་ཆེན་པོ་སྟོན་པར་བྱེད། ནསསྟྲཻ་ཡ་དྷྭི་ཀཱ་ན~ཾ། ཏ་ཐཱ་ག་ཏཱ་ནཱ~ཾ་ཧཾ་གོ་ཆ་ཆེན ་པོའི་གསང་སྔགས་འདིས།། རྒྱལ་སྲས་རྣམས་ཀྱང་འདར་གྱུར་ན།། བགེགས་རྣམས་སྲེག་པ་སྨོས་ཅི་དགོས།། ས་མ་ཡ་སྟྭཾ་ཨཾ་ཧཾ་གཽས།། ཡེ་ཤེས་ལྷ་དང་འབྲེལ་བར་བྱ།། རྒྱལ་བས་དབང་བསྐུར ་སྦྱོར་བས་ནི།། ཡེ་ཤེས་དབུ་རྒྱན་བཏགས་པར་བྱ།། གཙོ་ལ་མི་བསྐྱོད་དབུ་རྒྱན་ཅན།། འཁོར་ཀུན་མི་གཡོས་རྒྱས་གདབ་བྱ།། བདག་ཉིད་ཡི་གེར་བྱས་ནས་སུ།། མེ་གཟུགས་ཤིན་ཏུ་ཕྲ་བས་ནི ་མཚན་མོ་དུས་སུ་ཉམས་པར་བྱ། སྡང་བ་ཧཱུ~ཾ་གི་སྒྲ་ལས་སོ།། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་བསྡུས་པའི་རྒྱུད་ལས། ལྷ་འབྱུང་བའི་ལེའུ་སྟེ་ལྔ་པའོ།། དེ་ནས ་ཡང་དག་པཤད་བྱག།། སྔགས་སྤྱོད་ཚུལ་གྱི་ཆོ་གཉོན།། དད་པ་དང་ཡང་མི་ལྡན་ཞིང་།། བྱང་ཆུབ་སེམས་ལས་མ་བསྐྱེད་དེ།། དབང་བསྐུར་རྗེས་གནང་མ་ཐོབ་ལ། སྡོམ་ཚུལ་དམ་ཚིག་བྲལ་བའི་མི ་གས་སྔགས་དང་ལེ་བ་ནི།། བྱིས་བསྔགས་སེག་མེ་པ་འང། རྫོག་པ་མེད་ང་བུ་བའི་སྣོར།། དེནི་སློབ་དཔོན་འདི་སྐ་ཡོད།། ཨོཾ། སྐྱུགས་མཆོག་ཏུ་འཛི་ན་ས་རྠ། ་པདུ་མར་བསགས་པ་ཡི།། སྡིག་པའི་ཚོགས་རྣམས་དག་གྱུར་ནས།། རང་བཞིན་དག་པའི་སེམས་སུ་བྱེད།། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་དྷིཥྛཱ་ན་ཀཱ་ཡ་བཱ་ཀུཙིཏྟི་བི་ཤོ་དྷ་ན་ཨ་བྷིཥིཉྩ་ཧཱུཾ། ཨོཾ། སངས་རྒྱས ་ཀུན་གྱིས་བསྔགས་པ་ཡི།། རིན་ཆེན་སྔགས་ལས་བྱུང་བ་ཡི།། དབུ་རྒྱན་ལྷ་རྫས་ཅོད་པན་འདིས།། དབང་བསྐུར་རིན་ཆེན་མཆོག་ཏུ་འགྱུར།། ཨོཾ་བཛྲ་དྷཱ་ར་ཤྲཱི་བཛྲ་ས་མ་ཡཻ་སྟྭཾ་ཨ་ཧཾ། རཏྣ་མུ་ཀུ། ་ཊ་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཆེན་པོ་བླ་ན་མེད།། བཟུང་བས་ཕྱོགས་ལས་རྒྱལ་གྱུར་ཏེ།། རྡོ་རྗེ་ལྟ་བུར་བརྟན་བྱེད་པས། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་།། ཨོཾ་སརྦ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། དྲིལ་བུ་དབྱངས་སྙན་བླུན ་མེད། སྐུ་ཡི་རྡོ་རྗེ་རབ་ཏུ་བསྐྱེད།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་།། ཁམས་གསུམ་སྲིད་པའི་རྒྱལ་པོར་འགྱུར།། ཨོཾ་ས་མ་ཡ་གྷརྦྷ་བཛྲ་ཨ་བྷི་ཥིཙྪ་ཧཱུཾ།། ཨོཾ། སྙིང་རྗེ་ཤེས་རབ་དབྱེར་མེད་རྒྱ།། གང་གིས ་ཐོས་པ་ནང་གི་སུ།། དེ་ཡི་མིང་མཚན་བདག་པོར་འགྱུར།། རྟག་པའི་ངང་གནས་བླང་བར་མཛོད།། ཨོཾ་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ།། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བ ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་སྙེམས་བདག་བདག་མཛོད་ཅིག། སངས་རྒྱས་ཀུན་གྱི་དྲིལ་བུ་རྒྱ།། ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད།། རྟག་ཏུ་ཁྱོད་ཀྱིས་བཟུང་བྱས་ནས།། བྱང་ཆུབ་མཆོག ་ཐོབ་རྒྱལ་བས་གསུངས།། ཨོཾ།། ཤེས་རབ་རལ་གྱིཟ་ན་མེད།། གང་གིས་འཆུང་བརྒྱལ་འགྱུར་ཏེ། གབདུན་ཀྱི་དཔུང་ནི་གཤེགས་ནས་ཀྱང་།། མཔའ་ལ་ཡེ་ཤེས་འོད་འབར ་གྱུར།། ཨོཾ་སྱརྦ་ཏ་ཐཱ་ཀ་ཏ་བཛྲ་ཛྙཱ་ན་ལནཱ་ཨ་བྷིབྷིནྟུ་ཧཱུཾ། ཨ། རྡོ་རྗེ་ཞགས་ཐུགས་རྡོ་རྗེ་རྔན།། ཉོན་མོངས་སྒྱིད་པའི་སྡོང་བུ་རྣམས། ཐབས་ཀྱི་ཞགས་པས་བཅིངས་ནས་ཀྱང་།། སྲིད་པའི་འཆིང་བ་ལས། ་གྲོལ་མཛད།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བཛྲེ་པཱ་ཤ་ན་ཨ་བྷིཥིཉྩ་ཧཱུཾ། དབང་དང་རྗེས་གནང་མ་ཐོབ་ཅིང་།། དམ་ཚིག་སྡོམ་པ་མི་ལྡན་ལ།། བླ་མ་མཉེས་པར་མི་བྱེད་ན།། སྒྲུབ་པ་འབྲས་མེད་ངན་སོང་འགྲོ།། ལོག ་ལྷཅན་ཀང་བྷ་མ་ཚེ།། དམྱལ་བའི་གནས་སུ་འགྲོ་བར་ངེས།། འདིར་ཉམས་པས་ནི་ནད་ཡམས་དང་།། དགྲ་བོ་མུ་གེས་རྟག་ཏུ་འཚེ།། དཀྱིལ་འཁོར་ས་གཞི་ཉམས་དགའ་བ།། ཆུ་ཀླུང་མཚོ་འགྲམ་རི་ལྗོངས་དང་། ་འབྲས་བུ་མེ་ཏོག་སྐྱེད་མོས་ཚལ།། ཀུན་དགའ་ར་བ་ཁང་བཟང་མཆོག། བཞི་མདོ་རི་སུལ་ཤིང་གཅིག་དྲུང་།། ཕྱུགས་ལྷས་ཁང་བརྩེགས་གླང་ཆེན་བྲེས།། གཙུག་ལག་ཁང་དང་དགོན་པ་དང་།། ཆུ་གླིང་མཚེའུ ་འགྲས་ནེའུ་གསིང་དུ།། བསྙེན་དང་དབང་བསྐུར་བྱེད་པ་དང་།། དུར་ཁྲོད་སོགས་སུ་ལས་རྣམས་སྒྲུབ།། ལས་ཀྱི་དཀྱིལ་འཁོར་ཁྲུ་གང་སྟེ།། དབང་གི་དཀྱིལ་འཁོར་ཆེན་པོ་ལ།། ཐུབ་པའི་དཀྱིལ་འཁོར་ཁྲུ་བཞི་པ། ་ཡང་ན་དྲུག་གམ་བརྒྱད་ཀྱང་བྱ།། གཞན་ནི་ཁྲུ་གསུམ་ཚད་དུ་བ།། ཡང་ན་ལྔ་འམ་བདུན་དུ་བྱ།། གཟའ་ཡི་དཀྱིལ་འཁོར་ཁྲུ་གཉིས་ཏེ།། ཡང་ན་ཕྱེད་དང་གསུམ་པར་བྱ།། ཀུན་ཏུ་བཞི་ཆ་བོ་དྲང་སྟེ།། ཁང་པས་ཚད་ཀྱི་ཕྱེད ་ཡིན་ཏེ། ཁང་པ་གཉིས་པཆ་གསུས་པ།། རྟ་བབས་རྡོ་རྗེ་པདྨའོ།། ལྷ་རྣས་པནི་མ་དག་ཏུ་འགྱུར།། ཐུབ་པའི་སྒོན་པཞི་ཡིན་ཏེ།། གཞན་དུ་སྒོ་གཅིག་པ་ཉིད་ཤིས།། འཇམ་པའི་དབྱངས་ནི་བྱང་གི་སོ།། ཆོས་ནི་ནུབ་རྡོ ་རྡོ་རྗེ་ལྷོ།། གཟའདུང་འཇིག་རྟེན་སྐྱོང་སོགས་ཤར།། དབང་སྦྱར་ལྔ་ཡི་གནས་རྣམས་སུ།། བུམ་པ་ཕྱག་རྒྱར་བཅས་པའམ།། སྲུབ་པ་རང་རང་ཕྱབ་རྒྱ་གཞག། ཐུབ་པའི་དཀྱིལ་འཁོར་དབུས་སུ་ནི།། པད་དཀར ་སྟེང་དུ་ལྷུང་བཟེད་དོ།། གཙོ་བོའི་ས་ནི་སོར་དྲུག་སྟེ། ལྷ་ས་རྣམས་ནི་སོར་བཞིའོ།། རིགས་ཀྱི་མཚན་མས་ཡང་ཡང་བསྐོར།། བྱང་དུ་འཇིག་རྟེན་དབང་སྡུད་ནི། པད་དཀར་རྡོ་རྗེ་གདངས་པོར་བཅས། ་དབང་ལྡན་སྤྱི་བླུགས་བྱམས་པའི་འོ།། ཤར་དུ་འཇམ་དཔལ་ཨུཏྤལ་སྔོ།། མེར་ནི་ཀུན་བཟང་ཡིད་བཞིན་ནོ།། ལྷོར་ནི་རྡོ་རྗེ་རྡོ་རྗེ་འཛིན།། བདེན་བྲལ་མཁའ་སྙིང་པད་དཀར་ཏེ།། ནུབ་ཏུ་པད་སེར་རྡོ ་ཆོས།། ནུབ་བྱངས་སྙིང་པདྨ་དམར།། གཙུག་ཏོར་གནོད་མཛེས་སྟེང་འོག་ཆར།། གཙུག་ཏོར་དང་ནི་གཏུན་ཤིང་ངོ་།། ཤར་དུ་རྣམ་རྒྱལ་ཐོད་པ་སྟེ།། མེར་ནི་འདོད་རྒྱལ་རྩེ་གསུམ་མོ།། ་རྡོ་རྗེ་རྩེ་གཅིགག་ཤིན་རྗེ་ལྷོར།། བདེན་བྲལ་རལ་གྲི་སྟོབས་པོ་ཆེ།། ནུབ་ཏུ་རྟ་མགྲིན་པདྨ་སྟེ།། བྱང་དུ་བགེགས་དགྲ་རྡོ་རྗེ་རྒྱ།། ནུབ་ཏུ་དབྱུག་པ་སྔོན་པོ་སྟེ།། དབང་ལྡན་དུ་ནི་མི་གཡོ་ག། ་དེ་ཡི་རྒྱབ་ཏུ་ཉན་ཐོས་ནི།། ཤཱ་རིའི་བུ་དང་རབ་འབྱོར་དང་།། མོའུ་འགལ་བུ་དང་འོད་སྲུངས་དང་།། རྒྱལ་མཆོག་དང་ནི་ས་སྟེངས་སྦྱོང་།། རྟ་ཐུལ་དང་ནི་བགླང་བདག། དྲག་ཤུལ་དབང་ཆེན་ཚངས་བུ ་ཅན། བྷ་རདྷྭ་ཛ་ལྟེང་རྒྱས་དང་།། དགའ་བོ་ཉེ་དགའ་སྒྲ་གཅན་ནོ།། དེ་ལྟར་བཅུ་དྲུག་ཕྱག་རྒྱའོ།། པདྨའི་སྟེང་དུ་ལྷུང་བཟེད་དོ།། དེ་ནས་ཡང་དག་བཤད་བྱག། འཇམ་དཔལ ་དཀྱིལ་འཁོར་བཟང་པོ་ཡི།། དབུས་སུ་རལ་གྲི་མེ་འོད་ཅན།། རིན་ཆེན་རྡོ་བྲག་སྟེང་དུ་བྲི།། བྱང་དུ་རྡོ་རྗེས་མཚན་མ་ཡི།། བུམ་པ་བྲི་བ་བྱམས་པའོ།། ཤར་དུ་ཀུན་བཟང་པོ་ཡི།། རྡོ་རྗེ་དཀར་པོ་བྲི་བར་བྱ།། ་ལྷོར་ནི་མེ་འོད་ལྡན་པ་ཡི།། ལག་ན་རྡོ་རྗེའི་རྡོ་རྗེ་བྲི།། ནུབ་ཏུ་འཇིག་རྟེན་དབང་པོ་སྟེ།། པད་དཀར་འོད་དང་ལྡན་པ་བྲི།། ཡིད་བཞིན་ནོར་འཛིན་མཛེས་གཟུགས་ཅན།། རིན་ཆེན་རྡོ་སྟེང་དབང་ལྡན་བྲི།། མེར་ནི་རབ ་འབར་རྡོ་རྗེ་ཡི།། བགྲང་འཕྲེང་པདྨ་ལ་གནས་བྲི།། བདེན་བྲལ་དུ་ནི་རབ་བརྗིད་པའི།། གོ་ཆ་འབར་བ་བྲི་བར་བྱ།། རླུང་དུ་མཛེས་པ་གཞོན་ནུའི་ལྷ།། རིན་ཆེན་སྒྲོན་ནི་བྲི་བར་བྱ།། སྟེང་དུ་རྟུལ་ཕོད་ཅེས་ཁྲོ་བོའོ།། ་པདྨའི་སྟེང་དུ་ཁྲོ་བོ་ཡི།། འོག་ཏུ་ཁྲོ་རྒྱལ་མངག་གཞུག་གི། རྡོ་རྗེ་དྲག་སྟེང་ཞགས་པ་བྲི།། ཁྲོ་བོ་ལྷག་མ་སྔོན་གྱི་ནི།། ཚུལ་གྱིས་རྒྱལ་བར་དགོད་པར་བྱ།། བརྟན་པ་ཞེས་པའི་ཕོ་ཉ་མོའི།། ཆུ་གྲི་བྱང་དུ་བྲི་བར་བྱ།། ་ཟླ་བའི་དཀྱིལ་འཁོར་འཆང་བ་ཡི།། མཁའ་སོར་མ་ནི་ཤར་དུའོ།། ཉི་མའི་དཀྱིལ་འཁོར་འཆང་བ་ཡི།། རྣམ་འཇིགས་མ་ནི་ལྷོ་རུའོ།། ནུབ་ཀྱི་ཕྱོགས་སུ་བྲི་བར་བྱ།། མཛོད་སྤུ་མ་ཞེས་རིན་འཕྲེང་འཛིན།། ་རིན་ཆེན་རྡོ་སྟེངས་ཤར་ལྷོར་བྲི། ཤར་ལྷོར་བགེགས་འཛིན་མ་ཞེས་པ།། འཁོར་ལེ་མེ་འབར་རྡོ་རྗེ་བྲི།། འབར་བའི་གཏུན་ཤིང་བདེན་བྲལ་དུ།། འཇོམས་པའོ་ཐོ་བ་རླུང་དུ་བྲི།། ཐལ་སྦྱར་གུང་མོ་ནང་དུ་བཅུག ་པདྨ་མཛོད་ཀྱི་ཕྱག་རྒྱ་དང་།། སྔགས་འདིས་དཀྱིལ་འཁོར་བྱིན་གྱིས་བརླབ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿཧཱུཾ་ཧཱུཾཿབ་བ། མཾ་མྲྀ་སྭཱཧཱ། སྤྱན་དྲང་གཤེགས་སུ་གསོལ་བ་དང་། ་སྲུང་བ་མཆོག་གི་སྔགས་ཡིན་ནོ།། ན་མཿསརྦ་ཏ་ཐཱ་ག་བྷྱཿསརྦ་བི་ཤྲ་མུ་ཁེ་བྷྱཿཧེ་ཧེ་ཧེ་ཨཱ་ཛྙཱ་བ་ར་མེར་ག་གན། ཨཱ་གཙྪ་གཙྪ་བྷ་ག་བཱན་ཤི་གྷྲ~ཾ་སྭཱ་ཧཱུ། བསྟེན་པ་འབུམ་ལ་བྱིན་བརླབས་དང་། ་སྒྲུབ་པ་དང་མཆོད་པའོ།། དེ་ནས་ཡང་དག་བཤད་བྱ་བ།། རྡོ་རྗེ་ཆོས་ཀྱི་དཀྱིལ་འཁོར་ནི།། དབུས་སུ་འཇིག་རྟེན་དབང་སྡུད་ཉིད།། པདྨ་དམར་པོ་འཆང་བའོ།། ཤར་དུ་དོན་ཡོད་ཞགས་པ་ནི ་བགྲང་འཕྲེང་སྔོན་པོ་འཆང་བའོ།། ལྷོར་ནི་ནམ་མཁའ་དྲི་མེད་དེ།། རྡོ་རྗེ་སྔོན་པོ་འཆང་བའོ།། ནུབ་ཏུ་གར་གྱི་དབང་པདྨ།། བྱང་དུ་ཐུགས་རྗེ་ཤུགས་པོ་ཆེ། རྡོ་རྗེ་ནིག་པོ་འཛིན་པ་བྲི།། སྒྲོལ་མ་ཁྲོ་གཉེར ་རལ་གཅིག་དང་།། ཡིད་བཟང་མ་ནི་མཚམས་སུ་བྲི།། ཁྲོ་བོ་དང་ནི་ཕོ་ཉ་མོ།། འཇམ་པའི་དབྱངས་ཀྱིས་རིམ་པས་དགོད།། དེ་ནས་ཕྱག་ན་རྡོ་རྗེ་ཡི།། དཀྱིལ་འཁོར་ཡང་དག་བཤད་པར་བྱ།། དབུས་སུ་ཕྱག་ན། ་རྡོ་རྗེ་ཉིད།། རྡོ་རྗེ་དཀར་པོ་འཆང་བའོ།། ཤར་དུ་སངས་རྒྱས་སྤྱན་མ་ཡིན།། ལྷོར་ནི་པད་འཛིན་མཱ་མ་ཀཱི།། ནུབ་ཏུ་གོས་འཆང་ན་བཟའ་དཀར།། བྱང་དུ་སྒྲོལ་མ་ཨུཏྤལ་འཆང་།། ཕྱོགས་བཞིར་ནམ ་མངའདྲི་མེད་དང་།། ཤུགས་པོ་ཆེ་དང་རྡོ་རྗེ་ཏོག། བསྙེམས་ཚུལ་ཆེན་པོ་ཞེས་པ་རྣམས།། རིགས་ཀྱི་མཚན་མ་འཛིན་པའོ།། དེར་ཡང་སྔོན་ལྟར་ཁྲོ་བོ་རྣམས།། རིམ་པ་བཞིན་དུ་བྲི་བར་བྱ།། དེ་ཡི་ཆ་རྒྱབ ་དཀྱིལ་འཁོར་ལ། དྲག་པོ་ལྷ་རྣམས་བཀོད་པ་ནི།། དཔུང་བཟང་ལ་སོགས་རྡོ་རྫལྡན།། བརྒྱད་པོ་བྱུང་གི་ཕྱོགས་སུ་གྲཾ།། ཚོགས་འཆང་བ་ཤེས་གཉེན་ལོ་སྦྱོང་དང་།། མཐོང་དཀར ་རིགས་བྱེད་བདེན་བྲལ་མེད།། ངན་སྤོང་བརྒྱད་དེ་དྲང་སྲོང་ཤར།། ལྷོར་ནི་རྡོ་རྗེ་དགྲ་སྟ་མ།། རྡོ་རྗེ་ཐོ་བ་དྲག་ཤུལ་མ།། རྟ་རྣམ་དང་ཁྲོ་གཉེར་མ།། རོ་ལངས་མ་དང་ལྕགས་སྒྲོག་མ།། མཐོང་དཀའ་མ་སྟེ ་བརྒྱད་པོ་བྲི།། དུག་སེ་ལ་རྨ་བྱ་འོད་ཟེར་ཅན།། ནོར་རྒྱུན་རལ་གཅིག་དཔུང་རྒྱན་མ།། དབྱངས་ལྡན་དྲིལ་སྒྲོག་བརྒྱད་ནུབ་ཕྱོགས།། ཀུན་ཀྱང་རང་རིག་ཕྱག་རྒྱ་ཅན།། སྒོ་ཡི་ཕྱོགས་སུ་དགོད་བྱ་བ།། ཐུབ་པའི ་འཇིག་རྟེན་སྐྱོང་བ་བཞི།། བརྒྱ་བྱིན་ཁྱབ་འཇུག་དབང་ཕྱུག་ཆེ།། ཚངས་པ་འཇམ་དཔལ་དཀྱིལ་འཁོར་ལའོ།། རྒྱལ་དང་རྣམ་རྒྱལ་མི་ཐུབ་པ།། གཞན་མི་ཐུབ་པ་སྤྱན་རས་གཟིགས།། ནག་མོ་ཆེ་དང ་ཨུཙྪུདྠ།། གཞོན་ནུ་འཕྲོག་གཏེར་འཛིན་གྱི།། ཁྲོ་བོ་མི་གཡོ་སྐྱོ་བཞི་ལ།། ནག་པོ་ཆེ་དང་དགའ་བྱེད་དང་།། ངན་སྤོང་དང་ནི་ཚོགས་བདག་གོ།། མི་གཡོ་དབང་སྐུར་དགྱེས་པ་ཡི།། དབུས་སུ་ཁྲོ་བམ། ་གཡོ་བའི།། རལ་གྲི་མེ་འོད་འབར་བའོ།། ཕྱོགས་བཞིར་ཁྲོ་བོ་མདོག་བཞིའོ།། འཁོར་ལོས་སྒྱུར་བའི་ཆ་བྱ་ཅན།། རྡོ་རྗེ་རིན་ཆེན་པདྨ་དང་།། རྒྱ་གྲམ་གཡས་པའི་ཕྱག་ཏུ་འཆང་།། གེ་ཡོན་པ་སྡིགས་མཛུབ་ཞགས་པ་འཆང་། ་རིན་ཆེན་བྲག་ལ་སྐུ་བཞུགས་ནས།། ཞབས་གཉིས་པདྨའི་སྟེང་དུའོ།། མཚམས་སུ་ཁྲོ་མོ་བཞི་པོ་ཡང་།། གཙོ་བོ་དང་མཚུངས་སྒེག་པའི་ཉམས།། དེ་རྒྱབ་སྔོན་ལྟར་ཁྲོ་བོ་བཅུ།། སྐུ་འམ་ཕྱག་རྒྱའི་འཕྲེང་བ ་བྲི། དཀྱིལ་འཁོར་ཆ་ཡི་རྒྱབ་ཏུ་ནི།། འཇིག་རྟེན་སྐྱོང་བཅུ་དྲག་ཤུལ་ཅན།། ཁྲོས་པས་རང་རིགས་འཁོར་བཅས་བྲི།། བུམ་པ་ཚད་ལྡན་རས་ཀྱིས་དཀྲི།། དྲི་བཟང་ཆུས་བཀང་ལྷ་གྲངས་སམ།། བཅུ་གཉིས ་སམ་ནི་དྲུག་ཀྱང་རུང་།། ཁ་རྒྱན་དང་བཅས་གཞག་པར་བྱ།། བླ་རེ་བ་དན་གདུགས་རྒྱལ་མཚན།། ཡོན་ཆབ་བདུག་སྤོས་མེ་ཏོག་དང་།། སྒྲོན་མེ་བྱུག་ཆ་བ་ཞལ་ཟས་དང་།། གླིང་བུ་སིལ་སྙན་ན་བཟའི་ཚོགས། ་གཏོར་མ་དྲི་བཟང་སྨན་དང་བཅས།། ཡིད་འོང་དྲི་ཞིམ་ཟས་སྐོམ་ཚོགས།། དཀྱིལ་འཁོར་སྤྲས་ནས་མཆོད་པར་བྱ།། ས་ལ་སྤུས་མོ་ཚད་བརྗོད་ནས།། འབུ་སྲིན་ཤིང་རྡོ་དུམ་བུ་སོགས།། སྐྱོན་མངའ་བྲལ་ནས་ས ་ཡིས་ས་དགང་།། བ་ལི་རྣམ་ལྔས་བྱུགས་པའི་སར།། མེ་ཏོག་གཅལ་བཀྲམ་མཆོད་སོགས་བཀོད།། ལྷ་ནི་སྤྱན་དྲངས་མཆོད་ནས་ཀྱང་།། དགེ་དང་མི་དགེའི་རྨི་ལམ་བརྟག། རྨི་ལམ་བཟང་ན་སྤྲོ་གྱུར་ནས། ཀ་ས་བདག་མོ ་ལ་སོགས་པ་གདབ།། ཁྱད་པར་དུ་ཡང་གཏོར་མས་མཆོད།། བུ་ཚུར་ཤོག་ཅེས་ཐེག་ཆེན་གྱི།། ཚུལ་ཆེན་ཁྱོད་ནི་སྣོད་ཡིན་པས།། གསང་སྔགས་སྤྱོད་ཚུལ་ཆོ་ག་རྣམས།། ཁྱོད་ལ་ཡང་དག་བསྟན་པར་བྱ།། དུས ་གསུམ་སངས་རྒྱས་འབྱུང་བ་རྣམས།། མི་གཡོ་མགོན་པོར་རབ་བསྒོམས་པ།། ཡེ་ཤེས་མཚུངས་པ་མེད་པ་བརྙེས།། སྐྱོབ་པ་ཤཱཀྱ་སེང་གེས་ཀྱང་།། གསང་སྔགས་སྦྱོར་བ་མཉམ་མེད་འདིས།། བདུད་སྡེ ་ཤིན་ཏུ་མི་བཟད་པ།། དཔུང་ཆེན་རྣམས་ཀྱང་དཔའ་བོས་བཅོམ།། འཇིག་རྟེན་འདུལ་ཕྱིར་ཆོས་རྣམས་ཀྱི།། འཁོར་ལོ་བསྐོར་ནས་མྱ་ངན་འདས།། དེ་འདྲ་ཀུན་མཁྱེན་ཐོབ་བྱའི་ཕྱིར།། བུ་ཁྱོད་བློ་གྲོས་འདི་གྱིས ་ཤིག། ཨུ་དུམ་པ་རའི་མེ་ཏོག་ལྟར།། བརྒྱ་ལམན་ནི་རེས་འགའ་ཞིག། འབྱུང་འགྱུར་ཡང་ནི་མི་འབྱུང་སྟེ།། སྐྱོབ་པ་འཇིག་རྟེན་མགོན་པོ་ཆེ།། རྙེད་དཀའ་རྙེད་པར་གྱུར་ན་ཡང་། ་གསང་སྔགས་སྐྱོབ་པའི་ཚུལ་འབྱུང་བ།། ཤིན་ཏུ་དཀའ་སྟེ་རྨད་བྱུང་ཕྱིར།། སྡུག་བསྔལ་ཤིན་ཏུ་མི་བཟད་པ།། འཁོར་བའི་རྒྱ་མཚོ་ཆེར་འཇིགས་ལས།། མྱུར་དུ་སྒྲོལ་བ་གསང་སྔགས་ལས།། ས་སྟེངས་གསང་སྔགས ་ནོན་བུ་འདྲ། ན་ནད་འཆི་འཇིགས་སྤོང་བ་དང་།། ཉེས་མཛད་གྲོགས་གཅུགས་མཐུན་འདོད་དང་། མུ་གེ་དགྲ་ཆོམས་བྲལ་བ་དེ་དང་།། ཟས་སྐོམ་གོས་རྒྱན་ལོངས་སྤྱོད་བརྟག་བདེ་བསྐྱེད་དཔལ་འབྱོར་ཐོབ་པ་དང་། ་མྱུར་དུ་སངས་རྒྱས་འདོད་པ་ཡིས།། གསང་སྔགས་ཐབས་ལ་མྱུར་བརྩོན་བསྒྲུབས།། ཇི་ལྟར་དུས་གསུམ་མགོན་པོ་རྣམས། བྱང་ཆུབ་ཏུ་ནི་ངེས་མཛད་པའི།། བྱང་ཆུབ་སེམས་ནི་བླ་མེད་པ། དམ་པ ་བདག་གིས་བསྐྱེད་པར་བྱ།། སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་།། དགེ་བའི་ཆོས་ནི་སྡུད་པ་དང་།། སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ།། དེང་ནས་མཆོག་ཏུ་བརྟན་པར་གཟུང་།། འགྲོ་ལ་ལྷག ་པའི་སེམས་བསྐྱེད་ནས།། བླ་མ་ལ་ནི་ཡོན་ཕུལ་ཞུ།། ཡིད་བཞིན་ནོར་འདྲ་བླ་མེད་སྐུ།། ཞི་བ་སངས་རྒྱས་གོ་འབང་ཐོབ།། སྲོག་གཅོད་རྐུ་བརྫུན་མི་ཚངས་སྤྱོད།། མྱོས་བྱེད་འཐུང་དང་གླུ་གར་རོལ། ་རྒྱན་བྱུག་མལ་ཆེན་མཐོ་བ་དང་།། ཕྱི་དྲོ་ཁ་ཟས་སྤང་བ་སྟེ།། བརྒྱད་དང་བཅུ་གཅིག་བཅོ་ལྔ་དང་།། ཁྱད་པར་དུ་ནི་གནམ་སྟོང་ལ།། དལ་འབྱོར་ཐོབ་པ་ཤིན་ཏུ་དཀོན།། སངས་རྒྱས་བསྟན་པ་ཤིན་ཏུ་དཀོན།། ་སྡོམ་པ་བླངས་ནས་སྲོག་བཞིན་དུ།། གཡེངས་མེད་བསྡམས་ཏེ་བསྲུང་བར་བྱ།། གསུམ་ལ་རྟག་ཏུ་སྐྱབས་འགྲོ་བྱ།། ལྷ་མི་བདེ་ལྡན་ལུས་ཐོབ་ནས།། དམྱལ་བདུད་འགྲོ་ཡི་དགས་གནས།། ཐོབ་གནས ་སྤང་དཀའ་དེ་དག་ནི།། ནམ་ཡང་ཐོབ་པར་མི་བྱའོ།། བདག་ནི་དཔའ་བོ་རལ་གྲི་འཆང་།། གསང་བའི་འཁོར་ལོ་སྦྱོར་བྱེད་པས།། བཀའ་ལས་འདས་པའི་གདུག་ཅན་རྣམས། དུམ་བུ་ཕྱེ་མར ་འགས་པར་འགྱུར།། སློབ་མ་གཟུང་ཕྱིར་ཐེག་མར་ནི།། བསྙེན་པས་སྔགས་ཀྱི་མཐུ་བསྐྱེད་བྱ།། ལོངས་སྤྱོད་འཕེལ་ཕྱིར་གཏོར་མ་བསྟང་།། བསོད་ནམས་འདོད་ཕྱིར་མཆོད་པ་བརྩོན།། ་བླ་མ་ཐོས་བསམ་སྒོམ་ལ་གནས།། གཏོང་ཕོད་དུལ་ཞིང་ཆོས་སྤྱོད་མཁས།། ནད་མེད་བཟོད་དེས་སྙིང་རྗེ་ཆེ།། སྔགས་སྒྲུབ་བརྩོན་དཔལ་ཤེས་རབ་ཅན།། བརྟགས་ནས་སློབ་མ་ལྔ་འམ ་བདུན།། དང་བརྩོན་ནི་དུལ་བླ་མ་བཀུར།། སྡིག་འཇིགས་ནད་མེད་དབང་པོ་ཚང་།། དབྱིབས་སྡུག་སྙིང་རྗེར་ལྡན་པ་གཟུང་།། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ལས།། སྐྱེ་བ། ་གཟུང་བའི་ཐབས་ཀྱི་ལེའུ་སྟེ་དྲུག་པའོ།། ། དེ་ནས་ཡང་དག་བཤད་བྱ་བ།། རིག་པ་འཛིན་པའི་དངོས་གྲུབ་ཆེ།། གཞན་དུ་མེད་པ་ཕུལ་བྱུང་བ།། རྒྱུད་འདིར་བཤད་པ་མཉན་པར ་བྱས།། མིན་རིན་ཆེན་དང་པོ་སྟེ།། གང་གང་སྒྲུབ་པ་དེ་དང་དེ།། འགྲུབ་པར་གྱུར་གྱི་གཞན་དུ་མིན།། རལ་གྲི་སྔགས་སམ་ཤིང་ལ་བྱ། སོར་བཞི་པའི་ས་སོར་བརྒྱད་བྱ།། ཡུ་བར་རིགས་ཀྱི་རྒྱ་ལཝཾ། ་བ་ཡི་རྣམ་ལྔ་དྲི་ཞིས་ཆུས།། བཀྲུས་ཏེ་དྲི་དང་མེ་ཏོག་མཆོད།། དྲུག་སྔགས་བཟླས་ཁྲོ་བ་སྒོམ།། རལ་མི་རྡལ་འབྲུལ་འོད་དུ་འབར།། བླངས་པས་མཁའ་སྤྱོད་ཡུལ་འགྲོ་འགྱུར།། ཚོན་པར ་གྱི་བསྐལ་པ་སྟེ།། ལྷ་ཡི་བཞོན་པ་སྣ་ཚོགས་བཅིབས།། སངས་རྒྱས་ཞིང་རྣམས་འགྲོ་བར་འགྱུར།། གསེར་དངུལ་ཟངས་ཀྱི་ཞགས་པའམ། ཤིང་གི་ཞགས་པའང་དེ་ལྟར་འགྲུབ།། རྒྱལ་མཚན་ནོར་བུ་གིའུ་ཝང ་གདུགས།། ལུགས་ཀྱུ་རྣམས་ཀྱང་དེ་བཞིན་སྒྲུབ།། ལྷ་རྣམས་སྒྲུབན་ཐང་ཤིང་ལ།། གང་འདོད་ལྷ་ཡི་གཟུགས་བྱས་ཏེ།། སྔགས་བཟླས་ཙམ་གྱིས་མདུན་དུ་འོང་།། ཅི་འདོད་གསོལ་འདེབས་འདོད་པ་སྔ། ་ཀླུ་ལ་ནཱ་ག་གེ་སར་ཤིང་།། གནོད་སྦྱིན་ལ་ནི་གསེར་ལས་གཟུགས།། དྲི་ཟལ་ནི་འོ་མའི་ཤིང་།། མཁའ་ལྡིང་འཇིམ་པའི་གཟུགས་ཀྱིས་སོ།། སྲིན་པོ་ལ་ནི་དུར་ཁྲོད་ཤིང་།། གང་ཡང་གཟུགས་བྱས་རྐང ་བེ་ནི། གཡོན་པས་དེ་ནི་སྐེམནན་ཏེ།། སུམ་འབུམ་བཟླས་ན་མདུན་དུ་འོང་།། ཅི་འདོད་སྦྲ་ཚེ་དགོས་པ་བླང་། ཤར་དུ་རས་རིས་ཁ་སྤྲད་དྲུང་། དུས་གསུམ་ཁྲུས་བྱས་གོས་རློན་གྱོན།། སུམ་འབུས ་བཟླས་ན་མར་ངོ་ཡི།། བརྒྱད་ལ་འབྱུང་པོ་གཏོར་མ་སྦྱིན།། མཎྜལ་སྟེང་དུ་རོ་བཞག་ནས།། རང་ཉིད་རིན་ཆེན་ཁྲི་སྟེང་དུ། སྙིང་པོ་ཁྲི་བརྗོད་རོ་འགུལ་འགྱུར།། མི་སྐྲག་ཁ་ཡི་ནང་དུ་ལྕེ། པདྨ་ལ་ཕྱེ ་ལྟེ་ཅན་མཐོང་། བཅད་ན་རལ་གྲི་རིག་འཛིན་འགྱུར།། ལྷ་ཡི་གཟུགས་ཀྱིས་ཚངས་པ་ཡི།། འཇིག་རྟེན་ཁམས་ཀྱི་གནས་རྣམས་རྒྱུ།། གིའུ་ཝང་བདུན་བཟླས་ཐིག་ལེས་ནི། སྐྱེ་བོ་ཀུན་གྱིས ་མི་མཐོང་ངོ་།། མི་གཡོ་པུས་མོ་བཙུགས་པའམ། འཇམ་དཔལ་རིས་མའི་དྲུང་དུ་ནི། འཇས་དཔལ་སྔགས་འདིས་ཡ་བཟླས།། ཉལ་ཁྱད་པར་མཆོད་པ་བྱས། མཚན་རངས་བཟླས་པའི ་ཐོ་རངས་ནས།། དང་པོ་རྟགས་ས་གཡོ་བར་འགྱུར།། གཉིས་པ་ཉི་མ་འགྱུར་ལྡོག་བྱེད།། ཕྱོགས་བཞིར་མཁའ་ལ་སྒྲ་ཆེན་པོ།། ཧ་ཧ་འབྲུག་སྐད་གྲག་པར་འགྱུར།། གསུམ་པར་མཁའ་ལ་རིག ་འཛིན་རྣམས།། མེ་ཏོག་ཆར་འབེབས་ཆུན་འཕྱར་སྦྲེང་།། དེ་རྗེས་རིག་འཛིན་མ་ལུས་དང་།། འཇིག་རྟེན་སྐྱོང་བས་རབ་བསྐོར་ནས།། ཁྲོ་རྒྱལ་བྱོན་ནས་གསུང་སྙན་གྱིས།། ཅི་འདོད་བུ་ཁྱོད་གསུང ་བར་འགྱུར།། རིག་འཛིན་རྒྱལ་པོ་མི་སྣང་སོགས།། ཅི་འདོད་པར་ནི་སྨྲ་བར་བྱ།། གྲུབ་ནས་བརྒྱད་གཉིས་ཆ་བྱད་ཅན།། རྒྱན་བཟང་ལག་ན་རལ་གྲི་ཐོགས།། ལྷ་ཡི་བཞོན་པ་ལ་བཅིབས་ནས།། རིག ་འཛིན་ཚོགས་མང་ལྷན་ཅིག་ཏུ།། སངས་རྒྱས་ཞིང་མང་ཕྱིན་པའི་ཚེ། རྒྱལ་སྲས་རྣམས་ཀྱིས་ཕྱག་བྱས་ནས།། མཆོད་པ་ཆེན་པོ་ཐོབ་འགྱུར་ཏེ།། བསྐལ་པ་དུ་མར་ཚེ་གནས་འགྱུར།། ཨུཏྤལ་སྔོན་པོ ་ལིག་པུ་མིག། རུ་རྟ་ཟངས་སྣོད་རིལ་བུ་གཞག། ཟླ་བ་གཟས་ཟིན་པར་བཟླས་ནས། མིག་བསྐུས་འདོད་པའི་ཁམས་གསལ་འགྱུར།། བདག་ནི་སུས་ཀྱང་མི་མཐོང་ངོ་།། གནམ་ལྕགས་རྡོ་རྗེ་སོར་བཅུ ་དྲུག། ངོས་གཉིས་རྩེ་གསུམ་དབྱིབས་ཅན་ཏེ།། ཙན་དན་དམར་དང་དྲི་བཟང་ཕྱུག། ཆོ་འཕྲུལ་ཚེས་གཉིས་ཉ་ཡི་བར།། མཆོད་ཅིང་བཟླས་ན་ཐ་མར་ནི།། མར་མེ་བརྒྱ་སོགས་ཀྱིས་མཆོད་དེ།། སྐུ་ཤ་ཁྲས ་ཀྱི་སྟེང་འདུག་ནས།། རྡོ་རྗེ་ལག་གཉིས་བཟུང་མ་ཐག། དུད་འཕྲུལ་འོད་དུ་འབར་ནས་ཀྱང་།། འཁོར་བཅས་རིག་པ་འཛིན་པ་ཡི།། འཁོར་ལོས་སྒྱུར་བཐོབ་པར་འགྱུར།། འཁོར་ལོ ་བདུན་བརྫོགས་མཚོན་ཆུ་དང་།། གསེར་དང་མལ་ལྷམ་ཚངས་སྲུད་སོགས། དངོས་པོ་ཐམས་ཅད་དེ་ལྟར་སྡུག། སྔོན་གྱི་ཚུལ་དུ་དངོས་གྲུབ་འབྱུང་།། ཆོས་གཅིག་ཉིད་པར་སྐུ་གཟུགས་ཀྱི་མཐེ་བོར་ཛ་ཏ ་སྔགས་བརྗོད་བརྡེག། སྟོང་ཕྲག་བརྒྱད་ཀྱིས་མཐེ་བོང་ལས།། འོད་ཟེར་ཕྱུང་ནས་རེག་མ་ཐག། དབུ་སྐྲ་ལྕང་ལོ་འཁྱིལ་གྱུར་ནས། འཁོར་བཅས་རིག་འཛིན་རྒྱལ་པོ་ཐོབ།། སུས་ཀྱང་མི་ཐུབ་ལུས ་གྲུབ་འགྱུར།། ཚེ་ནི་བསྐལ་པའི་བར་དུ་གནས།། ས་ལ་པད་འདབ་བརྒྱད་པ་བྲི།། བུམ་པ་སྐུད་པ་ནག་པོས་དཀྲི།། ཙན་དན་གྱིས་བྱུག་དྲིས་ཀྱང་དགང་།། པད་མའི་སྟེངས་གཞག་པད་སྟེངས་འདུག། སྟོང་ཕྲག ་བརྒྱད་བཟླས་ས་གཞི་གུས།། པདྨར་སྣང་ཤིང་ས་གཞིར་སྣང་།། ཆུ་དེས་གཏོར་ལ་ཁྲུ་གང་བརྐོ།། བླངས་པས་བསྐལ་པའི་ཚེ་ཚད་ཐོབ།། གྲོག་མཁར་ས་ལ་སེང་གེ་བྱ།། གིའུ་ཝང་གིས་བྱུགས་དཀྱིལ ་འཁོར་གཞག། གཡོ་འགུལ་བར་དུ་མཆོད་ཅིང་བཟླས།། སེང་གེར་གྱུར་ནས་རྒྱབ་ཞོན་ནས།། འདོད་གཟུགས་ལྷ་གནས་ཀུན་ཏུ་འགྲོ།། སངས་རྒྱས་ཞིང་ཡང་མཐོང་བར་འགྱུར།། ཚེ་ལོ་ཁྲི་ཕྲག་གཅིག ་བསྐོར་ནས།། རིག་འཛིན་ཆེན་པོའི་གནས་སུ་འགྲོ།། དིར་གསུངས་པའམ་མ་གསུངས་པ།། སྔགས་དང་ལྷ་འདིས་སྒྲུབ་པ་ཡིས།། རིག་འཛིན་གྲུབ་པར་གྲགས་པ་རྣམས།། མ་ལུས་ཐམས་ཅད་འགྲུབ་པར་འགྱུར། ་འགས་པ་དོན་བའི་རྡུལ་པོ་ཚོན་པའི་རྟོག་པ་བསྡུས་པ་ལས།། རིག་འདི་སྒྲུབ་པའི་ལེབ་སྟེ་བདུ་པའོ།། ། དེ་ནས་ཡང་དག་བཤད་བྱབ།། ཕྲ་ཆེགས་ལས་ཀྱི་སྦྱོར་བ་སསོ། ་གཟའ་མིཆོག་འདི་ཡིན་ཏེ། གནོད་པ་སེལ་རིང་བན་སྐྱེད་མཛད། ཁ་ཡིན་མ་ལྔས་བྱུགས་པའོ།། དཀྱིལ་འཁོར་དབུས་སུ་པརྙནི། ཁ་དོག་སྣ་ཚོགས་ཉིས་བརྩེག་གི་དབུས་སུ་སངས་རྒྱས་དེ ་བཞིན་ཀྱོར།། ཆོས་ནི་རྡོ་རྗེ་ཆོས་དཀར་པོ།། ཤར་དུ་དཤི་ན་ལྟུང་བུའོ།། ནུབ་ཏུ་འཇིག་རྟེན་དབང་ཕྱུག་དམར།། བྱང་དུ་ཕྱག་ན་རྡོ་རྗེ་སྟེ། བྱང་ཤང་དུ་ནི་འཇམ་དཔལ་སེར།། མེར་ནིག་ཤིན་རྗེ་གཤེད ་ངོགནག། དབྱུག་འཆང་ས་བསོན་པའོ།། མི་གཡོ་མགོན་པོ་སྲིན་པོ་ཕྱོགས།། རྟམགྲིན་རླུང་གི་ཕྱོགས་སུའོ།། དཀོན་མཆོག་གསུམ་པ་ཆོས་འཆད་རྒྱ།། སེམས་དཔའ་ཁྲོ་བོ་རང་རྟགས་སོ།། ཀུན་ཀྱང ་རིན་ཆེན་ཟིལ་ཐུགས་རྒྱ་ལ་གས་ཞུམས་ཏེ།། ཤད་དུ་ཀྱིས་དཀར་སེ་ནི། རྟལ་ཞོན་ཏེ་པ་འཆང་།། དུ་ན་བ་དགང་པོ་ནི།། ཀུསུ་དུ་འཇུང་དང་པནོན། སྟོར་ན་མིག་དས ་ཁ་དོག་དམར།། རིལ་བའི་སྟེང་བཞུགས་མེ་སྒྲོན་བསྣམས།། ལྷག་པ་མདོག་སེར་ཨུཏྤལ་འཆང་།། བྱང་དུ་པད་སྟེངས་བཞུགས་པ་ཡི།། ཕུར་བུ་མདོག་སྔོན་གླེགས་བམ་ཐོགས། ཤར་ལྷོ་ཕྱོགས ་སུ་ཀླུ་ལ་བཅིབས། པ་ཝ་སངས་དཀར་ཤིང་ཐོག་འཆང་།། ལྷོ་ནུབ་གསེར་གྱི་ཁྲི་ལ་བཞུགས།། བྱང་ཤར་སྤེན་པ་མདོག་གནག་ནི།། ཚངས་པའི་སྟེང་ན་དབྱུག་པ་ཐོགས།། ནུབ་བྱང་སྒྲ་གཅན་དུད་ཀ་ནི།། ་སྦྲུལ་གྱི་སྟེང་ན་འཁོར་ལོ་འཛིན།། རྣོན་པོ་ལྗང་ལུ་རལ་གྲི་འང་།། གཙོ་བོ་དྲུང་དུ་ཕྱུང་སྟེང་བཞུགས།། ནམཿསརྦ་ཏ་ཐཱ་ག་ཏེ་དྷ་སརྒས་པའི་བུར་ཏེ་བྷ་སཱ་ཐཱ་ཨོཾ ་བྷ་ཀིན་སྭཱཧཱ་ཀ་ཉི་མའི་སྙིང་པོའོ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་པ་རི་པཱུ་ར་ཀེ་བྷྱཿསརྦ་ཐཱ། ཨོཾ་སརྦ་ཏྲ་ཡ~ཾ་ཨ་སྭཱཧཱ། ཟླ་བའིའོ།། ནསཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ས་པ་རི་པཱུ་ར་ཀེ་བྷྱ ་སརྦ་ཐཱ་ཨོཾ་ཨ་བཱིརྱཱ་ཡ་སྭཱཧཱ། རྣོན་པོའིའོ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཐཱ་ཨོཾ་སུ་བི་ཤུད་དྷཱ་སྭཱ་ཧཱ་མིག་དམར་གྱིའོ།། ན་མཿསརྦ་ཏ་ཐཱ་ག་ཏ་བྷ་སརྦ ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཐཱ། ཨོཾ་བི་སུ་ཊ་པ་ཀ་ཡ་སྭཱ་ཧཱ། གཟའ་ལྷག་གིའོ།། ཨོཾ་ན་མཾཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཐཱ། ཨོཾ་བྷི་ཀ་མྱ་དྷཱ་ཡ་སྭཱཧཱ། ཕུར་བུའིའོ།། ་ནམཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦཾ་བྷྱ། ཨོཾ་སུདྷཱརྨཱརྞ་ར་ཧོ་སྭཧྨཱ། པ་ཝ་སངས་ཀྱིའོ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ས་པ་རི་པཱུ་ར་ཀེ་བྷྱ་སརྦནྟུ། ཨོཾ་ཀྲྀཥྞ་པཎྜ་པཀ ་སྭཱཧཱ། སྤེན་པའིའོ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦས་པ་རི་པཱུ་ར་ཀེ་བྷྱཿོཾ་སརྦ་ཐཱ། ཨོཾ་བི་ཀྲྀ་ད་ལ་ཀུ་རུ་ཙི་སྭཱ་ཧཱ། སྒྲ་གཅན་གྱིའོ།། སྔགས་རེ་བརྒྱད་སྟོང་བརྒྱད་བརྒྱ་བཟླས།། ཅི་འབྱོར་མཆོད་དེ་གསོལ་བ ་གདེག།། ལོངས་སྤྱོད་སྤེལ་ཅིང་འཇིགས་པ་སོལ།། ནད་མེད་བགེགས་རིམས་འཇོམས་པར་འགྱུར།། རིམས་སོགས་གཟས་ཟིན་ནད་ལ་ཡང་། སྐུ་ཡི་དྲུང་དུ་གསོལ་བཏབ་སེལ།། ཞི་རྒྱས་དབང་དྲག་གང་སྦྱར་བ། ་དེ་དག་ཐམས་ཅད་འགྲུབ་པར་འགྱུར།། མི་དང་བྱ་རྒོད་སྦྲུལ་རུས་པ།། སྐབས་གཏུམ་གནས་སུ་དགྲ་ཁྱིམ་སྦ།། དགྲ་བོ་ནད་སྐྱེད་ནོར་རྣམས་བརླག། རྟག་ཏུ་འཐབ་མོ་འབྱུང་བར་ངེས།། སྟག་སྤུ་ཐོད་རུས་འུག་པའི་སྤུ། ་དགྲ་བོའི་སྐོར་སྲས་བསྐྲད་པར་བྱེད།། ནེའུ་ལེནག་པོ་ཝ་སྦལ་རུས།། རང་ཁྲག་རྩངས་པའི་མགོ་བོ་རྣམས།། གོང་བུ་མིང་བཅས་དགྲ་སྒོར་སྔ།། དགྲ་བོ་འཁོར་བཅས་ཤི་བར་འགྱུར།། མི་ཚིལ་དུར་ཐལ་རྒྱ་སྐྱེགས་ནི། ་ཐོད་པ་སོ་ཅན་ནང་བླུགས་ནས།། གང་གི་སྒོར་གཞག་ཁང་པ་འཇིག། ཀུ་ཤའི་གཟུགས་བརྙན་རྐང་པས་མནན།། དབང་བྱར་འདོད་པའི་སྔགས་བཟླས་ན།། རྒྱལ་པོ་ཆེ་ཡང་དབང་འགྱུར་ན།། འབྱུང་པོ ་གཞན་ལྟ་སྨོས་ཅི་དགོས།། བུད་མེད་སྐྱེས་ཕྱུགས་ལ་སོགས་ལ།། རང་མིང་ལྡན་པའི་གཟུགས་བྱས་ཏེ།། རྐང་པ་གཡོན་མནན་མིང་བཅས་བཟླ།། གང་དང་གང་ཡང་ངེས་པར་འགྲུབ།། ས་ལ་བགེགས ་ཀྱི་གཟུགས་བྲིས་ཏེ། སྔགས་ཀྱིས་བརྡུངས་ན་བརླག་པར་འགྱུར།། འཇིམ་པས་བགེགས་ཀྱི་གཟུགས་བྱས་ཏེ།། གདབ་ཅིང་བརྡུངས་ན་སེལ་བར་བྱེད།། ཕུར་བུས་གདབ་དང་མཚོན་ཆས་བྲབ ་རྡོ་རྗེ་རི་རབ་ལྡོག་བརྒྱད་ལྡན།། ས་ལ་བྱས་པའི་ཐམས་བར་དུ། གཟུགས་བརྙན་བཅུག་སྟེ་རྐང་པས་མནན། གཟས་ཟི་ནི་ནུབ་མོ་པའི་མཎྜལ།། དྲི་བཟང་མེ་ཏོག་སིལ་མ་བཀྲམ།། ཕ་རོལ ་བྱིན་པའི་གླེགས་པས་བཞུགས།། དངས་མའི་སྣོད་དུ་མར་བཞག་སྟེ།། སེང་ལྡེང་མེས་ནི་བསྐོལ་བར་བྱ། དངོས་གྲུབ་རྣམ་གསུམ་འགྲུབ་པ་དང་། གཏེར་མཐོང་བ་ཡང་འདིས་འགྱུར་རོ།། ཁྲོས་པས། ་སྤྱན་གྱི་ཕྱག་རྒྱ་བྱ།། ཧཱུཾ་མཐའ་གསང་སྔགས་དྲག་ཏུ་བརྗོད།། དུར་ཁྲོད་ཐལ་བ་གང་བྱིན་པ།། གདོན་གྱིས་འཛིན་ནས་བྲན་དུ་འགྱུར།། དེ་ནས་མི་གཡོ་སྤྱན་གཅིག་པའི།། སྔགས། ་ཀྱི་ཆོ་ག་བཤད་པར་བྱ།། རིས་མའི་དྲུང་དུ་འབུམ་ཕྲག་གསུམ།། བརྗོད་པས་འདི་ཡི་བསྙེན་པ་རྫོགས།། དབེན་པར་ཟན་གྱི་ཆང་བུ་སྦྱིན།། དེས་ནི་རྟག་ཏུ་འབྲེལ་བར་འགྱུར།། མཛུབ་མོའི་རྩེ་ལ་ཧཱུཾ་བཀོད ་ནས།། བརྗོད་པས་སྤྲིན་རྣམས་འདྲལ་བར་བྱེད།། དགྲ་བོ་ལྷར་བཅས་གཟུགས་རྙན་ལ།། རྐང་གཡོན་མནན་བཟླས་ལྕགས་ཕུར་གདབ།། བཀའ་ཉན་འགྱུར་རོ་གཏུབས་ན་ཤིང་།། སྐུད་པ་སེར་པོ་བཅིངས་ན་ངག ་སྤང་ལེབ་མནན་ན་མནན་པར་འགྱུར།། ར་ལྤགས་བྲབས་ན་བཀའ་ཉན་འགྱུར།། སྲེད་བུ་ཡུངས་ཀར་ལ་བཟླས་ཏེ།། འཆང་ན་གང་འདོད་སྲུང་བར་བྱེད།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་བི་ཤྭ་མུ་ཁེ་བྷྱཿ ་སརྦ་ཐཱ། ཨོཾ་ཙཎྜ་མཧཱ་རོ་ཤ་ཎ་ཧཱུཾ་ཏྲཾ་ཐཱ་མ་ཧཱ་ཙཎྜ། ཨ་ཙ་ལ་ཀ་ན་ཧཱུཾ་ཧཱུཾ་ཧཱུཾ་ཨ་པྲ་ཏི་ཧ་ཏ་ཏ་ཐཱ་ག་ཏ་ཛྙཱ། སྥ་ར་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ།། ཙན་དན་སྦགས་པའི་པདྨ་ནི ་སྔགས་བཅས་ཇི་ཙམ་བསྒྱུར་བའི་གྲངས།། གསར་གྱི་དོང་ཚེ་རྙེད་པར་འགྱུར།། བྲམ་ཟེའམ་ནི་དགེ་འདུན་རས།། རྒྱལ་པོའི་རས་སམ་གྲོ་ག་ལ།། པདྨ་མུ་ཁྱུད་གཉིས་ལྡན་བྲི།། ལྟེ་བར་ཨོཾ་ཧཱུཾ་མིང་དང་བཅས།། ་ཙྪཎྜ་མཧཱ་རོ་ཥཎ། ཕཊ་དང་བཅས་པ་འདབ་མར་བཀོད།། མུ་ཁྱུད་དང་པོར་རྩ་སྔགས་ཏེ།། གཉིས་པ་འཇམ་དཔལ་སྔགས་ཉིད་བྲི།། དྲི་དང་མེ་ཏོག་སོགས་མཆོད་ནས།། སྐབས་ཀྱིས་དྲིལ་ནས་ལུས་ལ་བཅང་། ་གདོན་དང་ནད་དང་མུ་གེ་སེལ།། གཡུལ་དུ་ཕྱིན་ན་རྒྱལ་བར་འགྱུར།། ཡང་ན་རལ་གྲི་སོར་བཞིར་བྲི།། འོད་ཀྱི་རི་མོ་ནང་ཆུད་པ།། ཡ་དྷརྨཱ་ལ་སོགས་ཀྱིས་བསྐོར།། དབུས་སུ་མིང་དང་བཅས་པ་ཡི།། ་སྙིང་པོ་སྔགས་ནི་ཁྲིགས་སུ་བྲི།། འདིས་ཀྱང་སྔོན་གྱི་ཡོན་ཏན་འགྱུར།། མཐོ་ལྔས་འཁོར་བའི་བར་དུ་ནི།། མཐེ་གང་འཕང་དུ་ཡོད་པ་བྱ།། ནང་དུ་མཚལ་གྱིས་འཇམ་དཔལ་སྔགས།། མགོ་ནི་གྱེན་དུ ་བལྟས་པ་བྲི།། ཁ་ལ་ཉེ་བར་རྟེན་འབྲེལ་སྔགས།། སྤྲ་ཚིལ་ལས་བྱས་དགྲ་ཡི་གཟུགས།། དུག་དང་གྲི་ཁྲག་གིས་བྲིས་ནས།། མིང་ཡིག་གསད་པར་བཅས་པ་ནི།། ལིང་གིའི་སྙིང་ཁར་བཅུག་བྱས ་ཏེ། དཀྱིལ་འཁོར་གྲུ་གསུམ་ནག་པོ་ཡི།། དབུས་སུ་མཐོ་གང་བྲུས་བྱས་ཏེ།། ནང་གཞག་སྟེང་དུ་སྤར་བུ་སྦུབ།། ཇི་སྲིད་མར་གྱི་ཚེས་གཅིག་ནས།། ཟླ་བ་མི་སྣང་ཞག་བར་དུ།། ཉིན་མོ ་རྟེན་འབྲེལ་སྔགས་བཟླས་ཏེ།། མཚན་དུ་ཁྲོ་བོ་སྤྱན་གཅིག་པའི།། སྔགས་ནི་དྲག་ཏུ་བརྗོད་པར་བྱ།། མཚམས་དང་ཇི་སྲིད་མཚམས་བར་དུ།། གཡོན་དུ་བསྐོར་ཞིང་རྩ་བའི་སྔགས།། དྲག ་ཅུ་རྩ་བཞིའི་གྲངས་སུ་བརྗོད།། འཇམ་དཔལ་སྔགས་ཀྱིས་ཆོས་གོས་སྲུང་།། བདེ་གཤེགས་ཡི་གེ་བརྒྱ་པས་ནི། མཆོད་རྟེན་ལ་ནི་གསེག་ཤང་གསིལ།། སངས་རྒྱས་བསྟན་པ་འཇིག་པ་དང་། ་སྔགས་ལ་འཕྱ་ཞིང་སེམས་ཅན་འཚེ།། ལོག་ལྷ་ལོག་པར་སྤྱོད་བྱེད་ཅིང་།། སེམས་ཅན་ལའཚེ་བྱེད་པ་ནི།། རྒྱལ་པོ་ཁྲོ་བོ་ཆེ་བཅུ་དང་། འཇིག་རྟེན་སྐྱོང་དང་རྒྱལ་ཆེན་བཞི།། མཆོགས་གཟའ ་དང་རྒྱུ་སྐར་ཚོགས།། བསྟན་དགའ་རྣམས་ཀྱིས་མྱུར་དུ་སྒྲོལ།། རྒྱུ་གཞན་དག་ལ་གྲགས་པ་ཡི།། བདེན་པའི་མཐུ་ཡང་དུ་མ་བརྗོད།། དུར་ཁྲོད་ས་ལ་མཆོད་རྟེན་ནི། ནག་པོ་གྲུ་གསུམ ་ཁྲུ་གང་བའི།། སྲོག་ཤིང་ནག་པོ་གསུམ་པ་ལ།། བདེ་གཤེགས་ཡི་གེ་བརྒྱ་པས་དཀྲི།། གུར་ཀུམ་ལི་ཁྲིས་བྲིས་པའོ།། མྱ་ངན་མེད་ཤིང་གྲུ་གསུམ་ལ།། རྒྱ་གྲམ་དབང་ཆེན་རིམ་པར་བཅའ། ་ལཾ་སྟཾ་བྷ་ཡ་ནན་པ་བརྒྱད།། ཕྱོགས་བརྒྱད་བྲི་བའི་རྭ་དབུས་ལ།། ཉེ་སྙིང་མིང་དང་བཅས་པ་བྲི།། དེ་ཡི་ལྟེ་བར་སྙིང་པོ་ནི།། གསད་པའི་མིང་བཅས་བྲི་བའོ།། ཚོགས་ཀྱི་བདག་པོ་གཏོར་མས་མཆོད།། ་མ་མོ་རྣམས་དང་ལེགས་ལྡན་སྲས།། ཤ་ཁྲག་མེ་ཏོག་ནག་པོས་མཆོད།། ཇི་སྲིད་གསུམ་དང་བདུན་བར་དུ།། ལེ་ལོ་མེད་པར་བྱས་གྱུར་ན།། དགེ་སློང་དགེ་ཚུལ་བསྙེན་ལྡན་གང་།། སྡོམ ་བརྩོན་དེ་ནི་ལྡན་གྱུར་ཏེ།། སྡིག་ལྡན་མྱུར་དུ་ཤི་བར་འགྱུར།། དེ་ནས་ཡང་དག་བཤད་བྱ་བ།། གཏུམ་པོ་རྡོ་རྗེ་འཛིན་པ་ཡིས།། སྣ་ཚོགས་ལས་རྣམས་ཐུན་མོང་སྟེ།། ཁྱད་པར་སྦྱོར་བ་ཅུང་ཟད ་བཤད།། ཡུངས་ཀར་བསྣུན་པས་འབྱུང་པོ་འབྲོས།། སེར་བ་སྲུང་ན་འཁོར་ལོ་འམ།། རྔ་དང་དུང་ལ་བྲི་བར་བྱ།། གཡུལ་དུ་འཇུག་ན་རལ་གྲི་སོགས།། ནད་ལ་འཁོར་ལ་ཆུ་ཡུངས་ཀར།། ཐོད་ལ་ཀོར ་གྱིས་ས་ཕོར་ལ།། བྲིས་ཏི་སྒོར་སྦས་སྤྲེའུ་སྲུང་།། སྤྲ་ཚིལ་གཟུགས་བརྙན་སོར་བཞི་པ།། དུར་ཁྲོད་ཐལ་བཟླས་སྒོ་སྟེངས་གཞག། ནད་པ་གདོན་ལས་སྲུང་བར་ངེས།། སྙིང་ཁར་མིང་སྔགས་སྤེལ་བཅུག་ནས།། ་ཚེར་མ་པར་ཞུགས་དག་རེངས་བྱེད།། སྲིང་ལ་བདྲུགས་ནས་ཐོས་པའི།། ན་ཏན་སེམས་ཀྱིས་གསོད་པར་ངེས།། ལིང་གས་བརྟགས་བ་ནུས་པ་མེད།། ཡང་བས་ཅད་ཐོད་པ་ལ།། མིང་སྡུགས ་བྲིས་ཏེ་མི་ཁྲག་བཀང་།། རབས་ཆད་དུར་སྦས་རིགས་རྒྱུད་འཆད།། ཁྱི་ན་ག་རྗོད་པར་མིང་སྔགས་བཅས།། དུག་བཀང་ཀླུ་གནས་སྦས་མཛེས་འཛིན།། དགྲ་ཡི་སྦྱོར་སྦས་འབྱེད་པར་བྱེད།། ཞིང་དུ ་སྦས་ན་ལོ་ཉེས་བྱེད།། ཕྱུགས་གནས་གོད་འབྱུང་ཟླ་དང་འབྱེད།། ཆུ་དོང་སྦས་ན་ཆུ་སྐེམས་འགྱུར།། མེ་དུར་སྤྲས་ན་རིམས་ཀྱིས་འཛིན།། ཡང་ན་དགྲ་མིང་ཁྲག་གིས་བྲིས།། སྤྲ་ཚིལ་གཟུགས་ཀྱི་སྙིང ་ཁར་བཅུག། མཆོད་རྟེན་ནག་པོ་མཐོ་གང་བའི།། ནང་བཅུག་དོང་གཞག་ལྷུང་བཟེད་སྦུབ།། བྲམ་ཟེ་རིགས་བཞིས་སྔགས་བརྗོད་ཅིང་།། ནག་པོ་ཚེས་ནས་ཕྱིས་སྐོར་ཞིང་།། བདེན་པའི་མཐུ་བརྗོད་གཟུགས ་བརྙན་སྲེག། དགྲ་བོ་ཤི་འགྱུར་ཐེ་ཙོམ་མེད།། གྲི་ཁྲག་བྱ་རོག་འུག་པའི་ཁྲག། ཀ་ཏྲ་ཏ་ཡི་ལྟེམ་མ་ལ།། ཀ་རོ་ཀི་ཡི་དུས་སུ་ནི།། གཟུགས་ལ་མིང་དང་སྔགས་བཅས་བྲི།། རྐང་པས་མཉེས་ན་རྡུལ་དུ་འགྱུར།། ་རྡོ་རྗེ་འཛིན་པའི་བཀའ་བཞིན་ནོ།། མཚོན་གྱིས་བསད་པའི་ཐོད་པ་ལ།། སྔགས་དང་ཡུལ་ལྷའི་མིང་སྤེལ་བྲི།། ལྷ་ཡི་གནས་བཅུག་དེ་སྟེང་དུ།། སྔགས་བཟླས་ཕུར་པ་སྙིང་ཁར་གདབ།། གདུག་པའི་ཆར་མའི ་ཧོམ་ཐར་ཏེ།། མི་རྟ་བ་གླབ་ཁྱིམ་ཧེ།། སྣ་ཚོགས་ཁྲག་བསྲེས་འདི་སྐད་བརྗོད།། ལྷ་ཁྱོད་ཡུལ་འདིར་ཐོག་སེར་པོག།། མེད་ན་བསྐལ་པར་ཁྱོད་ཉིད་སྲེག། དེ་རྗེས་དཀར་དང་མང་མཆོད་དོ།། འཕགས་པ་རྡོ་རྗེ་ཁྲོས ་རྒྱལ་པོ་ཆེན་པོའི་རྟོག་པ་བསྡུས་པའི་རྒྱུད་ལས། སྦྱོར་བ་ཕྲན་ཚེགས་ཀྱི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་སྦྱིན་སྲེག་ལས་རྣམས་ཀུན།། མྱུར་འགྲུབ་ཐབས ་ནི་བཤད་པར་བྱ།། མངར་གསུམ་དུར་བ་བསྲེགས་པ་ཡིས།། གནོད་རིགས་ཐམས་ཅད་སེལ་བར་བྱེད།། ཡས་ཤིང་འབྲས་བུ་གསུམ་བསྲེགས་ཤིང་།། གདོན་ནད་ཐམས་ཅད་ཞི་བར་བྱེད།། འོ་མ་ཅན་གྱི ་ཡམ་ཤིང་ལ།། འོ་མ་དུར་བ་ཏིལ་དང་འབྲས།། སྙིང་རྗེའི་སེམས་ཀྱིས་བརྒྱ་བསྲེགས་ན།། གནོད་པ་ཐམས་ཅད་ཞི་བར་འགྱུར།། ག་པུར་མངར་གསུམ་འབྲུ་ཐམས་ཅད།། དུར་བ་དཀར་པོའི ་ཡམ་ཤིང་རྣམས།། འོ་མ་ཅན་གྱི་ཤིང་ལ་སྲེག། ནད་དང་གདོན་རྣམས་ཐམས་ཅད་ཞི།། འོ་མ་སྦྱིན་སྲེག་བརྒྱ་རྩ་བརྒྱད།། ཕྱུགས་ངས་ཆེན་པོ་ཞི་བར་འགྱུར།། དུར་བ་མངར་གསུམ་མིང་བཅས་པས།། ་བསྲེགས་པས་རྟ་ཕྱགས་ནད་ཞི་བྱེད།། ཤར་ལྷོ་ནུབ་བྱང་ཕྱོགས་ཀྱི་ནི།། དཀར་ནག་དམར་སེར་ཁ་དོག་འགྲུབ།། ཁྲུ་གང་ཁྲུ་གཉིས་ཚད་ཀྱི་ཐབ།། སོར་བཞིར་ཁ་ཁྱེར་རིམ་པས་གཏང་།། སེམས་དཔའ ་པདྨའི་རྡོ་རྗེ་དང་།། གཅིག་པུས་ནི་རྒྱས་དབང་དྲག་འགྲུབ།། དེ་ནས་རྒྱས་པའི་སྦྱིན་སྲེག་ནི།། ཅི་འདོད་ཐོབ་པ་བཤད་པར་བྱ།། པདྨའི་ཆུ་བ་འབུམ་ཕྲག་གཅིག། རྒྱལ་པོ་འཐོབ་སྟེ་བློན་པོ་ནི། ་ཀུ་མུ་ད་ལ་འབུམ་ཕྲག་གསུམ།། ཞོ་དང་མངར་གསུམ་དང་བཅས་པའོ།། ཨ་བོ་མརྒའི་འབྲས་བུ་དང་།། མངར་གསུམ་འབུམ་གྱིས་ཡུལ་བདག་འཐོབ།། རི་བཟང་འབུམ་ཕྲག་བདུན་གྱིས་ནི།། ཡིད་ལ ་ཅི་འདོད་ཐོབ་པར་འགྱུར།། དུར་བ་ཏིལ་དང་འབྲས་སོགས་སྲེག། བུད་མེད་བུ་བཟང་ཐོབ་པར་འགྱུར།། ནོར་འདོད་པས་ནི་རྐུན་པོ་ཡི།། ལག་པ་གཡས་པ་མཛོད་བཞག་ནས། མཆོད་ཅིང་གསོལ་བ་བཏབ ་པས་ནི།། ནོར་རྣམས་མྱུར་དུ་ཐོབ་པར་འགྱུར།། ཡང་ན་རྒྱ་ཡི་པགས་པ་ལ།། གུར་ཀུམ་གིའུ་ཝང་ཡུང་བས་ནི།། བྱི་བ་ཆེ་བརྗིད་སེར་པོ་བྲི།། ཤར་ན་མཛོད་ཕུགས་བལྟས་པར་གཞག། ཟས་ཀྱི ་ལྷག་མས་མཆོད་བྱ་ཞིང་།། གསོལ་བ་བཏབ་པས་ནོར་རྙེད་འགྱུར།། པདྨའི་ཟེ་བ་ཀ་ལི་ག། པྲི་ཡང་ཀུ་ནི་ནོར་རྙེད་དོ།། འབྲས་བསྲེགས་པས་ཀྱང་ནོར་ཆེན་ཐོབ།། ཀུ་མུ་ད་ཡི་འབྲས་སོགས་སྲེག ་ལོངས་སྤྱོད་ཆེ་དང་ས་གཞི་འཐོབ།། པདྨ་ཞོ་དང་སྦྲང་རྩི་མར།། སྦྱིན་སྲེག་འབུམ་གྱིས་མཆོག་སྩོལ་བ།། གསུམ་པ་དག་ཀྱང་མཐོང་བར་འགྱུར།། བིལ་བའི་འབྲས་བུ་མངར་གསུམ་བཅས།། འབུམ ་ཕྲག་གསུམ་དུ་བསྲེགས་པས་ནི།། རང་ཉིད་རྒྱལ་པོ་ཆེན་པོར་འགྱུར།། མར་དང་ཉུངས་ཀར་དཀར་པོས་ནི།། ནིམ་པའི་ཤིང་ལ་འབུམ་བསྲེགས་ན།། སྙིང་པོ་སྙིང་པ་རྒྱས་པར་འགྱུར།། ནས་ལ་སོགས ་པའི་འབྲུ་རིགས་རྣམས།། གང་བསྲེགས་གསོལ་བཏབ་དེ་རྒྱས་འགྱུར།། གང་འདོད་གོས་ཀྱི་ཁ་དོག་ཅན།། མེ་ཏོག་བསྲེགས་ན་གོས་རྙེད་འགྱུར།། སྤོས་ཤིང་བསྲེགས་ན་འཁོར་གཡོག་འཕེལ། ་ཞོ་མར་སེང་ལྡེང་མེ་ལ་སྟོང་།། བསྲེགས་ན་ནོར་རྣམས་རྙེད་པར་འགྱུར།། དེ་ནས་དབང་གི་སྲེག་ཐུགས་བཤད།། ཏིལ་དང་འབྲས་སོགས་ཕུབ་མ་བསྲེགས།། བུད་མེད་དབང་དུ་བྱེད་པའོ།། པྲི་ཡང་ཀུ་ལི ་སྦྱིན་སྲེག་གིས།། བྱིས་པ་རྣམས་ནི་དབང་དུ་འགྱུར།། འོ་མ་སྦྲང་རྩི་ཨ་རུ་རའི།། ཤིང་ལ་བསྲེགས་ན་ལྷ་དབང་བྱེད།། གསུམ་པོ་དེ་དང་གུ་གུལ་སྲེག། གནོད་སྦྱིན་རྣམས་ནི ་དབང་དུ་འགྱུར།། མྱ་ངན་མེད་པའི་ཡམ་ཤིང་གིས།། གནོད་སྦྱིན་མོ་རྣམས་དབང་དུ་འགྱུར།། རྒྱལ་པོའི་ཡུངས་ཀར་ཡུངས་མར་བཅས།། བསྲེགས་པས་རྒྱལ་པོ་དབང་དུ་འགྱུར།། དེ་ནས་དྲག་པོའི ་ལས་གྲུབ་པའི།། སྦྱིན་སྲེག་ཡང་དག་བཤད་པར་བྱ།། མིང་བཅས་ཚད་དང་ནིམ་པ་སྲེགས།། བསྟན་སྡང་དགྲ་བོ་མྱུར་དུ་འཆི།། དགྲ་མིང་དུག་གིས་ནིམ་པ་ལ།། བྲིས་ཏེ་དུག་དང་ལྷན་ཅིག་ཏུ། ་སྦྲུལ་ཤུན་ཐུམ་པོ་ལྔ་བྱས་ནས།། ཐོད་པ་ལྔ་ཡི་ནང་བཞག་སྟེ།། ལྔ་པོ་ཡུངས་མར་གྱིས་བཀང་ནས།། གསུམ་ནི་སྒྱེད་བུ་གཉིས་བརྩེགས་ལ།། ཁྲོས་པས་གཅིག་ཏུ་སྐྲ་གྲོལ་བས།། སྔགས་བརྗོད ་ཐལ་བར་གྱུར་བར་དུ།། ཉིན་ཕྱེད་བསྲེགས་ན་དགྲ་འཆི་ངེས།། འཆི་ལྟས་འདབ་མ་རྩ་བ་ཤུན།། ར་ཁྲག་ཉུངས་མར་ཚྭ་རྒྱ་སྐྱེགས།། ཚ་བའི་བུད་ཤིང་ཡས་ཤིང་ལ།། བདུན་ཕྲག་མིང་དང་བཅས་པ ་སྲེག། སྟོང་ཕྲག་གཉིས་ཀྱིས་རྟ་ཕྱུགས་འཆི།། བཞིས་ནི་བུ་དང་ཆུང་མ་འཆི།། དྲུག་གིས་ཉེ་དུ་གཉེན་འདུན་རླག། བརྒྱད་ཀྱིས་དགྲ་ཡི་རང་སྲོག་འཆད།། གལ་ཏེ་སྐྱབས་སུ་འོང་འགྱུར་ན།། འོ་མ་སྟོང་བསྲེགས། ་རྣམ་དུ་པོས།། ཁྲག་དང་དུག་ཕྱེན་མི་པའི་འབྲས།། ཡུངས་མར་ལ་སྔགས་བརྒྱ་རྩ་བརྒྱད།། མྱོས་བྱེད་ལ་བསྲེགས་དམ་པོ་འཆི།། ཡང་ན་རུས་ཕྱེ་ནིམ་པའི་ཝ།། རང་གི་ཁྲག་གས་ཡུངས་སར་ལྡན ་སག་རྐྱེ་ཙེ་དུག་དང་ནི།། ནིམ་པའི་འབྲས་བུ་གས་པར་བྱ།། ཡང་ན་མི་ཁྲག་གིས་བསྲེགས་པས།། བྱད་མ་བྱུར་དུ་གསོད་པར་འགྱུར།། ནིམ་པའི་སྔ་དང་ཁྲག་སུ།། དྲིམ་ལྔ་བཅས་གདུགས་སྤྲི་ཡང།། སིང ་ཡིག་བཅུག་ནས་ཕུར་བུས་གདབ།། རིག་སྔགས་བྱད་མ་ཉིད་ལྡོག་འགྱུར།། རྒྱ་སྟེགས་མི་རུས་ཕྱེས་ཡིས། མི་ལྤགས་རྣོན་ལ་དགྲ་གཟུགས་བྲིས།། དུག་དང་སྐེ། ཚེ་ཅུང་ཟད་བྱུག། ནིམ་པའི་མི་འཁྲོས་པས ་བསྲོ།། བསྲེགས་པས་ཚ་བའི་རིམས་ཀྱིས་འཆི།། དུར་བའོ་མས་སོས་པར་འགྱུར།། དུག་དང་ནིམ་པ་སྒོག་སྐྱ་དང་།། མི་རུས་ཕྱེ་བསྲེགས་ཕྱུགས་རྣམས་རླག། ཚ་གསུམ་ལན་ཚྭ་དུ་རང་སྒྱུར།། ཡུངས་མར་རོ ་སྐྲ་སྦྲུལ་ཤུན་དང་།། ནིམ་ལྔ་དང་མི་རུས་ཕྱེ།། སྐྱེ་ཚེ་དུག་ཕྱེ་སྒོག་བཙོང་དང་། སྒོག་སྐྱ་ཚེར་མའི་མེ་ལ་སྲེག། དགྲ་བོ་ཁྲག་ཏུ་སྐྱུགས་ཏེ་འཆི།། རྒྱ་སྐྱེགས་ལན་ཚྭ་བ་གླང་མཁྲིས།། བསྲེགས་ན ་མཆིན་གས་ནད་ཀྱིས་འཆི།། སྒེའུ་ག་ཤེར་ལན་ཚྭ་ཚ་བ་གསུམ།། གཟུགས་བརྙན་དུར་ཁྲོད་མགལ་དུམ་ལ། མགོ་ནས་རྐང་པའི་བར་དུ་སྲེག། ཐིག་ནག་གིས་ནི་གསོད་པར་འགྱུར།། འོ་མ་ཅན་གྱི ་ཡམ་ཤིང་ལ།། དཀར་གསུམ་བསྲེགས་ན་སོས་པར་འགྱུར།། དྲི་ཆུས་སྤངས་པའི་ས་ལས་ནི།། ཐབས་ཁུང་བྱས་ཏེ་དུག་གིས་བྱུག། ནིམ་པའི་འདབ་མར་དགྲ་བོའི་མིང་།། ར་ཁྲག་གིས་བྲིས་རྒྱས ་པས་དཀྲིས།། ཚ་གསུམ་ཤིང་གི་མེར་བསྲེགས་པས།། རྒྱལ་པོ་མྱུར་དུ་འཆི་བར་ངེས།། དུག་ཁྲག་ལན་ཚྭ་ཚ་བགསུམ།། མིང་བཅས་གཟུགས་བརྙན་ནིམ་པའི་མེར།། བསྲེགས་ན་དགྲ་བོ་དམུ ་རྫིང་ངམ།། མཛེནད་ཀྱིས་ནི་གསོད་པར་འགྱུར།། ཚ་གསུམ་ནིམ་པདུག་དང་དུར།། ཁྲག་དང་ལན་ཚྭའི་གཟུགས་བརྙན་ནི།། ལན་ཚྭ་ནིམ་པ་ཚ་བའི་མར།། བྱུགས་ནས ་ཨནའི་ཤིང་ལ་བསྲེགས།། མཛེན་ཆེན་པོས་བཟུང་ནས་འཆི།། ར་ཁྲག་ཚ་ག་སུམ་ཉུངས་མར་སྤོས།། ནིམ་པའི་ལོ་མན་ལེ་ཤཱམ།། ཉུངས་མར་དུག་བསྲེགས་ཚ་བས་འཆི།། ནེའུ་ཤའམ་དུག་དང་ཚ།། དཱ་རུ་རརྫ ་ཚ་བ་གསུམ།། སོལ་བ་ལ་ནི་དགྲ་གཟུགས་བྱ།། ཉུངས་མར་བྱུགས་ཏེ་བསྲེགས་ན་འཆི།། ཚ་གསུམ་པ་ཡི་འབྲས་བུ་ཡིས།། ནིམ་པའི་འདབ་ལ་དགྲ་མིང་བྲི།། ཐོད་པར་དུག་ཉུངས་ལྷན་ཅིག ་གཞག། ད་རུ་ར་ལྔ་བཙོས་ན་འཆིང་།། རི་ས་མ་བྱང་དུ་བལྟས་ནས་ཀྱང་།། རང་ཉིད་ལྷོ་ཕྱོག་བལྟ་བར་བྱ།། ཚངས་པ་ལ་སོག་ལྷ་ཚོ་གྲ་དང་།། འཇིག་རྟེན་སྐྱོང་བ་རྫུ་འཕྲུལ་ཅན།། མ་མོ་མཁའ་འགྲོ་ཤ་ཟ་སོགས།། ས་བཅུའི་དབང་ཕྱུག ་བྱང་ཆུབ་སེམས།། རིག་འཛིན་ཁྲོ་བོའི་རྒྱལ་པོ་དང་།། སངས་རྒྱས་དཀྱིལ་འཁོར་ལྷ་རྣམས་གསོན།། སྡིག་ཅན་ང་རྒྱལ་གདུག་ཅིང་ཁྲོ།། ཆད་ལྟ་སྔགས་འཕྱ་དཀོན་མཆོག་བཅོམ།། བསྟན་ལ་སྡང་ཞིང་སེམས ་ཅན་འཚེ།། མཚམས་མེད་ཅན་འདི་སྦྲུལ་དུ་གསོལ།། རླུང་གིས་འདར་ཤིང་ཆར་གྱིས་གཤེར།། མེས་གདུང་རྡུལ་ཚུབ་སྐབས་འདིར་སྐྱེ།། སེང་གེ་མཁའ་ལྡིང་སྟག་ཁྲོ་བས།། བཅོམ་ཞིང་འབྲུ་སྦྲང་བུད ་རྒོད་ཀྱིས།། ཁྲག་འཇིབ་བྱ་ཚོགས་མཁའ་ལ་ཁྱེར།། མངོན་སྤྱོད་ལས་ཀྱི་བསམ་གཏན་ནོ།། དེ་ནས་སྣ་ཚོགས་ལས་བཤད་པ།། མི་རུས་ཕྱེ་མཚོ་སྐེ་ཚེ།། གནོད་སྦྱིན་འཁྲིག་པ་དུག་ཤིང་ལ།། ཐ་དད་མིང ་བཅས་བསྲེགས་པས་ནི།། བསྐད་དང་དབྱེ་དང་སྤྲོ་བར་བྱེད།། དུར་བ་འོ་མར་བཅས་པས་སོས།། ད་དུར་ཡན་ལག་ལྔ་འབྲས་སུ།། ཚེར་མའི་མེས་བསྲེགས་སྨྱོ་བར་བྱེད།། ཚ་གསུམ་ལན་ཚྭས ་ཚ་རིམས་བསྐྱེད།། ཡང་ན་ཤིང་སྐམ་ལྟ་བུར་བསྒོམས།། ཛམ་པའི་ར་དང་རང་སྐྱུར་བཅས།། དགྲ་བོ་གྲང་བའི་རིམས་ཀྱིས་འདེབས།། ཁྭའི་སྒོ་ཨེ་རཎྜའི་མར་ཁུས།། བླུགས་པ་དདུར་མེ་ལ་སྲེག། ་ལག་སྟོབས་ཁྭ་ཏ་ལྟ་བུར་ནི།། དགྲ་བོ་ས་མཐའ་ཀུན་ཏུ་འཁྱམ།། སྐེ་ཚེ་མི་རུ་སེ་ལེན་ཚ་དུག། ཉུངས་མར་ནིམ་པའི་མེ་ལ་སྲེག། དགྲ་བོ་རྟག་ཏུ་འཐབ་པ་དང་།། ནད་རྣམས་ཀུན་གྱིས་འདེབས་པར ་འགྱུར།། དུར་ཁྲོད་ཐལ་བ་སོལ་བར་བཅས།། དགྲ་བོའི་གཟུགས་བྱས་དུམ་བུར་མནན།། ཚམ་རྔམ་ཕུར་བུས་འདེབས་པ་ནི།། ཕོལ་མིག་ནད་ངན་སྐྱེད་པར་བྱེད།། བྱ་རྒོད་འུག་པ་བྱི་ལ་ཤ།། ནེའུ་ལེའི། ་བུ་རྣམས་ཁྱེར་བའི་མེར།། དྲུག་ཅུ་རྩ་བརྒྱད་བསྲེགས་པ་ཡིས།། མཐུན་གཉིས་མྱུར་དུ་འབྱེད་པར་ངེས།། ཁྲག་ཅན་རས་ལ་གཟུགས་བྲིས་ནས།། རྐང་གཡོན་སྐར་མནན་ཚམ་རྔ་མ་བཅས།། འདོད་བཅས་སྔགས ་ནི་དྲག་པོ་ཡིས།། བརྒྱལ་དང་རིམས་ནད་མཆེར་ནད་བསྐྱེད།། དགྲ་ཡི་སྒྲ་དང་རྐང་རྗེས་ས།། དགྲ་གཟུགས་དུག་དང་སྐེ་ཆོས་བྱུག། ཆོས་མེས་བསྲེགས་ན་རེངས་པར་འགྱུར།། དགྲ་ཡི་ཕ་རུས་དུག་རབ་སྦྱར། ་གཟུག་རྒྱད་ནིས་པའི་མིད་བསྲེགས་ན།། དས་པོ་གདོན་ཅནན་དཀྱིས་འདས།། ཕག་ཏུ་རྩུས་མནའི་ཤིང་།། ཚེར་མེས་བསྲེགས་ནམ་གོ་འཁོར་འགྱུར།། ནེབུ་ས་ཀྱིལ་བྱི་ཙེར་སླ།། བདྲེགས་བུད་མཽད་བུ་དྲག ་འགྱུར།། མི་དང་ནེའུ་ལེ་ཁཱ་རུས་པ།། ཡུངས་མར་ནིམ་པའི་མེ་ལ་སྲེག། གྲོང་དང་གྲོང་ཁྱེར་བསྐྲད་པར་བྱེད།། སྟག་སྤུ་ཐོད་རུས་འུག་པའི་སྤུ།། ས་ཧ་མེ་ཏོག་ན་ལེ་ཤམ། ནིམ ་པའི་སོ་མདུག་བསྲེགས་བྱེད།། ནིམ་པའི་འབྲས་བུ་དུག་ལན་ཚྭ།། ད་དུར་འབྲུ་བསྲེགས་ནད་སྐྱེད་བྱེད།། དུག་ཁྲག་དེ་དུར་འབྲས་བུ་ཡིས།། ནིམ་པའི་ཤིང་ལ་དགྲ་མིང་བྲི།། ཚ་གསུམ་ལན་ཚྭ་ཁྲག་གིས ་བྱུག། ལྕགས་སྣོད་ཡུངས་མར་ནང་བཞག་ནས།། ནིམ་པའི་ཤིང་གི་མེ་ཡིས་བཙོ།། དགྲ་བོ་ལྷ་དང་འབྱེད་པར་འགྱུར།། མི་ཁྱི་བྱ་རྒོད་རུས་ཕྱེ་དུག། སྐེ་ཚེ་ཡུངས་མར་སྦྲུལ་ཤུན་དང་།། ནིམ་པའི་ལྔ ་དང་སྐགས་ལན་ཚྭ། ཚེར་མེས་བསྲེགས་ན་ནད་ཀྱིས་འདེབས།། སྐེ་ཚེ་དུག་སྦྲུལ་ཚ་བའི་མར།། གཟུགས་བྱས་ཚ་བའི་མེ་ལ་གདུང་།། ཆར་ཆེས་པ་དང་ཐོག་འབབ་འགྱུར།། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ ་པོའི་རྟོག་པ་བསྡུས་པའི་རྒྱུད་ལས།། སྦྱིན་སྲེག་གི་ལེའུ་སྟེ་དགུ་པའོ།། ། དེ་ནས་ཚངས་པ་ཁྱབ་འཇུག་སོགས།། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱིས།། བཞེངས་ཏེ་ཐལ་མོ་སྦྱར ་ནས་ཀྱང་།། སྙན་པས་ཆེད་དུ་འདི་བརྗོད་དོ།། ཨ་མ་སངས་རྒྱས་ཐམས་ཅད་ལ།། ཐབས་དང་ཤེས་རབ་བསམ་དུ་མེད།། ཐུགས་རྗེས་གྱུར་པའི་ཐུགས་ཀྱིས་ནི།། མཚུངས་མེ་རྒྱ་ཆེ་དམ་ཆོས ་གསུངས།། དུག་གི་འཇིགས་པས་ས་སྟེངས་འཁྲིགས།། ཉོན་མོངས་མུན་འཇིགས་མེད་པ་ཡི།། བདུད་རྩི་འོད་བཟང་འདི་གུས་ན།། ངན་འགྲོའི་འཇིགས་པ་སྟོངས་པར་འགྱུར།། དེ་ནས་ཚངས ་སོགས་འཇིགས་རྟེན་སྐྱོང་།། རྫུ་འཕྲུལ་ལྡན་རྣམས་ཀུན་འདུས་ནས།། ངམ་ཞིང་ཆེད་དུ་བརྗོད་པ་འདི།། སྙན་པའི་ཚིག་གིས་རབ་ཏུ་གསོལ།། ཨེ་མ་སངས་རྒྱས་ཆེ་བའི་བདག། སེམས་ཅན་ཀུན་ལ ་སྨན་པར་དགྱེས།། སྐྱོབ་ཆེན་འཇིག་རྟེན་མགོན་པོ་ཡིས།། མཚུངས་མེད་བསམ་གྱིས་མི་ཁྱབ་ཐབས།། གསུངས་པ་འདི་ལ་གང་གནས་པ།། འཁོར་བའི་སྡུག་བསྔལ་རྒྱ་མཚོ་སྐྱོང་།། འགྲོ་ལ་སྨན ་མཐོང་བསྒྲུབས་པས་ནི།། ལྷག་པའི་བདེ་བ་འབྱུང་བར་འགྱུར།། དེ་ནས་རྡོ་རྗེ་འཛིན་པ་སོགས།། བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀྱིས།། ངོ་མཚར་སྤྱན་ནི་གདངས་ནས་སུ།། ཆེད་དུ་བརྗོད་པ་འདི་བརྗོད་དོ།། ་ཨེ་མ་སངས་རྒྱས་བསམ་མི་ཁྱབ།། གདོད་ནས་ཐུགས་སུ་འགྲོ་དོན་ཆུད།། རྟོག་མེད་རང་བཞིན་ལས་གྲོལ་ནས།། བསམ་གྱིས་མི་ཁྱབ་གོ་འཕང་གསུངས།། འཆང་བྱེད་དང་པོ་ངན་འགྲོ་གཅོད།། གཉིས་པ ་མཐོང་ཆོས་དངོས་གྲུབ་བྱེད།། དེ་རྗེས་འཇིགས་མེད་ང་ཡི་མེད།། དོགས་པ་སྤངས་ན་ཟད་པར་གྱིས།། ས་ལ་བཞུགས་ནས་སེམས་ཅན་དོན།། མ་བསམས་ཐོགས་པ་མེད་པར་བྱེད།། གསང་སྔགས་རྒྱལ་པོ ་སྐྱོ་ཀུན་ལ།། སྦྱངས་ནས་འདོད་དོན་ཀུན་གྲུབ་སྟེ།། ནམ་མཁའ་ཆུ་སེར་དག་པ་ལྟར།། སྐོམ་པ་བླ་མེད་ཡིད་རྒྱས་བྱེད།། དེ་ནས་རིག་པ་འཛིན་པའི་ཚོགས།། མ་ལུས་པ་རྣམས་འདུས་ནས་ཀྱང་།། གཅོལ ་མེ་ཏོག་གཏོར་བྱས་ཏེ།། ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མ་སངས་རྒྱས་བསམ་མི་ཁྱབ།། དམ་པའི་ཆོས་ཀྱང་བསམ་མི་ཁྱབ།། འགྲོ་ལ་ཕན་དང་དོན་བྱེད་པའི།། ཆོ་གའི་མིང་དང་ཤེས་རབ་དང་།། སྙིང ་རྗེའི་དབྱེ་བས་རྒྱས་གྱུར་ནས།། མནར་མེད་ལ་སོགས་ངན་འགྲོ་ཡི།། འཇིགས་རྣམས་ལྔ་བརྒལ་པདྨ་ལྟར།། རྣལ་འབྱོར་ཅན་དེ་མཛེས་པར་སྤྱོད།། དེ་ནས་མཐུ་སྟོབས་ཆེར་ལྡན་པའི། ་ཕྱོགས་བཅུའི་ཁྲོ་བོ་ཀུན་འདུས་ནས།། ཤིན་ཏུ་དམ་པས་སྙན་ཚིག་གིས།། ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨ་མ་སངས་རྒྱས་ཆོས་ཆེན་དང་།། དགེ་འདུན་དཀོན་མཆོག་བསམ་མི་ཁྱབ།། འཁོར་བའི་མུན་པ ་ཆེན་པོར་ནི། བྱིང་བས་བལྟ་དཀའ་རྟོགས་པ་ཡིས།། སྔགས་དང་ཕྱག་རྒྱ་བསམ་མི་ཁྱབ།། མཐོང་དང་ཐོས་པ་ཙམ་གྱིས་ཀྱང་།། བལྟ་དཀའ་འབྱུང་པོ་དྲག་པོ་རྣམས།། ལྷག་པའི་སེམས་ནི་སྐྱེས་པར་འགྱུར།། ་དེ་ནས་རིག་པའི་ལྷ་མོ་ཆེ།། སྤྱན་ལ་སོགས་པ་རྒྱ་ཆེན་རྣམས།། ངོ་མཚར་གྱུར་ནས་སྨན་གདངས་ཏེ།། སྙན་པས་ཆེད་དུ་འདི་བརྗོད་དོ།། ཨེ་མ་སངས་རྒྱས་རྨད་དུ་བྱུང་།། ཨེ་མ་སངས་རྒྱས་དཔའ་བོ་ཆེ། ་ཨེ་མ་སངས་རྒྱས་རབ་ཏུ་ཟབ།། ཆོས་རྣམས་སྐྱེ་མེད་འགག་པ་མེད།། སྒྱུ་འཕྲུལ་སྣ་ཚོགས་རོལ་པ་ལྟར།། སྒྱུ་མ་གདུལ་བྱ་ཚིམ་མཛད་པ།། སྤྲོས་པ་དང་བྲལ་སྤྲོས་པ་ལྟར།། སྒྱུ་མ་རབ་ཏུ་འཕེལ་བར ་མཛད།། དེ་ནས་ཕྱོགས་བཅུའི་སངས་རྒྱས་རྣམས།། སྟོང་གསུམ་མི་མཛོད་འཇིག་རྟེན་ཁམས།། གདུལ་བ་དག་ལ་རབ་གཟིགས་ནས།། འདུལ་མཛད་རྡོ་རྗེ་འཆང་བ་ལ།། ངོ་མཚར་རྨད་ཀྱི་གསུང་གིས་ནི། ་ཆེད་དུ་བརྗོད་པ་འདིས་བསྟོད་དོ།། ཨོཾ་ཞེས་དང་པོ་ཕྱག་འཚལ་བཀྲ་ཤིས་སྟེར་བྱེད་པ།། སེར་སྣ་རྣམ་པར་དག་ནས་ཡོ་བྱད་དབང་ཐོབ་དང་།། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་ནི།། རབ་དགའ ་སེ་ཤེས་ཁྲོ་བོ་འམས་གསུས་ནས་རྒྱལ་འདུད། ཙཎ་ཡིག་དྲི་བཟང་ཙན་དན་བྱུགས་དང་ངང་ཚུལ་མཚུངས། ཚུལ་ཁྲིམས་རྣམ་པར་དག་པས་ཚེལ་དབང་བ་དང་།། ལས་དང་རྣམ་པར་སྨིན་པ་མཁྱེན། ་པའི་སྟོབས་དང་ནཱི།། དྲི་མེད་ཡེ་ཤེས་ཁྲི་རྒྱལ་མི་གཡོ་ཕྱག་འཚལ་ལོ།། ཌ་ཡིག་ཏྲོན་མོངས་སྒྲིབ་པ་གཏོར་བའི་ནི་གནས་དང་།། བཟེད་པ་དག་པ་སྐྱེ་བ་ལ་དབང་པ་དང་།། མོས་པ་སྣ་ཚོགས་མཁྱེན་པ་ཞེས ་བྱའི་སྟོབས་དང་ནི།། འོད་འཕྲོ་ཡེ་ཤེས་ཁྲོ་བོ་དབྱུག་སྔོན་ཕྱག་འཚལ་ལོ།། མ་ཡིག་སྒྱུ་འཕྲུལ་ཆེན་པོ་ལྷག་མཐོང་ཆེ་བའི་བདག། བརྩོན་འགྲུས་དག་པས་སེམས་ལ་ཡང་དག་དབང་ཐོབ་དང་།། ཁམས་ཀྱི ་རྣམ་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་ནི།། འོད་བྱེད་ཡེ་ཤེས་གཤིན་རྗེ་གཤེད་པོ་ཕྱག་འཚལ་ལོ།། ཧཱ་ཡིག་མ་ཆགས་ཤེས་བྱའི་སྒྲིབ་འཕྲོག་སྦྱངས་པ་ཆེ།། བསམ་གཏན་དག་པས་རྫུ་འཕྲུལ་ལ་ནི་དབང་ཐོབ ་དང་། ཐམས་ཅད་དག་ཏུ་འགྲོ་བའི་ལམ་དག་སྟོབས་དང་ནི།། སྦྱངས་དཀའ་ཡེ་ཤེས་རྟ་མགྲིན་ཁྲོ་བོ་ཕྱག་འཚལ་ལོ།། རོ་ཡིག་འཁོར་འདས་ནད་བྲལ་ཤེས་དག་ལས་དབང་ཐོབ།། བསམ་གཏན་རྣམ་ཐར་ཏིང་འཛིན ་དང་ནི་སྙོམས་ཞུགས་པའི།། ཀུན་ནས་ཉོན་མོངས་རྣམ་བྱང་ལྟ་བ་ཀུན་མཁྱེན་སྟོབས།། མངོན་གྱུར་ཡེ་ཤེས་འདོད་པའི་རྒྱལ་པོ་ཕྱག་འཚལ་ལོ།། ཥ་ཡིག་མཉམ་ཉིད་སྡོམ་ཆེན་དབང་ཕྱུག་ཆེན་པོ་རྒྱལ།། སྟོབས ་ཆེན་དག་ལས་མོས་པ་ལ་ནི་དབང་ཐོབ་དང་།། སྔོན་གྱི་གནས་རྣམས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས།། རིང་དུ་སོང་བའི་ཡེ་ཤེས་བདུད་རྩི་འཁྱིལ་ལ་འདུད།། ཎ་ཡིག་སྐྱེས་བུ་ཆེན་པོ་སྒྲ་ཆེན་ཀླུ་མཆོག་གཙོ། ་སྨོན་ལམ་དག་པས་སྨོན་ལམ་ཆེལ་དབང་པོབ་དང་།། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས།། མིགཡོ་ཡེ་ཤེས་ཁྲོ་བ་སྟོབས་ཆེན་ཕྲག་འཚལ་ལོ།། ཧཱུ~ཾ་ཡིག་ཏུ་ལ་སྨིན ་གདེངས་འབྲུག་སྒྲ་གད་རྒྱངས་ཅན།། ཐབས་དག་པས་ནི་ཡེ་ཤེས་ཆེ་ལ་དབང་ཐོབ་དང་།། འཆི་འཕོ་དང་ནི་གང་ཞིག་སྐྱེ་བ་མཁྱེན་པའི་སྟོབས།། ལེགས་པའི་བློ་གྲོས་ཡེ་ཤེས་ཁྲོ་བོ་ཧཱུཾ་མཛད་འདུད།། ཕཊ་སྨྲས ་བག་ཆགས་ཀུན་གཏོར་དག་པས་ཤེལ་དང་མཚུངས།། ཡེ་ཤེས་དག་པས་ཆོས་ལ་དབང་ནི་ཐོབ་པ་དང་།། ཟག་པ་ཐམས་ཅད་ཡང་དག་ཟད་པས་མཁྱེན་པའི་སྟོབས།། ཆོས་ཀྱི་སྤྲིན་གྱི་ཡེ་ཤེས་ཁྲོ་བོ་གནོད ་མཛེས་འདུད།། དེ་ནས་ཆོས་རྗེ་ཐུབ་པས་ནི།། ལྗགས་ཀྱི་དབང་པོ་བཀྲམ་བྱས་ནས།། འཛུམ་པ་མཛད་པས་རབ་གཟིགས་ཏེ།། འཁོར་གྱི་དཀྱིལ་འཁོར་ཆེན་པོའི་དབུས།། ལག་ན་རྡོ་རྗེ་མཐུ་ཆེན་ལ། ་སྙན་པའི་གསུང་གིས་བཀའ་སྩལ་པ།། མཆོག་ཏུ་བརྟན་པར་རབ་བསྔགས་པ།། རྡོ་རྗེ་ཐེག་པ་བླ་ན་མེད།། མི་གང་བསོད་ནམས་དམན་པ་འམ།། མཚམས་མེད་ལ་སོགས་བྱེད་པ་ཡང་།། རྒྱུད་འདིར། ་ཞུགས་པའི་དེ་མ་ཐག་གསེར་འགྱུར་གྱི་ནི་རྩི་བཞིན་དུ།། ལོག་རྟོག་མ་ལུས་དག་ནས་ཀྱང་།། རྟོག་མེད་བདེ་བའི་སྐུར་བྱུང་སྟེ།། རྨི་ལམ་བཟང་པོའི་སེམས་བཞིན་དུ།། རྣམ་འཕྲུལ་སྣ་ཚོགས ་ཅིར་ཡང་སྣང་།། མུ་མཐའ་མེད་པ་འཁོར་བའི་མཚོ།། བསྐལ་པའི་གཟིངས་ཆེན་བླ་མེད་འདི།། ཆགས་གསང་མེད་པའི་ཚུལ་དུ་ནི།། ཁྱོད་ཀྱིས་རྟག་ཏུ་གཟུང་བར་བྱ། ལག་ན་རྡོ་རྗེ་སྟོབས་པ་ཆེས། ་སྟོན་པ་ལ་ནི་འདི་གསོལ་ཏོ།། རྒྱུད་འདི་ཕྱུང་མ་ཐག་ཏུ་ནི།། གདུལ་དཀའ་བ་ནི་རབ་ཏུ་ནི།། ས་སྟེང་ས་ན་དང་གདོན་མུ་གེ། བར་ཆད་གནོད་པ་ཀུན་དང་བྲལ།། སླར་ཡང་བསྟན་པ་འཕེལ་བའི་ཕྱིར། ་གནུ་བོར་བདག་གིས་གཟུང་བར་བགྱི།། དཔའ་བོ་མ་ཁའ་འགྲོ་དྲག་པོ་རྣམས། ཡིད་ཀྱིས་བརྟུལ་ཞུགས་ཕྱུང་ནས་ཀྱང་། རྒྱུད་འདི་འཛིན་པའི་རྗེས་སུ་འབྲང་། ལྷ་དང་འཇིག་རྟེན་པ་དང་ནྀ། ་མ་མོ་སྲིན་མོ་མཁའ་འགྲོ་མ།། ཤ་ཟ་གནོད་སྦྱིན་སྲིན་པོ་རྣམས།། རྒྱུད་འདི་འཛིན་པ་སྐྱོང་བར་བྱེད། རྒྱུད་འཛིན་ལོངས་སྤྱོད་སྤེལ་བར་བྱེད།། སྟོན་པས་གསུང་བ་རྡོ་རྗེ་འཛིན། ལེགས་སོ་ཤིན་ཏུ་ཆེར ་ལེགས་སོ།། རྒྱུད་འཛིན་རྣལ་འབྱོར་ཅན་ཆེན་དེ།། རྒྱུན་དུ་སྲུང་ཞིང་བློ་འཕེལ་མཛོད།། དེ་སྐད་ཀྱི་ནི་གསུང་ཐོས་ནས།། བྱང་ཆུབ་སེམས་དཔའ་ཉན་ཐོས་དང་།། མཁའ་འགྲོ་མ་མོ་འཇིག་རྟེན་སྐྱོང་།། ་ལྷ་ཀླུ་གནོད་སྤྲིན་དྲི་ཟར་བཅའ།། ཐམས་ཅད་ལྡན་པའི་འཁོར་དེ་རྣམས།། དགྱེས་ཏེ་ཐལ་སྦྱར་མངོན་པར་དགའི།། མི་གཡོ་ཐུགས་རྗེའི་ལྕགས་ཀྱུ་བཟུང་བས་འཁོར་བའི་བཙོན་ར་ནས།། ལྷ་ཀླུ་འབུམ་ཕྲག ་འཚེ་བྲལ་དཀར་པོ་དགེ་བའི་ཀུན་སློང་རྣམས།། སྐྱེས་ནས་བྱང་ཆུབ་རིན་ཆེན་ནོར་ཐོབ་མཛད་པས་རྨད་བྱུང་མཚར།། རྒྱས་པའི་ཚུལ་བསྡུས་བསྟན་པའི་ཆོས་འདི་དམན་ལ་ཤིན་ཏུ་གསང་།། འཕགས་པ་རྡོ་རྗེ་ཁྲོ་བོའི ་རྒྱལ་པོའི་རྟོག་པ་བསྡུས་པ་ལས། མངོན་པར་དགའ་བའི་ལེའུ་སྟེ་བཅུ་པའོ།། ། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པ་རྫོགས་སོ།། ་