CLOSE WINDOW

Ty068-039: khro bo rnam par rgyal ba'i rtog pa gsang ba'i rgyud
Wyliee-texts produced with BDRC’s OCR application

སྙིང་རྗེའི་མཆོག་ཅེས་བྱ་བའི་གཟུངས་རྫོགས་སོ།། @རྒྱ་གར་སྐང་དུ། ཀྲོ་དྷ་བཱི་ཛ་ལ་ཀཱ་ལྤ་གུ་ཧྱ་འདུ། ཁྲོད་སྐད་དུ། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག། ་པ་གསང་བའི་རྒྱུད། བཅོམ་ལྡན་འདས་འདམ་པའི་དབྱངས་ལ་ཕྱག་འཚལ་ལོ།། དེ་ནས་འཇམ་པའི་དབྱངས་ཀྱི་ནི།། ཁྲོ་བོ་འདི་མིང་གཤིན་རྗེ་གཤེད།། མཚོན་ཆ་མེ་ལྕེ་འབར་བས་འཁྲུགས།། དྲག ་ལ་མཐུ་རྩལ་དྲག་ལྡན་པ།། དེ་མཐོང་ནས་ནི་ཁྲོ་བོ་གཞན།། ཐམས་ཅད་ཀྱི་ནི་ལག་ཆ་ཤོར།། དེ་བཞིན་དུ་རི་འཇིག་རྟེན་པའི།། ལྷ་རྣམས་ལུས་ཀྱིས་འདུད་པར་བྱེད།། གཞན་ཡང་ཐལ་མོ་གྱུར། ་བྱས་ཏེ།། སྐྲག་ནས་བསྟོད་པ་མང་པོ་བྱེད།། ལྷ་རྣམས་མང་པོ་ཇི་སྙེད་ཀུན།། འཇམ་དཔལ་ཁྲོ་བོའི་གཟི་བརྗིད་ཀྱིས།། གཟིར་བཞིན་དུ་ནི་རབ་སྨྲས་པ།། བཅོམ་ལྡན་བདག་ཅག་སངས། ་རྒྱས་དང་།། ཆོས་དང་དགེ་འདུན་གྲུབས་མཆིས་ཀྱི།། རབ་ཏུ་མི་བཟུད་འཇིགས་པའི་མ་གཟུགས།། གཟི་བརྗིད་འབར་བས་ཕྱོགས་ཁྱབ་པ།། ཁམས་གསུམ་འཁྲུགས་པར་མཛད་པ་མཐོང་། ་གང་ཚེ་ལྦ་དང་ལྷ་མིན་རྣམས།། སྐྲག་ནས་སྐྱབས་སུ་དོང་བ་ན།། དེ་ཚེ་འཛམ་པའི་དབྱངས་ཀྱི་ནི།། ཁྲོ་བོ་སླར་ཡང་ནི་རབ་འགྱུར།། གཤིན་རྗེ་གཤེད་ཅེས་བྱ་བ་ཡི།། ཁྲོ་བོ་ཆེན་པོ་ཞི་བ་ལ། ་དེ་ནས་སྐྱབས་སུ་དྲོང་བ་ཡི།། ལྔ་རྣམས་ཀུར་གྱིས་ཞུས་པ་ནི།། ཁྱེད་ཀྱི་བརྩོན་འགྲུས་མཆོག་འཚལ་བས།། ཇི་ལ་བུར་ན་མཉེས་པར་བརྫི།། ཇི་ལྟར་ཡང་ནི་དང་བར་འགྱུར།། བདག་ཅག་ཐེ་ཙོམ་ཆེན། ་པོ་མཆིས།། ཁྲོ་བོས་ལྷ་རྣམས་ཚིག་གསན་ནས།། གཤིན་རྗེ་གཤེད་ཀྱིས་བཀའ་སྩལ་པ།། ལྷ་རྣམས་ཐམས་ཅད་ཁྱེད་ཉོན་ཅིག། ང་ནི་དུས་གསུམ་སྔོན་དུ་འབྱུང་།། སངས་རྒྱས་ཀུན་གྱི་སྔོན་དུ་བྱུང་།། ་ང་ནི་དུས་གསུམ་ཕྱིས་ཀྱང་འབྱུང་།། ད་ནི་དུས་གསུམ་ད་ལྟར་འབྱུང་།། ང་ནི་ལྔ་བརྒྱ་མཐའ་མའི་ཚེ།། ང་ཡི་བསྟན་པ་འབྱུང་བར་བྱེད།། བསྟན་པ་ཐམས་ཅད་ནུབ་པའི་ཚེ།། ང་ཡི་བསྟད་པ ་འབྱུང་བར་བྱེད།། ལས་ངན་མཚམས་མེད་བྱེད་པའི་ཚེ།། དེ་ཚེ་ང་ཡི་བསྟན་པ་འབྱུང་།། ཟས་ངན་ལྕི་བ་ཟ་བའི་ཚེ།། དེ་ཚེ་ང་ཡི་བསྟན་པ་འབྱུང་།། གོས་ངན་དུག་རྡུལ་གྱོན་པའི་ཚེ།། དེ་ཚེ ་ང་ཡི་བསྟན་པ་འབྱུང་།། ང་ནི་དུས་གསུམ་འབྱུང་བའི་སྐུ།། བསྟན་པ་ཐམས་ཅད་ནུབ་པའི་ཚེ།། དེ་ཚེ་ང་ཡི་བསྟན་པ་འབྱུང་།། ཇི་ལྟ་བུར་ནི་ཞིར་འགྱུར་ཡང་།། ང་ནི་ཐམས་ཅད་ཞི་བའི་སྐུ།། ་ཇི་ལྟ་བུར་ནི་ཁྲོས་འགྱུར་ཡང་།། ཐམས་ཅད་ཁྲོས་པ་ང་ཡི་སྐུ།། གཟི་བརྗིད་ཆེན་པོ་ཁྱེད་རྣམས་ཀུན།། གང་ཚེ་གསུམ་ལ་སྐྱབས་སོང་བ།། དེ་ཚེ་ང་ཡི་མི་བཟད་པ།། ཁྲོ་བོའི་ཡིད་ལ་གནས་པར་གྱིས།། ་དཀོན་མཆོག་གསུམ་ནི་གནས་པ་དང་།། དེ་ཡི་བཀའ་ཡང་བསྐྱང་བ་དང་།། སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར།། ང་ཡི་ཡིད་ནི་ཞི་འགྱུར་གྱིས།། ཁྱེད་རྣམས་སྐྱབས་སུ་དོང་བ་ཡི།། བྱང་ཆུབ་སེམས་དང་ལྡན་པ་ཡི།། ་བམས་ཅད་དོན་ནི་སྒྲུབ་པའི་མཆོག་ཡི་གེ་འབྲུནི་བཅུ་བདུད་པོ།། ང་ཡི་སྙིང་པོ་ཡིད་ལས་བྱུང་།། ལྷ་རྣམས་ཀུན་ཀྱིས་གཟུང་བར་གྱིས། གཤིན་བྱེ་ག་ཤེད་པོ་བདག་ཉིད་ཅིག ་སྙིང་པོ་རབ་ཏུ་གསུངས་པ་ན།། དེ་ནས་ས་ནི་གཡོས་པར་གྱུར།། རྒྱ་མཚོ་ཡང་ནི་རབ་ཏུ་འཁྲུགས།། གནོད་སྦྱིན་དང་ནི་སྲིན་པོ་དང་།། ཤ་ཟ་ལ་སོགས་ཕུང་བར་འགྱུར།། ལྷ་རྣམས་ཀུན་ནི་ཕྱག་འཚལ ་ཞིང་། ཡན་ལག་ཀུན་ནས་སྤུ་ལངས་ནས།། གཤིན་རྗེ་གཤེད་པོ་ཁྲོ་བོ་ཡི།། ཁྲོ་བོའི་སྙིང་པོ་དེ་གཟུང་ངོ་།། དེ་རས་དམ་ཆོས་སྲུང་བའི་ཕྱིར།། ཁྲོ་བོ་རྣམ་པར་རྒྱལ་བ་ཡི།། རྟོག་པ་འདི་ནི ་དེ་དག་ལ།། གཤིན་རྗེ་གཤེད་ཀྱིས་རྒྱས་པར་གསུངས།། དེ་ནས་ཁྲོ་བོ་རྣམ་རྒྱལ་གྱི།། རྟོག་པ་ཁྲོ་བོ་ཉིད་ཀྱིས་གསུངས།། སྙིང་རྗེ་བྱང་ཆུབ་སེམས་ལྡན་པའི།། ལྷ་རྣམས་ཀྱིས་ཐོས་དགའ ་འགྱུར་ནས།། དཀོན་མཆོག་གསུམ་ནི་སྲུང་བའི་ཕྱིར།། སོ་སོ་ཡི་ནི་རྟོག་པ་བཤད།། དེ་དག་གི་ནི་རྩ་བའི་རྒྱུད།། ཁྲོ་བོ་ཉིད་ཀྱིས་རབ་གསུངས་པ།། ཁྲོ་བོ་རྣམ་རྒྱལ་ཞེས་རྩཝ་འདི།། འཇིག་རྟེན ་དང་འཇིག་རྟེན་པས།། སྔོན་ནས་ཕྱག་བྱས་ཁྲོ་བོ་ཡི།། ཞལ་ནས་ཇི་བཞིན་ཐོས་ནས་ཀྱང་།། ཁྲོ་བོ་ཉིད་ཀྱིས་གསུངས་པ་ཡི།། རྒྱུད་འདི་བྱང་ཆུབ་སེམས་རྣམས་ཀྱིས།། སྙིང་རྗེས་དེ་བཞིན་རྒྱས་པ། ་དང་རྣམ་པ་མང་པོར་བྱིན་གྱིས་བརླབས།། འཇམ་དཔལ་གྱི་རྩ་བའི་རྟོག་པ་ཁྲོ་བོ་རྣམ་པར་རྒྱལ་བ་ལས། རྒྱུད་འབྱུང་བ་ཞེས་བྱ་བའི་སྐབས་ཏེ་དང་པོའོ།། དེ་ནས་ཁྲོ ་བོ་རྣམ་པར་བརྩལ།། འཇམ་དཔལ་ཁྲོ་བོས་བཤད་པ་ཡི།། བརྟག་པ་རྨད་དུ་བྱུང་བའི་མཆོག། མདོར་ནི་རབ་ཏུ་བཤད་པར་བྱ།། དེ་ལ་འདི་ཡི་དཀྱིལ་འཁོར་ནི།། དངོས་གྲུབ་ཐམས་ཅད་སྤྱིར་མཛད་པ་འི།། ་འཇིག་རྟེན་གསུམ་པོ་འཁྲུགས་པར་མཛད།། ཡི་དག་མང་པོ་ཞེས་བྱའོ།། ཐམས་ཅད་དུ་ནི་དཀྱིལ་འཁོར་འདི།། གནས་ནི་གང་དུ་འགྲུབ་པར་འགྱུར།། སྔགས་པས་ཐོག་མ་ཉིད་དུ་ནི།། དེ་ཡི ་གནས་ནི་བརྟག་པར་བྱ།། ཤིང་གཅིག་པ་འམ་དུར་ཁྲོད་དང་།། ཁྱིམ་སྟོང་དང་ནི་བཞི་མདོ་དང་།། མཆོད་རྟེན་དང་ནི་མུ་གཉིས་དང་།། ཐིབས་པོ་སྟོང་པ་ལམ་སྲང་རྙིང་།། སྐྱེད་མོས ་ཚལྔ་དང་རི་ཡི་རྩེ།། ཆུ་ཡི་འགྲམ་དང་ནགས་ཚལ་དང་།། ཡང་ན་མཚོ་ཡི་འགྲམ་དང་རཱི།། ལྷ་ཆེན་གྱི་ན་གནས་ཀྱང་རུང་།། བ་ལང་ལྷས་སམ་གཡུལ་གྱིས།། ཁྱད་པར་དུ་ནི་ཡུལ་གཙང་བར།། གང ་དུ་ཡིད་ནི་དགའ་བར་ཡང་།། དེར་ནི་དཀྱིལ་འཁོར་རབ་ཏུ་བྱ།། དེ་ནས་རིག་འཛིན་ནན་ཏན་གྱིས།། ས་ནི་ཡང་དག་སྦྱང་བྱ་སྟེ།། པ་ཚ་མེད་ཅིང་མ་གས་པ།། མཉམ་ཞིང་ཟུག་རྔུ་མེད་པ་ལ།། ཤར་དང་བྱང་ནི ་མཐོ་བ་དང་།། ཁ་དོག་སྣུམ་པ་ལྷག་པར་བཟང་།། བ་ལས་བྱུང་བ་རྣམ་ལྔ་དང་།། ལྡན་པ་ཡི་ནི་ལྕི་བས་བྱུག། ཅི་རིགས་པར་རི་བྱུགས་ནས་ཀྱང་།། སློབ་དཔོན་གྱིས་ནི་ཁྲུས་བྱས་ནས།། སྨྱུང ་བ་བྱས་ཏེ་མཉམ་བཞག་ནས།། ཁྲོ་བོའི་སྲུང་བས་བྱིན་གྱིས་བརླབ།། ཡི་དགས་ཕལ་ཆེན་ཞེས་བྱ་བའི།། དཀྱིལ་འཁོར་གསང་མཆོག་ནུབ་མོ་ཟི།། ཟར་མའི་རས་སཔ་རས་བལ་ལས། ཐིག་སྲུང ་གསུམ་སྒྲིལ་མཛེས་པ་ཡིད།། གྲཝ་བཞི་དང་ནི་སྒོ་བཞི་པར།། མཁས་པས་དཀྱིལ་འཁོར་ཐིག་བཏབ་སྟེ།། ཐོག་མར་ཤར་དང་བྱུང་ནས་ནི།། ལྷོ་དང་ནུབ་ཀྱི་བར་དུའོ།། ཐིག་སྐུད་དེ་ནི ་ཕྱོགས་མཚམས་ནས།། དེ་ནས་ཀྱང་ནི་དྲུང་བར་བྱ།། ཤར་དང་ལྷོ་ཡི་མཙུམས་དང་ནི།། ནུབ་དང་བྱང་གི་མཚམས་དག་ཏུ།། ཐིག་གིས་རབ་ཏུ་ཅང་བྱས་ཏེ།། གྲུ་བཞི་པར་ནི་བིག་གདབ་བོ།། རིམ་པ ་པ་མཛེས་པ་ལ།། སྒོ་བནི་དག་གིས་མཛེས་པར་བྱ།། ལྷོ་ཕྱོགས་ཀྱི་ནི་སྒྲོ་ཕྱེ་ལ།། ལྷག་མ་རྣམས་མི་གཅད་པར་བྱ།། དཀྱིལ་འཁོར་དང་ནི་འཚམ་པ་ཡི།། དབུས་སུ་པདྨོ་བྲི་བར་བྱ།། པདྨོ་དང་ནི ་ཕྱོགས་བཞི་སྒོ།། ཐེ་ཙོམ་མེད་པར་མཉམ་པར་བྱ།། མཛེས་བྱེད་སྒོ་ཡི་ཕྱེད་དུ་བྱ།། འགྲམ་པ་འདབ་མའི་ཚད་དང་མཉམ།། ཉེ་བ་ཡིན་མཛེས་བྱེད་ཀྱང་།། མཛེས་བྱེད་དང་ནི་འདྲ་བར་བྱ།། ཆོ་ག ་བཞིན་དུ་དཀྱིལ་འཁོར་ཏེ།། ཀུན་ཏུ་ཐིག་ནི་བཏབ་རས་ཀྱང་།། ཕྱི་ནས་ཚུལ་བཞིན་རིག་འཛིན་པས།། དུར་ཁྲོད་ཐལ་བས་བྲི་བ་ནི།། རྟག་ཏུ་བྱང་ཤར་ལ་སོགས་པའི།། གྲཝ་ཡི་ནང་ནི་དེ་དག་ཏུ ་མཁས་པས་བྲེ་ཅོན་ཕྱག་རྒྱ་བྲི།། ཕྱོགས་ཀྱི་སྒོར་ནི་ཡི་དགས་གནག། གཞན་ཡང་ཡི་དགས་ལྔ་པ་ནི། པདྨའི་སྟེང་དུ་བསམ་པར་བྱ།། དེ་བཞིན་བྱི་སྒོའི་ནང་དག་དང་།། ཕྱོགས་རྣམས་དེ་དག་ཐམས ་ཅད་དུ།། མི་རོ་མགོ་མེད་ཡི་དགས་རྣམས།། དུར་ཁྲོད་ཐལ་བས་དང་ར་ཏེ་བྲི།། དེ་ཕྱིར་ཡི་དགས་ཕལ་ཆེན་ཡིན།། ཁྲུ་གང་ལ་སོགས་རིམ་པ་ནས།། ཁྲུ་བརྒྱད་པ་ཡི་བར་དུ་སྟེ།། དེ་ལས ་ལྷག་པར་ཡོང་མི་བྲི། རྟག་ཏུ་བདག་ཉིད་མཆོད་པ་ནི།། ཁྲུ་གང་བ་ནི་བྲི་བར་བྱ།། ཞི་བ་དང་ནི་རྒྱས་པ་དང་།། མི་རྒྱལ་སྒྲུབ་པ་ཁྲུ་དོར་བཀར།། སེམས་ཅན་ཀུན་ནི་བསྲད་བ་དང་།། དེ་བཞིན་གཅིག ་ལ་ཁྲུ་གསུམ་པ། ཁྲུ་བའི་དབང་དང་དབུག་པ་ཡི།། ལས་རྣམས་ཀྱི་ནི་མཆོག་ཏུ་གསུངས།། ཁྲུ་ལྔ་རླུང་དང་མི་ནང་དང་།། དགྲ་རྣམས་མེད་པར་བརྩལ་བའི་མཆོག། ཁྲུ་དྲུག་བགེགས་རྣམས་ཐམས ་ཅད་དང་།། གདོན་རྣམས་ངེས་པར་ཟློག་པར་བྱེད།། ཁྲུ་བདུན་པ་ནི་ལྷ་ཡི་རྣམས། དབང་དང་དགུག་པའི་ལས་རྣམས་བྱེད།། ཁྲུ་བརྒྱད་པ་ནི་དངོས་གྲུབ་ཀུན།། སྦྱིན་སྲེག་མཆོག་ཏུ་ཤེས་པར་བྱ། ་དེལྟར་ཅི་རིགས་བྲི་ས་ནས་ནི།། དེ་ནས་གཙང་མས་ཉེ་རེག་བྱ།། ཆུ་ཡི་ཕྱིར་ནི་ཆུ་ཡི་སྣོད།། ཆུས་ནི་རབ་ཏུ་དགང་བར་བྱ།། དེ་བཞིན་མེ་ཏོག་དོན་དུ་ཡང་།། མེ་ཏོག་སྡུག་གུ་དྲི་ཞིམ་དང་།། མེ་ཏོག ་འཕྲེང་བས་སྣོད་མཆོག་གཞན།། ལེགས་པར་དགང་ཞིང་མཛེས་པར་བྱ།། དྲི་ཡི་དོན་དུ་བྱ་བ་ནི།། ཙཱན་དཱནྡ་དཀར་པོ་དམར་པོ་བླང་།། ཨ་ཀ་རུ་དང་སྦྱར་བ་ཡི།། གུ་གུལ་བདུག་པ་དེ་བཞིན་ནོ།། ་མར་མེ་མར་གྱི་མར་མེ་དང་།། མཁས་པས་སྙིང་པོ་འཇམ་པའོ།། དྲག་པོ་ཡི་ནི་ལས་དག་ལ།། མི་ཡི་ཚིལ་གྱིས་བྱ་བར་བཤད།། གཏོར་མ་ཉ་དང་ཤ་ལ་སོགས།། སྦྱར་དུག་ལ་སོགས ་ལྷག་པར་དབུལ།། དེ་ལྟར་དེར་ནི་ཚོགས་བསགས་ནས།། དེ་ནས་རིག་སྔགས་འཆང་བ་ཡིས།། སངས་རྒྱས་ཀུན་ལ་ཕྱག་བྱས་ཏེ།། བྱང་ཆུབ་སེམས་ལ་དམིགས་ནས་ནི།། རི་མོ་ཡི་ནི་ལས ་རྣམས་དག། གལ་ཏེ་འདྲི་བར་མི་ནུས་ན།། ཡི་དགས་ཕལ་ཆེན་དབུས་དག་ཏུ།། པདྨ་སྔར་བྲིས་གང་ཡིན་པ།། དེ་ཡི་སྟེང་དུ་ཡི་དགས་ནི།། མཁས་པས་ཡིད་ཀྱིས་བསམ ་པར་བྱ།། ཡི་དགས་ཀྱི་ནི་སྔགས་མཆོག་གིས།། བསམ་པ་དག་ནི་བྱས་རས་ཀྱང་།། གྲཝ་ཡི་བེ་ཅོན་བཞི་པོ་ཡང་།། སྔགས་ཉིད་ཀྱིས་ནི་བསམ་པར་བྱ།། གལ་ཏེ་འདྲི་བར་ནུས་ན་ནི།། སྔགས་ཉིད ་སྟེང་དུ་གཞག་པར་བྱ།། སྒོ་ཡི་ཡི་དྭགས་བཞི་པོ་ཡང་།། གལ་ཏེ་བྲི་བར་མ་ནུས་ན།། དེ་བཞིན་ཡི་དགས་འཛིན་སྔགས་ཀྱིས།། བྱིན་གྱིས་རློབ་པར་གསུངས་པ་ཡིན།། དེ་ཡི་ནང་དུ་རང་སྔགས ་ཀྱིས། བྱིན་གྱིས་རློབ་པར་བྱ་བའི་ཕྱིར།། རྐང་ལག་མགོ་བོ་དཔུང་པ་དང་།། དེ་བཞིན་གཞན་ཡང་དཔུང་པ་དང་།། གཞན་ཡང་དེ་བཞིན་ལག་པའི་འཕྲེང་།། ཟོད་པ་ཀེང་རུས་མི་ལྤགས་རློན།། ་རོ་ཡི་འཕྲེང་བ་བསམ་པར་བྱ།། དེ་ཡི་ནང་དུ་རང་སྔགས་ཀྱིས།། བྱིན་གྱིས་རློབ་ཏུ་གཞུག་པར་བྱ།། དེ་ལྟར་ཆོ་ག་བཞིན་བསམས་ནས།། མཇུག་ཏུ་ཁྲོ་བོ་གཤིན་རྗེ་གཤེད།། སྔགས་བརྗོད་པས་ནི་སྤྱན ་དྲངས་ནས།། རང་གི་སྙིང་པོས་བཞུགས་སུ་གསོལ།། ཁྲོ་བ་འཁྲུགས་པ་འཇིགས་མཛད་པ།། སྐུ་ནི་མ་ལྕེ་འབར་བ་འདྲ།། གཟི་བརྗིང་འཕགས་པ་བསམ་པ་ནི།། སྐུ་མདོག་སྡང་ཟིལ་བ་ཅག་འཕྲོ་དྲ། ་ཞལ་དྲུག་སྒྲ་ཡང་ཁམ་པར་འདུག། སྨིན་མཁམ་པ་མིག་ཀྱང་སེར།། སྤྱན་གསུམ་མིག་ནི་ཟླུམ་པ་སྟེ།། ཕྱག་ནི་བཅུ་གཉིས་པ་ཡི་གཟུགས།། དེ་བཞིན་ཡི་དགོས་སྟེང་ན་བཞུགས།། ཞབས ་དྲུག་གིས་ནི་མཛེས་པར་བྱས།། ཏྲི་ཤཱུ་ལ་རལ་གྲི་དབྱུག་དགྲ་སྟ།། སྦྱིན་པའི་ཕྱིར་ནི་ཕྱག་བརྐྱང་བ།། ལྕགས་ཀྱུ་ཡི་ནི་མཚོན་ཆ་དག། གཡས་པའི་ཕྱག་ན་དེ་བཞིན་བསྣམས།། དེ་བཞིན་གཡོན་པའི། ་དྲུག་པོ་ཡང་།། ཐོད་པ་མདུང་ཐུང་མདའ་བོ་ཆེ།། མཛུབ་མོས་བསྡིགས་དང་ཞགས་པ་བསྣམས།། ཕྱག་ན་དབྱུག་ཏོ་བསམ་པར་བྱ།། མི་མགོ་རློན་དང་སྐམ་པོ་དང་། ཡི་དགས་འཕྲེང་བས ་རྣམ་པར་བརྒྱར།། སྟག་གི་པགས་པའི་ན་བཟའ་གསོལ།། སྐུ་ཡང་ཆེ་ལ་གསུས་ཁྱིམ་ཆེ།། ཞལ་གྱི་དབྱིབས་ནི་དུ་མ་སྟེ།། སྒྲ་ནི་རྒྱ་མཚོ་འཁྲུགས་པ་འདྲ།། ཞལ་གཅིག་བཞད་ཅིང་ཞལ་གཅིག ་ནི་ཞལ་གཅིག་འཇིགས་པར་བགྲད་པའི་ཞལ།། ཞལ་གཅིག་ཞལ་ནི་གདང་ས་པ་སྟེ།། ལྗགས་ཀྱང་བསྐྱོད་པར་མཛད་པ་དང་།། ཞལ་གཅིག་ཀྱང་ནི་མཆེ་བ་གཙིགས།། དེ་ལྟར་སྙིང་པོས ་ལེགས་པར་ནི།། སྤྱན་དྲངས་མཆོད་ཡོན་དབུལ་བར་བྱ།། དེ་ནས་དྲི་དང་སྦྱར་བའི་ཆུས།། མཆོད་ཡོན་ཆོ་ག་བཞིན་ཕུལ་ནས།། ཡི་དགས་ཀྱི་ནི་སྤྱི་བོར་ཡང་།། མེ་ཏོག་དམར་པོ་གཞག་པར ་བྱ་བློ་ཆེན་གྱིས་ནི་ཁྲོ་བོ་ལ།། དེ་ནས་ཙན་དན་དམར་པོ་དབུལ།། དྲི་ཡི་འོག་ཏུ་མེ་ཏོག་རྣམས།། ཙན་དན་གྱི་ནི་གཏོར་མ་དབུལ།། མེ་ཏོག་མེ་ཏོག་གཏོར་མ་དབུལ།། མེ་ཏོག་མེ་ཏོག ་འཕྲེང་བ་རྣམས།། མེ་ཏོག་སྔགས་ཀྱིས་དབུལ་བར་བྱ།། མེ་ཏོག་སྔགས་ཀྱིས་རིམ་བཞིན་དུ།། མེ་ཏོག་ཆོ་ག་བཞིན་ཕུལ་ནས།། རང་གི་སྙིང་པོ་སྔགས་ཀྱིས་ཀྱང་།། ཁྲོ་བོ་ཡི་ན་སྤྱི་བོ་དང་།། ཁྲོ་བོ་གཙོ་བའི ་སྙིང་ཁར་ནི།། སྙིང་པོ་རྣམ་པར་དགོད་པར་བྱ།། འཚོགས་མར་དེ་ཡི་འཚོགས་མ་དང་།། དེ་ཡི་གཙུག་ཏུ་སྤྱི་གཙུག་གཞག། དེ་ཡི་ལུས་ལ་ཆོ་ག་དང་།། མཚོན་ནའི ་ཚོགས་ལ་མཚོན་བཞག་སྟེ།། འདི་སྐད་བསྟན་པ་འདི་དག་ནི། མེ་ཏོག་དག་གིས་དགོད་པར་བྱ།། དེ་ལྟར་ཅི་རིག་མཆོད་ནས་ཀྱང་།། བདུག་པ་རང་གི་སྔགས་ཀྱིས་དབུལ།། དེ་ནས་མར་མེ་རབ ་འབར་བུ། ཕྱོགས་བརྒྱད་དུ་ཡང་དགོད་པར་བྱ།། འབྱུང་པོའི་གཏོར་མ་ཁྲོ་བོ་ལ།། ཕུལ་རས་ཡི་དགས་ཕལ་ཆེན་གྱི།། ཕྱི་རོལ་ཏུ་ནི་མཁས་པ་ཡིས།། སྨེ་གཏོར་རྣམས་ནི་སྦྱིན་པར་བྱ།། ཁྲོ་བོ་བཙོ་ལ་དེ ་ཕྱོགས་ཏེ།། དེ་ནས་ཡང་ནི་བདུག་པ་དབུལ།། དེ་ཡི་ཕྱི་རོལ་ཆུ་བཅས་སྣོད།། མེ་ཏོག་གིས་ནི་བཀང་སྟེ་གཞག། ཆོ་གས་ཁྲུས་ཀྱི་བསྣང་བ་ཡི།། སློབ་མ་དག་ནི་བོས་ནས་ཀྱང་།། སྔགས་ཀུན་གྱིས་ནི ་གཟི་བསྐྱེད་ལ།། ཁྲོ་བོ་ཡི་ནི་སྙིང་པོ་ཡིས།། ལག་གཉིས་མེ་ཏོག་བྱིན་ནས་རི།། གོས་ཀྱིས་གདོང་ནི་གཡོགས་པར་བྱ།། དཀོར་མཆོག་གསུམ་ནི་དྲན་བྱས་ལ།། སློབ་དཔོན་གྱིས་ནི་གཞུག ་པར་བྱ།། རང་གྲི་སྙིང་པོས་མེ་ཏོག་ཉིད།། དཀྱིལ་འཁོར་ལ་ནི་གཏོར་དུ་གཞུག། དེ་ནས་བེ་ཅོན་ཞེས་པ་ཡིས།། ཕྱག་རྒྱ་སྔགས་པས་དེ་ལ་བསྟན།། དཀོན་མཆོག་གསུམ་ནི་གསང་བ་ཡཾ།། ་དམ་ཚིག་དེ་ལ་སྦྱིན་པར་བྱ།། དེ་ནས་གྲུབ་པར་བྱ་བའི་ཕྱིར།། སྔགས་པས་ཆུ་དང་མེ་ཏོག་གིས།། ཁྲོ་བོའི་གཙོ་བོའི་གསང་སྔགས་དག། དབང་སྐུར་རས་ནི་དེ་ལ་སྦྱིན།། དེ་ནས་ཁྲོ་བོ་སྙིང་པོ་ཡི། ཆོ་ག ་བའིན་དུ་དབང་བསྐུར་ནས།། མེ་ཏོག་བདུག་པའི་འཕྲེང་བ་ཡིས།། སྙིང་པོ་དེ་ལ་སྦྱིན་པར་བྱ།། ཁྲོ་བོ་ཡི་ནི་སྙིང་པོ་མཆོག། ངེས་ཀྱང་དེ་ལྟར་མནོས་ནུས་ནི།། དེ་ནས་ཐ་མྱུར་ཕྱག་བྱས་ནས། ཅི། ་ནུས་སྦྱིན་པས་མཆོད་པར་བྱ།། སྔགས་པས་བླ་མ་མཆོད་བྱས་རས།། དངོས་གྲུབ་ཐོབ་འགྱུར་གཞན་དུ་མིར།། སློབ་མ་སྙིང་པོ་བྱིན་རས་ཀྱང་།། འཕྲེང་བ་ཙར་དངད་ལ་སོགས་པས།། མཆོད་ནས་དེ་ཡི་འོག་ཏུ་ནི། ་ཕྱི་རོལ་ཏུ་ནི་སྔར་བཞག་པའི་། དྲི་ཆུ་ལ་སོགས་བཀང་བའི་སྔོ།། དེ་ཐངས་མཆོད་ཡོར་ཕུལ་རས་ནི།། འཇམ་དབྱངས་ཁྲོ་བོ་མི་བཟང་བའི།། མཐུ་རྩལ་དྲག་པོ་གཤེགས་སུ་གསོལ།། བཞུད་ནས་ཀྱང་ནི ་ཡོན་ཆུདདེ།། དཀྱིལ་འཁོར་ལ་ཡང་དབུལ་བར་བྱ།། རྒྱ་ཆེན་ས་ཡི་དཀྱིལ་འཁོར་ན།། དངོས་གྲུབ་མཚུངས་མེད་འདོད་པ་ཡི།། རིག་སྔགས་འཆང་གིས་དེ་ལྟར་ནི།། མཆོད་པ་རྟག་ཏུ་ལེགས་པར་བྱ།། ་དེ་ནས་དངོས་གྲུབ་ཐོབ་པར་འགྱུར།། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ལས།། ཡི་དགས་ངལ་པོ་ཆེའི་དཀྱིལ་འཁོར་རིམ་པར་ཕྱེ་བ་སྟེ་གཉིས་པའོ།། ་དེ་ནས་གཞན་ཡང་གསང་སྔགས་རྣམས་འབྱུང་སྟེ། ཨོཾ་ན་མཿསརྦྦ་ཏ་ཐཱ་ག་ཏ་བྷྱཿཔྲེ་ཏ་མུ་ཁད་ཀྲུ་སྭཱ་ཧཱ། དབུས་ཀྱི་ཡི་དགས་ཀྱིའོ།། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿཱ་ཀྲོ་དྷ་བི་ཛཱ་ལ ་ཨགྣིར་ཛྭ་ལི་ཏི་ཛི་བེ་པྲེ་ཏེ་ཤྭ་རི་ཧཱུཾ་ཕཊ། འདི་ནི་གྲཱ་ཡི་བེ་ཅོར་བཞིའི་སྔགས་སོ།། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿོཾ་པྲེ་ཏ་བོད་ལཀྵ་ཡ་ཧཱུཾ་ཕཊ། ཤར་གྱི་སྒོའི་ཡི་དགས་ཀྱིའོ།། ཨོཾ་པྲེ་ཏ་བི་མཱནྟ། ་ཀུངྐུ་ཕཱུ། ལྕེ་ཀྐོའི་ཡི་དྭགས་ཀྱིའོ།། ཨོཾ་པྶ་ཏཱ་ཛྭཱ་ལ་ཧཱུཾ་བཛྲ། ནུབ་ཀྱི་སྒོའི་ཡི་དགུས་སོ།། ཨོཾ་ཀྵི་པྲ་པྲེ་ཏོ་ཏ་ཀིཊྚཧཱུཾ་། བྱང་སྤྲོའི་ཡི་དགས་སྷོ། ཨོཾན་པཿ ་སརྦ་ཏ་ཐཱ་ག་ཏེ་བྷཱུདྡྷ་པྲེ་ཏ་མཱ་ལོ་བི་ཀྲྀ་ཏེ། པྲེ་ཏ་མཱ་ལེ་བི་ཀྲྀ་ཏེ། པྲེ་ཏ་མཱ་ལེ་བི་ཀྲྀ་ཏཱི། ཀུ་ཧྱ་བེ་ཙྱཻ་ཀཱ་མུ་ཁི་སརྦར་ཀྵོ་བ་ཛྲཙྪེ་དྷྲྀ་ཀཡི་དགས་འཕྲེང་བའིའོ།། འདི་ནི་ཡི་དགས་ཀྱི་དཀྱིལ་འཁོར་གྱི ་སྔགས་ཀྱི་ཚོགས་སོ།། དེ་ནི་ཁྲོ་བོ་གཤིན་རྗེ་གཤེད་སྤྱན་དྲངས་པ་ལ་སོགས་པའི་སྔགས་ལ་སོགས་པ་འཐུང་ངོ་།། ཨོཾ་ན་མ་བུདྡྷ་དྷརྨྨ་སཾ་གེ་བྷྱཿཀྲོ་དྷ་བྲི་རི་བི་ར་སརྦ་མ་ཡེ་ན། ཨཱ་གཙྪ་ཨཱ་གཙྪ། ་ཨོཾ་ཨཱཿཧཱུཾ། ཨི་དི་པྲ་ཏ། ཨཱ་ས་ན་ཎ། པྲེ་ཏོད་ག་ཏ་ནཱ་རཀྵ་རཀྵ་སཱ་ཧཱ། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་སྤྱན་དྲངས་པའི་སྔགས་སོ།། ཨོཾ་ཛྭ་ལ་ཛྭཱ་ལ་ཏཱི་བི་གྲཱ་ཧ་ཧཱུཾ་ཕཊ། གོ་ཆའི་འོ།། ཨོཾ་ཨ་ཀྲྀ། ་དྷེ་ཀཱ་ཡཱ་མནྟ་ཀ་ཧ་ནཱ་མ་ཐཱ་བྷཉྩ་ཧཱུཾ་ཕཊ། འདི་ནི་ཁྲོ་བོའི་རྒྱལ་པོ་གང་གི་རྟོག་པ་འདི་ཡིན་པ་དེའི་སྔགས་ཡི་གེ་འབྲུ་བཅུ་བདུན་པའོ།། ཨོཾ་ཨཱ་ཧཱུཾ། དེ་ཉིད་ཀྱི་སྙིང་པོའོ།། ཨོཾ་ཀཱ་ལ་ཧཱུཾ་ཕཊ། འཚོགས ་མའི་འོ།། ཨོཾ་ཡ་མནྟ་ཀེ་ཨེ་ཀ་བཱི་ར་ཧཱུཾ་ཕཊ། སྤྱི་གཙུག་གིའོ།། ཨོཾ་བཻ་བ་ས་སྭ་ཏཱན་ཏ་ཀ་ཧཱུཾ། མཚོན་ཆའི་འོ།། འདི་ནི་ཁྲོ་བོའི་རྒྱལ་པོ་ག་ཤཱིར་རྗེ་གཤེད་ཀྱི་ཡན་ལག་ལྔ་པའོ།། ཨོཾ ་ཨེ་ཀ་བཱི་ར་ཡ་མནྟ་ཀ་བི་ར་ར་སཱ་ཧཱ། མཆོ་དེ་ཡོན་དབུལ་བའི་སྔགས་སོ།། ཨོཾ་བྷི་མཱན་ཏ་ཀ་ཏེ་ཛེ་བེ་ལིན་ནི་སཱ་ཧཱ། ལྒ་བཤོས་ཀྱི་སྔགས་སོ།། ཨོཾ་བཱ་ཀ་ཙི་ཏ་ཤོ་ནི་ཏྲ་ར་ཏྲ། སཾ་གན་དྷ་བི་གྲ་ཧ ་ས་སོ། སྤྱོ་ནི་ལེགས་མྦྷ་དྷཱ་ཎྜམྦྷ་། \ུ0f7f་དྲཱ་ཕྲེ་འདས་པ་ས་སོ། ཡོས་མ་སྨྲ།། ་དྷ་། ས་གྱི་ལགས་།། མཽད་བྱ་རྗོ་ན་ངྒེ་། ངས་པས་ཡང་མ་། སུ ་པྲེ་ཏ་མ~ཾ་མི་ནི། སྭཱ་བྷྲེ་ཊེ་ཛྲ་པྲྀམྦྷི་ཤི་ཛིརྗེ་རྗེན་ཨཱཊ་ནེ་གྲིས་པ་ལི་སྭཱ་ཧཱུ~ཾ། སྲིདགས་མང་པོའི་དཀྱིལ་འཐོར་གྱི་གཏོར་མའི་སྔགས་སོ།། འ་མ་དགས་ཅེས་བ་ཆོག་སྦྱིད་ལོ་ས། ་བ་རྣལ་བལྟས། ཡིདཔས་བྲལ་པོ་ཆེའི་དཀྱིལ་འཁོར་གྱི་གྲགས་རིམ་པར་བྱེ་བ་སྟེ་གསུམ་བྱའོ།། དེ་ནས་གཞན་ཡང་འངམ་དབྱུང་ཀྱི།། ཁྲོ་བོར་པའབོ་གཅིག་དུ་ནི། ་ཚད་མེད་གཟི་བཏིང་བདག་ཉིད་ཆེ།། དེ་ཡི་ཕྱག་རྒྱ་བཤད་པར་བྱ།། ཐོག་མར་དཀོན་མཆོག་གསུམ་པོ་ཡི།། དམ་ཚིག་མངོན་པར་བསྟན་བྱས་ནས།། ལག་པ་གཡས་པ་ཆོག་བཞིན། ་ལེགས་པར་རབ་ཏུ་འསྲིང་བར་བྱ།། རིག་འཛིན་དག་གིས་རྟག་པར་ནི།། ལག་པའི་སོར་མོ་ཐམས་ཅད་ཀྱིས།། མཐེ་བོང་ལེགས་པར་སྨྲས་པ་ནི། རབ་ཏུ་བསྡམས་པ་བཟང་པོ་བཅིང་།། ཆོ་བ་ཤེས ་པའི་བེ་ཅོན་རྩ།། སྙིང་པོ་སྔགས་སམ་ལོགས་ཤིག་ཏུ།། སྔགས་པ་ཕྱག་རྒྱ་སྔགས་ཀྱིས་བཅིངས།། གཞན་དུ་རཔ་ཡང་མི་བཅིང་ངོ་།། ཨོཾ་ན་མོ་བུདྡྷ་དྷརྨཱ་སཾ་གྷེ། ཨ་སརྦྦ་ཏ་ཐཱ་ག་ཏ་ཀྲོ་དྷ་བི་ཛཱི་ལ། ་ཨཱ་ཏྲི་ཛྭ་ལ་ཏི་ཛ་\ུ0f7f། ཨ་བྷི་ཛཱ་ལི་ཏཥཱི་ཧཱ། པྲེ་ཏ་ཤིར་ཧཱུ~ཾ་ཕཊ། བེ་ཅོན་གྱི་ཕྱག་དྷའི་སྔགས་སོ།། ཕྱག་རྒྱ་གཅིག་པུར་གྱུར་པ་འདི།། ཁྲོ་བོའི་སྙིང་པོ་སྔགས་འབར་བྱེད། ་མཚོན་ཆ་མ་ལུས་པ་ཡི་གཙོ།། བདུད་རྣམས་ཐམས་ཅད་ཞི་བར་བྱེད།། ཇི་ལྟར་དཀྱིལ་འཁོར་དུ་བྲི་བ།། དེ་ཡི་ཆོག་བཤད་པར་བྱ།། བེ་ཅོན་དབྱིག་པ་ལྟ་བུའི་ཚུལ།། འདི་ནི་བེ་ཅོན་ཞེས ་པར་གྲགས།། ཁྱད་པར་དུ་ནི་དེ་ཡི་ཙེར།། ཡི་དྭགས་མགོ་བོ་མཁས་པས་བྲི།། ཡི་དགས་མང་པོ་རྟག་ཏུ་བྲི།། དེ་ལས་གཞན་དུ་རྣམས་ཀྱང་མིན།། རིག་འཛིན་གྱིས་ནི་ཆོ་ག་བཞིན། ་རྒྱུ་འདི་དུར་ཁྲོད་ཐལ་བས་བྲི།། ཡང་ན་འདི་ཉིད་ལོགས་ཤིག་ཏུ།། གང་གི་ཚེ་ན་སྒྲུབ་འདོད་པ།། གྲུབ་པ་དངོས་གྲུབ་འདོད་པ་ཡི།། རང་གི་དཀྱིལ་འཁོར་དག་ཏུ་དྲི།། དེ་ནས་ཕྱག་རྒྱ ་གྲུབ་པ་ཡི།། དཀྱིལ་འཁོར་འདིར་ནི་བཱ་ཤདྲ་པར་བྱ།། སྔ་མ་བཞིན་དུ་གྲུ་བཞི་པ།། ཡི་དགས་པལ་ཆེན་འདིར་ཡང་བྲི།། དེ་ཡི་དབུས་སུ་བེ་ཅོར་བཞག། ཕྱོགས་བརྒྱད་རྣམས་སུ་དེ་བཞིནན། ་ཕྱག་རྒྱ་དགུ་དང་ལྡན་པ་ཡི།། ཕྱག་རྒྱའི་དཀྱིལ་འཁོར་ཞེས་ཀྱང་བྱ།། དེ་བཞིན་དུ་ནི་རྩོ་མི་སྒོ།། ཕྱེ་སྟེ་དེ་ནས་མཆོད་པ་བྱ།། ཕྱག་རྒྱ་སྔགས་ནི་མ་ལུས་པ།། ཁྲོ་རྒྱལ་རང་གི་སྤེལ་མ་བྱ། ་དེ་ཡི་འདིར་ནི་མཆོད་གྱུར་ལ།། རིམ་གྱིས་གསང་བའི་མཆོད་བྱས་འགྱུར།། ཨོཾ་ན་མ~ཾ་བུདྡྷ་དྷརྨཱ་སཾ་གྷེ་བྷྱཿ། ཨོཾ་ཨཱ་སརྦྦ་ཏ་ཐཱ་ག་ཏ་ཀྲོ་དྷ་བི་ཛ་ཡ། ཨགྣི་ར་ཛཱ་ལི་ཧཱ་པྲེ་ཏ་ཤི་ར་ཧཱུཾ་ཕཊ ་འདི་ནི་ཁྲོ་བོ་རྣམ་པར་རྒྱལ་བའི་གོང་དུ་བཅུག་པའི་བེ་ཅོན་གྱི་ཕྱག་རྒྱའི་སྔགས་སོ།། འདིས་ལས་ཐམས་ཅད་བསྒྲུབ་པར་བྱའོ།། དེ་ནས་དངོས་གྲུབ་ཀུན་གྱིས་མཆོག། ཁྲོ་བོར ་གཙོ་བོ་དེ་ཁོ་ན། གསང་བའི་མཆོད་དང་ལྡན་པ་ཡི།། བེ་ཅོན་སྒྲུབ་པ་བཤད་པར་བྱ།། སྙིང་པོ་ཟེ་བ་མཛེས་པ་ཡི།། པདྨ་འདབ་མ་བརྒྱད་བྱས་ལ།། འདབ་མ་རྩེ་མོའི་ཕྱོགས་བརྒྱད་དུ། བེ་ཅོན ་ཁྲོ་བོའི་བར་བཅུག་བྲི།། དབུས་སུ་དགུ་པ་བནག་ནས་ནི།། གཞན་རྣམས་ཤར་ཕྱོགས་ནས་བརྩམས་ཏེ། བསྐོར་བའི་ཚུལ་དུ་གོ་རིམས་བཞིན།། མེ་ཏོག་དག་གིས་གཞག་པར་བྱ།། ་བེ་ཅོན་ཀུན་གྱི་ས་བོན་ཧཱུཾ།། ཡི་དགས་སྤྱི་བོར་གཞག་པར་བྱ།། ཐོག་མར་ཨོཾ་དང་ལྡན་བྱས་ཏེ།། ཨོཾ་དང་ནམ་མཆོད་པར་འགྱུར།། ཨ་འདི་ཁྲོ་བོ་རྣམ་རྒྱལ་གྱི།། ས་བོན ་དམ་ཚིག་ཡིན་པར་བཤད།། ཨོཾ་ཨཱ་ཧཱུཾ། ཨོཾ་ན་མོ་བུདྡྷ་དྷརྨཱ་སཾ་གྷེ་བྷྱཿ། སངས་རྒྱས་ཀུན་གྱིས་མངོན་པར་བསྟོད།། བེ་ཅོན་རྣམས་ནི་ཐམས་ཅད་ཀྱང་།། རང་གི་དམ་ཚིག་བསྐུལ ་པར་ལྡན།། ཐམས་ཅད་རང་གི་དམ་ཚིག་ལྡན།། དེ་བཞིན་གཤེགས་པའི་རིགས་ལས་བྱུང་།། བསྐུལ་བའི་ཚིག་ནི་རབ་ལྡན་ཞིང་།། ཁྲོ་བོའི་ལྟ་བས་བརྟགས་པ་དང་།། རང་རང་རྟགས ་ཀྱིས་བསྐུལ་ན་ནི།། དེ་མ་ཐག་ཏུ་ལས་བྱེད་འགྱུར།། ཨཿའདི་ཁྲོ་བོ་རྣམ་རྒྱལ་གྱིས།། ཁྲོ་བོའི་ལྟ་བས་བལྟས་པའོ།། རང་གི་དམ་ཚིག་དང་ལྡན་པ། ཧཱུཾ་དང་ལྡན་པ་བསྐུལ་བ་བཞིན།། ཞི་བརྒྱས ་པ་དབང་དང་དགུག་དབྱེ་བ་དང་ནི་བསྐྲད་པ་རྣམས།། གསང་བའི་མཆོད་པའི་སྦྱོར་བ་ཡིས།། བདག་གིས་མདོར་ནི་བཤད་པར་བྱ།། དེ་ཡི་ཐོག་མར་ཡི་གེ་ཨོཾ།། དེ་ལཿ། ་གཞན་པ་སྔགས་འཕེལ་བྱེད།། དེ་བཞིན་གཤེགས་པའི་དམ་ཚིག་ཉིད།། གསུམ་པ་ཡིན་པར་ཡོངས་སུ་བསྒྲགས།། བཞི་པ་དངོས་གྲུབ་སྟེར་བྱའི་ཕྱིར།། འདིར་ནི་སྔགས་ལ་བསྐུལ་བའི་ཚིག ་ཨོཾ་ཨཱཿཧཱུཾ། སརྦ་ཏཱ་ཐཱ་ག་ཏ་ཧཱུཾ་སྭཱ་ཧཱ། ཞེས་བརྗོད་པ་སྔགས་ཀྱིས་བདག་ཉིད་དོ།། མཇུག་གི་ཧཱུཾ་ནི་ཁྲོ་བོ་ཡི།། སྔགས་ནི་འཕེལ་བར་བྱེད་པར་བཤད།། དེ་ལས་གཞན་ནི་ཁྱད་པྲར་དུ།། རང་གིས ་བསྐུལ་བ་རྱ་ཚིག་གིས་བྱེད།། དབང་དུ་བྱ་བར་འདོད་པས་ནི།། རང་གི་ངོ་བོ་སྨོས་པར་བྱ།། ལྷ་དབང་དབང་དུ་བྱོས་ཤིག་ཅེས།། བརྗོད་ནས་ཐ་མར་སྭཱ་ཧཱ་སྦྱར།། ཞི་བའི་ཕྱིར་ནི་བསྐུལ་བ་ཉིད།། ་མཇུག་ཏུ་བཽ་ཥ་ཊ་བརྟག་པར་བྱ།། དེ་བཞིན་གཤེགས་རིགས་ལས་བྱུང་བའི།། དཔལ་ནི་མཚུངས་མེད་འདོད་པ་ཡི།། བསྐུལ་བའི་ཚིག་གི་མཇུག་ཏུ་ཡང་།། ན་མཿསྭཱ་ཧཱ་རྟག་ཏུ་སྦྱར།། རྒྱས ་པའི་ཕྱིར་ནི་སྔོན་བཞིན་དུ།། བསྐུལ་དུས་པོ་ཥ་ཊ་སྦར་བར་བྱ།། རྒྱས་ཕྱིར་བསྐུལ་བའི་ཐོག་མ་དང་། ཐ་མར་ཁྲོ་བོའི་ཧཱུཾ་ཡང་སྦྱར། གསད་པ་ལ་ནི་ཕཊ་ཅེས་པ།། འབར་བ་འད་ལ་ལྷག་པ ་ཡིན།། རིགས་རྣམས་བརླག་པར་བྱ་བ་ལ།། ཧཱུཾ་དབུས་ཟོ་དང་ལྡམ་པའི་ཕཊ། དེ་བཞིན་བསླད་དང་འསྐུལ་བ་ཡི།། མགོ་དང་མཇུག་ཏུ་ཧཱུ~ཾ་གཞག་གོ།། ཡང་དགའ་བར་བའི་ཕརྦ་ཀྱང་གཞག། གས ་བའི་མཆོད་པའི་ཆོ་གར་གྲགས།། དེ་ལྟར་མཆོད་པའི་རིམ་པ་དེར།། བེ་རྩོན་དགུ་ནི་བྱས་པར་འགྱུར།། གསང་བའི་མཆོད་པའི་སྦྱོར་བ་ཡིས།། འདུག་པ་མེ་ཏོག་དེ་བཞིན་དྲི།། དེ་བཞིན་གཏོར། ་མ་མར་མེ་དང་།། བཟླས་པ་མེད་ཀྱང་འགྲུབ་པར་འགྱུར།། དབང་དུ་བྱ་དང་དབྱེ་བ་དང་།། བསྐྲད་དང་གསད་ལ་སོགས་པ་ནི།། ཇི་སྐད་གསུངས་པའི་ཚུལ་དག་དང་།། དེ་ལྟར་སྦྱོར་བ་དེ་འདྲེ་ལས ་ཚེས་གྲངས་ངག་དང་སྐར་མ་དང་།། སྨྱུང་བ་དག་ཀྱང་བྱ་མ་དགོས།། གསང་བའི་མཆོད་པའི་ཆོ་ག་ཤེས།། ཕྱག་རྒྱའི་དཀྱིལ་འཁོར་ལེགས་བྱས་ལ།། ཁྲུས་བྱས་ཁྲུས་ནི་མ་བྱས་རུང་།། ཇི་ལྟར་འདོད ་པ་རང་དགར་སྤྱོད།། ཅི་ཡང་རུང་བའི་གཏོར་མ་དང་།། ལོ་མཱ་མེ་ཏོག་འབྲས་བུས་ཀྱང་།། གང་དག་གཤིན་རྗེ་གཤེད་པ་ཡི།། སྙིང་པོ་ཕྱག་རྒྱ་མཆོད་བྱེད་ལ།། བྱང་ཆུབ་སེམས་དང་ལྡན་འགྱུར་ཞིང་། ་རབ་ཏུ་གུ་སཱན་རྫ་དྲུག་གིས།། དེ་ནི་ཅི་འདོད་དགོས་པ་རྙེད།། ཇི་ལྟར་འདོད་པའི་ལས་ཀྱང་བྱེད། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ལས།། བེ་ཅོན་གྱི་ཕྱག་རྒྱའི་དཀྱིལ་འཁོར ་གསང་བའི་མཆོད་པ་རིམ་པར་ཕྱེ་བ་སྟེ་བཞི་པའོ།། ། དེ་ནས་བེ་ཅོར་ཕྱག་རྒྱ་ཡི།། ཇི་སྐད་གསུངས་པ་དེ་དག་སྒྲུབ།། དེ་ཡི་དཀྱིལ་འཁོར་གཉིས་པའང་གཞན།། དཀྱིལ ་ན་ཡི་དགས་ཞེས་བྱ་བ།། སྒྲུབ་པས་མཚན་དུར་ཁྲོད་དུ།། དུར་ཁྲོད་དག་གི་ཐལ་བ་ཡིས།། གྲུ་བའི་པ་ལ་སྒོ་བཞི་བྲི།། མེ་རོའི་རོ་སྤང་དག་དང་ལྡན།། ཐ་རེ་རྫ་ཡབ་མེ་ལོང་དྲིལ།། མེ་ཏོག་འཕྲེང ་#། བས་མཛེས་པར་བྱ།། ལྷ་རྫས་ཡི་དགས་མང་པོ་དང་།། ཐོད་པ་བརྒྱད་ཀྱིས་རྣམ་པར་སྤྲས།། ཕྱིས་ནི་བེ་ཅོན་ཕྱག་རྒྱ་ཡང་།། མགོ་མེད་རོ་ཡི་སྟེང་དུ་བྲི།། དཀྱིལ ་ན་ཡི་དགས་ཞེས་བྱ་བའི།། ཐམས་ཅད་གྲུབ་བྱེད་དཀྱིལ་འཁོར་འདི།། ཁྲོ་བོའི་གཙོ་བོའི་ཕྱག་རྒྱ་ཡིས།། མཆོད་པ་ཇི་སྐད་གསུངས་པ་བྱ།། སྨེ་གཏོར་ཐམས་ཅད་བྱིན་ནས་ནི།། གཙང་མ་མོ།། ་ག་བགོས་ནས་ཀྱང་།། འབུམ་ཕྲག་གཅིག་ནི་སྔར་བསྟན་པ།། བྷྱས་ནས་འདི་ནི་བརྩམ་པར་བྱ།། ཕྱུགས་ཆེན་དག་གི་ཁྲིག་གྲིས་ཀྱང་།། ཤིས་པའི་ཐོད་པ་བཀང་ནས་ཀྱང་།། དེ་བཞིན་མི་ལས ་བྱུང་བའི་ག། ཕྱག་རྒྱ་ལ་ནི་དབུལ་བར་བྱ།། ཕྱུགས་ཆེན་གྱི་ནི་ཚིལ་བུ་ལས། མར་མེ་འབྲར་བ་བྱས་པ་དག་དེ་ཡི་ཕྱི་རོལ་ཕྱོགས་བརྒྱད་དུ།། སྔགས་བསྲུང་དེ་ལ་དངུལ་བར་གྱུ། ་ག་ཤེས་པས་དེ་ལྟ་བུར།། བྱས་ནས་མཇུག་ལ་བསྒྲུབ་པར་བྱ།། དཔལ་ལྡན་གོས་ནི་དམར་པོ་གྱོན།། ཙན་དན་དམར་པོས་བསྐུས་ནས་ནི།། ཅུང་ཟད་དག་ཀྱང་མི་བྱེད་པར།། མར་གྱི་བརྒྱད་ལྔ། ་གཅིག་པུས་བྱས།། དཔའ་ལ་སེམས་དྲག་མཐུ་ལྡན་པའི།། གྲོགས་ནི་གསུམ་དང་ལྷན་ཅིག་ཏུ།། སྒྲུབ་པ་བློ་ལྡན་སེམས་སྟོབས་ཅན།། དབང་པོ་ལེགས་པར་བསྡམས་པ་ཡིས། ཡི ་དགས་ཀྱི་ནི་དཀྱིལ་འཁོར་དུ།། སྒྲུབ་པ་ལ་ནི་འཇུག་པར་འགྱུར།། དེ་ནས་མཚན་མོ་རྒྱ་བཅིངས་ཏེ།། བརྟན་པར་འདུག་ལ་ལེགས་པར་བཟླས།། བགེགས་རྣམས་སྣ་ཚོགས་མཚན་གཅིག་ཏུ།། འཐུང ་སྟེ་དེ་ལས་རྒྱལ་བར་བྱ།། དེ་ལྟར་སྲིན་པོའི་ཚོགས་ཆེན་ལས།། རྒྱལ་ནས་ཕྱག་རྒྱ་འགྲུབ་པར་འགྱུར།། མི་འགྲུབ་པ་ཡི་ལས་རྣམས་ཀྱང་།། དེ་ནས་ཐོགས་མ་མེད་པར་བྱེད།། འཇམ་པའི་དབྱངས ་ཀྱི་ཁྲོ་བོ་ཡིས།། བསྐུལ་ནས་འདིར་ནི་དོགས་པ་མེད།། ཧ་ནཱི་བི་སྥོ་ཊ་པྲཉྫ་བཉྫ་ཞེས།། བསྐུལ་བའི་ཐ་མར་ཧཱུཾ་བརྗོད་ཅིང་།། གཡོན་བརྐྱང་བ་ཡི་ཚུལ་གནས་ནས།། ཁྲོས་པས་རི་རྩེ་བགྲོད་དཀའ་དང་། ་ར་བ་ཡང་ཐོག་སྒོ་ཁང་དང་།། པུ་ཤུ་ཁང་པ་དང་རབ་དག་སྐད་ཅིག་གིས་ནི་སྤེལ་བར་བྱེད།། ད་ར་བེ་སྥོ་ཊ་བྷཾ་ཛ་ཞེས།། བསྐུལ་བའི་མཇུག་ཏུ་ཧཱུཾ་བརྗོད་ན།། རི་བོ་དག་ནི་མང་པོ་དང་།། དེ་བཞིན་ལྷ་མིན ་སྒོ་དག་དང་།། དེ་བཞིན་ས་དང་གཞན་དག་དང་།། ཇི་ལྟར་འདོད་པ་འགས་པར་བྱེད།། པ་ཙ་བི་དྷན་སང་ཤོ་ཞེས། བསྐུལ་ནས་ཐ་མར་ཧཱུཾ་བརྗོད་ན།། ཕྱག་རྒྱ་འདི་ཡིས་ཆུ་རྣམས་ནི།། ཐོགས་པ་མེད་པར ་སྐམས་པར་བྱེད།། མཚོ་ཆེན་དང་ནི་ཆུ་བོ་དང་།། རྒྱ་མཚོ་དག་ཀྱང་སྐམས་པར་བྱ།། སྟཾ་བྷ་ཡ་ཞེས་ལན་གཉིས་བརྗོད།། ཐ་མར་ཧཱུཾ་དང་དེ་བཞིན་མུ།། དེ་ནས་དེ་ཡི་མཇུག་ཏུ་ཧཱུཾ། དེ་ན་སྟྭཾ་བྷ་ཞེས ་སྦྱར་ན།། པ་ཙ་བི་དྷ་ན་ས་ཡ་ཤོ་ཥ་ཡ་ཤོ་ཥ་ཡ་ད་ཧཱུཾ་ཕཊ། རི་མོ་ལ་ནི་གནས་པ་བཞིན།། ངེས་པར་མྱུར་དུ་གནོན་པར་འགྱུར།། ཐ་མར་ཧཱུཾ་བཞག་དེ་ནས་དྲིང་།། ཀོ་པ་ཡ་ཞེས་ལན་གཉིས་བརྗོད། ་དེ་ཡི་ཐ་མར་ཡི་གེ་མ།། མཁས་པ་དག་གིས་སྦྱོར་བ་ནི།། དཔུང་རྣམས་འཁྲུག་པར་འགྱུར་བ་ལ།། ཁྲོས་ན་ངོ་མཚར་ཅི་ཞིག་ཆེ།། བ་མར་ཧཱུ~ཾ་དང་ག་བཞག་ལ།། དེ་ནས་ཏིཥྛ་ཏིཥྛ་གཞག། སྔགས་པས ་#། གལ་ཏེ་སྦྱར་ན་ནི།། ཆོ་ག་འདི་ནི་གླང་པ་གནོན།། ཧ་ན་བི་དྷྭན་ས་མཱ་ར་ཡ།། བསྐུལ་ནས་ཐ་མར་ཧཱུཾ་བརྗོད་ཅིང་།། དེ་བཞིན་ཐ་མར་ཕཊ་བརྗོད་ན།། དཔུང་དག་རབ་ཏུ་། ་བར་འགྱུར།། ཁ་ཁ་ཁཱ་ཧི་ཁཱ་ཧྲི་ཞེས།། བསྐུལ་ནས་ཐ་མར་ཧཱུཾ་བརྗོད་ན།། དཔུང་རྣམས་ཕན་ཚུན་འཁྲུག་པར་ནི།། ཐོགས་པ་མེད་པར་རབ་ཏུ་འགྱུར།། ཐ་མར་ཧཱུཾ་དང་དེ་བཞིན་ཕཊ། དྲྀ་དྲི་ཛི་ཛ་དྲྀ་དྲྀ ་དག། ངེས་པ་དག་ཏུ་སྦྱར་ན་ནི།། སྔགས་པ་ཁྲོད་དང་ལྡན་པ་ཡིས།། ཁྲག་གི་ཆར་འབབ་བྱེད་པར་གསུངས།། ཐ་མར་ཧཱུཾ་བརྗོད་ཧ་ཧཱ་ཧཱ་ཧཱ་བི་ཏཱ་ལེ་ཧཱུཾ་ཕཊ། ཅེས་བདག་གིས་བྱ། སྔགས་པ་དཔའ་དང ་ལྡན་པ་ཡིས།། བསྐུལ་ནུས་མྱུར་དུ་རྨོངས་པར་འགྱུར།། ཐ་མར་ཧཱུཾ་བརྗོད་ཧ་ཧ་ཧ།། དེ་བཞིན་ཨནྟ་ཡ་དང་ཕཊ།། བསྐུལ་བ་འདི་དག་དང་ལྡན་ན།། འགྲོ་བ་དག་ནི་མདོངས་པར་བྱེད།། ཐ་མར་ཧཱུཾ། ་བརྗོད་དེ་ནས་ཧཱུཾ།། དེ་བཞིན་དྲྀ་དྲྀ་ཛ་ཛ་བཞག། ཐ་མར་དྲི་དང་ཕཊ་ལྡན་ད།། འགྲོ་བ་དེ་མ་ཐག་ཏུ་འབེབས།། ཁྲོ་བོ་ཆེན་པོ་འདི་ཡི་ནི།། ཕྱག་རྒྱ་དེ་ལྟར་གྲུབ་གྱུར་ན།། དེ་ཚེ་ལས་རྣམས་ཐམས་ཅད་ནི། ་ཡིད་ཀྱིས་བསྐུལ་བ་ཙམ་གྱིས་བྱེད།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི།། དམ་ཚིག་རབ་ཏུ་སྐོར་བ་ཡིན།། སྒྲུབ་པ་གང་དང་གྲང་འདོད་པ།། དེ་ནི་ཐོགས་པ་མེད་པར་བྱེད།། གལ་ཏེ་དེར་ནི་མ ་གྲུབ་ན།། འདི་ཡི་སྔོན་དུ་བསྙེན་པ་ནི།། ཆོ་ག་བཞིན་དུ་འབུམ་བྱས་ལ།། དེ་ནས་བློ་ལྡན་སྒྲུབ་ལ་འཇུག། དེ་ཚེ་དེ་བཞིན་གཤེགས་པ་ཡི།། སྔ་མའི་དམ་ཚིག་བསྐུལ་བ་བཞིན།། དེ ་ནས་སླར་ཡང་སྔགས་རྣམས་ལ།། ཐོགས་པ་མེད་པར་དེ་བཞིན་སྦྱར།། ཕྱག་འཚལ་བ་དང་ཀུན་ཏུ་ལྡན།། དེ་ཡི་ཐོག་མཱར་ཨོཾ་བཞག་ལྔ།། ཨོཾ་ཞེས་བྱ་བ་གཞན་ཡང་གཞག། ཨ་ཞེས་བྱ་བ། ་གཉིས་པའོ།། དེ་ཡི་ཚིག་གི་མཇུག་ཏུ་ཧཱུཾ།། བཞག་སྟེ་དེ་ནས་ཚིག་རྣམས་ཀུན།། དེ་ལྟར་ཀྲོ་དྷ་བ~ཾ་ཛཱ་ཡ།། ཨག་ནིར་ཛྭ་ལི་ཛི་ཧཱ་ཏ་ཤཱི།། ཚིག་རྣམས་གཞན་ནི་བརྗོད་པར་བྱ།། དེ་ནས་དེ་ཡི་ཐ་མར ་ཧཱུཾ། དེ་བཞིན་ཚིག་གི་ཐ་མར་ཨོཾ།། མཐའ་མར་ཨཱ་བཞག་དེ་ཡི་མཐར།། ཧཱུཾ་དང་སི་ཊི་ལག་གཉིས་བསྒོམ།། པྲ་པུ་ཏཱ་ཞེས་ལག་གཉིས་བསྒོམ།། དེ་ནས་དེ་བཞིན་གཤེགས་པ་ཡི།། བཀའ ་ལུང་གིས་ནི་ཕྱག་རྒྱ་དེ།། གཟིར་ནས་རང་གིས་བཟླས་བརྗོད་བྱ།། དེ་ལྟར་བཟླས་བརྗོད་འབུམ་བྱས་ནས།། ཁྲོ་བོ་ཆེན་པོ་དེ་ཡིས་ནི།། ཀུན་ལ་ཅི་རིགས་བསྐུལ་ནས་སུ།། ལས་རྣམས ་ཐམས་ཅད་བསྒྲུབ་པར་བྱ།། ཁྲོ་བོ་གཙོ་བོ་དེ་ཡི་ནི།། བཀའ་བཞིན་བྱེད་དེ་གཞན་དུ་མིན།། གང་གིས་སྔོན་དུ་བསྙེན་བྱས་པ།། དེ་ཡིས་བསྐུལ་བའི་ཆོ་ག་ནི།། ཇི་སྐད་གསུངས་པའི་ལས ་རྣམས་ལ།། མ་སྒྲུབ་ན་ནི་ངེས་པར་སྦྱར།། གཞན་དུ་སྔགས་ནི་གཟིར་བྱས་ན།། བདག་ཉིད་ངེས་པར་འཆི་བར་འགྱུར།། ཁྱད་པར་དུ་ནི་དཔའ་བོ་ཡིས།། ཁྲོ་བོའི་གཙོ་བོའི་སྙིང་པོ་ནི།། ་ཕྱག་རྒྱ་འདིས་ན་གཟིར་བྱས་ན།། འགྲོ་བ་མ་ལུས་འཁྲུག་པར་འགྱུར།། སྔགས་འདི་གང་དུ་བཟླས་པ་དང་།། འཇིག་རྟེན་འཇིག་རྟེན་ལས་འདས་པ།། དེ་དག་ཀུན་གྱི་ལུས་རྣམས་ནི།། དོགས་པ་མེད་པར ་། འཇིག་པར་འགྱུར།། ཕྱག་རྒྱ་འདི་ཡིས་གཟིར་གྱུར་ན།། དཔག་ཚད་བདུན་གྱི་དཀྱིལ་འཁོར་ན།། གཞན་གྱི་སྔགས་རྣམས་གང་ཡོད་དྲག། དགྲ་རྣམས་དྲེགས་པ ་མེད་པར་བྱེད།། འབྱུང་པོ་སྐྲག་པར་བྱེད་པ་དང་།། དེ་བཞིན་ལྷ་རྣམས་འགུགས་པར་བྱེད།། ཁྲོ་བོ་རབ་ཏུ་དགའ་བར་བྱེད།། གཤིན་རྗེ་གཤེད་པོའི་མཐུ་ཡང་སྐྱེད།། ཡི་དགས་རོ་ལངས་རི་དགས་ནི།། ་དེ་བཞིན་རབ་ཏུ་འཇིགས་པར་གསུངས།། བྱང་དང་གནོད་པ་སྐྲག་པ་ཡང་།། རབ་ཏུ་བསྐུལ་ན་འཇིག་པར་བྱེད།། བགེགས་རྣམས་ཐམས་ཅད་འཇིགས་པར་བྱེད།། འཆི་བ་ཐམས་ཅད་མེད་པར་བྱེད།། ་འཕོངས་པ་ཐམས་ཅད་མེད་བྱེད་ལ།། བེ་ཅོན་ཕྱག་རྒྱ་དྲག་པོར་བསྒྲགས།། དགྲ་དང་དེ་བཞིན་གཞན་དག་ཀྱང་།། སྐྱེ་བོ་དག་ལ་འདི་བཅིངས་བསྟན།། གཤིན་རྗེ་གཤེད་པོ་སྦྱར་ན་ནི།། དེ་ཡི་མོད་ལ ་སྲོག་ཀྱང་འཕྲོག། མདོར་ར་སྙིང་པོ་ཕྱག་རྒྱ་ཡི།། ཆོ་ག་རང་གི་དམ་ཚིག་ཅན།། ཁྲོ་བོའི་ཞལ་ནས་གསུངས་པ་འདི།། གསང་བར་རབ་ཏུ་བསྟན་པ་ཡིན།། སྔགས་པས་ཁྲོ་བོའི་གཙོ་བོ་ནི།། ་གཤིན་རྗེ་གཤེད་པོ་གཅིག་དཔའ་བའི།། སྙིང་པོ་ཕྱག་རྒྱ་བེ་ཅོན་དང་།། སྙིང་པོ་དག་གིས་སྦྱར་བར་བྱ།། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ལས། བེ་ཅོན་གྱི་ཕྱག་རྒྱའི།། ་ཆོ་ག་ཞིབ་མོ་རྣམ་པར་ཕྱེ་བ་སྟེ་ལྔ་པའོ།། དེ་ནས་ཡི་གེ་བཅུ་བདུན་པའི།། རྩ་བའི་སྔགས་ནི་གང་ཡིན་པ།། དེ་ཡི་ཕྱག་རྒྱ་གཞན་དག་ཀྱང་།། རོ་ལངས་ཞེས་ནི་བྱ་བ་ཡོད། ་གཤིན་རྗེ་གཤེད་པོ་དྲག་བརྩོན་པའི།། སྙིང་ནི་དྲགའ་བྱེད་གསང་བའོ།། སྔགས་པ་དག་གིས་གང་དག་ཏུ།། བཅིངས་པ་དེར་ནི་བྱིན་རློབ་པ།། རོ་ལངས་ཞེས་བྱའི་ཕྱག་རྒྱ་འདི།། ཁྲོ་བོས་གསུངས ་པ་བཤད་པར་བྱ།། དུར་ཁྲོ་དག་གི་ཐམས་ཅད་ནི།། གང་ལ་རྟག་ཏུ་རག་ལུས་པའོ།། དེ་ནས་ལག་པ་གཉིས་ཀ་ཡི།། སོར་མོ་ཕན་ཚུན་བསྣོལ་བྱས་ཏེ།། སོར་མོ་གུང་མོ་གཤིབས་ཏེ་བསྒྲེང་། ་མཛུབ་མོ་གཉིས་ཀྱིས་སྲིན་ལག་གཉིས།། མཐེ་བོང་གཉིས་ཀྱིས་སྲིན་ལག་གཉིས།། ལེགས་པར་བཟུང་ནས་དགུག་པར་བྱ།། མཐེའུ་ཆུང་གཉིས་ཀྱང་ནང་དུ་དགུག། དེ་བཞིན་དུ་ནི་མཐེ་བོང་གཉིས།། ་ཕན་ཚུན་བསྣོལ་ཏེ་བརྐྱང་བར་བྱ།། ཤེས་རབ་ཅན་གྱིས་རོ་ལངས་འདི།། རྟག་ཏུ་ཚུལ་བཞིན་ཁྲོ་བོས་བསྟན།། ཁྲོ་བོ་གཙོ་བོའི་གསང་སྔགས་གང་།། ཡི་གེ་བཅུ་བདུན་ལེགས་གསུངས་པ། ་དེ་ཉིད་འདི་དང་སྦྱར་བར་བྱ།། རོ་ལགས་ཕྱག་རྒྱ་ལྡན་པ་སྟེ།། བདག་ཉིད་འདོད་པ་ཐམས་ཅད་དེ།། ཧ་ཧར་གྱུར་པའི་དཀྱིལ་འཁོར་དུ།། ཆོ་ག་བཞིན་དུ་སྦྱར་བར་བྱ།། ཧ་ཧར་གྱུར་པའི ་དཀྱིལ་འཁོར་ནོ།། ཁྲོ་བོ་འབར་བྱེད་བཤད་པར་བྱ།། ཚིག་བཞིན་དུ་ནི་སྦྱར་བར་བྱ།། ཡི་དགས་ཕལ་ཆེན་བཤད་པ་བཞིན།། འདི་ཡང་གྲུ་བཞི་ལྷམ་པར་བྱ།། ཁྱད་པར་དག་ཏུ་ཕྱོགས་ཀུན་ཏུ། ་མཁས་པས་མེ་ནི་སྦར་བར་བྱ།། ཁྲུ་བརྒྱད་ལྷག་ཆད་མེད་པར་ནི།། ཆོ་ག་བཞིན་དུ་བྲི་བར་བྱ།། སྒོ་སྒོ་དག་ཏུ་གསལ་ཤིང་གིས།། ཕུག་པའི་ཡི་དགས་ཁྲག་ཅན་གཞག། དབུས་སུ་མགོ་དང་། ་བྲལ་བ་ཡི།། མི་རོ་རོ་སྨད་གསལ་བར་གཞག། ཡི་དགས་ཕལ་ཆེན་དཀྱིལ་འཁོར་བཞིན།། ཐ་མར་ཡི་དགས་འཕྲེང་བ་དགོད།། ཁྲོ་བོ་ཡི་ནི་གཙོ་བོའི་སྔགས། ་འཚོགས་མ་སྤྱི་གཙུག་ལ་སོགས་མེད།། ཡི་གེ་བཅུ་བདུན་བློ་ལྡན་གྱིས།། མགོ་མེད་རོ་ཡི་སྟེང་དུ་གཞག། ཞལ་དྲུག་པ་ལ་ཞབས་ཀྱང་དྲུག། དེ་བཞིན་ཕྱག་ནི་བཅུ་གཉིས་པ།། རབ་ཏུ་འབར་བ ་དྲུག་པོའི་གཟུགས།། སྔ་མ་བཞིན་དུ་གཞག་པར་བྱ།། ཡི་དགས་མང་པོ་སྦྱར་བ་ནི།། སྔ་མ་བཞིན་དུ་བཞག་ནས་ཀྱང་།། མེ་ཏོག་བདུག་པ་འཕྲེང་ལ་སོགས།། སྔགས་དེས་དེ་ལ་མཆོད་པར ་བྱ། འདིར་ནི་གཏོར་མ་ཤ་ཆེན་དུ།། གསུངས་པས་གཞན་གྱིས་མི་བྱའོ།། ཁྲག་གིས་གཏོར་མའི་ཆོ་ག་དང་།། དེ་བཞིན་བདུག་པ་ཀུན་སྨྲེ་བའི།། དེ་ནས་དཔལ་ལྡན་རིག་འཛིན་གྱིས། ་རོ་ལགས་ཕྱག་རྒྱ་བཅིངས་ནས་ནི། གཏོར་མ་མེ་ཏོག་དབུལ་ལ་སོགས། རྣམ་པ་ཀུན་ཏུ་ཁྲོ་བོས་བྱ།། དཀྱིལ་འཁོར་གྱི་ནི་ཁོར་ཡུག་གི་ཕྱོགས་བརྒྱད་དག་ཏུ་མར་མེ་དགོད།། དུར་ཁྲོད་དག ་གི་མགལ་དུམ་མམ།། ཡང་ན་གསལ་ཤིང་དག་གིས་བུད།། སེང་ལྡེང་དག་གི་གཟར་བུ་ཡིས།། ཚིལ་ཆེན་དག་ལ་ལན་བདུན་དུ།། ལྷོ་ཕྱོགས་མེ་ལ་བསྲེགས་ནས་ནི།། དེ་ནས་ཁྲོ་བོ་བསྒྲུབ་པར ་བྱ།། དེ་ལ་སྔོན་དུ་བསྙེན་པ་དང་། བཟླས་པ་དང་ནི་བསྡམས་པའང་མེད།། རིག་འཛིན་ཉིད་ཀྱི་སེམས་སྟོབས་ཉིད།། འདི་ཡི་རྒྱུ་ནི་ཤེས་པར་བྱ།། ལྷོ་ཕྱོགས་སྒོར་ནི་ནན་ཏན་དུ།། རྨ་མེད ་པ་ཡི་རོ་བཞག་སྟེ།། སྙིང་ཁར་རོ་ལངས་རྒྱ་བཞག་ལ།། དེ་ལ་རབ་ཏུ་བསྐོར་བར་བྱ།། དེ་ནས་ཁྲོ་བོ་ཆེན་པོ་ཡིས།། ཤིན་ཏུ་བཀྲུས་ཤིང་ལེགས་པར་བརྒྱན།། དྲི་དང་མེ་ཏོག་དམར་སྔོན་གྱིས། ་ལེགས་པ་དག་ཏུ་མཆོད་ནས་ཀྱང་།། མཁས་པས་རོ་ལངས་ཕྱག་རྒྱ་ཡིས།། ཐོག་མར་བདག་ཉིད་བསྲུང་བར་བྱ།། གཤིན་རྗེ་གཤེད་བྱེད་ཡན་ལག་ལྔ།། དེ་བཞིན་ལུས་ལ་སྦྱར་བར་བྱ།། དཔའ་ཕྱེ། ་མཐུ་ཆེན་བདག་ཉིད་ཀྱིས།། རལ་གྲི་ལག་པར་བླངས་ནས་ནི།། དཔའ་བོའི་རྐང་པ་གཡོན་པ་ཡིས།། དེ་ཡི་སྙིང་ཁར་མནན་ནས་ནི།། ཁྲོ་བོ་ཡི་ནི་གཙོ་བོ་ཡི།། ཡི་གེ་བཅུ་བདུན་སྔགས་བཟླས་སོ།། ་ཨོཾ་ཨ་ཀྲོ་དྷ་ཀ་ཡ་མནྟ་ཀ། ཧཱ་ན་མ་ཐཱ་བྷཉྩ་ཧཱུཾ་ཕཊ། འདི་ནི་རྩི་བའི་སྔགས་ཡི་གེ་འབྲུ་བཅུ་བདུན་པའོ།། དེ་སྔགས་དྲག་པོས་བསྐུལ་བ་དང་།། ཡི་དགས་དེ་ནི་གཡོ་བར་འགྱུར།། ཧ་ཧར་གྱུར ་པ་འཁྲུགས་པ་དང་།། དེ་བཞིན་ཧཱ་ཧའི་སྒྲ་ཡང་འབྱིན།། དེ་ནས་བདག་གིས་ལངས་པ་ལས།། མཚོན་ཆ་རྣོན་པོ་འབར་བ་ཡིས། བཅད་པའི་ཤ་དང་ཁྲག་བཅས་པའི།། མཆོད་ཡོན་དེ་ལ་དབུལ ་བར་བྱ།། རིག་པ་འཛིན་པ་དེ་ཡི་ནི།། སེམས་ཀྱི་དྲིང་ནི་དེས་ཤེས་ནས།། མཆོད་ཡོན་བླངས་ཏེ་དཀྱིལ་འཁོར་ནི། ཧ་ཧར་གྱུར་པ་འཇིགས་པར་བྱེད།། དེ་ནས་བདག་ཉིད་ཆེན་པོ་དེའི།། ་འཇིགས་སུ་རུང་བའི་གཟུགས་མཐོང་ནས།། གཤིན་རྗེ་གཤེད་པོ་དཔའ་བོ་ཡི།། རོ་ལངས་ཕྱག་རྒྱ་བསྟན་པར་བྱ།། དེ་ནས་གཤིན་རྗེ་གཤེད་པོ་ནི།། ཡི་དགས་ལུས་ལ་གནས་པ་དེས།། ་རོ་ལངས་ཉིད་ཀྱི་རྒྱ་མཐོང་ནས།། རིག་པ་འཛིན་པ་དེ་ཡི་ནི།། སེམས་རྗོད་རིག་ནུས་འདོད་པའི་མཆོག། སྦྱིན་པར་བྱེད་པ་གདོན་མི་ཟ།། ཁྲོ་བོ་རྒྱལ་པོ་སླར་གཤེགས། ་ནུས། སཱི་རོས་ལ་འགྱེལ་བར་འགྱུར།། དེ་ཡི་ལུས་ནི་དེ་ཉིད་ཀྱང་།། གསེར་དུ་འགྱུར་བ་གདོན་མི་ཟ།། དེ་ཚེ་གྲོགས་པོ་རྣམས་དང་ཡང་།། སེམས་ཅད་རྣམས་ལྔ་ཅི་བདེར་སྦྱིན།། བདག་ཉིད་རྟེན ་པོ་དཔའ་བོ་ཡི།། སྒྲུབ་པ་བཤད་པ་འདི་ཡིན་ཏེ།། སེམས་རི་རབ་ཏུ་དཔའ་བས་བྱའི།། ངན་སོང་གཞན་གྱིས་ཡོང་མི་བྱ།། སེམས་ཞན་པ་ཡི་སྒྲུབ་པ་པོས།། ཁྲོ་བོའི་རྒྱལ་པོ་དེ་བསྒྲུབས་ན།། དེ་ནི ་ལངས་ནས་མྱུར་བར་ནི།། གྲོགས་དང་བཅས་པ་གསོད་པར་འགྱུར།། རོ་ལངས་ཕྱག་རྒྱ་མི་ཤེས་ན།། དེས་ནི་ཇི་ལྟར་དྲག་གྱུར་ཀྱང་།། ཁྲོ་བོའི་རྒྱལ་པོ་དེ་ཡིས་ནི།། སྒྲུབ་པ་པོ་ནི་གསད་པར་འགྱུར།། རིག ་འཛིན་མཆོག་གིས་གང་དག་ཏུ།། དེ་བཞིན་གཤེགས་པ་དམ་ཚིག་གིས། བརྒྱན་ཅིང་ཁྲོ་བོ་བསྐུལ་བ་ཡིས།། རོ་ལངས་ཕྱག་རྒྱ་བཅིངས་པ་དེར།། གདོན་མི་ཟ་བར་ཁྲོ་བོ་ནི།། ལེགས་པར་བྱིན་གྱིས། ་རློབ་པར་འགྱུར།། མྱུར་དུ་མཆོག་ཀྱང་སྩོལ་བར་མཛད།། འགོ་བར་གྱུར་བ་གདོན་མིག། ཨོཾ་ནཱ་མོ་བུདྡྷ་དྷཱརྨས་རྩེ་ཐུཿས་རོངྐ་ཀཱ་ཡཱ་མཱནྟ་ཀཧ་ན་མ་ཐཱ་ཐཱཉྩ་དྷུ་བེ་ཐ་བི་རཎ་རཀྵ་མན་ཏ་ཐཱ་ག་ཏོ་ཨཱ་ཛྙཱ་བ་ས ་ཏི་སྭཱ་ཧཱ། དེ་བཞིན་གཤེགས་པའི་དམ་ཚིག་བཀ་ས་བརྒྱན་པ། རོ་ལངས་ཀྱི་ཁྲོ་བོའི་ཕྱག་རྒྱའི་སྔགས་སོ།། ཧ་ཧོར་གྱུར་པའི་དཀྱིལ་འཁོར་དུ།། རོ་ལངས་ཕྱག་རྒྱ་རང་སྔགས་དང་།། ལྡན་ན་མྱུར་དུ་ཁྲོ་བེ་ནི། ་ངེས་པར་བྱིན་གྱིས་རློབ་པར་མཛད།། དཔའ་བོ་དག་གིས་སྦྱོར་བར་ནི།། སྔར་བསྙེར་ལ་ལོགས་བྱེད་ན་ཡང་།། ཐུབ་པ་པོ་ནི་འདོད་པ་བཞིན།། ཁྲོ་བོ་ངེས་པར་མྱུར་དུ་འགྲུག། ཡང་ན་རོ་ལངས་དྲུག ་རྒྱུ་འདི།། སྐྱེས་བུ་སེམས་ནི་མི་དཔའ་བས།། ཧ་ཧར་གྱུར་པའི་དཀྱིལ་འཁོར་དུ།། བདག་ཉིད་ཀྱིས་ནི་དམ་ཚིག་གིས།། མཁས་པས་བཟུང་ནས་བཟླས་པར་བྱ།། འདི་ཉིད་ཀྱིས་ཀྱང་དབང་བསྐུར་ནས། ་ཇི་ལྟར་ནུས་པས་གང་དུའང་རུང་།། ཁྲོ་བོ་མཆོག་གི་རི་མོ་འམ།། དཀྱིལ་འཁོར་ཆོ་ག་བཞིན་བྱས་པའམ།། དེ་བཞིན་སྐུ་གཟུགས་གཞན་ཡང་རུང་།། ཡིད་དང་དབང་པོ་བསྡམས་བྱས་ཏེ། ་ཐོག་མར་རླིག་འབུམ་བཟླས་པར་བྱ།། དེ་ལྟར་སྔོན་དུ་བསྙེན་པ་ན།། ཇི་ལྟར་འདོད་པར་བྱས་ནས་གདོད།། ཕྱི་ནས་སྨྱུང་བ་བྱས་ནས་དེ།། རོ་ལངས་ཕྱག་རྒྱ་སྒྲུབ་ལ་འཇུག། ཧ་ཧར་གྱུར་པའི ་དཀྱིལ་འཁོར་ནི།། ཆོ་ག་བཞིན་དུ་ངུར་ཁྲོད་ཟི།། ཡང་ན་སེམས་ནི་མི་དཔའ་བས།། དུར་ཁྲོད་ཐལ་བས་ཁྱིམ་དུ་བྲི།། ཁྱི་མོ་དེ་སྟོང་པ་ཡིན་ཡང་རུང་།། གལ་ཏེ་ཁྱིམ་དེ་མི་སྤོང་ན།། ཧ་ཧར་གྱུར ་པ་མཐོང་བ་དང་།། ཞག་བདུན་ལོན་མ་ཐག་ཏུ་འཇིག། དེ་ནས་ཡི་དགས་མང་པོ་ལས།། གསུངས་པའི་མཆོད་པ་ཅི་རིགས་བྱས།། དེ་ནས་ལྷོ་ཕྱོགས་སྒོར་འདུག་སྟེ།། བྱང་གི་ཕྱོགས་སུ་ཁ ་བལྟས་ལ།། རང་གི་དམ་ཚིག་ལས་གསུངས་པའི།། རོ་ལངས་ཕྱག་རྒྱ་བཅིངས་ཏེ་བཟླས།། ཟླ་བ་མར་གྱི་ཚེས་བརྒྱད་ལ།། བློ་ལྡན་ཆོ་ག་ཤེས་པ་ཡིས།། མཚན་མ་བསྟན་ཅིང་འདུག་ནས་ནི།། ་ཉི་མ་ཤར་གྱི་བར་དུ་བཟླས།། དེ་ནས་ཁྲོ་བོས་དགོངས་པ་ཡིས།། རོ་ལངས་ལྷ་མོ་འགྲུབ་པར་འགྱུར།། ཁྲོ་བོ་ལྷ་ཡི་སྔགས་དག་དང་།། བསྐུལ་བའི་ཚིག་ནི་མཆོག་རྣམས། ་ཀྱིས།། ཇི་སྐད་གསུངས་པའི་ལས་རྣམས་ནི།། ཐམས་ཅད་དེ་ནས་བྱེད་པར་འགྱུར།། བེ་ཅོན་ཞེས་བྱ་ཕྱག་རྔུ་ལའང་།། དེ་དག་ཉིད་ལ་མྱུར་དུ་གྱུར།། སྦྱར་ན་དོག་པ་མེད་པར་ཡང་།། འདི་ནི་དེ ་དག་བྱེད་པར་འགྱུར།། རོ་ལངས་ཕྱག་རྒྱ་སྒྲུབ་པ་བྲི།། སྔགས་པ་རྣམས་ལ་འདིར་གསུངས་སོ།། དེ་ནི་ཞན་པའི་སེམས་རྣམས་ཀྱིས།། སྒྲུབ་པ་དག་ནི་གསུམ་པ་འབྱུང་།། ཆོ་ག་བཞིན་དུ་སྔར ་བཤད་པའི།། ཡི་དགས་མང་པོ་དེ་ཚེ་བྲི།། གར་ཡང་རུང་བར་ཅི་རིགས་པར།། སྔགས་དེ་རྣམས་ཀྱིས་སྦྱར་བར་བྱ།། དེ་ནས་ཡི་དགས་མང་པོ་ཡིས།། དཀྱིལ་འཁོར་བལྟ་ན་སྡུག་པ་འདི།། ཁྱིམ ་ནུམ་ཡང་ད་གཞན་ཡང་རུང་།། དེར་ནི་དཀྱིལ་འཁོར་བྲིས་ནས་ན།། དེ་དབུས་ཡི་དགས་སྤྱི་བོ་ལ།། རོ་ལངས་མ་ནི་འདིར་གཞག་གོ།། ཟོ་བོ་ཡི་གེ་གཟི་བསྐྱེད་པ།། ཞི་ཞིང་ཀུན་ཏུ་དགའ་བྱེད་པ། ་རོ་ལངས་སྙིང་པོའི་ཕྱག་རྒྱ་ནི།། བཅིངས་ནས་དེ་རུ་སྦྱར་བར་བྱ། དེ་ནས་རོ་ལྡངས་ཕྱག་རྒྱ་ཡིས། གསང་བའི་ཡི་གེ་བཅུ་གསུམ་པའོ།། གཞི་པ་གཞན་ཡང་ཤེས་བྱས་ནས།། ཇི་ལྟར་འདོད་པར་། ་ནས་ནི།། ཨོཾ་ཨཱཿཧཱུཾ་བཻ་ཏཱ་ལི་རཀྵ་རཀྵ་མཾ་སྭཱ་ཧཱ། རོ་ལངས་ཕྱག་རྒྱའི་སྙིང་པོ་འདི།། གང་ཡང་རུང་བ་ཅི་འདོད་པར།། བཅུར་བསྒྱུར་བ་ཡི་གྲངས་རྣམས་སུ།། ཆོ་ག་ཇི་བཞིན་བཟླས་ནས་ནི།། རྨད་དུ་བྱུང་བའི ་ཁས་རྣམས་ཀྱང་། ཡི་དགས་བསམ་པས་བྱེད་པར་འགྱུར།། གསང་བའི་རིག་སྔགས་དམ་པ་འདི།། ལས་རྣམས་ཐམས་ཅད་བྱེད་པའོ།། དེ་ནས་ད་ནི་འདི་ཡི་ལས།། ཐེ་བོའི་རྒྱལ་པོ་ཉིད་ཀྱིས་ཀྱང་།། ་ཆོ་ག་ཞི་བ་ལས་གང་གསུངས་པ།། དེ་དག་མདོར་ནི་བཤད་པར་བྱ།། རྨུགས་དང་གནད་དང་རྨོངས་པ་དང་།། དེ་བཞིན་དབབ་པའི་ཆོ་ག་དང་།། དབང་དུ་བྱ་དང་བྱེད་པ་དང་།། གསད་པ་དང་ནི་བསྐྲད ་པ་དང་།། ཕན་ཚུན་འཐབ་ཅིང་གསོད་པ་དང་།། དེ་བཞིན་གཞན་ཡང་མིག་འཕྲུལ་དང་།། ཞི་དང་རྒྱས་པར་སྦྱོར་བ་དང་།། དེ་བཞིན་དགའ་བར་བྱེད་པ་དང་།། དགུག་པར་བྱེད་པའི་ཆོ་ག་ཡང་།། མདོར ་བསྡུས་ནས་ནི་བཤད་པར་བྱ།། རོ་ལངས་ཕྱག་རྒྱ་ལས་སྒྲུབ་ཕྱིར།། ཆོ་ག་བཞིན་དུ་སྔར་བསྙེན་བྱས།། སོ་སོའི་དོན་རྣམས་སྒྲུབ་པའི་ཕྱིར།། ཆོ་ག་འདི་ནི་རྣམ་པར་བརྩམ།། རྨ་བྱའི་མཇུག ་མའི་སྒྲོ་དག་གི། མདོངས་བརྒྱ་བམ་པོར་སྦམས་ནས་ཀྱང་།། སེང་ལྡེང་ཡུ་བ་འཕན་མེད་པ།། བཟང་པོ་ཁྲུ་གང་ཚད་ལ་ནི།། བུ་མོ་ས་བཀལ་བའི་སྐུད་པ་ཡིས།། མཁས་པ་དག་གིས་བཅིང ་བར་བྱ།། ཡུ་བ་དེ་ཡི་རྩ་བ་ལ་རང་།། མཆོད་རྟེན་བཟང་པོ་ལེགས་པར་བྱ།། གྲོ་ག་ལ་ནི་གི་ཝང་གིས།། ཁྲོ་བོས་མཐར་བྱས་རོ་ལངས་བྲི།། མཁས་པས་མཆོད་རྟེན་འོག་ཏུ་གཞག། དེ་ནས་ཟླ་བ ་གཟས་ཟིན་པ་ལེ། ཀ་ནུབ་མོ་ཡི་དགས་ཕལ་ཆེན་གྱི།། དཀྱིལ་འཁོར་མཚོ་འགྲམ་བྲིས་ནས་བཟླས།། དེ་ནས་གྲུ་ཕྱིར་སྔགས་པ་ཡིས།། མཇུག་མ་དེ་ལ་ཡིད་གཏད་ནས།། ལག་པ་གཡོན་པས་བཟུང་ནས་ནི།། ་ཟླ་བ་དེ་ལ་བལྟ་ཞིང་བཟླས།། སེམས་ནི་བདུད་ཀྱིས་མི་འཁྲུགས་པའི།། སེམས་དཔའ་ཆེན་པོ་ཁ་ཅིག་ལ།། དྲོད་དང་དུད་འཕྲུལ་འབར་བདག་། མཇུག་མ་དེ་ལས་འབྱུང་བར ་འགྱུར།། དྲོ་བར་གྱུར་པ་མཐོང་ན་ནི།། ཟླ་བྱང་ཆུབ་སེམས་དཔའ་འདྲ་བ་ཡིས།། སེམས་ཅན་རྣམས་ནི་ཐམས་ཅད་ལ།། དེས་ནི་ཕན་འདོགས་གནོད་པ་ནུས།། མཇུག་མ་བཟང་པོ་དེ་ལས་ནི།། ་དུབ་འབྱུང་བ་མཐོང་ན་ཡང་།། མྱུར་དུ་མི་སྣང་བར་ཡང་འགྱུར།། འདོད་པའི་གཟུགས་ཅན་ཡིད་མགྱོགས་བཞིན།། རྒ་བ་དང་ནི་འཆི་བ་མེད།། གནོད་སྦྱིན་རྣམས་ནི་ཡོངས་སུ་བཀོར།། སེམ། ་ཅན་ཆེན་པོ་དེ་ཡི་གཟིས།། གལ་ཏེ་དེ་ནི་འབར་འགྱུར་ན།། རིག་འཛིན་དཔལ་དང་ལྡན་པར་འགྱུར།། ནམ་མཁའ་ལ་ནི་མྱུར་དུ་འགྲོ།། བདེ་བ་ཀུན་དང་ལྡན་པ་ཡིས།། རིག་འཛིན་རྣམས་ཀྱི་མཆོག ་ཏུ་མཆོག། གལ་ཏེ་ཟླ་བ་གཟས་བཏང་བ།། དེ་ཚེ་གྲུབ་པར་མ་གྱུར་ནའང་།། མཇུག་མ་ལན་ཅིག་བསྐོར་བ་ཡིས།། དཔུང་རྣམས་གནོད་པའི་དངོས་གྲུབ་དང་།། གང་ཡང་རུང་བ་ཞིག་ཀྱང་གནོན།། མྱོས། ་པས་དྲེགས་པའི་གླང་པོ་དང་།། སྟག་དང་སེང་གེ་ཝ་རྣམས་དང་།། རྟདང་ཤིང་རྟ་བྱ་རྣམས་དང་།། གྲུ་དང་གྲུ་ཆེན་བནོན་པ་རྣམས།། བསྐོར་ན་ཐམས་ཅད་གནོན་པར་བྱེད།། མནན་པ་དག་ལས་ཐར ་པར་ཡང་།། མཇུག་མ་འདིས་ནི་གདོན་མི་ཟ།། དེ་ནས་གཞན་ཡང་རོ་ལངས་ཀྱིས།། རྨུགས་པར་བྱ་བ་གསང་བར་བཤད།། དེ་ནས་ཚིལ་ཆེན་བླངས་ནས་ནི།། དེ་ཡང་ཐོད་པའི་ནང་དུ་གཞག། ཨ་ཤྭ་མ་ར་དམར། ་པོ་ཡིས།། ཤིང་བལ་འཇམ་པོའི་སྙིང་པོ་བྱ།། གདོལ་པའི་མེ་ཡིས་འབར་བྱས་ནས།། ཉི་མ་ཟླ་བ་གཟས་ཟིན་ཚེ།། ཐོད་པའི་དུད་པ་བླངས་ནས་ནི།། ཟླ་བའམ་ཡང་ན་ཉི་མ་དག། བཏང་བའི་བར་དུ་བཟླས་པར། ་བྱ།། ཡང་ན་ཨརྒའི་ཤིང་བལ་ལ།། དེ་ཡི་འོག་ཏུ་ལྕགས་ཐུར་གྱིས།། མིག་གཉིས་དག་ནི་བསླུ་བར་བྱ།། དེ་ལྟར་མིག་གཉིས་བསླུས་པ་ཡིས།། གང་དག་བལྟས་པ་དེ་དག་ནི།། རྨུགས་པར་འགྱུར་བར ་གདོར་མི་ཟ།། དེ་ནས་གདོང་བཀྲུས་བལྟས་ན་ནི།། སླར་ཡང་དེ་ལས་ཐར་པར་འགྱུར།། དེ་ནས་གཞན་ཡང་རྨོངས་པ་ནི།། རྨོངས་པར་བྱེད་པ་མཆོག་བཤད་དོ།། ཨརྒ་གཅིག་གི་རྩ་བ་དང་།། ག་ན་ཀ་ཡི། ་རྩ་བ་དང་།། ཨ་ཤྭ་མཱ་ར་རུ་ཎ་དང་།། མོ་ཧན་ཡི་རྩ་བ་དང་།། མ་ཧཱ་ན་ལའི་རྩ་བ་དང་།། ཤ་ར་པུ་ཀར་ལྡན་བྱས་ཤིང་།། ཡི་དགས་མེ་ཏོག་རྙིང་པར་ལྡན།། མདུན་སོ་དག་དང་ལྡན་བྱས་ཏེ།། སྐྱེས ་པ་དག་གམ་བུད་མེད་ཀྱི།། གསང་བའི་པགས་པ་དང་ལྡན་པ།། བུ་མོ་འདོད་པ་མ་སྤྱད་པས།། མར་གྱི་བརྒྱད་ལ་ལེགས་པར་བཏག། ཕྱིས་ནི་བུད་མེད་ཁྲག་དག་དང་། བོང་བུའི་ཁུ་བས ་སླུ་བར་བྱ།། དུར་ཁྲོད་ཐལ་བ་དང་སྦྱར་ཏེ།། དེ་ནས་མར་གྱི་ཚེས་བརྒྱད་ལ།། ཐོག་མར་ཡི་དགས་མང་བྲིས་ནས།། རིག་འཛིན་པས་མཚན་མ་བཟླས།། སྟོང་རྩ་བརྒྱད་ནི་ལེགས་བཟླས ་ན།། དེ་ནས་རྫས་ནི་གྲུབ་པར་འགྱུར།། རྨོངས་པར་བྱེད་པའི་ཕྱེ་མ་འདི།། སེམས་ཅན་ཀུན་ལ་སྦྱར་ན་ནི།། དེ་ནས་རྨོངས་པར་བྱེད་པར་འགྱུར།། འདི་ལ་ཐེ་ཙོམ་མི་བྱའོ།། འཐབ་མོ ་དང་ནི་རྩོད་པ་དང་།། རྒྱལ་པོ་གཡུལ་ངོ་ཆེན་པོ་ལ།། བདག་གི་ཕྱོགས་ནི་སྲུང་བའི་ཕྱིར།། སྦྱོར་བ་ཤེས་པས་འདི་བསྐུལ་བའི།། བ་དན་དག་ཀྱང་བསྒྲེངས་ན་ནི།། དགྲ་རྣམས ་ཀུན་ནི་རྨོངས་པར་འགྱུར།། ཕྱེ་མ་འདི་ཡི་རེག་ན་ནི།། དེ་མ་ཐག་ཏུ་མི་རྣམས་རྨོངས།། ཆུར་ཞུགས་ན་ནི་ཐར་པར་འགྱུར།། ངེས་པར་གཞན་དུ་མ་ཡིན་ནོ།། དེ་ནས་གཞན་ཡང་དབབ་པ་ཡི།། ་གའི་མཆོག་ནི་བཤད་པར་བྱ།། ཅི་ནས་འབྱུང་པོ་ཐམས་ཅད་ནི།། མོད་ལ་འབབ་པར་འགྱུར་བའོ།། སྟག་གི་པགས་པ་དང་ལྡན་པར།། སྦྲུལ་གྱི་ཤུན་པ་བཏགས་ན་ནི།། དུག་དང་ཡུང་བའི་རྩ ་བ་དང་།། མོ་ཧ་ན་དང་མ་ལ་ཏི།། ར་ཡི་གཅིན་ལས་བཏགས་ནས་ནི།། དེ་ནས་དེ་དག་རིལ་བུར་བྱ།། ཙ་ན་ཀཱ་ཡི་འབྲུ་ཚད་ལ།། བདུན་ནམ་བརྒྱད་དམ་དགུ་འམ་ཡང་།། གཞན་ཡང་རི་བོང ་ཁྲག་དྲག་དང་།། གུར་ཀུམ་ལས་སུ་བཏགས་ནས་སུ།། བདུན་ནམ་བརྒྱད་དམ་དགུ་དག་ཏུ།། རིལ་བུ་སྔ་མ་བཞིན་དུ་བྱ།། དེ་ནས་སྔ་མའི་རིལ་བུ་ལ།། སྔགས་པས་ཐོད་པའི་སྣོད་དུ་གཞག ་མར་གྱི་ཚེས་བརྒྱད་མཚན་མོ་ནི།། བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ།། གུར་ཀུམ་ཅན་ནི་ཨ་རི་སྟའི།། སྣོད་ནི་གཙང་མར་གཞག་པར་བྱ།། དེ་བཞིན་སྟོང་རྩ་བརྒྱད་བཟླས་ཏེ།། རྩེ་མོ་རབ་ཏུ་སྦྱར་བར ་བྱ།། སྔར་ནི་ལེགས་པར་སྦྱར་བྱས་པའི།། རིལ་བུ་ཐ་མལ་བདུག་པ་ལ།། བཏབ་ན་མྱུར་དུ་འབབ་པ་ནི།། རིང་པོར་མི་ཐོགས་གཞན་དུ་མིན།། བསམས་ནས་མྱུར་དུ་བཏང་བ་ནི།། ་ནས་གུར་ཀུམ་རིལ་བུར་བྱ།། དེ་ནས་གཞན་ཡང་གྲུབ་པ་ལ།། དབང་དུ་བྱེད་པ་གང་གི་མཆོག། རིག་པ་འཛིན་པའི་ཡིད་ལས་འབྱུང་།། ལས་ཀྱིས་ངེས་འགྱུར་བཤད་པར་བྱ།། རཀྟ་ཞེས་ནི ་འདིར་གྲགས་པ།། རྩ་བ་རཀྟ་མུ་ལི་ཀ། དེར་བླངས་ཤ་ར་པུ་ཀ་དང་།། མི་ལས་བྱུང་བའི་མདུན་པོ་དང་།། ཚུབ་མས་བཙུགས་པའི་ཤིང་མོ་ནི།། ལྡིང་ཞིང་ལྷག་དང་བཅས་པ་དག། གཞོན་ནུ་མས ་ནི་མཚན་མོ་བཏག། ཕྱེ་མ་མཆོག་དེ་ལན་བདུན་དུ།། བདག་གི་ཁུ་བས་སླུ་བར་བྱ།། དེ་ནས་བདག་གིས་སྦྱར་བ་དེ།། པདྨོ་སྙིང་པོ་ལ་གཞག་པ།། གཙང་མས་མར་གྱི་ཚེས་བརྒྱད་ལ།། བློ ་ལྡན་ལག་པས་བཟུང་ནས་ནི།། སྔགས་ཀྱིས་སྟོང་དུ་གདབ་པར་བྱ།། ཕྱེ་མའི་རྒྱལ་པོ་དབང་བྱེད་པ།། དེ་ནས་དངོས་གྲུབ་ཐོབ་པར་འགྱུར།། བཟའ་བའམ་བཏུང་བ་དག་ལ་སྦྱིན།། ཡང་ན ་ཕྱེ་མ་གདབ་པར་བྱ།། ཡང་ན་རླུང་གི་ཕྱོགས་སུ་བཏང་།། ཡང་ན་གོས་ལ་ལན་ཅིག་གདང་།། ཡང་ན་བྱུག་པའམ་སོ་ཡི་རྩེ།། གང་ཡང་རུང་བར་སྦྱར་ན་ནི།། དེ་ལ་འདིས་ནི་ལན་ཅིག ་གིས།། མྱོས་ཤིང་དྲེགས་པའི་དགྲ་དག་ནི།། རྒྱང་ནས་ཀྱང་ནི་དབང་དུ་འགྱུར།། བྲན་བཞིན་དུ་ནི་ལེགས་པར་བྱེད།། ཕྱེ་མ་འདི་ཡིས་རེག་པ་ནི།། ཤི་ན་འང་རྗེས་སུ་འབྲང་བར་འགྱུར།། གལ ་ཏེ་རྒྱང་ནི་རིང་པོ་ནས།། ཕྱེ་མས་རེག་པར་མི་འགྱུར་ན།། དེ་ཡི་གཟུགས་བརྙན་བྱས་ནས་ནི།། ཕྱེ་མ་འདི་ཡིས་གདབ་པར་བྱ།། ཞག་བདུན་གྱིས་ནི་རིག་འཛིན་གྱི།། མིང་ནི་དེ་ཡིས་ཐོས་ནས་ཀྱང་།། བདག་རང་དང་། ་། ནི་ནོར་བཅས་པ།། གདོན་མི་ཟ་བར་དབང་དུ་འགྱུར།། དེ་ནས་སྦྱོར་བ་འབའ་ཞིག་གིས།། ཁོན་པའི་ལས་དག་བཤད་པར་བྱ།། རྨ་བྱའི་མདོངས་ནི་བཟང་པོ་དང་།། ་དེ་བཞིན་སྦྲུལ་གྱི་ཤུན་པ་དང་།། རྟ་དང་མ་ཧེའི་སྤུ་དག་དང་།། ཀ་ཀ་ན་ཀའི་ས་བོན་དང་།། ཨ་ཤྱཱ་མ་རཱའི་མེ་ཏོག་དང་།། དེ་བཞིན་གླང་པོའི་ཕྱི་ཕྱི་ལིང་།། འདི་རྣམས་ཐམས་ཅད་མཉམ ་བྱས་ཏེ།། བྱི་བ་བྱི་ལའི་ཁྲག་ལས་བཏགས།། བདག་གིས་རིལ་བུ་མཉམ་པར་བྱ།། བྱས་ནས་ཆོ་ག་ཤེས་པ་ཡིས།། མཚན་མོ་སྟོང་རྩ་བརྒྱད་དུ་བཟླས།། བྱི་བ་དང་ནི་བྱི་ལ་ཡི།། སྤུ་ཡི ་བདུག་པས་བདུག་པར་བྱ།། དེ་ནས་སྦྱོར་བ་ཤེས་པ་ཡིས།། དེ་ལ་རིལ་བུ་གཅིག་བླངས་ནས།། གང་དག་དབྱེ་བར་བྱ་བ་ནི།། དེ་དག་གཅིག་གི་སྤྱི་བོ་ལ།། རིལ་བུའམ་ཡང་ན་ཕྱེ་མ་དག ་དབྱེ་བར་བྱ་བའི་ཕྱིར་གདབ་བོ།། དབྱེ་བར་བྱེད་པའི་མཆོག་འདི་ནི།། ཁྲོ་བོ་ཉིད་ཀྱིས་གསུངས་པའོ།། དེ་ནས་འདི་ནི་གསང་བྱ་བ།། སྦྱོར་བའི་ཚུལ་བཞིན་ལེགས་སྦྱར་བ།། དོགས་པ་མེད་པར་འགྲུབ ་འགྱུར་པ།། གསོད་བྱེད་མཆོག་ནི་བཤད་པར་བྱ།། མི་དབང་རྣམས་པ་དུ་མ་ཡིས།། དཀོན་མཆོག་གསུམ་ལ་གནོད་བྱེད་པ།། དེ་ལ་སྦྱོར་བ་འདི་སྦྱར་གྱི།། ངན་སོང་གཞན་ལ་མ་ཡིན་ནོ།། འདི ་ནི་བྱང་ཆུབ་སེམས་ལྡན་ལ།། གྲུབ་པར་འགྱུར་གྱི་གཞན་དུ་མིན།། དེ་བཞིན་གཤེགས་པའི་དམ་ཚིག་འདི།། དངོས་གྲུབ་ཐམས་ཅད་སྟེར་བས་ན།། ཆོ་ག་གཞན་དུ་ལེགས་པར་བསྲུང་། ་གཞན་དུ་བྱས་ན་འགྲུབ་མི་འགྱུར།། དེ་བཞིན་གཤེགས་པ་དངོས་གྲུབ་ཀུན།། འདོད་ན་སྲོག་རྫོགས་ཕན་འདོད་པས།། འོག་དང་འཕུར་བའི་དངོས་གྲུབ་ཀྱང་།། བཤོལ་བ་མེད་པར་བསྒྲུབ་པར་གླ། ་ཁྲོ་དང་གཏུམ་པའི་སྤྱོད་པ་ཅན།། འདོད་ཕྱིར་གསོད་པར་འདོད་དེ་ལ།། དེ་བཞིན་གཤེགས་པའི་དངོས་གྲུབ་དག། རྨི་ལམ་དུ་ཡང་ག་ལ་འབྱུང་།། སྙིང་མརྩེ་བཟོད་དང་དེ་བཞིན་བྱམས།། རང་བཞིན་གྱིས ་ནི་སྙིང་རྗེ་ཅན།། ཇི་སྐད་བསྟན་པའི་སྔགས་པ་ནི།། བྱང་ཆུབ་སེམས་ཉིད་སེམས་བྱེད་ལ།། དེ་བཞིན་གཤེགས་པའི་དངོས་གྲུབ་ཀུན།། གདོན་མི་ཟ་བར་དེ་ལ་འགྲུབ།། གདུག་པ་རྣམས་ནི་འདུ ་བའི་ཕྱིར།། སྦྱོར་བ་འདི་ནི་ཀུན་ཏུ་གསུངས།། དཀོན་མཆོག་གསུམ་ལ་ཆེར་གནོད་ལ།། བྱ་བར་བཤད་ཀྱིས་གཞན་དུ་མིན།། སེམས་གདུག་བསྒྲུབ་པར་བྱ་བ་ཡི།། རྐང་པའི་རྗེས་ཀྱིས་བླངས་ལ།། ་དེ་ནས་གཙང་མའི་མ་ཧེ་ཡི།། གཅིན་གྱིས་དྲེ་ན་སྤྲུལ་ནས་ཀྱང་།། དེ་ཡི་གཟུགས་བརྙན་བྱས་ནས་ནི།། དུར་ཁྲོད་ཐལ་བས་བསྐུ་བར་བྱ།། སོལ་པོ་རྒྱར་མ་རྣོན་པོ་དང་།། དེ་བཞིན་རུས་པ་ཕུབ་མ ་དག། དེ་ཡི་སྙིང་ཁར་གདབ་པར་བྱ།། དེ་བཞིན་གཞན་ཡང་ལྟོ་བ་དང་།། རྣ་བ་སྣ་དང་མིག་དང་ཁ།། རབ་ཏུ་བཀང་ནས་གཡང་སར་གཞག། རྐང་པ་གཡོན་པས་མནན་པར་བྱ།། དེ་ནས་རོ་ལགས་ཞི་བའི ་སྔགས།། ཕྱིན་ཅི་ལོག་ཏུ་བཟློག་སྟེ་བཟླས།། བསྒྲུབ་པར་བྱ་བའི་མིང་སྨོས་ནས།། སྒྲུབ་པ་སྟོང་རྩ་བརྒྱད་བཟླས་ལ།། བཟློག་པའི་རིམ་པ་འདི་ཉིད་ཀྱིས།། ཕཊ་གཉིས་དག་གི་བར་དུ་གཞུག། ལས་འདི། ་བྱས་པས་ངེས་པར་ནི།། བསྒྲུབ་པར་བྱ་བ་སྤོས་གྱུར་ནས།། ངེས་པར་འཆི་བདག་དབང་དུ་འགྱུར།། བློ་དང་ལྡན་པས་བསྒྲུབ་བྱ་ཡི།། དྲེགས་པས་དེ་ལྟར་བསལ་བྱས་ན། ་ནཔ་ཀུན་གྱིས་བཏབ་པ་དེས།། དེ་ནས་སླར་ཡང་ཐར་པར་བྱ།། གཞན་དུ་བྱས་ན་མོད་ལ་ནི།། ངེས་པར་འདྲི་བ་དག་མདུན་དུ་འགྲོ།། དཀོན་མཆོག་གསུམ་ནི་བསྲུང་བའི་ཕྱིར།། གནོད་པར་བྱེད་པ་ཐམས ་ཅད་ལ།། ནད་ལ་སོགས་པ་སྦྱར་ན་ཡང་།། འཆི་བར་འགྱུར་བ་འདི་བ་ཤད་དོ།། དམ་ཚིག་ཤེས་ལ་མི་བྱ་སྟེ།། གལ་ཏི་བྱས་ན་བདག་ཉིད་འཆི།། བསྐྲད་པར་བྱ་བའི་ཆོ་ག་ཡང་།། འཇམ་དབྱངས ་རབ་ཏུ་དཔའ་བོ་ཡང་།། ཁྲོ་བོ་ཉིད་ཀྱིས་ཇི་སྐད་དུ།། གསུངས་པ་ད་ནི་བཤད་པར་བྱ།། སེང་ལྡེང་ལས་བྱས་ཕུང་བུ་ནི།། སོར་བརྒྱད་ཙམ་དུ་བྱས་པ་ལ།། ཡུངས་མར་ཚ་བས་བྱུགས་ནས་ནི།། དུར། ་ཁྲོད་ཐལ་བས་གདབ་པར་བྱ།། དེ་ནས་ཁ་ནི་རང་ཤི་བའི།། དེ་ཡི་པགས་པར་དཀྲི་བར་བྱ།། སྒྲུབ་པས་ནུས་མོ་ཕུར་བུ་དེ།། སྐུད་པ་དམར་པོས་བཅིངས་ནས་ནི།། དེ་ནས་རོ་ལངས་ཕྱག་རྒྱ་ནི། ་སློང་ཅིག་པ་ཡི་ཚིག་ལྡན་པས།། བསྒྲུབ་པར་བྱ་ཡི་མིང་སྤྲོས་ཏེ།། མཁས་པས་སྟོང་རྩ་བརྒྱད་བཟླས་པ།། དེ་ནས་སྐྲོད་པར་འདོད་པ་ཡིས།། བསྒྲུབ་པར་བྱ་བའི་སྒོ་ཁར་ནི།། ཕུར་བུ་དེ་ནི་གདབ་པར་བྱ། ་འདི་ནི་སློང་པའི་མཆོག་ཏུ་གསུངས།། འོན་ཏང་བརྒྱ་བྱིན་སྟོབས་ལྡན་པའི།། བསྒྲུབ་པར་བྱ་བའང་བསྐྲད་པར་འགྱུར།། དེ་ནས་གཞན་ཡང་གཅིག་ལ་གཅིག། འཐབ་དང་རྩོད་པ་བཤད་པར་བྱ།། ་དཀོན་མཆོག་གསུམ་ལ་གནོད་བྱེད་པར།། རིག་ནས་ཇི་ལྟར་འདོད་པ་ནི།། དེ་དག་རང་གི་ཕྱོགས་འཁྲུགས་པར།། སྔགས་པས་ཇི་སྐད་གསུངས་བཞིང་བྱ།། བར་ཧི་དང་ནི་རུ་ཙི་ར།། པ་ཏྲ་དང་ནི་ཀེ་ཤི་ནི། ་དེ་བཞིན་ཐ་མ་སུ་ཀ་རི།། རྫོགས་པའི་བྱང་ཆུབ་བཞུགས་བཞུགས་པ།། མཐུ་ཆེན་སྨན་ནི་འདྲི་རྣམས་ལས།། གང་ཡང་རུང་བ་ཞིག་བླངས་ཏེ།། ལོ་མ་རླུང་གིས་བཏབ་པར་སྦྱར།། དེ་བཞིན་པ་ལ ་ཀ་ཏ་དང་།། གོ་སྟོད་ནག་པོ་ལྡོང་རོས་དག། འདི་དག་བཏགས་ཏེ་མར་བྱ།། མི་ཡི་ཚལ་གྱིས་སྡུས་ནས་སུ།། རོ་ལངས་སྟོང་རྩ་བརྒྱད་དུ་བཟླས།། ནམ་ལངས་པ་རུ་གྱུར་པ་དང་།། གདུག་པ ་འཁྲུག་པར་བྱེད་ཅེས་བྱ།། གང་གིས་བསྣམས་ཏེ་དེ་དག་ནི།། རང་གི་ཕྱོགས་རྣམས་ཕན་ཚུན་འཁྲུག། གཅིག་ལ་གཅིག་ཀྱང་འཐབ་པར་འགྱུར།། ཡུལ་འཁོར་དང་ནི་གྲོང་ཁྱེར་དང་།། དཔུང་ལ་གནོད ་པ་བྱ་བའི་ཕྱིར།། ཕན་ཚུན་གསོད་པར་བྱ་བ་ལ།། བདུག་པ་འདྲི་ནི་སྦྱར་བར་བྱ།། ཕན་ཚུན་འཐབ་ཅིང་གསོད་པ་དག། ཅི་རིགས་བསྟན་པ་འདི་ཡིན་ནོ།། དེ་ནས་གཞན་ཡང་མིག་འཕྲུལ་གྱི།། ཆོ་ག ་ཚུལ་བཞིན་བཤད་པར་བྱ།། དུར་ཁྲོད་དག་གི་ཐལ་བ་ཡིས།། མིག་འཕྲུལ་དངོས་པོ་འགྲུབ་པར་འགྱུར།། མི་ཐོད་བཟང་པོར་ཐལ་བ་དང་།། རི་བོང་དག་གི་ཁྲག་བླུགས་ཏེ།། ཡི་དགས་ཕལ་ཆེན ་དཀྱིལ་འཁོར་གྱི།། ཇི་སྐད་གསུངས་པ་བྲིས་པ་གཞག། དེ་ཡི་ནང་དུ་རོ་ལོངས་ལ།། མཆོད་པ་ཆེན་པོ་བྱས་ནས་ནི།། དེར་ཡང་ལྷོ་ཕྱོགས་སྒོ་དག་ཏུ།། ཞུགས་ཐབ་ཏུ་ནི་མེ་བུས་ཏེ།། དེ་ནས་ཐལ་བ་དེ་ལ ་ནི།། མར་གྱིས་བདུགས་ཏེ་སྤྱིར་སྲེག་བྱ།། དེ་ནས་ཐལ་བ་དེ་ལ་ཡང་།། སྟོང་རྩ་བརྒྱད་དུ་བཟླས་བྱས་ཏེ།། སྟོང་རྩ་བརྒྱད་པོ་དེ་ཉིད་ཀྱིས།། ནམ་ལངས་པར་ནི་ངེས་པར་ཡང་། ་མཁས་པས་མིག་འཕྲུལ་རྩེད་མོ་རྣམས།། ཐལ་བ་དེས་ནི་བྱེད་པར་འགྱུར།། མེ་ཏོག་དཀར་ལ་ཐལ་བ་དེས།། ལན་རེ་དག་ཏུ་བསྐུས་ནས་ནི།། ནམ་མཁར་གཏོར་ན་ངེས་པར་ཡང་།། རྫོགས་པའི ་སངས་རྒྱས་སྟོན་པར་འགྱུར།། ཐལ་བ་དེ་ཡིས་སྔ་མ་བཞིན།། མེ་ཏོག་སེར་པོ་ལ་བསྐུས་ཏེ།། དེ་བཞིན་ནམ་མཁའ་ལ་གཏོར་ན།། འདོད་ཆགས་བྲལ་བ་སྟོང་དག་དང་།། ཉིད་ཀྱིས་གནས་བཅས ་སངས་རྒྱས་ཀུན།། སྟོན་པར་བྱེད་དེ་གཞན་དུ་མིན།། མེ་ཏོག་དཀར་པོས་འཇིག་རྟེན་པའི།། ལྷ་རྣམས་ཀུན་ཀྱང་སྔ་མ་བཞིན།། གང་དང་གང་གི་འདོད་པ་དག། ཡིད་ཀྱིས་བསམས་པས་སྟོན་པར་བྱེད།། མེ ་ཏོག་སྔོན་པོས་དེ་བཞིན་དུ།། གནོད་སྦྱིན་སྲིན་པོ་སྔ་མ་བཞིན།། ཡི་དགས་མཁའ་འགྲོ་གྲུལ་བུམ་དང་།། ཡང་ན་གང་དང་གང་འདོད་པའོ།། ཆུ་ལས་ལན་བདུན་བཟླས་པ་ནི།། རྗེན་དུ་གཏོར་ནས་ངེས ་བར་ཡང་།། མིག་འཕྲུལ་སླར་ཡང་བསྩུ་བར་གྱུ།། ཡང་ན་ཁུ་ཚུར་བཅངས་བྱས་སོ།། ཁ་ཡི་སྒོ་བདུན་མི་རུས་ཀྱི།། སུ་བདག་ལ་བཅིངས་ནས་སུ།། དེ་ལ་ཐལ་བ་དེ་བསྐུས་ཏེ།། མིཿ། ་འཕྲུལ་བསམས་ལ་ཅི་འདོད་པར།། ཚོགས་ཀྱི་ནང་དུ་བསྐོར་ནས་ནི།། མཚོ་དང་རྒྱ་མཚོ་རྒལ་བ་དང་།། དེ་བཞིན་ཁང་པ་ལི་བ་དང་།། གཡུལ་དང་འཁྲུག་ཅིང་འཆི་བ་དང་།། ལྟད་མོ་ཆེན་པོ་མཆོག ་རྣམས་ནི།། རབ་ཏུ་སྦྱར་བ་སྟོན་པར་འགྱུར།། ཁུ་ཚུར་བཅངས་པས་དེ་བཞིན་སྡུད།། ས་ཡི་འོག་ཏུང་སྟོན་པ་དང་།། འགྲོ་བ་མང་པོ་འདུས་པ་དང་།། གྱེན་དུ་འགྲོ་དང་དེ་བཞིན་འཁྲུག། རང་གི་དཔུང ་དང་རྒྱ་མཚོ་འང་འཁྲུག། མཇུག་མ་དེ་དང་ཐལ་བ་ཡིས།། གཞན་ཡང་གང་དང་གང་འདོད་པ།། དེ་དག་ངེས་པར་བྱེད་པར་འགྱུར།། ཁུ་ཚུར་བཅངས་པས་དེ་བཞིན་སྡུད།། དེ་ལྟར་མིག་འཕྲུལ ་མདོར་བསྡུས་པ།། ཇི་སྐད་བཤད་པ་བཞིན་དུ་བྱ།། རོ་ལངས་དེ་ཡི་ངོ་བོ་ཉིད།། ཞི་བའི་ཕྱིར་ནི་ཚུལ་བཞིན་བཟླས།། བདག་གམ་འོན་ཏེ་གཞན་ཡང་རུང་།། བསྒྲུབ་བྱ་ཞི་བའི་ཚི་ག་སྨོས ་ཏེ། སྟོང་རྩ་བརྒྱད་དུ་བཟླས་བྱས་ནས།། མེ་ཏོག་དཀར་པོ་བཟང་པོ་ནི།། བསུང་ཞིམ་ཡིད་དུ་འོང་བ་དག། ཙན་དན་དཀར་པོའི་ཆུས་བཏབ་ནས།། རྒྱ་མཚོར་འགྲོ་བའི་ཆུ་ནང་དུ། ་ཞུགས་ནས་རེ་རེ་ལ་བཟླས་ཤིང་།། བརྒྱ་རྩ་བརྒྱད་ནི་དོར་བར་བྱ།། འོན་ཏང་བདག་གམ་གཞན་ཡང་རུང་།། མཚུངས་པ་མེད་པ་ཞི་བར་འགྱུར།། རྒྱལ་པོའི་ཡུལ་ལམ་ལྗོངས་དག་གམ།། གྲོང་ངམ་ཡང་ན ་གྲོང་ཁྱེར་དག། ཞི་བའི་ལས་དེ་བྱས་པ་ཡིས།། ཞི་བར་འགྱུར་བ་གདོན་མི་ཟ།། དེ་ནས་རྒྱས་པའི་ལས་རྣམས་ཀྱང་།། ཚུལ་བཞིན་དུ་ནི་བཤད་པར་བྱ།། མཆོད་རྟེན་ལ་མཆོད་སྣ་ཚོགས་པ།། བྱས་ནས ་དེ་ཡི་མདུན་འདུག་སྟེ།། རོ་ལངས་ཕྱག་རྒྱ་ཆེན་པོ་ནི།། རྫོགས་སངས་རྒྱས་ཀྱིས་མཆོད་པ་བཟླས།། གལ་ཏེ་མཆོད་རྟེན་རིང་བསྲེལ་ཅན།། ཡིན་ན་དེ་མ་ཐག་ཏུ་འགྱུར།། བསྒྲུབ་བྱའི་མིང་སྨོས་བཟླས་ན་ནི།། ་སྐྱེས་པ་བུད་མེད་རྒྱས་པར་འགྱུར།། དམ་ཆོས་མཆོད་རྟེན་མདུན་དུ་ནི།། ཆོག་བཞིན་དུ་ཁྲི་བཟླས་ན།། ཇི་སྲིད་རྒྱས་པར་གྱུར་གྱི་བར།། དེ་སྲིད་རྒྱས་ཕྱིར་རིམ་གྱིས་བཟླས ་དེ་བཞིན་གཤེགས་པའི་མཆོད་པ་དག། མཁས་པས་མཆོད་རྟེན་ཀུན་ལ་བྱ།། རིང་བསྲེལ་ཅན་ལ་ཆོ་ག་བཞིན།། ཁྱད་པར་དུ་ནི་བཤད་པར་བྱ།། ཐོག་མར་མཆོད་རྟེན་དྲུང་དུ་ནི།། མཁས་པ ་དག་གིས་དཀྱིལ་འཁོར་བྱ།། དེ་ནས་དེར་ནི་མེ་ཏོག་དང་། ཤིན་ཏུ་ཡིད་འོང་དགྲམ་པར་བྱ།། མེ་མར་རབ་ཏུ་འབར་བ་བརྒྱད།། མཁས་པས་དེ་ལ་དབུལ་བར་བྱ།། ཤིན་ཏུ་ཡིད་འོང་ཆུ་དང ་བཅས།། སྣ་ཚོགས་པ་ཡི་བཤོས་ཕུལ་ནས།། གུ་གུལ་བདུག་པ་ཕུལ་ནས་ནི།། བྱང་ཆུབ་སེམས་དང་ལྡན་ཡིས།། དེ་བཞིན་གཤེགས་པ་ཐམས་ཅད་ལ།། ཞེ་སར་བཅས་པས་ཕྱག ་བྱས་ནས། མཆོད་རྟེན་ལ་ནི་མངོན་ཕྱོགས་ཏེ།། ཞི་དང་རྒྱས་ཕྱིར་བཟླས་པར་བྱ།། དམ་པའི་ཆོས་ཀྱང་བཀླག་པ་དང་།། དུས་དུས་སུ་ཡང་མཆོད་རྟེན་བྱ།། དེ་ལྟར་ཉིན་མཚན་ཕྱེད་བྱས། ་ན།། ཞི་བ་དག་དང་རྒྱས་པར་འགྱུར།། རྒྱས་པའི་ལས་ནི་གཤད་ཟིན་ཏོ།། གཞན་ཡང་སྒྲུབ་པ་པོ་ལ་ནི།། འཇིག་རྟེན་ཐམས་ཅད་ངེས་པར་ཡང་།། དགའ་བར་འགྱུར་བ་བཤད་པར་བྱ། ་ཇི་ལྟར་མ་ལ་བུ་སྡུག་པ།། དེ་འདིར་དེ་བཞིན་གཞན་དུ་མིན།། མཁས་པ་ཡིས་ནི་གིའུ་ཝང་དགེ། ངེས་པར་བདག་གི་ཁྲག་དང་སྦྱར།། ལན་གྲངས་མང་དུ་སྦྱར་ནས་ཀྱང་།། མཁས་པས་དེ་ནི།། ་ཐོད་པར་གཞག། དེ་ནས་ཟླ་བ་གཟས་ཟིར་ཚེ།། ཟླ་བ་ལ་ནི་མིག་བལྟས་ཤིང་།། བཏང་གི་བར་དུ་ལེགས་པར་བཟླས།། ནང་པར་བདག་གི་དཔྲལ་བྱ་ལ།། ཐིག་ལེ་གཅིག་ནི་བྱས་ནས་ཀྱང་། ་དེ་ནས་རྒྱལ་པོའི་འཁོར་དུ་འགྲོ།། འགྲོ་བ་དབང་བྱེད་སྦྱོར་བ་འདི།། མདོར་བསྡུས་ནས་ནི་བཤད་པ་སྟེ།། རྒྱུ་དང་མི་རྒྱུ་འཇིག་རྟེན་དག། མཐོང་བ་ཡིས་རི་དགའ་བར་འགྱུར།། འདི་ནི་འཇིག་རྟེན ་པ་རྣམས་ཀུན།། དགའ་བར་བྱེད་པ་བསྟན་པ་ཡིན།། དེ་ནས་དགུག་པའི་ཆོ་ག་ཡང་།། འཇམ་དབྱངས་མགོན་པོ་གཅིག་པ་ཡི།། ཁྲོ་བོའི་ཞལ་ནས་གསུངས་པ་དག། མདོར་བསྡུས་ནས་ནི་བཤད ་པར་བྱ།། བུད་མེད་བུ་མོ་ཤི་སྒྲ་ལས།། མར་གྱི་བརྒྱད་ལ་ནན་ཏན་དུ།། ཞགས་པ་ལེགས་པར་བཀལ་བྱས་ཏེ།། དེ་ནས་ཐོད་པའི་ནང་དུ་གཞུག། དེ་ནས་ཟླ་བ་གཟས་ཟིན་པར།། འགྱུར་བའི་བར་དུ ་ཉིན་བཟླས་མས།། ཟླ་བ་གཟས་ཟིན་གྱུར་པ་དང་།། ཆུ་འགྲམ་གཙང་མ་དག་ཏུ་ཡང་།། དེར་ནི་ཡི་དགས་ཕལ་ཆེན་གྱི།། དཀྱིལ་འཁོར་དེ་བྲིས་མཆོད་པ་བྱ།། ཁྲོ་བོའི་གཙོ་བོས་གསུངས་པ་ཡི།། ་རོ་ལངས་ཐོ་བོ་ལྡན་པ་ལ།། གཏོར་མ་རྒྱ་ཆེན་བྱས་ནས་ནི།། དེ་ནས་ཕྱི་རོལ་འབྱུང་པོ་ལའོ།། དེ་ནས་དེ་ལ་ལག་གིས་མནན།། མི་ཐོད་ནང་དུ་འདུག་པ་ཡི།། ཞགས་པ་ཇི་སྲིད་གཡོ་ཡི་བར།། ་བ་ལ་བལྟས་བཟླས་བརྗོད་བྱ།། དེ་ནས་གྱེན་དུ་འཕར་ན་ནི།། བསྒྲུབ་པ་ལ་ནི་འགྲུབ་ཅེས་བྱ།། དེ་ཚེ་ཞགས་པ་བླངས་ནས་ནི།། འཇིག་རྟེན་ལྷ་རྣམས་སྐད་ཅིག་གིས།། བསམས་པ་དེ་ཡིས་དྲངས ་ནས་ནི།། དེ་ནས་རིག་པ་འཛིན་པ་ནི།། ཡིད་ཀྱིས་བསམས་སུམ་ཚིག་གིས་ཀྱང་།། གང་དང་གང་འདོད་ལེགས་པར་བྱེད།། བརྒྱ་བྱིན་ལ་སོགས་ས་ལྷ་རྣམས་ཀྱང་།། ་དེ་ཡི་བཀའ་བཞིན་ངེས་པར་བྱེད།། སྐད་ཅིག་གིས་ནི་ནམ་མཁའི་ལས།། རྫུ་འཕྲུལ་ཆེ་དང་ལྡན་པ་དང་།། ཞགས་པ་དེས་ནི་དྲག་སྔ་ནས་སུ།། འདོད་པའི་མཆོག་ནི་རབ་ཏུ་དབུལ།། གནོད་སྦྱིན ་བུ་མོའམ་དྲི་ཟ་མོ།། ཡང་ན་ལྷ་ཡི་བུ་མོ་དག། བདག་གི་དྲུང་དུ་སྐད་ཅིག་གིས།། ཞགས་པ་དེས་ནི་དྲུངས་ནས་སུ།། དེ་ནས་རིག་པ་འཛིན་མཆོག་གིས།། ཡིད་དུ་འོང་བའི་ལས་རྣམས ་བྱེད། གལ་ཏེ་བསྒྲུབས་ནད་མན་པ་དག། འདོད་པས་གདུངས་པར་གྱུར་པ་ནི།། དེ་ཚེ་ཞགས་པ་དེ་ཉིད་ཀྱིས།། ལྷ་ཡི་ངོ་བོ་བཀུག་ནས་དྲི།། དོགས་པ་མེད་པར་བསྟེན་པར་བྱ།། འདོད ་པས་གདུངས་ཀྱང་བུད་མེད་མིན།། དགའ་དང་མྱ་ངན་གྱིས་གདུངས་ན།། རླུང་དང་གཙོ་བོས་སྨན་རབ་པ།། གཅིན་དང་རྡུལ་དང་དྲི་མ་ཅིན།། མི་ཡི་བུད་མེད་དྲུག་ཏུ་སྤངས།། གལ་ཏེ་འདོད་པས། ་གདུངས་གྱུར་ན།། ལྷ་ཡི་བུད་མེད་བསྟེན་པར་བྱ།། འོན་ཏེ་སེམས་དཔའ་ཆེན་པོ་དེ།། དེ་ཚེ་བརྩེ་ལྡན་མ་ཡིན་ན།། ལྷ་ཡི་དབང་ཕྱུག་དགེ་བ་དང་།། གནོད་སྦྱིན་གདུག་པ་དྲག་གིས་བསྐོར།། རང ་གི་གཞལ་ཡས་ཁང་བཟངས་ན།། འདུག་ཅིང་གང་དུ་འདོད་པར་འགྲོ།། གཞལ་མེད་ཁང་ནི་བཟང་པོ་དག། ལྷ་རྣམས་དེ་ལ་རབ་ཏུ་དབུལ།། བཅུད་ཀྱིས་ལེན་ནི་དུ་མ་དང་།། དཔག་བས ་ཤིང་གི་འབྲས་བུ་ཡང་།། ལྒ་ཡི་དབང་ཕྱུག་མཉམ་ལྡན་པ།། དོགས་པ་མེད་པར་ཐོབ་པར་འགྱུར།། བཀྲེས་སོམ་ནད་ལས་ངེས་པར་བར།། རིག་པ་འཛིན་པ་ཀུན་གྱིས་མཆོད།། འགས་པ་འགུལ ་ལམ་གཡོན་ནི།། དངོས་གྲུབ་འདི་འདྲ་ཐོབ་པར་འགྱུར།། འགུལ་ལམ་གཡོས་སམ་གཞན་པ་དག། གལ་ཏེ་གྲུབ་པར་མ་གྱུར་ན།། མ་གྲུབ་པ་ཡི་ཞགས་པས་ཀྱང་།། འཇིག་རྟེན་པ་ཡི་ལས ་རྣམས་བྱ།། སྐྱེས་པའམ་ཡང་ན་བུད་མེད་དག་ཡིད་ལ་འདོད་པ་བསམས་ནས་ནི།། མཚན་མོ་ཞགས་པ་དེ་བརྐྱང་སྟེ།། དེ་ནི་དེ་ནི་ཕྱོགས་སུ་བཟླས།། བསྒྲུབ་བྱ་མིང་ནི་ཚིག་དང་བཅས།། ་དེ་ནི་ཚིག་གི་མཇུག་ཏུ་སྦྱར།། ཞགས་པ་གང་ན་འདུག་པ་དེར།། ནམ་མཁའ་ལས་ནི་བྱ་བཞིན་དུ།། བདག་གི་དྲུང་དུ་སྐད་ཅིག་གིས།། བེ་ཙོམ་མེད་པར་འོང་བར་འགྱུར།། མི་དབང་སྦས་དང་བཅས ་པ་འམ།། ཡང་ན་སྐྱེ་བོ་ཕལ་པ་འམ།། བ་ལང་རྟ་དང་ཤིང་རྟ་འམ།། འབྲས་བུ་མེ་ཏོག་གང་ཡང་རུང་།། དེ་བཞིན་འདོད་པའི་རྫས་དག་ནི།། མཐོང་བའམ་ཡང་ན་ཐོས་པའང་རུང་།། དེ་ཡི ་མིང་ཚིག་བསྐུལ་བ་དག། དེ་ཚེ་དེས་ནི་འགུགས་པར་འགྱུར།། ཡུལ་གཞན་དག་ན་གནས་པ་ནི།། དཔག་ཚད་བརྒྱན་འདུག་པ་ཡང་།། དམ་ཚིག་དག་གིས་བསྐུལ་ན་ནི།། ཞགས་པ་འདིས ་ནི་ངེས་པར་ཁུགས།། ཁྲོ་བོ་འཁྲུག་པ་རོ་ལངས་སམ།། ཁྲོ་བོ་རྣམ་རྒྱལ་ཆོ་ག་འདིར།། ཞགས་པས་གྲུབ་པའི་ལས་རྣམས་དང་།། མ་གྲུབ་གྲུབ་པ་གང་ཡིན་དེའི།། ལྷ་དང་ལྷ་མིན་གཉིས་ཀ ་། དག། དགུག་པའི་ཆོ་གར་གསུངས་པ་སྟེ།། རོ་ལངས་མ་ཡི་ཆོ་ག་འདི།། ཚུལ་བཞིན་རིམ་པ་བཞིན་དུ་བཤད།། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ ་ལས་རོ་ལངས་མའི་ཆོ་ག་ཞིབ་མོ་རྣམ་པར་ཕྱེ་བ་སྟེ་དྲུག་པའོ།། འདི་ནི་རོ་ལངས་ཆོ་ག་མཆོག། རིག་པ་འཛིན་པ་རྣམས་ལ་ནི།། དངོས་གྲུབ་ཆེན་པོ་མཆོག་སྟེར་བ། ་ཚུལ་བཞིན་མདོར་བསྡུས་བཤད་པ་ཡིན།། དེ་ནས་ཁྲོ་བོ་རི་ཆོ་ག་ནི།། ཞིབ་མོ་རྨད་དུ་བྱུང་བའི་མཆོག། ཁྲོ་བོའི་པདྨའི་ཞལ་ནས་བྱུང་།། ཡང་དག་ཅས་པར་བཤད་པར་བྱ།། སྔགས་ཀྱི་གྲངས་ནི ་བཅུ་བདུན་པའོ།། ཁྲོ་བོ་ཉིད་ཀྱིས་གསུངས་པ་གང་།། ཐོས་པ་ཙམ་གྱི་མོད་ལ་ཡང་།། ལྷ་དག་ཀུན་ཏུ་རྨོངས་འགྱུར་བ།། འཇམ་པའི་དབྱངས་ཀྱིས་རབ་བསྐུལ་བ།། ཁྲོ་བོ་དེ་ཉིད་འབར་བ་ཡི། ་བཟླས་པའི་གྲངས་ནི་ངེས་པ་དག། ཆོ་ག་ཞིབ་མོ་འདིར་བཤད་བྱ།། ཐོག་མར་དྲུག་འབུམ་བཟླས་པས་ནི།། སྔོན་དུ་བསྙེན་པ་བྱས་པར་འགྱུར།། དེ་ནས་བུ་དེན་ཆོ་ག་ཡིས།། ཕྱིས་ཀྱང་དྲུག་འབུམ ་བཟླས་པར་བྱ།། དེ་བཞིན་རི་རྩེར་འབུམ་བཟླས་ན།། གྲུབ་པར་འགྱུར་ཏེ་གཞན་དུ་མིན།། ཕྱིས་ནི་མཁས་པས་ཅི་འདོད་པར།། སྒྲུབ་པ་ལ་ནི་འཇུག་པར་བྱ།། དེ་ནས་ཁྲོ་བོ་རྣམ་རྒྱལ་གྱི།། སྔོན ་དུ་བསྟན་ལ་སོགས་པའི་རིམ།། གྲུབ་པ་པོ་ལ་བར་པའི་ཕྱིར། ཆོག་འདིར་ནི་ཐེ་གང་པར་བྱ།། འཅིག་ཏུ་དཔའ་བའི་ཐ་མ་ཅད།། འདུད་རྣམས་ཐམས་ཅང་ཚར་གཅོད་པ།། ང་མ་གྲུབ་བམས་པའི ་རབ་སྩོལ་ཅིང་།། འཚེ་ཐམས་ཅད་འཇིག་མཛད་པ།། བྲོག་སྲུར་ཁྲོ་བོའི་རྒྱལ་པོ་ཡིས།། ཁྲུས་ཀྱི་ཆོ་ག་ནིན་རེ་བྱ།། དེ་རས་ཐོབས་བསྐུལ་བ་ཡིས།། བསྲུང་བ་དང་ཀྱི་སུས་ལམྦྷ། རྗེས་ན། ་ལསུ་བྱུང་བའི།། ཡིད་ཀྱིས་པདྨོའི་སྨན་ལ་འདུག། བདག་ཉིད་དེ་ཡི་སྟེང་དུ་ཡང་།། ས་བོར་ཧཱུཾ་ལས་གྱུར་པའི་སྐུ།། བསྒོམ་པར་བྱས་ཏེ་བསྒོམས་ནས་ཀྱང་།། བདག་གི་སྤྱི་བོར་ཡི་གེ་ཨོཾ།། མིག་གཅིས ་སུ་ནི་ཡི་གེ་ཨཱ།། བསྲུང་བར་བྱེ་བྷེ་དེ་ནས་ལྡང་།། སྔགས་ནི་ཡི་གེ་བཅུ་བདུན་པོ།། ཟླས་ཤིང་དེ་བཞིར་གཤེགས་དྲན་ནས།། རང་གི་ལུས་ལ་སྔར་བཀོད་པའི།། སྙིང་པོ་སྙིང་ཁར་གཞག་པར་བྱ།། ་དེ་རས་ཁྲོ་བོའི་འཚོགས་མ་ཡིན།། བདག་གི་འཚོགས་མར་རེག་པར་བྱ།། ཁྲོ་བོའི་གཙོ་བོའི་སྤྱི་གཙུག་ཀྱང་།། ཕྱིས་ནི་གཙུག་ཏུ་གཞག་པར་བྱ།། དེ་ནས་ལུས་ལ་གོ་ཆ་ཡང་།། ལག་པས་ཆོ ་ག་བཞིན་དུ་བྱ།། དེ་ནས་བདག་གི་ལག་གཉིས་ལ།། ཐོ་དང་ལྡན་པས་མཚོན་རྒྱུ་དགོད།། རང་གི་དམ་ཚིག་ལྡན་པའི་རྒྱ།། མཁས་པས་ཆོ་ག་བཞིན་བཅིངས་ནས།། ཁྲོ་བོའི་གཙོ་ཡི་རོ་ལངས་མ།། ་བདག་གི་སྙིང་ཁར་གཞག་པར་བྱ།། དེ་བཞིན་བེ་ཅོན་ཕྱག་རྒྱ་ཡང་།། ཤིན་ཏུ་དྲག་པོའི་མཆོད་ཆའི་གནས།། ལག་པ་གཡས་པས་བཅིངས་ནས་ནི།། ཁྲོ་བོའི་མཆོད་ལ་འཇུག་པར་བྱ།། ཁྲོ་མཆོད ་བཤད་པ་བཞིན་བྱས་པས།། འདོད་པ་ཐམས་ཅད་སྩོལ་བར་མཛད།། ཡི་དག་བལ་ཆེན་དཀྱིལ་འཁོར་དང་།། གཞན་ཡང་རྟག་པར་གྲུ་གཟུགས་དང་།། ཇི་སྲིད་བསྟན་པའི་རི་མོ་ལ།། ཡིད་ཀྱིས་མཆོད། ་པ་བྱ་བར་བསྒྲགས།། ལྷ་ཡི་མེ་ཏོག་དྲི་ཞིམ་དང་།། བིལ་བའི་ལོ་མ་བཟང་པོ་དང་།། སྤོས་ཆུ་དག་གི་ས་ལ་འམ།། ཡང་ན་སྐུ་གཟུགས་དག་ལ་མཆོད།། དགོས་པ ་ཀུན་གྱི་དོན་སྒྲུབ་པ།། སྐུ་གཟུགས་མཚན་ཉིད་བཤད་པར་བྱ།། སྔར་བསྙེན་ཆོ་ག་བཞིན་བྱས་ནས།། དེ་ནས་སྐུ་གཟུགས་བྱེད་དུ་གཞུག། གསེར་རམ་ཡང་ན་དངུལ་ཡང་རུང་།། དེ་བཞིན་འཁར་བ་འམ། ་ཟངས་ལ་བྱ།། ར་ག་ན་ཨིནྡྲ་ནཱི་ལ་དང་།། མུ་ནིང་བུ་ཤེལ་དང་རིན་ཆེན་ཏེ།། རྒྱལ་སྲིད་འདོད་པས་གསེར་ལ་བྱ།། ལོངས་སྤྱོད་འདོད་པས་དངུལ་ལ་བྱ།། ནད་རྣམས་འཇིག་ཕྱིར་འཁར་བས་བྱ།། ཟངས། ་ནི་འདོད་པ་རབ་ཏུ་སྟེར།། དགྲ་རྣམས་བཤིག་ཕྱིར་ར་གན་ཏེ།། རང་གི་ལོངས་སྤྱོད་འཕེལ་བའི་ཕྱིར།། ཨིནྡྲ་ནཱི་ལ་དག་ལས་བྱ།། མཆོག་དང་འདོད་པ་ཐམས་ཅད་སྟེར། མཆིང་བུ་རྣམ་པ་སྣ ་ཚོགས་པས།། ནོར་སྟེར་བར་ནི་ཡོངས་སུ་བསྒྲགས།། དྲི་མེད་ཤེལ་ལས་བྱས་ན་ནི།། ཞི་དང་རྒྱས་པའི་མཆོག་རྣམས་ཏེ།། རིན་ཆེན་ལས་བྱས་རལ་གྲི་དང་། ས་འོག་ལྷ་ཡི་དངོས་གྲུབ་སྟེར། ་ཐམས་ཅད་རྔུབ་པར་བྱ་བའི་ཕྱིར།། དུ་ནི་ཚད་རྣམས་བཤད་པར་བྱ།། གསེར་ལས་སོར་བརྒྱད་ཙམ་བྱས་ཏེ།། མཆོད་ན་རྒྱལ་སྲིད་དཔལ་ཡང་འཐོབ།། ལོངས་སྤྱོད་རྟག་པར་འདོད་པ་ཡིས།། དངུལ་ལས ་སོར་བཅུའི་ཚད་དུ་བྱ།། འཁར་བ་དེ་བཞིན་ནད་སེལ་བ།། སོར་གྲངས་བཅུ་དྲུག་ཚད་དུ་བྱ།། སོར་ནི་ཉི་ཤུ་ཚང་དག་ཏུ།། ཟངས་ལས་བྱས་ཏེ་མཆོད་པར་བྱ།། ར་གན་གྱི་ཡང་ཟངས་བཞིན་དུ།། སོར། ་གྲངས་ཉི་ཤུ་གཉིས་ཀྱི་ཚད།། ཨིནྡྲ་ནཱི་ལས་བྱས་པ་ཡང་།། སོར་གྲངས་བཅུ་དྲུག་ཚད་དུ་བྱ།། མཆིང་བུ་ལ་ནི་སོར་བརྒྱད་ཤིག། ཤེལ་ལས་སོར་གྲངས་བཅུ་གཉིས་སོ།། རིན་ཆེན་སོར་ནི་བརྒྱད་པར ་བྱ།། དེ་ལྟར་ཇི་སྐད་གསུངས་པ་ཡི།། སྐུ་གཟུགས་འདོད་པ་ཀུན་སྟོན་པའི།། དངོས་གྲུབ་འདོད་པས་ལེགས་པར་མཆོད།། ཡན་ལག་མ་ཉམས་གསལ་ལ་བཟང་།། རྟག་པར་གཟོ་བོ་མཁས་པས ་བྷ། མཚན་ཉིད་སྔ་མ་རྣམས་དང་འདྲ།། མཚོན་ཆ་བཟང་པོས་རྒྱས་པར་བྱས།། ཡི་དགས་ལ་བཅིབས་ཞལ་ཡང་དྲུག། སྤྱན་གསུམ་འཇིགས་པར་གཟིགས་པའི་ཚུལ།། གཟི་ཅན་ཕྱག་བཟང་བཅུ ་གཉིས་པ།། ཞབས་ནི་གསལ་བར་དྲུག་དང་ལྡན།། མི་མགོ་ཡི་དག་ས་འཕྲེང་བ་རྣམས།། སེ་རལ་ཁ་ཡི་ཐབས་སུ་ཐོགས།། གཡོན་བརྐྱང་བ་ཡི་ཚུལ་དུ་བཞུགས།། ན་བཟར་སྟག་ལྗགས་གསོལ ་བར་དགྱེས།། དེ་ལྟ་བུ་ཡི་སྐུ་གཟུགས་དག། སྔ་མ་བཞིན་དུ་ཡོངས་རྫོགས་པར།། ཇི་སྐད་གསུངས་པའི་ཁྲོ་བོ་འདི།། སྔགས་པས་བཟོ་བོ་བྱེད་དུ་གཞུག། ཡང་ན་ཤིང་གི་སྙིང་པོ་ལས།། ཁྲོ་བོ་གཙོ ་པོའི་སྐུ་གཟུགས་དག། ཇི་སྐད་གསུངས་པའི་མཚན་ཉིད་བཞིན།། བྱས་ནས་རྟག་ཏུ་མཆོད་པར་བྱ།། དེ་ནས་ཤིང་ལས་བྱས་པ་ཡི།། སྐུ་གཟུགས་ཚལ་བཞིན་བཤད་པར་བྱ།། གཙང་མ་འདོད་པ་ཀུན ་སྟེར་བ།། དེ་ཡང་དེ་བཞིན་སྦྱར་བར་བྱ།། རིག་འཛིན་ཀུན་གྱི་མཆོག་འདོད་ན།། ཙན་དན་ཤིང་ལས་བྱས་པ་ཡི།། གྲུ་གཟུགས་སོར་གྲངས་ཉི་ཤུའི་ཚད།། སྔགས་པ་དག་གིས་བྱེད་དུ་གཞུག ་ཙན་དན་དམར་པོའི་ཤིང་དག་ལས།། སོར་ནི་བཅུ་དྲུག་ཚད་དག་ཏུ།། འདོད་པ་ཐམས་ཅད་ཀུར་སྐྱེར་བའི།། སྐུ་གཟུགས་ལེགས་པར་བྱེད་དུ་གཞུག། ར་ཙ་ཨརྒའི་རྩ་བ་ལས།། ་བྱས་པ་འདོད་པའི་དོན་རྣམས་ཏེ།། སོར་གྲངས་བཅུ་བཞིའི་ཚད་དུ་ཤིས།། བཻ་དེ་དང་ཕུན་སུམ་ཚོགས་ཀུན་འབྱུང་།། ཨ་ཤོ་ཀ་ཡི་སྙིང་པོ་ལས།། གཟོ་བོ་མཁས་པས་ལེགས་པར་བྱས།། གསར་པ ་སོར་ལྔའི་ཚད་དུ་གསུངས།། འདི་ནི་དབང་དུ་བྱེད་པར་བཤད།། དེ་བཞིན་ཏ་ལའི་ཤིང་དག་ལས།། སོར་དྲུག་པར་ནི་བྱས་ན་ཡང་།། ལྷ་དང་ལྷ་མིན་བདག་པོ་དང་།། དེ་བཞིན་ཀླུ་རྣམས་འགུགས ་པར་བྱེད།། ནཱ་ག་གེ་སང་ཤིང་དག་ལས།། དེ་བཞིན་སོར་བདུན་ཚང་དུ་བྱ།། ནད་རྣམས་འཇིག་པར་བྱ་བ་དང་།། དགྲ་རྣམས་རྨོངས་པའི་ཕྱིར་བཤད་པའོ།། མི་ཐོང་དག་ལས་བྱས་པ་ནི།། རྟབ་ཏུ། ་སོར་གྲངས་བཅུ་གཉིས་ཤིས།། རིང་པོར་མི་ཐོགས་མཆོག་སྟེར་ཅིང་།། འདོད་པའི་དངོས་གྲུབ་རབ་ཏུ་སྟེར།། མི་ཐོད་ལས་ནི་བྱས་པ་དག་སྔར་བསྙེན་ལ་སོགས་མ་བྱས་པར།། མཆོད་པ་འབའ ་ཞིག་བྱས་པས་ཀྱང་།། དགོས་པའི་དོན་རྣམས་སྒྲུབ་པར་བྱེད།། སྐུ་གཟུགས་བཟང་པོའི་མཚན་ཉིད་དག། རྒྱས་པར་བཤད་པ་འདི་ཡིན་ནོ།། ཁྲོ་བོས་ཇི་སྐད་གསུངས་པ་བཞིན།། རི་མོའི་མཚན ་ཉིད་བཤད་པར་བྱ།། མི་རོའི་གོས་བཟང་བཀྲུས་ན་ནི།། མཁས་པས་ཁྲུ་ཚད་གང་དག་ལ།། མི་རོ་ཉིད་ཀྱི་སྐྲ་དག་གི།། པིར་གྱིས་ལེགས་པར་བྲི་བར་བྱ།། ཚོན་གྱི་ཁ་དོག་ཀུན་མེད་པར། ་རི་བོར་ཁྲག་གིས་བྲི་བར་བྱ།། ཡང་ན་དེ་ཡི་སྐུ་གཟུགས་ནི།། སྔ་མ་བཞིན་དུ་བཙག་གིས་བྲི།། ཁྲོས་ཤིང་འབར་བས་འཇིགས་འཇིགས་ལྟར།། གཡོན་བརྐྱང་བསྐུམ་པའི་ཚུལ་དུ་གནས།། ཞལ་དྲུག ་དབུ་ཡང་གྱེན་དུ་བརྫེས།། སྨིན་མ་སེར་ཞིང་སྤྱན་ཡང་སེར།། སྤྱན་ནི་ཟླུམ་པོ་གསུམ་དང་ལྡན།། བཅུ་གཉིས་ཕྱག་དང་ལྡན་པའི་སྐུ།། དེ་བཞིན་ཡི་དགས་སྟེང་ན་བཞུགས།། ཞབས་ནི་དྲུག་གིས ་མཛེས་པར་བྱས།། གཡས་ཀྱི་ཕྱག་ན་མཆོག་སྦྱིན་ཅིང་།། རྩེ་གསུམ་རལ་གྲི་དགྲ་ལྟ་དང་། བེ་ཅོན་དང་ནི་ལྕགས་ཀྱུ་བསྣམས།། ཁྲོས་པའི་ཕྱག་གཡོན་སྡིགས་པར་བྱེད།། ཕྱག་ན་ཤ་ཀ་ཏི། ་ཐོ་མ་ར།། གཡོན་པའི་ཕྱག་ན་དབྱུག་ཏོ་བསྣམས།། ཕྱག་ན་ཐོད་པ་ཞགས་པ་བསྣམས།། གཤིན་རྗེ་གཤེད་པོ་བྲི་བར་བྱ།། ན་བཟར་སྟག་གི་པགས་པ་གསོལ།། འཇིགས་པས་ཕ་རོལ་གནོན ་པའི་ཞལ།། དེ་ཡི་མཆེ་བ་གཙག་པར་ནི།། མཁས་པས་རི་མོ་བྲི་བར་བྱ།། དེ་ནས་གློ་གཉིས་དག་ཏུ་ཡང་།། ཕྱག་རྒྱའི་གཟུགས་དག་བྲི་བ་ནི།། གཡས་སུ་སྐྱེས་པ་ཁྲོ་བོའི་གཟུགས།། ཁ་གདངས། ་པ་ནི་འཇིགས་འཇིགས་ལྷ།། གྱེན་དུ་སྨྲ་བརྫེས་རབ་ཏུ་སེར།། བེ་ཅོན་ཕྱག་རྒྱ་མཚོན་ཆར་ཐོགས།། གཡས་བརྐྱང་བསྐུམ་པའི་ཚུལ་དུ་གནས།། བསྡིགས་ཤིང་ཞལ་ནི་ཁྲོ་གཉེར་ཅན།། ་ཞལ་དང་སྤྱན་ཡང་ཁྲོས་པའི་ཚུལ།། གཡོན་དུ་རོ་ལངས་མོ་བྲི་བ།། འབར་བའི་ཁ་ལག་གཟི་ཡང་ཆེ།། མིག་གསུམ་གདོང་གི་བྲོ་གཉེར་ཅན།། རབ་ཏུ་འཇིགས་པའི་ཁ་ཡང་གདངས། ་གྱེན་དུ་སྨྲ་བརྗེས་གསུམ་པོ་ཆེ།། གཏུམ་པོ་དུག་ཧྲུལ་གོས་གྱོན་པ།། དེ་བཞིན་ལག་ན་ཏྲི་ཤཱུ་ལ་ཐོགས།། གཟི་ཆེན་རབ་ཏུ་སྡིགས་པར་བྱེད།། ལུས་ནི་མེ་ལྕེ་འབར་བ ་ལ། གདོང་དང་མིག་ནི་ཁྲོས་པའི་ཚུལ།། བདེ་གཤེགས་སྲས་ཀྱི་བཀའ་ནོད་པ།། གསང་བའི་ཕྱག་རྒྱ་རི་མོ་འདི།། དབེན་པའི་གནས་སུ་གཞག་པར་བྱ།། ཆོ་ག་ཤེས་པས་བེ་ཅོན་རྒྱ།། སྐུ་གཟུགས ་འདི་ལ་བཟླས་པར་བྱ།། ཡང་ན་རོ་ལངས་ཕྱག་དྷ་ནི།། བཟླས་ན་ཕྱག་རྒྱའི་དངོས་གྲུབ་འཐོབ།། དབེན་ཞིང་འདུ་འཛིམེད་པར་ནི།། བནག་ནས་ཉིན་རེ་མཆོད་པར་བྱ།། ཡང་ན་ཕྱག་རྒྱའི་དཀྱིལ་འཁོར་དུ། ་རྟག་ཏུ་རི་མོ་འདི་བཀྲམ་ཟེ།། མཉམ་བཞག་དངོས་གྲུབ་འདོད་པ་ཡིས།། མཆོད་པ་དང་ནི་བཟླས་པ་བྱ།། བདག་གི་ཕྱག་ཏུ་གྲུབ་པ་ལ།། རི་མོ་ཚུལ་བཞིན་བཤད་པའོ།། དེ་ནས་གཤིན་རྗེ་བཞིན། ་པོ་ཡི།། རི་མོ་གཞན་ཡང་དྲ་ཤད་པར་བྱ།། སྔར་བསྙེར་བྱས་པའི་འོག་ཏུ་ནི།། མི་རོའི་གོས་བཟང་བཀྲུས་པ་ནི།། ཁྲུ་གང་ཚད་དུ་བྱས་པ་ལྔ།། ཚོན་རྩི་སྤྲིན་མེད་བཟང་པོ་ཡིས།། སྤྲིན་ནི་ནག ་པོ་འདྲ་བ་ཡི།། ཁྲོ་བོ་དཔའ་བོ་གཅིག་པུ་ནི།། སྔ་མ་བཞིན་དུ་བྲི་བར་བྱ།། སྔར་བསྟེན་བྱས་པའི་འོག་ཏུ་ནི།། ཇི་ལྟར་རིག་པར་བྲིས་ནས་ཀྱང་།། རབ་ཏུ་དབེན་པར་བཞག་ནས་སུ།། ་དེ་ནས་མཆོད་པའི་ཆོ་ག་བཞིན།། ཉིན་རེ་རྟག་ཏུ་མཆོད་ནས་ནི།། རབ་ཏུ་དབེན་པར་བཞག་ནས་ཀྱང་།། དེ་ཡི་འོག་ཏུ་བཟླས་པ་བརྩམ།། དེ་ནས་གཞན་ཡང་བཟླས་པ་ཡི།། ཆོ་ག་ཇི་སྐད་གསུངས ་པ་བཤད།། རི་མོ་བཀྲམ་ནས་མཆོད་བྱས་ཏེ།། དེ་བཞིན་གཤེགས་པ་ཀུན་མཆོད་ནས།། ཀུ་ཤའི་སྟན་ལ་འདུག་ནས་ནི།། མཉམ་པར་བཞག་སྟེ་མི་སྨ་བར།། རི་མོ་གཅིག་པུ་ལ་བལྟས ་ཤིང་། མགོན་རྨ་བྱ་བཞིན་བཀུག་སྟེ།། རུ་རག་ཤ་ཡི་འཕྲེང་བ་ཡིས།། ཇི་སྲིད་ཡིད་ནི་མི་སྐྱོ་བར།། རྩེ་གཅིག་སེམས་ཀྱིས་བཟླས་བྱ་སྟེ།། སྐྱོན་བཟླས་པ་གཏང་བར་བྱ།། དེ ་ལྟར་འབུམ་ཕྲག་གསུམ་བཟླས་ནས།། བསྙེན་པ་བྱས་པའི་འོག་ཏུ་ནི།། དེ་ནས་རི་ཁར་གནས་བཅས་ཏེ།། རླུང་ཟ་ཞིང་ནི་བཟླས་བརྗོད་བྱ།། དངོས་གྲུབ་མཆོག་དག་འདོད་པ་ཡིས། ་དེ་ནས་དེ་ཡི་བརྟུལ་ཞུགས་སྤྱད།། ཆོ་ག་ལས་གསུམ་མི་འདོད་ན།། སྔར་གསུངས་པ་ཡི་བཟླས་པ་ཡིས།། འབྲིང་དང་ཐ་མའི་དངོས་གྲུབ་དང་།། བརྟུལ་ཞུགས་མེད་པར་ལེགས་པར་ནི།། བསྒྲུབས ་ན་དངོས་གྲུབ་ཐོབ་པར་འགྱུརརོ།། བརྟུལ་ཞུགས་དེས་ནི་མཆོག་ཀྱང་འགྲུབ།། དེ་ནས་གཞ་ཡང་འདི་རུ་ནི།། དཔའ་བོ་ཞེས་བྱ་བརྟུལ་ཞུགས་འབྱུང་།། ལམ་མི་གཟུང་དང་མི་སྨྲ་བ། སྡོང་མོ་ཟོ་ཞིང ་དབང་པོ་བསྡམས།། སེང་ལྡེང་དབྱུག་པ་འདོམ་གང་བ།། སྲ་བ་བཟང་པོ་ཐོགས་ནས་སུ།། གཤིན་རྗེས་མཐར་བྱེད་བཟོ་བྱེད་ཅིང་།། བགྲོད་དཀའ་བ་ཡི་ལམ་ནས་འགྲོ།། ཁྲོ་བོ་དཔའ་བོ་བརྟུལ་ཞུགས་དག། ་དཔའ་བོ་གཟུགས་མིརྣ་དྲུག་ཏུ།། སྒྲུབ་པ་གང་གིས་ཡང་དག་སྤྱོད།། དེ་ནས་དངོས་གྲུབ་མཆོག་ཀྱང་འཐོབ།། དཔལ་ལྡན་བརྟུལ་ཞུགས་སྤྱད་ནས་ནི།། དེ་ནས་སྒྲུབ་པ་ལ་ཞུགས་ནས།། གདོན་མིཟ ་བར་དམ་པ་ཉིད།། དེ་ལྟར་དེ་ཉིད་མྱུར་དུ་འགྲུབ།། མི་བཟད་བརྟུལ་ཞུགས་བཟུང་བའོ།། སྒྲུབ་པ་ལ་ནི་བདུད་ཀྱི་རིགས།། ལྷ་མོ་འདོད་པའི་གཟུགས་དག་དང་།། དེ་བཞིན ་གཞར་གྱི་ལུས་སུ་ནི།། རྣམ་པ་སྣ་ཚོགས་གཟུགས་དག་གིས།། དབང་པོ་བསྡམས་ལ་འཚོ་བར་བྱེད།། དེ་དང་ལྡན་ཅིག་སྨྲ་མི་བྱ།། ཅུང་ཟད་ཀྱང་ནི་ཆགས་མི་བྱ།། བྱང་ཆུབ་སེམས་དང་མམམ་ལྡན ་པ།། ཁྲོ་བོ་ལ་གཞོལ་ཟློག་བྱེད་པ།། གལ་ཏེ་དེ་ལྟར་འགྲོ་བ་རུ།། མཱ་བཟད་པ་ཡི་གཟུགས་དག་གམ།། གཞན་ཡང་ཤིན་ཏུ་ངོ་མཚར་བ།། བདེ་གཤེགས་བསམས་པས་མཐོང་ན་ནི།། དེ་དག་གིས་ནི ་འཇིགས་མི་བྱ།། གནོན་དང་སྡང་བར་བྱེད་ན་ནི།། བདེ་གཤེགས་ཀྱི་ནི་བཀའ་གཅོག་པ།། ཁྲོ་བདག་ཉིད་ནི་རྣམ་པར་འཇིགས།། བདེ་གཤེགས་བསམས་པ་བསྒོམས་པ་ཡི།། རྟུལ་པོད་པ་ཡི་དཔའ ་ཟོ་ཡིས།། བརྟུལ་ཞུགས་འདི་ནི་བསྟེན་བྱ་བ།། དཔའ་བོས་བྷཱ་ཡི་གཞན་དུ་མིན།། སྒྲུབ་པ་མཆོག་རྣམས་འདོད་པ་ཡིས།། ལྒ་ཡི་བརྟུལ་ཞུགས་གསུངས་པ་འདི།། ཇི་སྐང་གསུངས་པའི་ཚུན ་བཞིན་དུ།། ན་ཏན་གྱིས་མི་བསྙེན་པར་བྱ།། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཚྭ་བོ་རྣམ་པར་རྒྱལ་བ་ལས། ཇོ་བོའི་བརྟུལ་ཞུགས་རིམ་པར་མྱོབ་ས་བདུན་པའོ།། ་ཇི་སྐདང་གསུངས་པའི་གཟུགས་རྣམས་ལ།། མེ་ཏོག་ཇི་སྐད་བཤད་པ་བཞིན།། རྟག་ཏུ་གང་ཞིག་མཆོད་བྱེད་ན།། དགེ་བའི་བརྟུལ་ཞུགས་འདི་དག་དང་།། དེ་བཞིན་སྔོན་དུ་བསྙེན་པ་ཡང་།། དྲན་པ་ཙམ་ནི་འབརའ་ཞིག། ་གིས། ངེས་པར་འདོད་དེ་དེ་དག་ཉིད།། མཆོད་པས་སྦྱར་དུ་འགྲུབ་པར་འགྱུར།། རྒྱལ་སྲིད་སྦྱིན་པའི་གཟུགས་ལ་ནི།། ཙན་དན་གུར་ཀུམ་ཨ་ཀ་རུ།། ཅི་རིགས་པར་ནི་ཐུགས་ནས་ཀྱང་།། སུརྦ ་བུདྡྷ་རི་ཀ་མཛེས།། ཙམ་པ་ཀ་དང་མ་ལི་ཀཱ། ཀེ་ས་ར་ནི་དྲི་ཞིམ་པས།། མཆོད་ནས་བདུག་པ་མར་བཅས་པའི།། གུ་གུལ་མཁས་པས་དབུལ་བར་བྱ།། དེ་སྐར་བྱས་ན་ཁྱིམ་པས་ཀྱང་།། དེ་ལ་བསམ ་ཞིང་བརྒྱད་བརྗོད་དེ།། ཅི་འབྱོར་པ་ཡི་མཆོད་པའི་བཤོས།། དེ་ཡི་སྤྱན་སྔར་དབུལ་བར་བྱ།། སྔར་བསྙེན་ལ་སོགས་མེད་ཀྱང་བླ།། དེ་ལྟར་སྦྱོར་བས་ཟླ་དྲུག་གིས།། རྐུན་པོ་དང་ནི་དགྲ་མེད་ཅིང་།། ཐེ་ཙོམ་མེད་པར། ་དྷ་ལ་ཕྲེང་འཐོབ། ས་བསྒྲུབས་ན་ཡང་ཉིན་གཅིག་བཞིར།། མཆོད་པ་བྱས་པས་ཡུལ་རྙེར་འགྱུར།། ལས་འདི་གདོན་མི་ཟ་བར་ནི།། དེ་ན་འབུམ་ནི་རྙེད་པར་འགྱུར།། ལོངས་སྤྱོད་སྦྱིན་པའི་གཟུགས་ལ་རྨ ་ཙན་དན་གུར་ཀུམ་ཨ་ཀ་རུས།། བདག་གིས་ལེགས་པར་བསླུས་ནས་ནི།། མེ་ཏོག་འཕྲེང་བས་རབ་ཏུ་མཆོད།། མེ་ཏོག་དཀར་པོའི་འཕྲེང་བ་ཡིས།། ཉིན་གཅིག་བཞིན་དུ་མཆོད་བྱིས་ནས།། མར་དང་ལྡན་པའི ་གུ་གུལ་ལས།། ཀུན་ཏུ་རུ་ཡི་བདུག་པའང་དབུལ།། མེ་ཏོག་ཨ་ཏི་མུཀྟ་ཀ། རེ་རེ་ཆོ་ག་བཞིན་བཟླས་ནས།། མཇུག་ཏུ་འབུམ་ནི་དབུལ་བར་བྱ།། དེས་ན་ལོངས་སྤྱོད་ཆེན་པོ་རྣམས། དེ་ཡི་མཇུག་ཏུ་འབྱུང ་འགྱུར་ཏེ།། འདི་ལ་སྤྱད་པ་དོགས་པ་མེད།། ནད་སེལ་བ་ཡི་གཟུགས་ལ་ནི།། ཙན་དན་དམར་པོས་བསྐུས་ནས་ཀྱང་།། ཤ་ཏ་ཤིང་གི་བདག་པོ་དག། ཕུལ་ནས་མེ་ཏོག་གཙང་མ་ཡིས། ་མཆོད་པའི་བཤོས་ནི་དབུལ་བར་བྱ།། མཇུག་ཏུ་ནད་སེལ་དང་བཅས་པ།། ཁྲོ་བོའི་སྡུག་ནི་དེ་བཟླས་ནས།། བདག་གམ་ཕ་རོལ་པོ་དག་གམ།། སུ་ཡང་རུང་བའི་གཅོད་། ་ཅན་ཡང་།། དེ་ནབ་མ་གཅིག་གིས་འཇོམས།། སྔར་བསྙེན་ལ་སོགས་མེད་ཀྱང་བླ།། འདོད་དགུར་སྦྱིན་པའི་གཟུགས་ལ་ནི།། དེ་ལྟར་ཡང་ནི་མརྗོད་བྱས་ན།། ཞི་བརྒྱས་པ་དབང་དང ་དགུག། དབྱེ་དང་བསྐྲད་དང་གསད་པ་དང་།། འདོད་པས་མཇུག་ཏུ་ཁྱད་པར་དུ།། བསྐུལ་བའི་ཚིག་གཙུག་བསྒྲུབ་པར་བྱ།། གཞན་ཡང་གང་དག་འདོད་པ་ཡིས།། ཡིད་དང་འཐུན་པའི་འདོད་པའི ་དོན། དེ་ཡང་དེ་ལྟར་ཡང་དག་སྒྲུབ།། སྐུ་གཟུགས་རབ་ཏུ་མཆོད་བྱས་ནས།། གང་དུ་ཅི་འདྲ་དེ་ལྟ་བུར།། གུས་པས་ཟླ་བ་དྲུག་བཟླས་ཏེ།། སྐུ་གཟུགས་ཉིན་གཅིག་བཞིན་དུ་ནི། ་དེ་ལྟར་ཀུན་ཏུ་རབ་མཆོད་ནས།། རྟག་ཏུ་དེ་ཡི་བཟླས་པས་ནི།། བློ་དང་ལྡན་པས་ཀུན་བྱས་ནས།། གྲུབ་པ་ཉིད་ནི་མ་ཐོབ་ཀྱང་།། དངོས་གྲུབ་ཕྲ་མོ་ཐོབ་པར་འགྱུར།། ཡང་ན་ཁྲོ་བོའམ་ཕྱག་རྒྱའང་རུ་བ ་དེ་ཚེ་རྩུབ་པར་ནུས་ན་ནི།། དེ་ཡི་རི་མོ་གསུང་བ་དང་།། ལྔ་ཡི་བརྟུལ་ཞུགས་དེས་ཀྱང་འགྲུབ།། དེ་ནས་གནད་ཡང་བརྟུལ་ཞུགས་ཀྱི།། མཆོག་གི་དངོས་གྲུབ་གང་ཡིན་པ།། ཆོ་ག་བཞིན་དུ་མདོར་བསྡུས་ཏེ། ་རྒྱས་པར་བདག་གིས་བཤད་པར་བྱ།། དེ་ནས་ཁྲོ་བོ་བཙོ་བོ་ཡིས། རྩེ་གསུམ་ཤིན་ཏུ་གསལ་བསྒྲུབས་ནི།། ཨུར་མོའི་ལྕགས་ལས་བྱིས་པ་ཡི། རྩེ་གསུམ་སོར་ནི་སུམ་ཅུ་པ། ་རྣོལ་པ་རང་ཞིང་རབ་ལེགས་པ།། རོག་མཆོག་བཞིན་བྱས་ནས།། རི་ལྕི་རྩེ་མོར་འདུག་ནས་སུ།། རི་མོ་བཟང་པོ་དེ་བྲིས་ནས།། ཡི་དྭགས་མང་པོ་ཞེས་པ་ཡི།། དཀྱིལ་འཁོར་བ་བྱ་བས། ་ཚུལ་བཞིན་བྲི།། དེ་ནས་མཆོད་པ་རྒྱ་ཆེན་དང་།། རྩཝ་དང་ཤ་རྣམས་སྣ་ཚོགས་ཀྱིས།། ཕྱོགས་ཀྱི་གཏོར་མུ་ཀུན་ཏུ་བྱ།། ཆོས་གྲངས་ཉི་ཤུ་གསུམ་གྱི་དགོངས།། རྩེ་གསུམ་དཀྱིལ་འཁོད་མ ་ཏོག་ལ།། བཞག་ནས་མེ་ཏོག་དག་གིས་མཆོད།། ཙན་དན་དམར་པོས་ཀུན་བསྐུས་ཤིང་།། མེ་ཏོག་དག་གིས་ཐམས་ཅད་བརྒྱན།། ཆོ་ག་བཞིན་དུ་ལག་གིས་བཟུང་།། རཱི་མོ་ལ་ནི་མངོན་ཕྱོགས ་འདུག། ཁྲོ་བོ་མཆོག་གི་སྔགས་དག་གིས།། རྩེ་གསུམ་པ་ལ་མཁས་པས་བཟླས།། དེ་ཡི་ཉེས་པ་སྦྱང་བའི་ཕྱིར།། བརྒྱ་རྩ་བརྒྱད་དུ་བཟླས་ནས་སུ།། ཁྲོ་བོ་མཆོག་གི་སྔགས་དག་གིས།། དེར་ནི་མེ་ཡང ་རབ་སྦར་ནས།། ཆོ་ག་བཞིན་དུ་རྩེ་གསུམ་ལ།། བདུག་པའི་སྦྱིན་སྲེག་སྟོང་བྱས་ནས།། ལག་པས་བསྒྲེང་སྟེ་བཟུང་ནས་སུ།། དཔའ་ཞིང་བརྟན་པའི་ཚུལ་དུ་གནས།། ཇི་སྲིད་མེ་ལྟར་འབར་གྱུར ་པ་དེ་སྲིད་བྲོ་དང་ལྡན་པས་བཟླས། རྩེ་གསུམ་འབར་བ་ཉིད་ཀྱིས་ན།། དེ་ནས་རྐྱེན་དུ་འཕར་བར་འགྱུར།། སྔགས་ཀྱི་མཐུ་ཡིས་མིག་གསུམ་ལས།། འོན་ཀྱང་ཉིས་བཞིན་དུ་འབྱུང་།། རིག ་འཛིན་གཞན་རྣམས་ཐམས་ཅད་ཀྱང་།། དེ་ལ་མཆོད་ཅིང་དགའ་བར་བྱེད།། དབང་ཕྱུག་ཀུན་དང་རབ་ཏུ་ལྡན།། འདོད་པའི་གཟུགས་ཅན་ཡིད་བཞིན་འགྱུར།། དེ་སྟེ་རྩེ་གསུམ་དུ་འབྱུང་བ། ་དེ་ན་ལུས་ནི་མི་སྣང་འགྱུར།། འོན་ཏེ་དེ་ནི་ཚ་གྱུར་ན།། དཔུང་དང་ལྷ་མ་ཡིན་གྱི་གནས།། གཡུལ་ངོ་ཆེན་པོ་ལ་སོགས་པར།། འཇིགས་ཤིང་སྐྲག་པ་སྐྱེད་པར་བྱེད། ་དེ་ལྟར་དང་པོ་སྒྲུབ་པའི་མཆོག། འདི་ནི་རབ་ཏུ་བཤད་པ་ཡིན།། ད་ནི་རལ་གྲི་བཟང་པོ་ཡང་།། འདིར་ནི་སྒྲུབ་པར་རབ་ཏུ་བཤད།། ཨུར་མོའི་ལྕགས་ལས་བྱས་པ་ཡི།། རལ་གྲི་སོར་ནི་སུམ་ཅུ་གཉིས། ་ལེགས་པར་བྱས་ཤིང་ཕན་བྱེད་ལ།། གླང་པོའི་སོ་ལ་དང་བྱས་ལ། རི་ཡི་རྩེ་མོར་འདུག་ནས་སུ།། མཆོད་པ་ལ་སོགས་སྔོན་བཞིན་བྱ།། བདུག་པའི་སྦྱིན་སྲེག་བྱས་ནས་སུ།། རལ་གྲི་ལག་པར་བཟུང་སྟེ ་བཟླས།། སྔགས་པའི་ཆང་པས་བཟུང་ནས་ནི།། རབ་ཏུ་སྣང་བ་འབར་བ་འབྱིན།། འབར་བ་དེ་ནི་མཐོང་ནས་སུ།། རིག་འཛིན་མཆོག་ཏུ་དེ་འགྱུར་རོ།། དེ་སྟེ་དེ་ལས་དུ་བ་འབྱུང་།། དེ་ནས་དོན ་མི་སྣང་འགྱུར།། ཚ་བར་གྱུར་ན་དེ་བཞིན་དུ།། སྟོབས་རྐྱེན་རྐང་པ་མཆོགས་པར་འགྱུར།། ལོ་བརྒྱ་རབ་ཏུ་ཚང་བར་འགྲོ།། འདི་ལ་རྣམ་པར་སྤྱད་མི་དགོས།། གལ་ཏེ་འདི་ལ་མ་བརྟེན་ནས། ་བྱུང་བ་ཟབ་པར་མཐུར་ན།། རལ་གྲི་བརྩོན་འགྲུས་མཆོག་ལྡན་པས།། གཡུལ་ཛིར་བྱིན་ནུས་ཐམས་ཅད་དུ།། མུར་རིང་མེ་དཔ་མི་མོངས།། བམ་པ་མེད་པར་སྟོང་ཡང་ཐུབ། ་ས་། པོར་ཚུ་ལ་མ་ས་སུ་ཡང།། ཡོ་སུས་མ ་རྡུལ་ཡོ་།། བཅོ་མ་ཆོག་བྷྱཿ། བཅོན་མཆོམ་ད། འདུས་པའི་ཕྱི་ཆེག་དྷ་མྱུས།། ས་ང་ས་ཧྨ། ་རྨུགས་ཎྜཱི་འདྲུག་པ་ཅོམས།། ཇི་མིད་ཅ་གཤེས་པ་དང་། ལས་ནའི་སྐྱོན་འགུལ་བའི་།། དེ་ཕྲེང་དྲུག་པཞིན་དུ་ནས།། དེ་ནས་དང་པགྲོ་པོ་འདུག་ཡང་རྒྱུག་སུ་དང ་དེ་མེ་བཅིབས་པ་མོ་ངས།། ཉོན་ན་མཁར་ལ་འགྲོ་བར་འགྱུར།། ཨཱ་ནི་ལུང་ལོ་འཁྱིལ་བཅུག། སུམ་ཞིང་མདྲི་བཅུ་བུར་འགྱུར། ཕུ་མ་བའི་སྤྲིན་གྱི་འདོ་དྲུ།། ཇི་མི་ལུས་པསོ ་ཀྱང་ཆེ། ཞལ་ཏེ་ཁྲོ་བོར་འདོད་ན།། བེ་ཅོན་གྱིས་ནི་ལྷ་རྣམས་གཟོད། བེ་རྣོ་ཐུབ་པའི་ཤད་པ་ཡིན། དེ་བཞིན་ལེགས་པར་མདོར་བསྡུས་ནུས།། དགྲས་བྱུབང་པོ་སྒྲུབ་པ་དག། དེ་བཞིན ་བདག་གིས་བཤད་པར་བྱ།། སྔ་མ་བཞིན་དུ་ཨུར་མོ་ལས།། དགྲ་སྟ་བཟང་པོ་བྱས་པ་ཡང་།། ཡུ་བ་སོར་ནི་བཅུ་དྲུག་པ།། དགྲ་སྟ་དྲི་ནི་སོར་དྲུག་པ།། ཆོ་ག་སྔ་མ་བཞིན་སྒྲུབ་ན།། དངོས ་གྲུབ་དེ་དག་དེ་ཡིས་འཐོབ།། དེ་ནས་གཞན་ཡང་ལྕགས་ཀྱུའི་མཆོག། སྒྲུབ་པ་བདག་གིས་བཤད་པར་བྱ།། ཨུར་མོ་ལྕགས་ལས་བྱས་པ་ཡི།། ལྕགས་ཀྱུ་སོར་ནི་བཞི་པར་བྱ།། དེ་ཡི་ཡུ་བ ་མཉམ་པ་ལ།། སོར་ནི་བཅོ་བརྒྱད་ཡོད་པར་བྱ།། ཉི་ཤུ་དགུ་ཡི་ཆོས་གྲངས་ལ།། ནུབ་མོ་མཆོད་པ་གཏོར་མ་བྱས།། རི་ཡི་རྩེ་ལ་འདུག་ནས་སུ།། ལྕགས་ཀྱུ་ཆོ་ག་བསྒྲུབ་པར་བྱ། ་། སེར་སྐྱ་ལས་བྱུང་མར་དག་གིས།། བདུག་པའི་སྦྱིན་སྲེག་བྱས་ནས་སུ།། ཇི་སྲིད་སྦྲོན་མ་བཞིན་འབར་བྱ།། དེ་སྲིད་ལག་པས་བཟུང་སྟེ་བཟླས།། དེ་ནས་དེ་ནི་ཐོགས་མ ་ཡིས།། ཐེ་ཚོམ་མེད་པར་རྣམ་ལངས་ན།། འོད་ནི་མེ་བཞིན་ཀུན་ཏུ་སྣང་།། གྱེར་དུ་འབར་ཞིང་འགྲོ་བར་འགྱུར།། འཇིག་རྟེན་པ་ཡྀ་ལྷ་རྣམས་ནི།། བྲན་གཡོག་བཞིན་དུ་དབང་དུ་འགྱུར།། དེ་བཞིན་གཤེས། ་པའི་བཀའ་མཆོག་བཞིན།། བཀའ་ཡང་རབ་ཏུ་ཉན་པར་འགྱུར།། འོ་ཏེ་དེ་ཡི་ལྕགས་ཀྱུའི་མཆོག། དུ་བ་འབྱུང་བར་གྱུར་ན་ནི།། དེ་ཚེ་དུ་བ་བྱུང་བ་ཡིས།། སྟོབས་ཆེན་གྲིབ་མའང་མི་སྡང ་འགྱུར།། སྔགས་པ་བྱེ་བ་གསུམ་དུ་གསོན།། གནོད་སྦྱིན་རིག་འཛིན་རྣམས་ཀྱིས་མཆོད།། བདེ་བ་ཀུན་དང་རབ་ཏུ་ལྡན།། འདོད་པས་འབྱོར་ཞིང་སྟོབས་ཀྱང་ཆེ།། ཁྲོ་བོ་སྔགས་ཀྱིས་མཐུ ་སྤངས་ནས། གལ་ཏེ་དེ་ནི་ཚ་གྱུར་ན།། ནང་དུ་བཀྲ་ཤིས་བྱས་ནས་སུ།། ལྕགས་ཀྱུ་བཟང་པོ་དེ་ཐོགས་ནས། བཟླས་ནཱ་བརྒྱ་བྱིན་ལ་སོགས་པའི།། ལྔ་རྣམས་འགུགས་པར་གདོན་མི་ཟ ་གནོད་སྦྱིན་རིག་འཛིན་རྣམས་དག་དང་།། དེ་བཞིན་ལྟོ་འཕྱེ་མི་འམ་ཅི།། ལྷ་མ་ཡིན་གྱི་བུ་མོ་དང་།། དེ་བཞིན་དྲི་ཟའི་བུ་མོ་དང་།། ཡི་དགས་རོ་ལངས་རྣམས་དག་དང་།། དེ་བཞིན་གཞན་ཡང་མྱོས་དྲེགས་རྣམས། ་བཀུག་ནས་བདག་གིས་ལས་རྣམས་ནི།། ཇི་ལྟར་འདོད་པ་བྱེད་དུ་གཞུག། གསེར་འགྱུར་རྩི་དང་བཅུད་ཀྱིས་ལེན།། གྲུབ་པ་ཡི་ནི་རྫས་རྣམས་དང་།། གཞན་ཡང་ཡིད་ལ་གང་འདོད་པ།། དེ་དག་ཐམས་ཅད ་དེ་ལ་ནི། གལྔ་དང་གནོད་སྦྱིན་རྫོགས་ལ་སོགས། ཇི་སྙེད་པ་དག་འབུལ་བར་བྱེད། དེ་ཡི་བཀའ་ནི་ཐམས་ཅད་ཀྱང་། འཇིགས་པས་ངེས་པར་ཉན་པར་འཐམ། ངོ་མཚར་ཀུན་གྱིས་བརྫུན་པ ་ཡི། རང་གི་གཞོན་པས་ཡོངས་འསྐོར་ཅིང་།། གནས་དང་སྐྱེད་མོས་ཚུལ་མང་པོ། ངོ་མཚར་ཀུན་དང་རབ་ལྡན་པ།། ཁྱིམ་དང་སྲས་ཀྱི་གནས་རྣམས་དང་།། འཇིག་རྟེན་མ་ལུས་སྟོན་པར་བྱེད། ་རྫུ་འཕྲུལ་ཡོན་ཏན་ལོངས་སྤྱོད་ཀྱིས།། སྒྲུབ་པ་པོ་ནི་དགའ་བར་བྱེད།། ཇི་སྲིད་ལྗགས་ཀྱུ་འཆང་བའི་མི།། དེ་ཡི་བཀའ་ཡིས་ངེས་པ་རུ།། གནོད་སྦྱིན་མོ་དག་རང་རང་གི། འདོད་པའི་ལོངས་སྤྱོད་ཉེ་བར་སྦྱོར། ་ད་སྟེ་ལས་ཀྱི་སྐྱོན་དག་གིས།། ཚྭ་བ་ཙམ་དུ་མ་གྱུར་ན།། ལྕགས་ཀྱུ་དེ་ཉིད་འདིར་བཟུང་སྟེ།། ནང་པར་དབེན་པར་འདུག་ནས་སུ།། བུ་མོ་གང་གི་མིང་བཅུག་སྟེ།། ཇི་སྲིད་འདོད་པ་བཟླས་ནས་ནི།། དཔག་ཚད་བརྒྱ་བརྒྱ ་ན་གནས་པ། དེ་ནས་མྱུར་དུ་འོང་བར་འགྱུར།། བུ་མོའང་ཡང་ན་ཁྱེའུ་ཡང་རུང་།། ཇི་ལྟར་འདུག་པ་མྱུར་དུ་འགྲུབ།། མེ་ཏོག་འབྲས་བུ་དེ་བཞིན་གྲུབ། ཤིང་རྟ་དང་ནི་ལྗོན་ཤིང་དག་། མ་གྲུབ་ན་ཡང་རྟག ་པ་རུ།། དེ་ནི་ངེས་པར་ཞུགས་པར་འགྱུར།། དེ་ལྟར་ལྕགས་ཀྱུ་དམ་པ་འདི།། སྒྲུབ་པ་རབ་ཏུ་བཤད་པ་ཡིན།། ཟོད་པའི་དངོས་གྲུབ་གང་ཡིན་པ།། དེ་ཡང་འདིར་ནི་བཤད་པར་བྱ།། རྩེ་གསུམ་རལ་གྲི་བེ ་ཅོན་དང་།། དེ་བཞིན་དགྲ་སྟ་ལྕགས་ཀྱུ་ཡི།། སྒྲུབ་པ་གང་དག་བཤད་པ་ཡི།། ལག་པ་གཡས་པས་གཟུང་བར་བྱ།། ཐོང་པ་ལ་སོགས་གཞན་རྣམས་ནི།། ལག་པ་གསོན་པས་བཟུང་བསྒྲུབས་ན།། དེ་ནས་དེ་དག ་བཤད་པ་བཞིན། དངོས་གྲུབ་ངེས་པར་ཐོབ་པར་འགྱུར། ཤིང་ལས་ལེགས་པར་བྱས་པ་ཡི།། ཐོད་པ་སོར་ནི་ཉི་གུ་པ།། མཉམ་པར་རབ་ཏུ་ལེགས་བྱས་ལ།། ཉེས་པ་ཐམས ་ཅད་རྣམ་སྤངས་པ།། རི་ཡི་རྩེ་མོར་འདུག་ནས་སུ།། མཆོད་དང་གཏོར་མའི་རིམ་པས་བྱས།། བདུག་པའི་སྦྱིན་སྲེག་བྱས་ནས་སུ།། སྔགས་ཀྱང་སྲུང་བ་མཐུ་བསྐྱེད་དེ།། ཟོད་པ་ལག་པ་གཡོན་པས་བཟུང་།། ་ལག་པ་གཡས་པས་བསྟེན་ནས་ནི།། དེ་ཡི་ཁ་ཡང་དགབ་པར་བྱ།། ཇི་སྲིད་དེ་ལ་འབར་བ་དང་།། དུ་བའམ་ཚ་བ་ཐུང་གི་བར།། དེ་སྲིད་སྔགས་ནི་བཟླས་པར་བྱ།། འབར་ནས་ནམ་མཁའ་འགྲོ ་བར་འགྱུར།། འཇིག་རྟེན་གསུམ་གྱི་བདག་པོར་བཤད།། དུ་བ་འབྱུང་བར་གྱུར་ན་ཡང་།། དེ་བཞིན་ངེས་པར་མི་སྣང་འགྱུར།། འོར་ཏེ་ཚ་བར་དེ་གྱུར་ན།། དེ་ཡི་ཚེ་ན་གང་བསམས་པ།། ཐོད་པ་དེ་ལས། ་འབྱུང་བར་འགྱུར།། དེ་ལ་རྣམ་པར་དཔྱད་མི་དགྲོས།། འོན་ཏེ་དེ་ནི་མ་གྲུབ་ན།། དེ་ནས་ས་ལ་མི་གཞག་པར།། དེ་ཡི་ཐོད་པ་བླངས་ནས་སུ།། ཤིང་གི་ཁྲི་ལ་གཞག་པར་བྱ།། རས་ཀྱིས་གཡོགས་ཏེ ་བཞག་ནས་སུ།། ཡིད་ལ་ཅི་འདོད་བསམ་པ་ཡིས།། ཕན་དང་བཟའ་དང་བྱན་རྣམས།། གང་ཡང་རུང་བ་དེ་དག་ཉིད།། རས་གཡོགས་ལག་གིས་བཟུང་ནས་སུ།། སྟོང་རྩ་བརྒྱ་དུ་བཟླས་བྱས་ན། ་གྲུབ་པ་ལ་ནི་ཉིན་རེ་ཞིང་།། དེ་ནས་གང་ཡང་རུང་བའི་རྫས་བྱན་བཅས་པས་ངེས་པ་རུ། བོད་པ་དེ་ནངགང་པར་འགྱུར། སེམས་ཅན་རྣམས་ནི་གང་ལ་ཡང་།། བདུད་རྩི་བས་ནི་སྦྱིན་པར་བྱ།། ཚུལ་བཞིན ་བ་ཡི་འོག་ཏུ་ནི།། གཙང་སྦྲ་བྱལ་ཏེ་ཚུལ་བཞིན་བཐལ། བྲོད་པ་སྒྲུབ་པ་བཤད་པ་འདི།། ལག་པ་གཡོན་པས་བཟུང་བར་བྱ།། མདུང་བུང་རྣོན་པོ་ལེགས་བྱས་པ། ངཤོལ་བ་མེད་པར ་བསྒྲུབ་པར་བྱ།། ཨུར་མོ་ལྕགས་ལས་བྱས་པ་མཆོག། བཀྲ་ཤིས་སོར་ནི་སུམ་ཅུ་གཉིས།། དེ་ནས་ཆོ་ག་སྔ་མ་བཞིན།། རྒྱུ་འགྲམ་གཙང་མ་དག་ཏུ་ནི།། སྔོན་བཞིན་མཚན་མོ་བསྒྲུབ་པར་བྱ།། ་དངོས་གྲུབ་འབྲས་བུ་གསུམ་དུ་བཤད།། མདའ་བོ་ཆེ་ཡང་མཁས་པས་བསྒྲུབ།། ཨུར་མོ་ལྕགས་ལས་བྱས་པའི་མཆོག། རབ་ཏུ་རྣོ་བ་སྔ་མ་བཞིན།། བདུག་པའི་སྦྱིན་སྲེག་བྱས་ནས་སུ།། ཙན་དན་དམར ་པོས་གདབ་པར་བྱ།། སྒྲུབ་པ་པོས་ནི་ཆོ་ག་བཞིན།། རི་ཡི་རྩེ་མོར་འདུག་ནས་ནི།། སྔ་མ་བཞིན་དུ་མཚན་མ་བསྒྲུབ། གྲུབ་ན་འབྲས་བུ་སྔ་མ་བཞིན།། ལག་པ་གཡོན་པའི་མཛུབ་མོ་ནི།། ལག་པ ་གཡས་པས་གཡོགས་ནས་སུ།། ཆོ་ག་སྔ་མ་བཞིན་བྱས་ནས།། ཟླ་བ་བཟའ་ཡིས་ཟིན་པའི་ཚེ།། སྟན་གཅིག་པ་ལ་ལེགས་འདུག་ནས། བློ་དང་ལྡན་པས་སྔགས་བཟླས་ནས།། དེ་ནས ་མཛུབ་མོ་དེ་ལས་ནི།། གདོན་མ་ཟ་བར་འབར་བར་འགྱུར།། ཡང་ནུ་དུ་པ་རང་འབྱུང་བའམ།། དེ་ནི་ཚ་བར་འགྱུར་ཡང་སྲིང་།། དེ་ནི་ངེས་པར་འབར་གྱུར་ན།། རིག་འཛིན་གོ་འཕང་ཐོབ་པར་འགྱུར།། དུ་བ ་བྱུང་བར་གྱུར་པ་ལས།། དེ་བཞིན་མི་སྣང་འགྱུར་བར་བཤད།། དེ་ཚེ་རབ་ཏུ་ཚར་གྱུར་ན།། རྐང་པ་མགྱོགས་པ་རབ་ཏུ་འཐོབ།། དེ་སྟེ་ལག་པ་གཡོན་པ་ཡི།། མཛུབ་མོ་གྲུབ་པར་མ་གྱུར་ཏེ།། དངོས་གྲུབ་ཉམས་བྱེད ་#ངེས་པར་ནི།། ལས་རྣམས་སྣ་ཚོགས་བྱེད་པར་འགྱུར།། ཁྲོས་ནས་དེ་ཡིས་བསྡིགས་ན་ནི།། མི་དེ་ཇི་ལྟར་འདོད་པ་རུ།། དེ་མ་ཐག་ཏུ་འབྲེལ་བར་འགྱུར།། སྔགས་མཁན་དག་གིས། ་བསད་ནས་ཀྱང་།། དེ་ནས་ཤི་བར་གྱུར་པ་དེ།། དེ་ནས་ལག་པ་གཡས་པ་ཡིས།། ཇི་སྲིད་འདོད་པར་སློང་བར་བྱེད།། རབ་ཏུ་འཁྲུགས་པའི་དཔུང་ཆེན་ཡང་།། དེ་ནས་དེ་ཡིས་བསྡིགས་པར་ནུས།། གླང་པོ་དང ་ནིརྟ་རྣམས་དང་།། ལྡོང་ཤིང་དང་ནི་ནགས་ཚལ་རྣམས།། རིང་པོར་མི་ཐོགས་འཇིག་པར་བྱེད།། རི་རྣམས་ཀུར་གྱི་རྩེ་མོ་དག། རབ་ཏུ་བཟང་ཞིང་མཐོ་བ་ཡང་།། དེ་ནས་དེ་ཡི་མཛུབ་མོ་དེས། རིང་པོར་མི ་ཐོགས་སྙིལ་བར་བྱེད།། མཛུབ་མོ་དངོས་གྲུབ་ཀུན་སྦྱིན་པའི།། གྲུབ་པའི་མཆོག་ནི་བཤད་པ་ཡིན།། དེ་ནས་གཞན་ཡང་ཞགས་པ་ཡི།། སྒྲུབ་པའང་འདིར་ནི་བཤད་པར་བྱ།། ཤི་བའི་སྒྲ་ལ་ཞགས ་པ་ནི།། སྡོམ་ཞིང་ཡིད་དུ་འོང་བར་བྱ།། ཆོ་ག་སྔ་མ་བཞིན་བསྒྲུབས་ན།། དེ་ཡིས་དངོས་གྲུབ་དེ་ཉིད་ཐོབ།། ཤིང་ནི་རབ་ཏུ་བཟང་པོ་ལས།། དབྱུགས་ཏེ་སོར་ནི་བཅུ་དྲུག་བྱ།། ལེགས་པར་བཞོགས ་དང་ལེགས་བྲིས་པ།། བཟང་པོ་ཡིད་དུ་འོང་བྱས་ན།། དེ་ཡི་མགོ་བོ་དག་ལ་ཡང་།། རབ་ཏུ་བཟང་པོའི་གསེར་གྱིས་བཀྲི།། དེ་ཡི་རྩེ་ལ་ནོར་བུ་ནི།། པདྨ་རཱ་གས་སྤྲས་པར་བྱ།། དེ་ནས་ཚུལ་བཞིན་རི ་རྩེ་ལ། ཆོ་ག་སྔོན་དུ་བཤད་པ་བཞིན།། སྔོན་དུ་བདུག་པའི་སྦྱིན་སྲེག་བྱ།། སྒྲུབ་པ་པོ་ཡིས་ནུབ་པོ་སྒྲུབ།། འབར་བ་དེ་ནི་བླངས་ནས་སུ།། ནམ་མཁར་འཕགས་པ་གདོར་མི་ཟ།། སྔ་མ་བཞིར་བུ་རྔུབ ་རྣམས་ཀྱི། གཙོ་བོར་གྱུར་ཅིང་འདོད་གཟུགས་ཅན། དུ་བཚུལ་སོགས་པས་ཀྱང་། དེ་ཡི་འབྲས་བུ་ཇི་བཞིན་འཐོབ། མཚོན་ཆུ་མཆོག་རྣམས་སྦུབ་པ་ནི། དེ་ལྟར་མདོར་བསྡུས་བཤད་པ་ཡིན། ་དེ་ནས་ཆོ་ག་ལས་བྱུང་བའོ།། དངོས་གྲུབ་གཞན་ཡང་བཤད་བྱ་སྟེ། ཇི་ལྟར་ཁྲོ་བོ་མཆོག་གིས་ནི།། ཉིད་ཀྱིས་མདོར་བསྡུས་བཤད་པའོ།། ཡི་དགས་མང་པོ་ཞེས་བྱ་བའི།། དཀྱིལ་འཁོར་ཐོག་མར་བྲིས ་ནས་སུ།། རྨ་མེད་པ་ཡི་རོ་བླངས་ན།། མཁས་པས་ཁྲུས་བྱས་ལེགས་པར་བརྒྱན།། མེ་ཏོག་སྤོས་ཀྱིས་མཆོད་ནས་སུ།། ཤ་དང་བཅས་པའི་གཏོར་མ་སྦྱིན།། ལས་ནི་དུར་ཁྲོད་དག་ཏུ་བྱ།། འདི ་ནི་གཞན་དུ་ཡོང་མི་བྱ།། མེ་ཏོག་བཀྲམ་པའི་གནས་མལ་དུ།། ནུབ་ཕྱོགས་སྒོ་ཕྱོགས་མགོ་བསྟན་གཞག། ཐོད་པ་བཟང་པོ་ཟས་མཆོག་གིས།། རབ་ཏུ་བཀའ་བ་བླངས་ནས་སུ།། ཟས ་མཆོག་དག་གི་ནང་དུ་ཡང་།། ཚིལ་ཆེན་དག་གིས་བླུགས་པར་བྱ།། མཁས་པ་དེ་དག་དེ་ཡི་ཚེ།། ཁྲོ་བོ་སྔགས་ཀྱིས་བཏབ་པ་ཡི།། སྦྱིན་ཐུགས་བརྒྱ་ནི་ཚང་ཚང་དུ།། གཟའ་བུས་མི་ཡི་ཁར ་བླུགས་ན།། དེ་ཡི་ལྕེ་ཡང་འབྱུང་བར་འགྱུར།། དེ་ནས་མཚོན་གྱིས་གཅད་པར་བྱ།། ལླེ་ནི་རྩཝ་བར་བཅད་པ་ལས།། ཁྲོ་བོ་མཐུ་ཡིས་བྱུར་བ་རུ།། དེ་ནས་དེ་ཉིད་རལ་གྲིའི་གཟུགས་བཟང ་པོ་སུམ་ཅུ་རྩ་གཉིས་འགྱུར།། དེ་ནས་རལ་གྲི་བླངས་ནས་སུ།། གྲོགས་རྣམས་ལ་ནི་རེ་རེ་སྦྱིན།། སྒྲུབ་པ་པོ་ཡིས་བླངས་ནས་ནི།། དེ་མ་ཐག་ཏུ་འགྲུབ་པར་འགྱུར།། རེག་འཛིན་དེ་དག་ཐམ། ་ནད་ཀྱིས། ཀུན་ཏུ་བཀུར་བའི་རྒྱལ་པོར་འགྱུར། གྲོགས་པོ་དེ་རྣམས་དང་བཅས་པར། བསྐལ་པ་བདུན་དུ་གནས་པར་འགྱུར། ཡང་ན་མཁས་པས་དུར་ཁྲོད་དུ། ་ཡི་དགས་མང་པོ་ཞེས་བྱ་བའི།། དཀྱིལ་འཁོར་དེ་ནི་ཟིས་ནས་སུ།། མཆོད་པ་ཇི་སྐད་གསུངས་པ་བྱ།། སྐྱེས་པ་བུད་མེད་ཤི་བ་ཡི།། རྨ་མེད་པ་ཡི་རོ་ལངས་ནས།། ལེགས་པར་ཁྲུས་བྱས་རྒྱན ་གྱིས་བརྒྱན།། དཀྱིལ་འཁོར་དེ་ཡི་སྒོར་བཞག་སྟེ།། དེ་ཡི་སྙིང་ཁར་དེ་འདུག་ནས།། སྟོང་རྩ་བརྒྱད་དུ་བཟླས་པར་བྱ།། ཁྲོ་བོ་མཆོག་ཏུ་གྱུར་པའི་སྔགས།། ཡི་གེ་བཅུ་བདུན་སྟོང་རྩ་བརྒྱད། ་དེ་བཟླས་ནས་ནི་དངོས་གྲུབ་ཐོབ།། མི་རོ་དེ་ནི་ལྡང་བར་འགྱུར།། མཆོད་ཡོན་ལེགས་པར་དབུལ་བར་བྱ།། དེ་ཡི་མགོ་ལ་ལག་གཡོན་གྱིས།། དེ་མ་ཐག་ཏུ་རེག་བྱས་ན།། ལྡོང་རོས་མེ་ཡི ་མདོག་འདྲ་བ།། དེ་བས་བདག་ཉིད་ཅན་དེ་ཡི།། ཁ་ནས་མྱུར་དུ་འབྱུང་བར་འགྱུར།། སྒྲུབ་པ་པོ་ཡིས་དེ་བླངས་ཏེ།། ཡན་ལག་ཐམས་ཅད་བསྐུས་ནས་ནི། བཅོམའི་གསེར་གྱི་མདོག ་ཏུ་འགྱུར།། གྲོགས་རྣམས་ལ་ཡང་དེ་བཞིན་སྦྱིན།། དེ་མ་ཐག་ཏུ་དེ་དག་ཀུན།། བཅོམ་གསེར་གྱི་མདོག་ཏུ་འགྱུར།། ཇི་ལྟར་འདོད་པའི་གཟུགས་ཅན་འགྱུར།། རིག་འཛིན་རྣམས་ནི ་ཐམས་ཅད་ཀྱི།། ཐོག་མར་འགྲོ་བ་དེ་དག་འགྱུར།། རྫས་རྣམས་ཐམས་ཅད་གྲུབ་པར་ནི།། གྲུབ་ན་དེ་ལ་དེ་ནས་ཡང་།། དཀོན་མཆོག་གསུམ་ལ་ཆ་གཅིག་དབུལ།། དེ་ནས་མཁས་པས་བདག་ཉིད ་བཀུག།། གྲོགས་པོ་རྣམས་ནི་ཐམས་ཅད་ལའང་།། བྱིན་ནས་འདྲི་ནས་ནམ་མཁར་འཕུར།། རྫས་གཅིག་གྲུབ་པར་གྱུར་བ་ལ། ཆོག་གཞན་ཡང་སྤྱད་བྱ་སྟེ།། རྫལ་གཅིག་གྲུབ་པར་གྱུར་ན་ནི་ཐོག ་མར་ཕྱག་ཀྱང་བྱས་ནས་སུ།། དཀོན་མཆོག་གསུམ་ལ་ཆོ་ག་བཞིན།། བདག་ཉིད་རབ་ཏུ་དབུལ་བར་བྱ།། དེ་ཡི་འོག་ཏུ་རྫས་དེ་ཟག། གྲོགས་པོ་རྣམས་ལ་རིམ་བཞིན་དུ། རྫས་དེ་བྱིན་ནས་འཕུར ་བར་འགྱུར།། ཕྱི་ནས་ཆོག་འདི་རྣམས་སྤྱད།། དེ་ལྟར་མ་བྱས་གྲུབ་ན་ཡང་།། དེ་ཡི་རྫས་ནི་འཕྲོག་པར་འགྱུར།། དེ་བས་དངོས་གྲུབ་མཆོག་རྣམས་ལ།། ཀུན་ཏུ་ཇི་སྲིད་བཤད་བཞིན་བྱ།། དེ་ནས་གཞན ་ཡང་ཨ་ལྡན།། བཟའ་བ་སྒྲུབ་པ་ཇི་བཞིན་པ།། དགོས་པ་ཐམས་ཅད་འགྲུབ་པར་ཕྱིར།། དམ་པ་འདི་ནི་བཤད་པར་བྱ།། ཞག་གསུམ་སྤང་བར་འདུག་ནས་སུ།། དུར་ཁྲོད་དག་ཏུ་དཀྱིལ་འཁོར་བྲི།། དེ་ནས ་ཆོ་ག་སྔ་མ་བཞིན།། དེར་ནི་གཏོར་མའི་ལས་བྱའོ།། དེ་ནས་མི་རོ་བསྲེགས་པ་ཡི།། ཐལ་བས་བདག་ཉིད་བསྲུང་བར་བྱ།། དེ་ཡི་བདག་ཉིད་བྱུགས་ནས་སུ།། གྲོགས་པོའི་མཆོག་ལྡན་དགའ་བ་དེས། ་དེ་ཡི་བདག་ཉིད་བྱུགས་ནས་སུ།། ཨརྫ་ན་ཡི་སྙིང་པོ་དེ།། གསལ་ཤིང་གིས་བསད་མགོ་ལ་གཞག་ཤི་བའི་གོས་ཀྱིས་གཡོགས་ནས་སུ། ལག་པས་བཟུང་སྟེ་བཟླས་བྱས་ཏེ། དངོས་གྲུབ་རྣམས ་གསུམ་འཐུང་བའི་བར། བློ་ཅན་གྱིས་ནི་དེ་བྲིས་བཟླས། ཚ་བའམ་ཡང་ན་དུ་བ་འབྱུང་། ཡང་ན་པ་བཞིན་འབར་བར་འགྱུར། དེ་ཡིས་མིག་དག་བསྡུས་ན་ནི།། འབར་བས་ནམ་མཁར་འགྲོ་བར་འགྱུར། ་དུབས་ལུས་ནི་མི་སྤང་བར། གདོན་མི་ཟ་བར་འགྱུར་བར་བཤད། ཚ་བར་གྱུར་ན་བཟླས་པ་ཡིས། འགྲོ་བ་བདག་ནི་གསོས་ལ་འགྱུར། སར་ཡང་ལེགས་པར་གསོ ་བ་ནི། རིང་པོར་མི་ཐོགས་གདོན་མི་ཟ།། འདི་ལ་སྒྲུབ་པར་མ་གྱུར་ནའང་།། མིག་དག་ལེགས་པར་བསྐུས་ན་ནི། བལྟས་པས་འགྲོ་བ་དབང་དུ་འགྱུར།། པུས་མོང་གཙུག་ཤིང་མགོ་བོས་འདུད།། ཨརྠ ་ན་ཡི་ཆོ་ག་བཞིན། མཁས་པས་གིརུ་ཝང་བསྒྲུབ་པར་བྱ།། དངོས་གྲུབ་དག་ཀྱང་དེ་བཞིན་བསྟན།། མ་གྲུབ་འགྲོ་བ་དབང་དུ་འགྱུར།། ལི་ཁྲི་དང་ནི་བ་པྲ་དང་། ལྡོང་འོས་དག་ཀྱང་དེ་བཞིན་ཏེ།། ཨ་ལྡན་མི ་དཔྱད་བཞིན་དུ།། མཁས་པ་དག་གིས་བསྒྲུབ་པར་བྱ།། ཤི་བའི་གོས་ཀྱང་ཆོ་ག་བཞིན།། སྒྲུབ་པ་གཞན་དག་དེ་བཞིན་དུ། ཁྲོ་བོ་ཉིད་ཀྱིས་གསུངས་པའི་སྔགས།། མདོར་བསྡུས་རབ་ཏུ་བཤད་པར་བྱ། ་དུངུདུ་ཁྲོད་དག་ཏུ་དཀྱིལ་འཁོར་བྲི།། མཆོད་པ་དང་ནི་གཏོར་མ་བྱ།། ཤི་བའི་གོས་དེ་བགོས་ནས་ནི།། ཆོ་ག་ཤེས་པས་མཚན་མོ་བཟླས།། དེ་ནས་གོས་དེ་དང་བཅས་པར།། མཚན་མོ་རབ་ཏུ་འབར ་འགྱུར་ན།། འབར་ཞིང་འབར་བ་སྭ་ཡོངས་བསྐོར་ནས། ནམ་མཁའ་དག་ལ་ལེགས་པར་འཕར། གད་མོ་རབ་ཏུ་དགོད་པའི་སྒྲ། འཇིག་རྟེར་སྐྲག་པར་བྱེད་པར་འབྱིན། རྟག་ཏུ་འདོད་པའི ་གཟུགས་དང་ལྡན། ཁྲོ་བོ་བཞིན་དུ་དེ་སྤྱོད་འགྱུར།། དེ་བཞིན་དུ་བབྱུང་ན་ཡང་།། གདོན་མི་ཟ་བར་མི་སྣང་བའི།། མཆོག་ཏུ་འགྱུར་བར་རབ་ཏུ་བཤད།། སྒྲུབ་པ་དེ་ཡི་གོས་དེ་ནི། དེ་བཞིན ་བར་གྱུར་ན་ཡང་། རྐང་པ་མགྱོགས་ཤིང་སྟོབས་རྩེར་འགྱུར། སྭ་སྟེངས་རྣམས་སུ་ཁྱབ་པར་འགྲོ།། ནད་མེད་ལོ་བརྒྱ་འཚོ་བར་འགྱུར།། དེ་སྟེ་གྲུབ་པར་མ་གྱུར་ན་འང་། འགྲོ་བ་མ་ལུས་དབང་དུ། ་འགྱུར།། གང་རྣམས་མཐོང་ཞིང་དེ་བཞིན་ཏེ།། མཐོང་བ་དེ་དག་བྲན་བཞིན་འགྱུར།། གལ་ཏེ་འདི་དག་གནོད་སྦྱིན་མོ།། མི་ཡིས་སྒྲུབ་པར་འདོད་ན་ནི།། བ་ཏི་ཤིང་དྲུང་ཉམས་དགའ་བར།། དེ་ཚེ་དཀྱིལ་འཁོར་བྲིས ་ནས་སུ།། སྦ་བཤིག་གོས་ཀྱང་མེད་བྱས་ལ།། ཟས་མཆོག་ལེགས་པར་བཅོས་པ་ཡིས། ལྷུང་བཟེད་བཟང་པོ་ཡོངས་བཀང་ནས།། མར་གྱི་པོ་ཡི་མཚར་མོ་སྨུག། དེ་ནས་ཆང་བུ་བདུན་ཕྱུང་སྟེ།། སྔགས་ཀྱིས ་ལན་བདུན་བཏབ་ནས་སུ།། ལྷ་ཡི་བཟང་པོ་འདི་བཞེས་ཞེས།། བྱས་ནས་དེ་ཡི་རྒྱབ་ཏུ་དོར།། དེ་ནས་གཞན་ཡང་ཆང་བུ་བདུན།། སྔགས་ཀྱིས་བཏབ་སྟེ་བཟའ་བར་བྱ།། ལྷ་ཡི་བཟང་མོ་ཞེས་བྱ་བ། ་གྲུབ་པ་གནོད་སྦྱིན་ཀུན་གྱི་རྗེ།། འཁོར་རྣམས་མང་པོས་ཀུན་བསྐོར་ནས།། དེ་ནས་དེ་ཡི་འོད་འབར་འགྱུར།། དེ་ནས་ལ་བཀྲུས་དེ་ལ་ནི།། སྤོས་དང་མེ་ཏོག་མཆོག་ལྡན་པའི།། མཆོད་ཡོན་ཆུ་ནི་དབུལ་བར་བྱ། ་ལེགས་འོངས་མེ་ཏོག་དག་ཀྱང་དབུལ།། དེ་ནས་སྟན་བཟང་ཉམས་དགའ་བར།། མེ་ཏོག་ལྡན་པ་ཕུལ་ན་ནི།། ད་ནི་ཁྱོད་ཀྱིས་ངག་གྲུབ་སྟེ།། བཀའ་བཞིན་བྱེད་ཅིང་དེ་བཞིན་དུ།། གཞན་དུ་མི་འགྱུར ་བཀའ་ཉན་གྱིས། བཀའ་སྩོལ་ཅིག་ཅེས་དེ་ལ་ལྔ། མ་འམ་ཡང་ན་སྲིང་མོ་འམ། མཛའ་མོའམ་ཡང་ན་ཆུང་མར་འགྱུར།། མར་བརྗོད་པས་ནི་ངེས་པར་ཡང་།། དེ་ཡིས་ལྗོང་རོས་ལ ་སོགས་པ།། གྲུབ་པའི་རྫས་ནི་མང་པོ་དག། གདོན་མི་ཟ་བར་དེ་ལ་སྟེར།། མིང་མོས་མེ་ཏོག་འབྲས་བུ་དང་།། བདུད་རྩི་མཆོག་དང་གསེར་འགྱུར་རྩི།། རྫབ་ཏུ་སྒྲུབ་པ་པོ་དེ་ལ།། ་གདོན་མི་ཟ་བར་སྟེར་བར་འགྱུར།། མཛའ་མོར་གྱུར་ཅིག་ཅེས་སྤྲས་ནས།། མཚན་མོ་ལྡིང་འང་མཆོག་རྣམས་དང་།། ཡིད་དུ་འོང་བ་གཞན་རྣམས་ཀྱང་།། བདག་ཉིད་དགའ་བར་སྟོན་པར་བྱེད།། མྱུར་དུ ་རླུཆུང་མ་སྡུག་པ་དག། དཔག་ཚད་བརྒྱ་ནས་ཁྲིད་དེ་འོང་།། གཞན་ཡང་སྒྲུབ་པ་པོ་དེ་ལ།། དེས་ཤིང་འདོད་དང་དགའ་བ་སྟེར།། དེ་སྟེ་དེ་ལ་ཆུང་མར་སྤྲས།། འདོད་པའི་གཟུགས་ཅན་རྣམ་པར་མཛེས ་དབང་ཕྱུག་ལོངས་སྤྱོད་ཐམས་ཅད་ཀྱི།། གྲུབ་པ་དེ་ནི་དགའ་བར་བྱེད།། ངེས་ཤིང་འདོད་པ་དགའ་བ་སྟེར།། འཛུམ་ཞིང་སྲི་ཞུ་འཇོམ་དང་།། དབང་ཕྱུག་ལོངས་སྤྱོད་ཐམས་ཅད་ནི།། སྒྲུབ་པ་ཇི་སྲིད་འདོད ་བྱ་སྤྱོད།། གལ་ཏེ་མངལ་ནས་སྐྱེས་པ་ཡོས། ག་ཟ་མོ་དག་སྒྲུབ་འདོད་ན།། སྒྲུབ་པ་པོ་ལ་དེ་ཡི་ལས།། དེ་དག་འདིར་ནི་བཤད་པར་བྱ།། ཤྲེ་ཤཱ་ཀ་ཏྱོའོ་ཤིང་དྲུང་ནི།། གཙང་མར་དཀྱིལ་འབར། ་བྲི་བར་བྱ།། མཆོད་རྟེན་ཆེན་པོ་བྱས་ནས་སུ། གཏོར་མའི་ལས་ཀྱང་སྔོན་བཞིར་བྱ།། དེར་ནི་དུར་ཁྲོད་ཤིང་དག་གིས།། སྔགས་པས་མེ་ནི་རབ་སྦར་ནས།། གོས་མེད་སྒྲ་ཡང་དག་བྱས་ཏེ།། དེ་ནས ་མེ་ཡང་འབར་བ་ལ།། དེར་ནི་གཟེགས་མའི་སྦྱིན་སྲེག་རྣམས།། སྔགས་ཀྱིས་སྟོང་རྩ་བརྒྱད་བསྲེགས་ན།། དེ་ཚེ་གདོན་མི་ཟ་བར་ཡང་།། ཤ་ཟ་མོ་ནི་འབར་བའི་གདོང་།། འོང་བར་འགྱུར་ཏེ་དེ་ཡི་ཚེ ་སེམས་ནི་དཔའ་བར་བྱས་ནས་སུ།། མི་འཇིགས་མདུན་དུ་མཆོད་ཡོན་དབུལ།། དེ་ཡི་འོག་ཏུ་དེ་ལ་ནི།། བདག་ཉིད་གཟུག་ནི་བཟང་པོར་སྟོན།། དེ་ཡི་མིང་ནི་ཀང་རང་གི། རང་མིང་སྔགས་ཀྱིས ་སྦྱིན་སྲེག་བྱ།། གང་བསམས་པ་ཡི་ནོར་དེ་རྣམས།། འོངས་ནས་རིང་པོར་མི་ཐོགས་པར།། གདོན་མི་ཟ་བར་རབ་ཏུ་དབུལ།། གང་རང་གི་ནི་ཞེས་བྱ་བ།། ཤབ་མོ་ནི་ཀུན་གྱི་མཆོག། སྒྲུབ་པ་པོ་ནི་ས ་དཔའ་ཞིང་།། གཟི་ཡང་རབ་ཏུ་ཆེ་བ་ལ།། དོན་རྣམས་ཐམས་ཅད་རབ་ཏུ་སྒྲུབ།། དེ་ལྟར་མིན་ན་མྱུར་བར་ནི།། སྒྲུབ་པོ་ཡང་ནི་གསོད་པར་བྱེད།། དེ་སྟེ་ཀླུ་ཡི་བུ་མོ་དག། དེ་ལ་རིག་འཛིན་དཔལ ་ལྡན་པས།། སྒྲུབ་པ་དག་ཏུ་འདོད་པ་ལ།། དེ་ཡི་ཆོ་གར་འདི་བཤད་དོ།། པདྨོ་དཀར་པོའི་མཚོ་འགྲམ་དུ།། སོང་ནས་ཆོ་ག་སྔ་མ་བཞིན།། ཡི་དགས་མང་པོ་ཞེས་བྱ་བའི།། དཀྱིལ་འཁོར ་དེར་ནི་བྲི་བར་བྱ།། དེ་ནས་དེར་ནི་མཁས་པ་ཡིས།། གཏོར་མའི་ཆོ་ག་སྔ་མ་བཞིན།། ཨུ་དུམ་པ་རའི་ཡམ་ཤིང་གིས།། ཐོག་མར་དེ་ནི་རབ་སྦར་ནས།། ནཱ་ག་གེ་སར་ཕྱེ་མ་དག། མཁས་པས ་སྡོང་རྩ་བརྒྱད་དུ་སྲེག། སྦྱིན་སྲེག་བྱེད་ཚེ་མྱུར་བར་ནི།། དེ་ནས་ཀླུ་ཡི་བུ་མོ་དག། འཇིགས་ཤིང་སྐྲག་ནས་འོང་བར་འགྱུར།། གལ་ཏེ་མཚན་མོ་དེ་སྲེག་ན།། སྒྲུབ་པ་པོ་ནི་གང་འདོད་པ། ་གདོན་མི་ཟ་བར་རབ་ཏུ་སྟེར།། དེ་སྟེ་སྔགས་པ་ལྷ་མིན་གྱི།། ཕུག་སྒོར་སོང་ནས་ཅི་དགའ་བར།། ལཱ་མ་ཡིན་མོ་ཐམས་ཅད་ནི།། ལས་འདི་དག་ནི་ཐམས་ཅད་སྡུག།། དཀྱིལ་འཁོར་སྔ་མ་བཞིན་བྲིས་རས། ་གཏོར་མཆོ་ག་རྒྱ་ཆེར་བྱ།། པྲི་ཡང་ཀུ་ཡི་ཤིང་དག་གིས།། ཞུགས་ཟབ་ཏུ་ནི་མེ་སྦར་ནས།། ཆོ་ག་བཞིན་དུ་སྔགས་ཟློས་ཤིང་།། སུངས་ཀར་དཀར་པོ་གུར་ཀུམ་ལ། ་བསྙེགས་ནས་སྟོང་རྩ་བརྒྱད་བཟླས་ལ།། དེ་ནས་ངེས་པར་བསྲེག་པར་བྱ།། དེ་ནས་སྦྱིན་སྲེག་བྱེད་པའི་ཚེ།། ལྷ་མིན་ན་ཆུང་འབྱུང་བར་བྱེད།། སྒྲུབ་པ་པོ་ནི་གང་འདོད་པ།། གདོན་མི་ཟ་བར་རབ་ཏུ་སྟེར།། ལྷ་མ། ་ཡིན་གྱི་གནས་དག་ཏུ།། བདེ་བའི་ལམ་ནས་འཇུག་པར་བྱེད།། དབང་ཕྱུག་ཀུན་དང་ལྡན་པར་ནི།། དེ་ན་དེ་ནི་འགྲུབ་པར་བྱེད།། གལ་ཏེ་འདིར་ནི་སྔགས་པ་དག། ཤ་ཆེན་དག་ནི་འཚོང་འདོད་ན།། དང་པོར ་དུར་ཁྲོད་འདུ་གནས་སུ།། དཔའ་བའི་སེམས་ཀྱིས་ཤ་ཆེན་བླང་།། བླངས་ནས་བསྲུང་བར་བྱས་ནས་སུ།། ལག་པ་གཡོན་པས་ཆུ་གྲི་ཐོགས།། གཡས་པར་ཤ་ཆེན་སྐྱོ་མེད་བཟུང་།། མཚན་མོ་དུར་ཁྲོད་དུ ་ཞུགས་ནས།། སེམས་པ་དཔའ་བས་གཤིན་རྗེ་གཤེད།། ཁྲོ་བོ་ཡིད་ལ་ཟློས་བྱེད་ཅིང་།། ཤ་འཚོང་བ་ཡི་སྦ་བསྒྲགས་སོ།། བདག་ཉིད་ཆེན་པོ་དེ་ཡི་ཚིག། སྲིན་པོ་དམ་ཚིག་མེད་པ་དང་།། སེམས ་ཅན་ཕྲ་མོ་ཁ་ཅིག་གིས། ཟོས་ན་རབ་ཏུ་འཇིགས་པར་འགྱུར།། གང་གཞན་ལྷག་པའི་སེམས་ཡོད་ཅིང་།། དྲག་པོའི་དུར་ཁྲོད་གནས་སྐྱོང་བ།། སྣ་ཚོགས་གཟུགས་ཅན་སྟོབས་པོ་ཆེ ་དེ་དག་ལུས་ནི་སྟོན་པར་བྱེད།། གྲུབ་པ་འཇིགས་པར་མི་བྱ་བར།། དེ་ནས་སེམས་ནི་དྲག་པོ་དེས།། ལེགས་པར་འོངས་གིས་སྨྲ་བར་བྱ།། དེ་ནས་གནས་སྐྱོང་གྲུབ་པའི་ཕྱིར།། དེ་ནས་ཨ་ལྡན་ད་དང་། ་རྫས་ནི་གང་རྣམས་འདོད་པ་དེ།། ཤ་ཡིས་རབ་ཏུ་སྦྱིན་བྱོས་ཞེས།། སྒྲུབ་པ་པོས་ཀྱང་སྨྲ་བར་བྱ།། སྒྲུབ་པ་པོས་ཀྱང་གཞན་མི་བྱ།། སེམས་ནི་དཔའ་བར་ཤེས་ནས་སུ།། སྦྱིན་པར་བྱེད་ཀྱིས་གཞན ་ལ་མིན།། དེ་ནས་གཞན་ཡང་འདི་ཡི་ལས།། དཔུང་རྣམས་གནན་པར་བྱ་བ་གང་།། ཁྲོ་བོ་མཆོག་གིས་གདུངས་པ་ནི།། དེ་དག་འདིར་ནི་བཤད་པར་བྱ།། མི་རོའི་གོས་ལས་བྱས་པ་ཡི།། བ་དན་ཤིན ་ཏུ་བཟང་པོ་བྱ།། དེ་ནི་མཐོན་ཀཱ་ལས་བྱའོ།། སོར་བཅུ་དྲུག་གི་ཚད་དུ་བྱ།། སྨུག་མའི་ཡུ་བ་སྡུག་གུ་དག། ཁྲུ་གང་ཚད་དུ་བྱས་པ་ལ།། བཏགས་ཏེ་དེ་ནས་བསྒྲེངས་ནས་སུ།། དུ་ཁྲོད་དུ་ནི་མཚན་རྫོ ་བསྒྲུག། དཀྱིལ་འཁོར་རྒྱ་ཆེན་བྲིས་ནས་ཀྱང་།། དེར་ནི་ཙོག་པུར་གནས་ནས་སུ།། བ་དན་ལག་ན་ཐོགས་ནས་ནི།། མཚན་མོ་ཐོག་ཐག་བཟླས་པར་བྱ།། དེ་ནས་ནམ་ནི་ནངས་པ་ན།། དེ་ཡི་ལག་ན་ཐོགས་པ་ཡིས།། ་དེནྡོ་འགྲ་ཡི་དཔུང་འཁྲུགས་པ།། ཐེ་ཙོམ་མེད་པར་གནས་པར་འགྱུར།། ལག་ན་ཐོགས་པ་གཞན་དག་ཀྱང་།། སྒྲུབ་པ་པོས་ནི་མཐོང་བ་ཡིས།། དེ་དག་ཐམས་ཅད་མཐོང་མ་ཐག། མནན་ཏེ་རི ་བཞིན་མི་གཡོར་འགྱུར།། གླང་པོ་རྒྱལ་པོ་མྱོས་པ་དང་།། ཤིང་རྟ་རྟ་དང་གླང་པོར་བཅས།། རྐང་ཐང་འཁྲུགས་པ་མང་བཅས་པའི།། དགྲ་ཡི་དཔུང་རྣམས་ངེས་པར་ནི།། མཐོང་བ་ཙམ་ནི་ཉིད ་ཀྱིས་སུ།། མནན་པ་བཞིན་དུ་སྣང་བར་འགྱུར།། དེ་ནས་གཞན་ཡང་དུར་ཁྲོད་ཀྱི།། སྦྱོར་བ་བཀྲ་ཤིས་དགེ་བ་དང་།། ཁྲོ་བོ་མཆོག་གིས་གསུངས་པ་དེ།། དེ་ནི་ངེས་པར་བཤད་པར་བྱ།། ་དེས་ནི་མི་རོ་བསྲེགས་པ་ཡི།། མཚན་མོ་མེ་འབར་བལྟས་ནས་སུ།། སྐྲ་ཤིག་གོས་ཀྱང་མེད་བྱས་ལ།། བཟླས་པ་དག་ཀྱང་བསྐོར་ཞིང་བྱ།། དེ་ནས་དེར་ནི་སྔགས་པ་ཡིས།། ་ཡན་ཅིག་ཐལ་བ་སྦར་བ་གང་།། ལག་པ་གཡོན་པས་བླངས་རས་སུ།། མཁས་པས་ཁྱིམ་དུ་འགྲོ་བར་འགྱུར།། ཡང་ན་ལྷ་ཁང་སྟོང་པར་འགྲོ།། ཕྱིར་ཡང་སྟོང་པར་ཡོང་མི་བྱ།། དེ་ནས་དེར་ཡང་ཐལ་བ ་དེ། ནམ་ནངས་བར་དུ་བཟླས་པར་བྱ།། ནམ་ནི་ནངས་པར་གྱུར་པ་ན།། ཐལ་བ་དེ་ནི་བསྲུངས་ནས་སུ།། གསར་པའི་སྣོད་དུ་གཞག་བྱ་ཞིང་།། ས་ལ་གཞག་པར་ཡོང་མི་བྱ།། དགྲ་ཡི་དཔུང་དག ་མནན་པའི་ཕྱིར།། ཐལ་བ་དེ་ནི་གཏོར་བྱས་ན།། ཤིང་རྟ་དང་ནི་གླང་པོ་དང་།། མཚོན་ཆ་ཐམས་ཅད་འཁྲུག་པ་དང་།། སྐྱེ་བོ་མང་པོར་ལྡན་པའི་ཡུལ།། ཐལ་བ་དེ་ཡི་ཐམས་ཅད་དུ།། ལན་ཅིག ་གཏོར་བ་ཙམ་གྱིས་ཀྱང་།། ལུས་རྣམས་མི་འགུལ་གདོན་མི་ཟ།། འདི་ནི་མཚོན་རྣམས་གནོན་པ་དང་། དཔུང་ཡང་གནོན་བྱེད་དགེ་བའོ།། དེ་བཞིན་ཉིད་ཀྱིས་ལོག་བྱ་དང་།། མྱོས་པར་བྱེད ་པར་སྦྱོར་བ་ཡང་།། རླུང་ཕྱོགས་དག་ཏུ་སོང་བ་འམ།། ཡང་ན་བསྙེན་ཏེ་བྷྱས་ནའང་རུང་།། བགྲོད་དཀའི་དགྲ་ནི་མཚོན་འཁྲུགས་ལྔ།། བྱས་ནས་འགྲོ་བ་མི་འགུལ་འགྱུར།། དུར་ཁྲོད་དག་གི་སྐྱོར། ་བབཡིས།། དཔུང་མནན་དེ་ལྟར་བཤད་ཟིན་ཏོ།། འགྲོ་བ་དབང་བྱེད་སྦྱོར་བ་ནི།། རྣམ་པ་གཞན་དག་བཤད་པར་བྱ།། དུར་ཁྲོད་དག་ཏུ་དཀྱིལ་འཁོར་བྲི།། མཆོད་པ་སྔ་མ་བཞིན་དུ་བྱ།། གཏོར་མ་རྒྱ་ཆེན་བྱས ་ནས་ནི། མི་ཡི་ཚལ་གྱི་སྤུན་དག་ལས།། མར་མེ་འབྲར་བ་བྱས་ནས་སུ།། དེ་ནས་ཐོད་པ་བཟང་པོ་ལ། མཁས་པ་དག་གིས་སྡུག་ཚ་གྷར། དྲུ་བའི་སྣག་ཚ་སྦྱར་ནས་ཀྱང་།། ནམ་ནངས་པར། ་དུ་བསླབ་པར་བྱ།། དེ་ནས་ནང་པར་ནམ་ནངས་ཏེ།། དུ་བའི་སྣག་ཚས་མིག་བསྐུས་ན།། གང་མཐོང་དེ་ཡི་དབང་དུ་འགྱུར།། དེ་ལྟར་འགྲོ་བ་དབང་བྱེད་པའི།། སྦྱོར་བ་དེ་ནི་བསྒྲགས་པ་ཡིན།། ཁ་ཅིག་གི་སྦྱོར ་བར་དངོས་གྲུབ་ཀྱང་།། དགེ་བ་དག་ནི་ང་བཤད་དོ།། ཡུག་སྣམ་བཙག་ནི་དགེ་བ་དག། མི་རོ་ཁར་ནི་བཅུག་ནས་སུ།། དེ་ནས་དེ་ཕྱེད་ཚིག་ནས་ནི།། གྲོགས་མེད་པར་ནི་མཚན་མོ་བླང་།། བླངས་ནས་ལྷ་ཡི་ཁང ་སྟོང་དུ།། མཁས་པ་དག་གིས་བཟླས་པ་བྱ།། བགེགས་ཀྱང་རྣམ་པ་སྣ་ཚོགས་འབྱུང་།། ཇི་སྲིད་ནམ་ནངས་བར་དུ་ནི།། དེ་ན་འདུག་ཅིང་དེ་ལ་བཟླས།། དེ་ནས་ནམ་ནངས་གྱུར་པ་དང་།། རས་ནི་དམར ་པོས་དཀྲིས་ནས་ནི།། མཆོད་ཅིང་བསྲུངས་ནས་གཞག་པར་བྱ།། དེ་ནས་གང་ཡང་རུང་བའི་མིང་།། བཙག་གི་ཡུག་སྣམ་དེ་ཡིས་སུ།། ཅི་འདོད་པར་ནི་བྲི་བར་བྱ།། སྒྲུབ་པ་པོ་ཡི་མིང་ནས་ཀྱང་།། ་བསྐུལ་ནས་དོགས་པ་མེད་པར་ཡང་།། བསྒྲུབ་པར་བྱ་བ་མྱུར་དུ་འོང་།། བཙག་བསྒྲུབས་ཁ་རུ་གསུངས་པ་དག། མདོར་བསྡུས་བཤད་པ་དེ་ཡིན་ནོ།། དུ་ནི་ཇི་ལྟར་རིག་པ་རུ།། སོར་གདུབ་བསྒྲུབ། ་པ་སྦྱོར་བར་བཅས།། ཆོ་ག་བཞིན་དུ་གསུངས་པ་དང་།། མདོར་ནི་རབ་ཏུ་བཤད་པར་བྱ།། མི་ཡི་རོ་ཁྱེར་འགྲོ་བ་ན།། དེར་སོང་ནས་ནི་དེ་ཡིས་ཁར།། གསེར་གྱི་སོར་གདུབ་གཞག་པར་བྱ།། མཁས་པས། ་ཁྲོ་བོ་གཅིག་པུའི་སྔགས།། ཟློས་པ་བྱེད་དེ་འདུག་པ་ན།། མེ་ཡིས་ཚིག་པར་གྱུར་པ་ནི།། རོ་ཡི་ཁ་ན་འདུག་པ་ཡི།། སོར་གདུབ་ལག་པ་གཡོན་པས་བླང་།། ནམ་ལངས་བར་དུ ་བཟླས་པར་བྱ།། དེ་ནས་སོར་གདུབ་བཟང་པོ་དེ།། ལག་པ་གཡོན་པའི་མཛུབ་མོ་ལ།། མཁས་པ་དག་གིས་གཞག་པར་བྱ།། དེ་ཡི་ལག་པ་གཡོན་པ་ཡིས།། གང་དང་གང་དག་རེག་འགྱུར་བ།། དེ་ཀུན་དེ་ཡི ་ལས་བྱེད་འགྱུར།། ཕྱི་བཞིན་དུ་ཡང་འབྲང་བར་འགྱུར།། འདི་ལ་དཔྱོད་པར་ཡོང་མི་བྱ།། དེ་ནས་གཞན་ཡང་ཡུངས་ཀར་དག། ཤིན་ཏུ་ངོ་མཚར་དང་ལྡན་པ།། ཁྲོ་བོ་ཉིད་ཀྱིས་ཇི་ལྟ་བར།། སྒྲུབ་པའི་སྦྱོར་བ ་གསུངས་པ་བཤད།། སི་ཏའི་ཤིང་ལས་གབ་ཙོ་ཡང་།། བཟང་པོ་སོར་ནི་བརྒྱད་པར་བྱ།། དེ་ཡི་ནང་དུ་ཡུངས་ཀར་དཀང་།། དངོས་གྲུབ་མཆོག་ནི་དེར་བླུགསཱ་ལ།། ཟླ་བ་གཟས་ནི་ཟིན་བར་དུ།། ཉིན ་མ་རེ་རེ་བཟླས་བརྗོད་བྱ།། དཀྱིལ་འཁོར་ཆོ་ག་བཞིན་བྲིས་ནས།། གཏོར་མ་རྒྱ་ཆེན་དག་ཀྱང་བྱ།། གབ་རྩེ་ནང་གི་ཡུངས་ཀར་ཀུན།། སྒྲ་འབྱུང་བའམ་གས་ཀྱི་བར།། དེ་སྲིད་ཡུངས་ཀར་བཟླས་པར་བྱ།། ་དེ་ནས་ཡུངས་ཀར་གྲུབ་འགྱུར་བ།། བླངས་ནས་གང་ཡང་རུང་བར་ནི།། ཆོ་ག་བཞིན་དུ་སྦྱར་བྱས་ནས།། དེ་ཡིས་མི་ནུས་ཅི་ཡང་མེད།། དེས་ནི་ས་ཡང་འགས་པས་བྱེད།། ཆུ་ཀླུང་དག་ཀྱང་སྐམས་པར་བྱེད།། ་རིམཐོ་རྣམ་པ་མང་པོ་དག། ཕྱེ་མ་དག་ཏུ་རློག་པར་བྱེད།། དེ་བཞིན་རི་ཡི་རྩེ་མོ་ཡང་།། སྦྱར་ན་རབ་ཏུ་སྙིལ་བར་བྱེད།། ཁྲག་དང་སོལ་བའི་ཆར་དག་ཀྱང་།། འབེབས་པར་བྱེད་དེ་ཐེ་ཚོམ་མེད། ་གནམ་ལྕགས་དང་ནི་སེར་བ་དག། གློ་བུར་དག་ཏུ་འབབ་པར་བྱེད།། ས་གཡོ་བ་དང་སྤྲིན་བསྐུ་ལ།། རིག་པ་འཛིན་པས་སྦྱར་བྱས་ན།། གློ་བུར་དུ་ཡང་ཐོགས་མེད་འགྱུར།། མཚོ་དང་རྒྱ་མཆོག་གོ།། ་བ་དང་། ཤིང་རྣམས་རབ་ཏུ་ལྡེགས་པ་དང་།། ས་ཡི་འོག་ཀྱང་གཡོ་བྱེ་ཀྱང་།། དེ་བཞིན་གྲུ་རྣམས་བསྡིགས་པ་དང་།། མཚོ་ཆེན་དང་ནི་ལྟེང་ཀ་དང་།། ཀླུ་རྣམས་ཚར་གཙང་བ་བ་དང་།། གཞན་ཡང ་གང་འདོད་བྱ་བ་ཡི།། ། ལས་ནི་རྣམ་པ་སྣ་ཚོགས་པ།། གསུངས་པ་དང་ནི་མ་གསུངས་པ།། མཁས་པས་རང་བཞིན་བློས་བརྟགས་ལ།། ཡུངས་ཀར་གྲུབ་པས་གཏོར་ཙམ་གྱིས།། ཐོགས་པ་མེད་པར ་བྱེད་པར་འགྱུར།། ཡུངས་ཀར་དངོས་གྲུབ་ཀུར་སྦྱིན་པའི།། སྒྲུབ་པ་དག་ནི་བསྒྲུབ་ཟིན་ཏེ།། དཔའ་བོ་བརྟུལ་ཞུགས་སྤྱོད་པ་ཡིས།། དེ་དག་ལ་སོགས་སྣ་ཚོགས་དང་།། སྔ་མ་བཞིན་དུ་སྣ ་ཚོགས་དང་།། འབྲིང་རྣམས་ལ་སོགས་བསྒྲུབ་པར་བྱ།། ཁྲོ་བོ་མཆོག་གི་ཆོ་ག་འདི།། ལས་ནི་གང་དགྲ་བཤད་པ་རྣམས།། དེ་དག་ཀུན་ལ་བརྟུལ་ཞུགས་ནི།། མེད་པར་བྱས་ན་འབྲས ་བུ་མེད།། ཕྱག་རྒྱ་གཉིས་ཀྱི་ལས་རྣམས་ནི།། གང་དག་འདིར་ནི་བཤད་པ་རྣམས།། བརྟུལ་ཞུགས་བྱེད་ནི་མ་ནུས་ན།། དེ་ལྟར་ཁྲོ་བོ་མཆོག་འདི་ལ།། སྔོན་བཞིན་མཆོད་པ་བྱེད་པ་དང་། ་ཇི་སྐད་བཤད་ཟིན་བཟླས་བྱས་པས།། ལས་རྣམས་ཇི་སྐད་བསྟན་པ་དང་།། དངོས་གྲུབ་ཇི་སྐད་བསྟན་པ་འཐོབ།། རྟག་ཏུ་བདེ་གཤེགས་སེམས་དཔའ་དེས།། བརྟུལ་ཞུགས་རྟག་ཏུ་མི་རུང་ནའང་། ་ཉིན་གཅིག་བཞིན་དུ་བཟླས་བརྗོད་ལ།། སྦྱོར་བས་འདོད་པའི་དོན་རྣམས་འཐོབ།། དེ་ལྟར་བརྟུལ་ཞུགས་ཀྱིས་བསྒྲུབས་དང་།། བསྒྲུབ་པ་སྣ་ཚོགས་ཆོ་ག་འདིར།། ཁྲོ ་བོ་མཆོག་གིས་ཅི་གསུངས་པ།། མ་ལུས་པར་ནི་བཤད་པ་ཡིན།། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞི་བ་ཁྲོ་བོ་རྣམ་པར་རྒྱལ་བ་ལས།། ཁྲོ་བོ་གཤིན་རྗེ་གཤེད་ཀྱི་རྩ་བོའི་ཆོ་ག་ཞིབ་མོ་རིམ་པར་བྱེ་བ་སྟེ ་བརྒྱད་པའོ།། དེ་ནས་ཆོ་ག་ཕྱི་མར་ནི།། ཇི་ལྟར་བརྟུལ་ཞུགས་མེད་ཀྱང་རུང་།། དེ་ཕྱིར་ཁྲོ་བོ་བདག་ཉིད་ཀྱིས།། གསུངས་པ་དེ་ཡི་ཆོ་ག་བརྗོད།། སྔགས་ནི་ཡི་གེ ་བཅུ་བདུན་པོ།། ཁྲོ་བོ་ཞེས་ནི་གང་བརྗོད་པ།། དེ་ལ་ཐོག་མར་སྟོན་བཞིན་དུ།། རི་མོ་བྲིས་ལ་དེ་མདུན་དུ།། ཚུལ་བཞིན་དུ་ནི་མཆོད་པར་བྱ།། མཁས་པས་ཡང་ན་སྐུ་གཟུངས་ཀྱང་།། བྱེད་དུ་བཅུག ་སྟེ་དེ་འོག་ཏུ།། མ་ཁས་པས་བརྒྱད་འབུམ་བཟླས་པར་བྱ།། དེ་ཡི་མཐའ་མར་དཀོན་མཆོག་ནི།། གསུམ་པོ་དག་ལ་མཆོད་ཆེན་བྱ།། དེ་ཡི་འོག་ཏུ་ཁྲོ་མཆོག་ནི།། ཇི་སྐད་གསུངས་བཞིན་མཆོད་པ་བྱ། ་འོག་ཀྱང་གྲུབ་སྟེ་དེ་ཡི་ཚེ།། འབྱུང་པོའི་གདོན་དང་དུག་རྣམས་དང་།། ཡིད་ལ་གང་དང་གང་འདོད་པ།། དེ་ཡིས་བསམ་པའི་ལས་ཀྱང་ནུས།། ནམ་ཡང་དངོས་གྲུབ་ཕྲན་ཚེགས་ལ།། དེ་ནི་སྦྱར་བར ་མི་བྱའོ།། དུག་ལ་སོགས་ཏེ་གང་བརྗོད་པ།། ལས་ཀྱི་རྣམས་ནི་ཚིག་གིས་བྱ།། གཞན་དུ་ཡེངས་པའི་ཚིག་གིས་ཀྱང་།། བདག་ཉིད་ཇི་ལྟར་འདོད་བཞིན་ནོ།། དེ་བཞིན་སེམས་ཅན་སྡང་རྣམས་ལ།། ཚར ་གཅད་པ་དང་ཕན་འདོགས་ནུས།། གང་ཞིག་ནག་པོས་ཟིན་པ་ཡིས།། ལས་རྣམས་ཀྱང་ནི་བྱེད་འགྱུར་ཏེ།། རྩཝ་ཡིས་ངེས་པར་གཏོར་བ་དང་།། ལྕག་གམ་ཡང་ན་ནང་པ་ཡིས།། ཁྲོ་བོས་ཇི་མང་། ་གསུངས་པ་བཞིན།། ཐེ་རློམ་མེད་པར་སོས་པར་འགྱུར།། དེ་ལྟར་ཀུན་ཏུ་ཡིད་ཀྱིས་སམ།། ཡང་ན་ཚིག་གིས་བསྐུལ་པར་བྱ།། ཇི་ལྟར་ཁྲོས་པ་མེད་པར་ཡང་།། ཕྲན་ཚེགས་ལས་ནི་གྲུབ་འགྱུར་ཏེ།། ་དྲན་པ་ཙམ་ནི་འབའ་ཞིག་གིས།། བྱེད་པ་པོ་ཡི་ལས་དེ་འགྲུབ།། དེ་རས་སྣོད་ལ་དབབ་པ་ཡི།། ལས་གཞན་འདི་ནི་རབ་ཏུ་བྱ།། གཞོར་དུ་མཚན་དང་ལྡན་འགྱུར་ཞིང་།། ཉེས་པའི་སྐྱོན་མེད ་ཡན་ལག་ཙང་།། ཤིན་ཏུ་བཀྲུས་ཏེ་རྒྱན་གྱིས་བརྒྱན།། བ་ལས་བྱུང་བའི་ལྔ་ཡང་བླུད།། དེ་ཡི་འོག་ཏུ་སྤྱང་བྱས་ཏེ།། ནམ་ནངས་པ་དང་བཀྲུས་བྱས་ལ།། དྲི་ཞིབ་པ་ཡི་དྲིས་བྱུགས་ཤིང ་གོས་རྣམས་དང་ནི་རྒྱན་གྱིས་བརྒྱན།། དེ་ལྟར་མཆོད་པ་བྱས་ནས་ནི།། ཤར་གྱི་ཕྱོགས་སུ་ཁ་བསྟན་ཏེ།། ཆོ་ག་བཞིན་དུ་ཀུ་ཤ་ཡི།། སྟན་ལ་བཞག་སྟེ་དེ་ནས་ནི།། དེ་ཡི་ལག་པ་གཉིས ་ཀར་ཡང་།། ཙན་དན་གཏོར་མའི་མེ་ཏོག་སྦྱིན།། ཨ་ཀར་ནག་པོའི་བདུག་པ་སྦྱིན།། དེས་ནི་མྱུར་དུ་སྔགས་བརྗོད་དེ།། སྒྲུབ་པ་ཆོ་ག་འདི་ཡིས་ནི།། སྣོད་ལ་དབབ་པའི་ལས་བྱའོ།། སྣོད་ལ ་དབབ་འགྱུར་དེ་ཡིས་ནི།། དགེ་དང་མི་དགེ་བྲི་བར་བྱ།། དེ་ནས་བྱུང་དང་འབྱུང་བ་དང་།། བྱུང་བ་གང་ཡིན་བདེན་པར་སླ།། སེམས་ཅན་ཆེན་པོ་འདི་གྱིས་ལ།། འདི་ནི་མིན་ཞེས་ཟློག་པར་བྱེད།། ་། རིག་སྔག་ཆད་དམ་ལྷག་པ་དག། སྔགས་ཀྱང་འདིར་ནི་ཚང་བར་བྱེད།། དེ་ནས་ཁྲོ་བོ་མཆོག་དེ་ལ། མེ་ཏོག་ལྡང་པའི་མཆོད་ཡོན་དབུལ།། དེ་ནས་བདེ་གཤེགས་བསྟན་པ་ཡི། ་དམ་ཚིག་དག་ཀྱང་བསྟན་པར་བྱ།། སྣོད་ཀྱིས་ཐོས་ནས་དེ་ནས་སུ།། བཏང་ནས་དེ་ཡི་ས་ལ་འགྱེལ།། རིག་པ་ཁྲོ་བོ་གཤིན་རྗེ་གཤེད།། གྲུབ་པར་དེ་ནས་བཅུད་པར་འགྱུར།། དེ་ནས་སྣོད་ནི་བླངས་ནས་སུ།། ་ཕྱིས་ཀྱང་རབ་ཏུ་ཁྲུས་བྱས་ཏེ།། ཟན་ཟར་བཅུག་ལ་ཟོས་ནས་ཀྱང་།། མཆོད་པ་བྱས་ཏེ་སླར་གཏང་ངོ་།། ཇི་སྐད་གསུངས་པའི་ལས་རྣམས་ཀྱིས།། སྣོད་པ་དབབ་པར་བྱས་ནས་ནི།། དེ་ནས ་ཆོ་ག་ཕྱི་མ་ཡི།། ཆོ་ག་ལས་གསུངས་ལས་རྣམས་བྱ།། དེ་ནས་གལ་ཏེ་སྔགས་པ་ནི།། རྒྱལ་པོ་དབང་དུ་བྱེད་འདོད་ན།། དེ་ཚེ་རི་མོ་སྤྱན་སྔ་རུ།། དུར་ཁྲོད་ཐལ་བས་གཟུགས་བྲིས་ཏེ།། ་དེ་ཡི་སྙིང་ཁར་འདུག་ནས་སུ།། རྩེ་གཅིག་ཡིད་ཀྱིས་ཁྲི་བཟླས་ཏེ།། ཆེ་གེ་མོ་ཞིག་དབང་གྱུར་ནས།། དེ་ཡི་མིང་ནི་སྔ་མ་བཞིན།། ཁྲོ་སྔགས་ཇི་སྐད་གསུངས་པའི་མཐར།། སྦྱར་ཏེ་མཇུག ་ཏུ་སྭཱ་ཧཱ་བརྗོད།། ཁྲོ་བོས་དབང་དུ་བྱ་བའི་ཕྱིར།། སྦྱོར་བ་རྟག་ཏུ་བཤད་པ་ཡིན།། དེ་ནས་རྒྱལ་དེ་དབང་གྱུར་ནས།། མཛའ་སྡུག་སྐྱེ་བོས་བཏང་ནས་སུ།། བདག་ཉིད་དང་ནི་ནོར་དག་གིས། ་ངེས་པར་བྲན་བཞིན་ལེགས་པར་བྱེད།། དེ་བཞིན་བཟླས་པ་ཁྲི་བྱས་ན།། བྲམ་ཟེ་དག་ཀྱང་དབང་དུ་འགྱུར།། རྗེའུ་རིགས་དམངས་རིགས་མ་ལུས་པར།། དྲུག་སྟོང་དག་གིས་ངེས་པར་འགྱུར།། ་བུད་མེད་རྣམས་དང་བུ་མོ་ལ།། ཁྲི་དག་ཏུ་ནི་བཟླས་པར་བྱ།། དེ་ནས་ཕན་ཚུན་མཛའ་བོ་གཉིས།། དབྱེ་བར་བྱ་བར་འདོད་ན་ནི།། དེ་ནས་གཅིག་གི་གཟུགས་བརྙན་ནི།། དེ་བཞིན་བྲིས་ནས་སྙི་འཕྱ།། ་རྐང་པ་གཅིག་བཞག་ཅོག་པུར་འདུག། དེ་ཡི་མིང་མི་མཐར་སྦྱར་ནས།། ཁྲོ་བོ་གཤིན་རྗེ་གཤེད་བཟླས་པ།། ཆེ་གེ་མོ་ཞིག་མྱུར་བ་རུ།། འདི་དང་དབྱེ་འགྱུར་ཕཊ་ཅེས་བྱ།། དེ་ལྟར་དབྱེ་བ་བྱ་འདི ་ལ་སྟོང་ཕྲག་བཅུར་ནི་བཟླས་པ་བྱ།། དེ་ནས་སེམས་ཅན་རབ་གདུག་པར།། ཤེས་ནས་ལེགས་པར་གདུལ་བྱ་ན།། དཀོན་མཆོག་གསུམ་ལྔ་གནོད་བྱེད་ལ།། ཁྲོ་བོས་བྱ་ཡི་གཞན་དུ་མིན། ་དགྲ་བོའི་གཟུགས་བརྙན་མིང་སྨོས་ནས།། དུར་ཁྲོད་ཐལ་བས་བྲིས་ནས་སུ།། དེ་ནས་སེང་ལྡེང་ཕུར་བུ་ལ།། བརྒྱ་རྩ་བརྒྱད་དུ་བཟླས་བྱས་ཏེ།། དེ་ཡི་སྙིང་ཁར་བཏབ་ནས་སུ།། དེ་ཡི་འོག་ཏུ་བྲི ་བཟླས་སོ།། དེ་ནས་ཁྲོ་བོ་གཤི་མ་རྗེ་གཤེད་།། སྔགས་ཀྱི་མཐའ་མར་མིང་བཅུག་སྟེ།། ཆེ་གེ་མོ་ཞིག་སོད་ཅིག་ཅེས། ཧཱུཾ་དང་ཕཊ་ཀྱིས་མཐའ་བརྟེན་ཏེ།། ཁྲི་དག་ཡོངས་སུ་ཚང་བར་ནི།། གའི ་དེ་ལྟར་བཟླས་བྱས་ན།། ལས་དེ་ཡིས་ནི་འཆི་འགྱུར་ཏེ།། འདི་ལ་རྣམ་པར་དཔྱོད་མི་དགོས།། རྟག་ཏུ་བདེ་གཤེགས་བསམ་པར་བྱ།། ངན་པའི་སེམས་ཀྱིས་ཡོད་མི་བྱ།། དེ་ཡི་སྙིང་ལས་སྡུག་བསྔལ ་དག། བསྐྱེད་ནས་འདག་པ་མ་གཏོགས་སོ།། ཞི་བ་དག་གི་ཆོ་ག་ཡིས།། དེ་ནས་ཞི་བ་དགེ་བར་བྱ།། ཇི་ལྟར་ཇི་སྐད་གསུངས་པ་འདི།། མངོན་པར་སྤྱོད་པ་ཡོང་མི་བྱ།། སེམས་ཅན་རྣམས་ལ ་བརྩེ་བའི་ཕྱིར།། བདེ་གཤེགས་བསམ་པས་བྱ་བར་བསྟན།། དེ་བཞིན་གཤེགས་པ་ཅི་གསུངས་པའི།། དེ་བཞིན་དངོས་གྲུབ་ཐོགས་མེད་པའི།། དངོས་གྲུབ་འདོད་པས ་ཐོབ་འདོད་ན།། དེ་ལྟར་ཁྲོ་བོ་སེམས་མ་བྱ།། བདེ་གཤེགས་བསམ་པ་གང་མེད་པ།། དེ་ནི་དངོས་གྲུབ་ཉམས་པར་འགྱུར།། མདོར་ན་བྱང་ཆུབ་སེམས་མེད་པ།། འཇམ་དཔལ་ཁྲོ་བོ་གཙོ་བོ་ཡིས། ་བརྟུལ་ཞུགས་བཟླས་པ་དང་བཅས་པ།། རྟོག་ལས་ཆོ་ག་བཞིར་གསུངས་པའི།། དངོས་གྲུབ་མཆོག་ནི་ཉམས་པར་འགྱུར།། གང་ཞིག་བདེ་གཤེགས་བསམ་ལྡན་ནས།། བརྟུལ་ཞུགས་བཟང ་པོ་མེད་པ་དང་།། དེ་བཞིན་གཟུགས་ལ་སོགས་མེད་ཀྱང་།། དངོས་གྲུབ་མཆོག་རྣམས་དེས་ཐོབ་ཅིང་།། ཉོན་མོངས་མེད་པར་ཅི་འདོད་པར།། འདོད་པ་ཐམས་ཅད་རྙེད་པར་འགྱུར། ་གང་ཞིག་བདེ་གཤེགས་བསམ་ལྡན་ཞིང་།། བློ་ནི་མ་རྨོངས་བརྟན་པ་ཡིས།། སྲིད་པ་ཉོན་མོངས་བགྲོད་དཀའ་རྒོལ།། དེ་བཞིན་གཤེགས་པ་ཐམས་ཅད་ལ།། ཕྱག་བྱས་ནས་ནི་དངོས་གྲུབ ་མཆོག། འདྲེ་གཤེགས་བསམ་པ་ལྡན་པས་འཐོབ།། དེ་ལྟར་ཤེས་ནས་དེ་ཡི་ཚེ།། བདེ་གཤེགས་ལམ་མཆོག་བསྟེན་པར་བྱ།། ཉོན་མོངས་སྡུག་བསྔལ་འཇིགས་འགྱུར་བ། ་འཇིག་རྟེན་ལྔ་ནི་ཡོང་མི་བསྙེན།། དེ་ལྟར་སེམས་ཅན་གདུག་འདུལ་བའི།། ལས་རྣམས་ཇི་སྐད་གསུངས་པ་ཡང་།། དཀོན་མཆོག་གསུམ་ནི་ཟུབ་ཕྱིར་གྱི།། གཞན་དུ་ཡང་ནི་ཡོང་མི་སྦྱར། ་དེ་ནས་གཞན་ཡང་བསྐྲད་པའི་ལས།། འདི་དག་གར་ཡང་རུང་བར་ནི།། དེ་བཞིན་བྱེད་པར་འདོད་པ་ལ།། དེ་བཞིན་པར་ནི་བཤད་པར་བྱ།། དེ་ནས་དུར་ཁྲོད་ཐལ་བ་ཡིས།། མཁས་པས་དགྲ ་ཡི་གཟུགས་བརྙན་བྲི།། དེ་སྟེང་རྐང་གཉིས་འདུག་ནས་སུ།། འཇམ་དཔལ་ཁྲོ་བོའི་སྤྱན་སྔར་ནི།། ཆེ་གེ་མོ་ཞིག་སྨོད་ཅིག་ཅེས།། དེ་ཡི་མིང་ནི་མཐར་སྦྱར་ནས།། དེ་བཞིན་ཧཱུཾ་དང་ཕརྡ་དག ་དང་། ཧཱུཾ་ཡང་བརྗོད་དེ་ཁྲི་བཟླས་ན།། གདོན་མི་ཟ་བར་བསླད་པར་འགྱུར།། ཡང་ན་ཐལ་བ་དེ་ཉིད་ཀྱིས།། དགྲ་ཡི་གཟུགས་བརྙན་བྲིས་ནས་སུ།། དེ་ཡི་སྙིང་ཁར་རྐང་གཡོན་གྱིས། ་གདོན་མི་ཟ་བར་བརྫིས་ནས་སུ།། ཉི་མ་ལ་ནི་ཁ་བསྟས་ནས།། གཤིན་རྗེ་གཤེད་པོ་བཟླས་ནས་ནི།། སྐད་ཅིག་གིས་ནི་དགྲ་བོ་དེ།། རབ་ཏུ་ཚ་བའི་ནད་ཀྱིས་འདེབས།། དེ་ནས་ཞི་བའི་ཆོ་ག་ཡིག། ་བདག་ཉིད་ཀྱིས་ནི་ཞི་བར་བྱ།། དེ་ལྟར་མ་བྱས་ཞག་བདུན་གྱིས།། གདོན་མི་ཟླ་བར་འཆི་བར་འགྱུར།། དེ་ལ་སོགས་པའི་ལས་རྣམས་ནི།། བདེ་གཤེགས་སེམས་དཔས་ཡོང་མི་བྱ།། སེམས ་ཅན་རྣམས་ནི་ཐམས་ཅད་ལ།། ཞི་བ་དང་ནི་རྒྱས་པ་བྱ།། བྱང་ཆུབ་སེམས་ཀྱི་བདག་ཉིད་ཅན།། རིང་པོར་མི་ཐོགས་འགྲུབ་པར་འགྱུར།། དེ་ནས་སེམས་ཅན་ཐམས་ཅད་ལ།། དེ་ཕྱིར་ཞི་བའི ་ལས་རྣམས་དང་།། དེ་བཞིན་དུ་ནི་རྒྱས་པའི་ལས།། ཇི་སྐད་གསུངས་པ་བཤད་པར་བྱ།། མཆོད་རྟེན་དག་གམ་དཀྱིལ་འཁོར་དུ།། དེ་བཞིན་གཤེགས་པའི་མཆོད་པ་བྱ།། དཀོན་མཆོག་གསུམ་པོ་དག་ལ ་ནི།། ཡང་དང་ཡང་དུ་ཕྱག་ཀྱང་བྱ།། ཉིན་པར་དང་ནི་མཚན་མོ་ཡང་།། དགེ་བ་གང་དག་ཅི་བསགས་པ།། དཀོན་མཆོག་གསུམ་ལ་དེ་བརྟེན་ནས། དེ་བར་གཤེགས་པའི་བསམ་པས་བྱ། ་འདི་ཡིས་སེམས་ཅན་ཐམས་ཅད་ནི།། ཤིན་ཏུ་སྡུག་བསྔལ་བདེར་གྱུར་ཅིག། དེ་ཡི་དངོས་གྲུབ་ཅུང་ཟད་གང་། ཕྲ་མོ་དག་ཀྱང་འཐོབ་འགྱུར་བ། རྟག་ཏུ་སེམས་ཅན་རྣམས་ལ་ནི།། མཁས་པ་དག་གིས་པན ་པར་བྱ།། མཁས་པས་མཆོད་རྟེན་ལས་བྱ་ཞིང་།། དེ་བཞིན་དམ་པའི་ཆོས་ཀྱང་བཀླག། དགེ་བ་ཅུང་ཟད་གཞན་དག་ཀྱང་།། ཆུང་ངུ་ཟིན་ཀྱང་འདི་ཉིད་ལ། དངོས་གྲུབ་མཆོག་ནི་ཐོབ་འདོད་པས། ་རྟག་ཏུ་སེམས་ཅན་རྣམས་ལ་བསྔོ།། དེ་ལྟར་འདི་ནི་བྱང་ཆུབ་སེམས།། ཆོས་ཀྱི་དོན་དུ་ཡུལ་དུ་འགྱུར།། བྱང་ཆུབ་སེམས་དཔའ་ཉེར་བསྙེན་པའི།། མཚན་ཉིད་རྣམས་ཀྱང་རབ་ཏུ་བསྟན།། དེ་ལྟར ་བློ་གྲོས་བརྟན་བྱས་ནས།། དགེ་བ་དག་ནི་སྤེལ་བར་བྱ།། དགེ་བ་དག་ཀྱང་སྤེལ་ནས་སུ།། སེམས་ཅན་རྣམས་ལ་ཡོངས་སུ་བསྔོ།། སྔགས་པ་བདེར་གཤེགས་སེམས་ལྡན་གང་།། དེ་ལྟ་བུར་ནི་རྟག་པ་རུ།། ་སེམས་ཅན་ཀུན་ལ་ཕར་བྱས་ནས།། ཞི་བ་དག་དང་རྒྱས་པ་འཕེལ།། ཐོག་མར་དཀོན་མཆོག་གསུམ་པོ་ལ།། མཆོད་པ་སྣ་ཚོགས་བྱས་ནས་སུ།། དེ་ཡི་འོག་ཏུ་ཁྲོ་བོ་མཆོག། གཤིན་རྗེ་གཤེད་ལ་མེ་ཏོག་ནི། ་དཀར་པོ་མཆོག་གིས་མཆོད་པ་བྱ།། མཆོད་པ་བྱས་ནས་འདི་དག་ཏུ།། ཆོ་ག་བཞིན་དུ་བཟླས་པ་བྱ།། དེ་ཞིང་སྟན་ལ་བདེར་འདུག་ལ། རབ་ཏུ་དང་ཞིང་བདེ་གཤེགས་སེམས།། དེ་ཡི་མིང་སྨོས་ཞི ་འགྱུར་རྗེས་ཁྲོ་བའི་ཚིག་གིས་མཐར་གྱུར་ཏེ། བཽ་ཥབ་དག་ཀྱང་ཐ་མར་སྦྱར། གང་ཡང་རུང་བཞིག་ལ་ནི། དེ་ལྟར་སྟོང་དུ་བཟླས་པ་བྱ། གཡུལ་དང་ཡུལ་གྱི་ཕྱོགས་རྣམས་དང་། གརྒྱལ་མོ།། ་དག་ལ་ཉིས་འགྱུར་བྱ།། རྟ་རྣམས་དང་ནི་གླང་པོ་དང་། བ་ལང་དག་ལ་སྡོང་དུ་བཟླས། ར་ལུག་དང་ནི་མ་ཧེ་ལ།། རྟག་པར་སྟོང་དུ་བཟླས་པར་གསུངས། ཡང་ན་ལུས་ཅན་ཐམས་ཅད་ལ། ་བཟླས་པ་དག་ནི་བྱས་ནས་ཀྱང་།། བྱང་ཆུབ་སེམས་དང་ལྡན་པ་ཡིས།། ཞི་བའི་མཆོག་ཏུ་ངེས་པར་འགྱུར།། དེ་བཞིན་དུ་ཡང་རྒྱས་འགྱུར་བ།། ཁྱད་པར་དུ་ནི་མེ་ཏོག་མཆོག་དཀར་པོ་ཙན་དན ་གྱིས་བསྐུས་པ།། བཟླས་ཤིང་བཟླས་པའི་ཆོ་ག་བཞིན།། འཇམ་དཔལ་ཁྲོ་བོའི་སྤྱན་སྔར་ནི།། འོ་མས་གང་བའི་སྣོད་དུ་དབུལ།། སྟོང་གིས་རབ་ཏུ་རྒྱས་པར་འགྱུར།། སྙིང་ལ་རབ་ཏུ་དགའ ་འགྱུར་བའི།། རྒྱས་པ་དེ་དག་བྱ་འདོད་ན།། གང་ཡང་རུང་བ་དེ་ཡི་མིང་། ཆོ་ག་བཞིན་དུ་ཐ་མར་སྦྱར།། མཁས་པས་རྒྱས་པར་གྱུར་ཅིག་ཅེས།། དེ་མཐར་བཤད་པ་སྦྱར་ནས་སུ།། མེ་ཏོག་ཡིད་དུ ་འོང་བ་རྣམས།། འོ་མར་བླུགས་པས་རྒྱས་པར་བྱ།། དེ་ནས་གཞན་ཡང་དཔལ་འདོད་པ།། དེར་ཡང་སྔ་མ་བཞིན་དུ་ནི།། ཙན་དན་དཀར་པོས་བསླུས་པ་ཡི།། མེ་ཏོག་ཡིད་དུ་འོང་བས་མཆོད། ་ཨཀར་ནག་པོ་བཟང་པོ་ཡི། བདུག་པ་དག་ཀྱང་སྔགས་ཀྱིས་དབུལ།། ཉིན་རེ་དེ་ལྟར་བྱས་ནས་སུ།། ཆོ་ག་བཞིན་དུ་བཟླས་པ་བྱ།། དཔལ་ནི་བདག་ལ་སྩོལ་ཅིག་ཅེས།། མཐའ་མ་དག་ཏུ་སྦྱར་ནས་སུ། ་དེ་ནས་ན་མཿསྭཱཧཱར་ལྡན།། ཆོ་ག་སྔོན་བཞིན་ཁྲི་བཟླས་ཏེ།། དེ་ནས་རྒྱ་མཚོར་རབ་འགྲོ་བའི།། ཀླུང་གི་འགྲམ་དུ་སོང་ནས་ནི།། ལྟེ་བ་ནུབ་པར་རྒྱུར་འདུག་ནས།། མེ་ཏོག་པུརྞ ་རི་ཀ་ནི།། ཙན་དན་དཀར་པོས་བསྐུས་ནས་ནི། བཟླས་ཤིང་བཟླས་ཤིང་ཆུར་འབུལ་བ།། བློ་དང་ལྡན་པས་འབུལ་བྱས་ན།། དེ་ཡི་མཇུག་ཏུ་དཔལ་ཆེན་འཐོབ།། ཡང་ན་པདྨོ་དམར་པོ་ནི། ་ཙན་དན་དམར་པོ་ས་བསྐུས་ནས་ནི། གལ་ཏེ་དེ་རུ་ཕུལ་ན་ནི།། དེ་ནས་དེ་ཡི་མཐའ་མ་རུ།། ལས་འདི་དག་གིས་ངེས་པར་ནི།། མི་ཟད་པ་ཡི་ག་ཏེར་འཐོབ་འགྱུར། ཨ་ཏི་མུ་ག་ཏའི་མེ་ཏོག ་རྣམས།། བཟླས་ཤིང་བཟླས་ཤིང་སྔ་མ་བཞིན།། གལ་ཏེ་ཚིག་འབུམ་འཕྲུལ་ན་ནི།། ཚོ་གས་གསུངས་པ་བཞིན་གནས་པའི།། སྔགས་པས་ངེས་པར་དེ་མཐར་ནི།། འདི་ནོར་འབུམ་ནི་ཐོབ་པར ་འགྱུར།། འདི་ལ་རྣམ་པར་དཔྱད་མི་བྱ།། དེ་སྟེ་དེ་ཡི་སྔ་མ་བཞིན།། སུམ་འབུམ་དབུལ་བར་བྱས་ན་ནི། གདོན་མི་ཟ་བར་གནོད་སྦྱིན་མ།། དེ་ཡི་དབང་དུ་འདི་འགྱུར་རོ།། ཆོ་ག་འདི་ཡི་སྒྲུབ་པ་པོ།། ་རིན་ཆེན་དག་ཀྱང་ཐོབ་པར་འགྱུར།། དེ་སྟེ་སྔགས་པས་སྔ་མ་བཞིན། མེ་ཏོག་སྣ་ཚོགས་མང་པོ་ནི། ཙན་དན་དག་གིས་བསྐུས་པ་རྣམས།། དེ་ནས་སྔགས་པས་ཚིག་འབུམ་དུ།། ཆུ་ཡི་ནང་དུ ་ཕུལ་ན་ནི།། ས་ཡི་སྟེང་ན་འདོད་པ་འཐོབ།། ཡང་ན་པདྨོ་དཀར་པོ་ནི།། མངར་གསུམ་དག་གིས་བསྐུས་པ་རྣམས།། མེ་འབར་ནང་དུ་ལེགས་བསྲེགས་ན།། དེ་ཡིས་དཔའ་བོ་མངོས་སུམ ་མཐོང་།། དེ་ཡི་དེ་ལ་འདོད་མཆོག་དང་། ནོར་དག་ཀྱང་ནི་རྙེད་པར་འགྱུར།། ཐོ་དང་ལྡན་པ་ཟས་ཀྱི་མཆོག། མར་དང་སྦྲང་རྩིར་སྦྱར་བ་དང་།། ཞག་བདུན་དུ་ནི་གཟར་བུ་ཡིས།། འབར་བའི ་མེ་ལ་བསྲེགས་ནས་སུ།། ཡུལ་གྲུ་བདུན་རྣམས་རབ་ཏུ་འཐོབ།། འདྲི་ལ་རྣམ་པར་དཔྱད་མེ་དགོས།། ཡང་ན་འབྲུ་རྣམས་ཐམས་ཅད་ཀྱི།། སྦྱིན་སྲེག་དོན་རྣམས་ཐམས་ཅད་སྤྲུག།། སྦྱིན་སྲེག ་གཅིག་འབུམ་བྱས་པ་ཡི།། དེ་དག་ཉིད་ནི་མི་ཟད་འགྱུར།། བིལ་བ་མར་གྱིས་བསྐུས་པ་འབུམ།། མེ་ནི་རབ་ཏུ་འབར་བ་ལ།། བསྲེགས་ནས་ས་ཡི་བདག་པོ་ལ།། ནོར་བཅས་དག་ནི་ཐོབ་པོར་འགྱུར།། ་དུར་བའི་འཛག་མ་མ་གྲུགས་པ། ར་མ་སྭཱ་ཧཱ་མཐར་ལྡན་པས།། འོ་མ་ལས་བསྙུགས་བསྲེགས་ན་ནི།། མི་ཡི་ཚེ་ནི་རིང་བར་འགྱུར།། དེ་བཞིན་མར་དྲང་སྦྲང་རྩི་དག། འབར་བའི་མེ་ལ་རྟག་ཏུ་སྲེག། ་གདོན་མི་ཟ་བར་མྱུར་བ་རུ། ཡིད་གཞུངས་པར་ཡང་ཕོབ་པར་འགྱུར།། རྒྱ་སྐྱེགས་ཤིང་གི་མེ་དག་ལ།། དེ་བཞིན་ཉིན་རེ་མར་གྱི་ཧོམ། བྱས་ན་ཚེ་དང་ཡིད་གཞུངས་གྲགས།། རྒྱས་དང་སྟོབས་དང་གཟི ་བརྗིད་དང་།། དྲན་དང་དགའ་དང་མདངས་བཟང་དང་།། དཔལ་དང་སེམས་པའི་དངོས་གྲུབ་དག། འཐོབ་པར་འགྱུར་བ་གདོན་མི་ཟ།། དེ་བཞིན་ཟས་རྣམས་ཀུན་བསྲེགས་པས།། གཟི་དང་རྒྱས་དང ་སྟོབས་དང་གྲགས། འདོད་པ་ཐམས་ཅད་ཕུན་སུམ་ཚོགས།། འཐོབ་པར་འགྱུར་བ་གདོན་མིང།། ཇི་ལྟར་ཆོག་ཕྱི་མ་ལས། པལ་ཆེར་འཇམ་དབྱངས་ཁྲོ་བོ་ཡི།། པདྨའི་ཞལ་ནས་ངེས་འབྱུང་བ ་དེ་དག་མདོར་བསྡུས་བཤད་པ་ཡིན། འཇ་མ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་གཤིན་རྗེ་གཤེད་རྣམ་པར་རྒྱལ་བའི་ཆོ་ག་ཞིབ་མོ་ཀུན་གྱི་ཕྱི་མ་ལས། འཕབས་པ་འཇམ་དཔལ ་གྱི་ཁྲོ་བོའི་ཆོ་ག་ཞིབ་མོ་ཕྱི་མ་རིམ་པར་ཕྱེ་བ་སྟེ་དགུ་པ་རྫོགས་སོ།། ། དེ་ནས་ཆོ་ག་ཐམས་ཅད་ཀྱི།། ཕྱི་མའི་ཕྱི་མ་ཞེས་བྱ་བ།། སྦྱོར་བར་བཅས་ཤིང་རྒྱས་པ་ཡི།། ཆོ་ག་ད་ནི ་བཤུད་པར་བྱ།། ཡི་གེ་བཅུ་བདུན་སྔགས་ཀྱི་ནི།། དཔའ་བོ་བརྟུལ་ཞུགས་བཟང་པོ་དང་།། དེ་བཞིན་སྔོན་དུ་བསྙེན་ལ་སོགས།། ཆོ་ག་དག་ནི་འདིར་བཤད་ཟིན།། ད་ནི་ཡི་གེ་འབྲུ་གཅིག་པ།། སྔགས ་མཆོག་དག་ནི་གང་གསུངས་པ།། དེ་ཡི་ལས་ཀྱི་ཆོ་ག་བཤད།། དཔའ་བོ་བརྟུལ་ཞུགས་མེད་པར་ཡང་།། འཇམ་པའི་དབྱངས་ཀྱི་ཁྲོ་བོ་གང་།། མིང་ནི་གཤིན་རྗེ་གཤེད་ཅེས་བྱ།། དེ་ཡི་སྙིང ་པོ་མཆོག་དེ་ནི།། ཧཱུཾ་ཞེས་བྱ་བའི་ཡི་གེ་གཅིག། ཐོག་མར་ཨོཾ་བཞག་ཆོ་ག་བཞིན།། རི་མོའི་སྤྱན་སྔར་འདུག་ནས་སུ།། འདི་ནི་འབུམ་ཕྲག་བཅུར་བཟླས་ན།། དེ་ཡི་འོག་ཏུ་སྒྲུབ་ལེ་འཇུག ་དེ་ནས་དེ་ཡི་རི་མོ་མཆོག། དོན་རྣམས་ཐམས་ཅད་སྒྲུབ་པ་གཞན།། གང་གིས་དངོས་གྲུབ་རབ་ཐོབ་པ།། ཚུལ་བཞིན་དུ་ནི་རབ་ཏུ་བཤད།། རས་ནི་གསར་པ་ཞུ་གང་ཙམ།། ལེགས་པར ་བཀྲུས་ཤིང་དྲིས་བསླུས་ལ།། ཚོན་རྩི་བཟང་པོ་སྤྱི་ནི་མེད་པས།། ཁྲོ་བོ་གཤིན་རྗེ་གཤེད་བྲི་བྱ།། ཞལ་ནི་བགྲད་ཅིང་འཇིགས་པའི་གཟུགས།། སྤྲིན་མ་སེ་ཞིང་གྲུ་ཡང་སེར།། ཆར ་སྤྲིན་ནག་པོའི་ཁ་དོག་འདྲ།། ཐོད་པ་དག་གིས་ཅན་དུ་བྱས།། སྨནཱ་གསུམ་དབུ་ཡང་གྱེན་དུ་བརྫེས།། ཞལ་གཅིག་པ་ལ་མདངས་ཀྱང་གསལ།། ཕྱག་གཉིས་པ་ལ་བེ་ཅོན་བསྣམས། ་ཕྱག་གཡོན་པས་ནི་བསྡིག་པར་མཛད།། ཞབས་ཀྱང་རབ་ཏུ་བཟང་པོ་གཉིས། མ་ཧེ་ལ་ནི་བཅིབས་པར་བྱ།། སྟག་ལྤགས་ན་བཟའ་མནབས་པར་དགྱེས།། འཇུག་ཅིང་འཇིགས་པའི་གསུང་ཡང ་འབྱིན།། ཡན་ལག་ཐམས་ཅད་ཡོངས་རྫོགས་པ།། འོད་ཟེར་འབར་བ་བཅས་པའི་སྐུ།། དེ་ནས་དེ་ལ་མཁས་པ་ཡིས།། མཆོད་པ་ཡན་ལག་མཆོག་གིས་མཆོད།། སྔགས་པ་བརྟུལ་ཞུགས ་བརྟན་པ་ནི།། དེ་ཡི་འོག་ཏུ་བྲག་ཕུག་ཞུགས། རི་མོའི་སྤྱན་སྔར་འདུག་ནས་སུ། ཁ་ཟས་ཟ་བ་དག་སྤངས་ནས། རི་དབང་དེ་ནི་ཇི་ཙམ་དུ།། གཡོ་བར་འགྱུར་གྱི་བར་དུ་བཟླས།། ཡང་ན ་ཁྲོ་བོ་གཤིན་རྗེ་གཤེད།། བཞད་དམ་གཡོས་ཀྱི་བར་དུ་བཟླས། ཡང་ན་རབ་ཏུ་འབར་གྱི་བར། བཟླས་ན་དེ་ཚེ་དངོས་གྲུབ་འཐོབ།། དེ་ལྟར་ལྷ་འདི་བཟླས་པ་ཡི།། དངོས་གྲུབ་ཡ་མཚན་དེ་ཡིན་ནོ།། ་དེ་ནས་རིག་འཛིན་དཔལ་དང་ལྡན།། གྲུབ་པར་འདོད་རྣམས་ཀུན་བསྒྲུབས་པ། ཅི་བསམས་པ་ནི་དེ་དག་ཀུན། རིང་པོར་མི་ཐོགས་འབྱོར་པར་འགྱུར།། ཁྲོས་ན་ས་ཡང་འགས་པར་འགྱུར། ་ཆུ་དག་ཀྱང་ནི་སྐམས་པར་འགྱུར།། རི་རྣམས་ཐམས་ཅད་སྙིལ་བར་ནུས།། རྒྱ་མཚོ་དག་ཀྱང་སྐམས་པར་བྱེད།། དེ་ལ་སོགས་པའི་ལས་རྣམས་ནི།། ཡ་མཚན་ཆེན་པོ་ཐམས་ཅད་དང་། ་སེམས་ཅན་རྣམས་ནི་ཐམས་ཅད་ལ། ཕན་པ་རྣམ་པ་སྣ་ཚོགས་བྱེད། ཆོ་ག་རྫ་མ་གསུངས་པ་ཀུན།། ཆོ་ག་སྔ་མ་བཞིན་དུ་བསྡུབ།། བསྒྲུབས་ནས་སེམས་ཅན ་ཐམས་ཅད་ལ།། འབྲས་བུ་མཆོག་རྣམ་སྦྱིན་པར་བྱ།། གྲུབ་པའི་མཐུ་ནི་གང་ཡོད་པ།། བདེར་གཤེགས་བསམས་ནི་དེ་དག་ཀུར།། འཇུངས་པ་མེད་པའི་བསམ་པ་ཡིས།། སྐྱེ་བོ་འཕོངས་པ ་རྣམལ་སྦྱིན།། སྙིང་རྗེ་ཅན་གྱིས་བདག་གིས་ལུས།། འཕོངས་པ་དག་ལ་རྟག་ཏུ་སྦྱིན།། དེ་ལྟར་སྦྱིན་པའི་ཕ་རོལ་ཕྱིན།། དྲི་མ་མེད་པར་བསྒྲུབས་ནས་སུ།། དགེ་བ་འདི་ཡིས་སེམས་ཅན་ཀུན། ་བདེ་བར་གཤེགས་ལྡན་དགེ་བར་འགྱུར།། བདེ་བ་ཐམས་ཅད་ཡོངས་རྫོགས་ཤིང་།། དགེ་བ་ཀུན་གྱི་སྣོད་གྱུར་ཅེས།། ཡིད་ཀྱིས་ཡོངས་སུ་བསྔོ་བར་བྱ།། གང་ཞིག་དེ་ལྟར་སྔགས་བསྒྲུབས་ཀྱང་།། ་དྲི་མ་མེད་པའི་བྱང་ཆུབ་སེམས།། བདེ་བ་རྟག་ཏུ་སྤྱོད་པ་དེ།། དངོས་གྲུབ་རྟོག་ལས་གང་གསུངས་པ།། དེ་བཞིན་གཤེགས་པའི་ཞལ་ནས་བྱུང་།། ཐམས་ཅད་དེ་ལ་ཉེ་བར་གནས།། སྒྲུབ ་པ་པོ་དེ་རྫུ་འཕྲུལ་གྱི།། ཡོན་ཏན་ཀུན་དང་ལྡན་པར་འགྱུར།། དེ་ལྟར་འཇམ་དཔལ་ཁྲོ་བོ་ཡི།། ཞལ་ནས་གསུངས་པའི་ཆོ་ག་ནི།། ཁྲོ་བོ་རྣམ་རྒྱལ་རྒྱ་ཆེར་བསྟན།། ཆོ་ག་ཐམས ་ཅད་བསྡུས་པའོ།། འཇམ་དཔལ་གྱི་ཆོ་ག་ཞིབ་མོ་ཁྲོ་བོ་ཐམས་ཅད་རྣམ་པར་རྒྱལ་བའི་ཆོ་ག་ཞིབ་མོ་བསྡུས་པ་ལས།། འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ཆོ་ག་ཞིབ་མོ་ཕྱི་མའི་ཡང་ཕྱི ་མ་རིམ་པར་ཕྱེ་བ་སྟེ་བཅུ་པ་རྫོགས་སོ།། འཇམ་པའི་དབྱངས་ཀྱི་ཁྲོ་བོ་ཡི། ཡི་གེ་གེ་ཅིག་པ་བཤད་ཟིར་ཏེ།། དེ་ནས་གཞན་ཡང་དེ་ཡི་ནི།། ཆོག་ཞིབ་ཏུ་རྒྱ་ཆེར ་བཤད།། གཤིན་རྗེ་རབ་ཏུ་འཇོམས་པ་ཡི།། ཞལ་ནི་ཧཱུཾ་ཞེས་བྱ་བར་བཤད།། དེ་ནས་འཇམ་དཔལ་ཁྲོ་བོ་ནི།། ཧཱུཾ་ཞེས་བྱ་བ་མཆོག་རིག་བྱ།། དེ་ཡི་དཀྱིལ་འཁོར་གཞན་ཡིན་ཏེ།། འདོད་པ་ཀུན ་སྦྱིན་ཤེས་པར་བྱ།། དུར་ཁྲོད་གནས་སུ་བྱ་བ་སྟེ།། དུར་ཁྲོད་གནས་པ་གང་ཡིན་པའོ།། ཁྲུ་བརྒྱད་ལས་ནི་སྒོ་བཞི་པ།། ཡང་ན་ཁྲུ་བཞི་པ་ཡང་རུང་།། དུར་ཁྲོད་གནས་པ་བཟང་པོ་སྟེ། དུར ་ཟོང་ཐལ་བས་བྲི་བར་བྱ།། དེ་ཡི་དབུས་སུ་ཡི་དགྲས་ནི།། འཕྲེང་བདག་གིས་བརྒྱན་པ་བྲི། སྒོར་ནི་ཡི་དགས་རོ་སྡང་གཞག། མཐའ་མ་དག་ཏུ་མགོ་བོ་གནག། ཟླ་བ་ནི་ཤུ་ལ་བའི་རྣམས་དང་།། ཟོད། ་པ་དག་ཀྱང་བྲི་བར་བྱ།། གལ་ཏེ་བྲི་བར་ནུས་ན་ནི།། མཁས་པས་དེ་དག་ཐལ་བས་བྲི།། དེ་སྟེ་དེ་དག་རི་མོ་ནི།། བྲི་བ་དག་ཏུ་མི་ནུས་ན།། དེ་ཚེ་ས་གཞི་བཟང་པོ་ལ།། ཙན་དན་དམར་པོས་བསྐུས་ནས་སུ། ་དུར་ཁྲོད་གནས་སུ་དང་པོས་ནི།། སྔགས་པས་ཡི་གེ་དགོད་པར་བྱ།། དེ་ནས་གཤིན་རྗེ་རབ་འཇོམས་པ།། དེ་རུ་སྤྱན་དྲངས་མཆོད་པར་བྱ།། འཇིགས་པའི་ཞལ་ནི་འབར་བ་དྲུག། དེ་བཞིན་ཞབས་ཀྱང ་དྲུག་དང་ལྡན།། སྤྱན་གསུམ་ཆར་སྤྲིན་སྔོན་པོའི་མདོག། ཕྱག་ཀྱང་བཅོ་བརྒྱད་དག་གིས་བརྒྱན།། ཁྲོ་བོ་གཤིན་རྗེ་རབ་འཇོམས་པ།། གཟིག་ལྤགས་ན་བཟར་གསོལ་བར་དགྱེས།། མཚོན་ཆ་བཟང་པོ་དུ་མ་བསྣམས།། ་། ཡི་དགས་སྟེང་དུ་མཆོད་པ་བྱ།། འཇམ་དཔལ་ཁྲོ་བོ་གཤིན་རྗེ་གཤེད།། ཆོག་བཞིན་དུ་མཛོད་ནས་ཀྱང་།། མར་དང་སྦྲང་རྩི་སྦྱར་བ་ཡི།། འོ་མ་འབྲས་ཐུག་གཏོར་མར་དངུལ། ་ཨ་ཀཱ་རུ་ཡི་འདུག་པ་དབུལ།། མར་མེ་དག་ནི་མར་ལས་བྱ།། དེ་ནས་གཤིན་རྗེ་རབ་འཇོམས་པའི།། ས་བོན་ཡི་གེ་གཅིག་པ་འདི།། ཁྲོ་བོའི་སྤྱན་སྔར་འདུག་ནས་སུ།། སྟོང་རྩ་བརྒྱད་དུ་བཟླས་པར་བྱ།། ་དེ་ཡི་འོག་ཏུ་མཁས་པ་ཡིས།། དུར་ཁྲོད་གནས་སུ་སློབ་མ་གཟུང་།། ཁྲོ་བོ་གཤིན་རྗེ་གཤེད་བྱེད་པ།། ཧཱུཾ་གི་ཞལ་ནི་ཟློས་ཤིང་གཟུང་།། བཙུད་ནས་དེ་ཡི་སྙིང་ཁར་ནི།། ཧཱུཾ་ཞེས་བྱ་བ་གཞག ་བར་བྱ།། དེ་ནས་ཤུ་ལའི་ཕྱག་རྒྱ་ནི།། རས་ཀྱིས་གཡོགས་ཏེ་བཅིང་བར་བྱ།། སློབ་མ་དག་ལ་ལེགས་བསྟན་ནས།། དེ་ཡང་མཆོད་པ་བྱེད་དུ་གཞུག། དེ་ནས་གཤིན་རྗེ་རབ་འཇོམས་པའི།། ་ཁྲོཟོ་བོ་མངོན་པར་དབང་བསྐུར་ནས།། འཇམ་དཔལ་ཁྲོ་བོ་གཤིན་རྗེ་གཤེད།། དེ་ཡི་ཡི་གེ་འབྲུ་གཅིག་སྦྱིན།། དེ་ནས་མཆོད་པ་ཡང་བྱས་ནས།། ཁྲོ་བོ་དེ་ནི་གཤེགས་སུ་གསོལ།། ཤུ་ལ་ཕྱག་རྒྱ ་བཅིངས་ནས་སུ།། དེ་བཞིན་རྟག་པར་གཤེགས་སུ་གསོལ།། ཁྲོ་བོ་སྤྱན་ནི་དྲང་བ་དག། ཤུ་ལའི་ཕྱག་རྩཝ་ལྡན་པར་བྱ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ནས།། ཤུ་ལ་རབ་ཏུ་བསྟན་པར་བྱ། ་མཁས་པས་ལག་པ་གཉིས་དག་གིས།། སོར་མོ་ཕན་ཚུན་བསྣོལ་ནས་སུ།། གུང་མོའི་སོར་མོ་མཆོག་གཉིས་ནི།། དབུས་ནས་གྱེན་དུ་བསྒྲེང་ནས་གཞག། སྲིན་ལག་གཉིས་ནི་ནང་དུ་བཅུག། མཛུག ་མོ་གཉིས་ཀྱི་ནང་དུ་གཞག། དེ་ལྟར་དེ་གཉིས་བསྒྲེང་ནས་ནི།། ལྷག་མ་རྣམས་ནི་ལེགས་པར་བྱ།། གཤིན་རྗེ་གཤེད་ཀྱི་ཕྱག་རྒྱ་འདི།། ཤུ་ལའི་ཕྱག་རྒྱ་ཞེས་གྲགས་པའོ།། འདི་ཡི་ལས་རྣབས། ་ཐམས་ཅད་ནི།། རྣམ་པར་དབྱུང་བ་མེད་པར་བྱ།། དེ་ནས་གཞན་ཡང་རིམ་པ་བཞིན།། གཤིན་རྗེ་རབ་ཏུ་འཇོམས་པ་འདི།། སྔགས་རྣམས་ཐམས་ཅད་མ་ལུས་པ།། དཀྱིལ་འཁོར་འདིར་ནི་སྤ་བར ་བྱཱ། ཨོཾ་ཧཱུ~ཾ་ཏྲ། དབུས་ཀྱི་ཡི་དགས་ཀྱིའོ།། ཨོཾ་ཧཱུཾ་ལཾ་ལཱ་ཧ། ཡི་དགས་འཕྲེང་བའོ།། ཨོཾ་དྷྲྀ་ཛྲཱིཾ་ཏྲ། ཡི་དགས་རོ་སྤང་དེ་སྒོ་བཞི་ཆར་དུའོ།། ཨོཾ་ཧཱུཾ་ཧཱ། འོག་སྟེ་ཐ་མར་རོ།། ཨོཾ ་ཧཱུཾ་ཧྲཱིཿཥྚྲཱིཿཁ་ཤཱུ་ལ་བཞི་ཅར་གྱིའོ།། ཨོཾ་ཧཱུ་ཧྲི་ཧོཿཐོད་པ་རྣམས་ཀྱིའོ།། ལྷོ་ཕྱོགས་ཀྱི་ནི་ཞྭ་ཕྱེ་ནས།། ལྷག་མ་གཞན་ནི་གཅད་པར་བྱ། དུར་ཁྲོད་གནས་སུ་རྟག་པ་རུ།། གཤིན་རྗེ ་རབ་ཏུ་འཇོམས་པར་ནི།། སྔགས་རྣམས་ཀྱིས་ནི་རབ་བརྒྱན་པ།། དུར་ཁྲོད་ཀྱི་ནི་གནས་སུ་འགྱུར།། ཙན་དན་དམར་པོས་བསྐུས་པ་ཡི།། ས་གཞི་ཁྲུ་གང་ཙམ་ལ་ནི།། ཇི་ལྟ་བུར་ཡང་གང་ཡང་རུང་། ་དཀྱིལ་འཁོར་དག་ནི་བྲིས་ནས་སུ།། དཀྱིལ་ནས་རློག་ཤེས་པ་ཡིས།། སྔགས་ཀྱིས་མཆོད་པ་རིམ་བཞིན་བྱ།། ཨོཾ་ཧཱུཾ་ཧྲཱིཿཥྚྲཱིཿཱ་གཙྪ་ཡ་ཡཾ་པྲ་མ་ན་སཱཧཱ། སྤྱན་དྲངས་པའོ།། ཨོཾ་ཧཱུཾ་ཧྲཱི་ཀཱ་མ ་དཱ་ན་ཧ། མཆོད་ཡོན་གྱི་སྔགས་སོ།། ཨོཾ་ཧཱུ~ཾ་ཧྲཱིཿཧྲཱིཿཚུ་ལ་དྲིའི་སྔགས་སོ།། ཨོཾ་དྷུཛྫཙྪ་ཛྫཛྫཧཱུཾ་ཀ་ར་ལ་རན་པ་མེ་ཏོག་གི་སྔགས་སོ།། ཨོཾ་དྷུ་ཏྲཱ~ཾ་ཧཱུ~ཾ་བ་ཤིལ་ཅཝ། བདུག་པར ་། སྔགས་སོ།། ཨོཾ་ཛྲ་ཛྲྀ་རྟཱ། མར་མེའི་སྔགས་སོ།། ཨོཾ་ཙྪདྷུ་ཧཱུདྷཱུ་ཛྫཛྫདྷཱུ། ཁང་ཀ་ཁཱ། གཏོར་མའི་སྔགས་སོ།། ཨོཾ་ཧཱུཾ་སྭཱཊྚ། ཁྲོ་བོའི་སྙིང་པོའོ།། ་ཨོཾ་ཧཱུཾ་ཧྲཱིཿཥྚྲཱིཿགཙྪ་ཧཱུཾ་པུ་ན་རཱ་ག་མ་ནཱ་ཡ་སྭཱ་ཧཱ། སླར་གཤེགས་སུ་གསོལ་བའི་སྔགས་སོ།། འཛེམ་དཔལ་གྱི་ཆོ་ག་རྩ་བ་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་ཕྱི་མའི་ཡང་ཕྱི་མ་ལས། གཤིན་རྗེ་རབ་ཏུ་འཇོམ ་པའི་ཡི་གེ་འབྲུ་གཅིག་པའི་རྒྱལ་པོའི་དཀྱིལ་འཁོར་བཀོད་པའི་རིམ་པར་ཕྱེ་བ་སྟེ་བཅུ་གཅིག་པའོ།། ། དེ་ནས་དེ་ཡི་རི་མོ་མཆོག། སྒྲུབ་པ་པོ་ཡིས་བྲི་བར་བྱ།། ཇི་སྐ ་གསུངས་པའི་ལས་རྣམས་བྱའི།། བཟླས་པའི་ལས་ནི་རབ་ཏུ་བྱ།། རས་ཕྲན་ཆུ་གང་ཙམ་པ་ནི།། བཟང་པོ་གསར་པ་བཀྲུས་པ་ལ།། ཚོན་རྩི་དཀར་པོ་སྦྱིན་མེད་པས།། གཤིན་རྗེ་རས ་ཏུ་འཇོམས་པ་བྲི།། ཞལ་དྲུག་དབུ་ཡང་གྱེན་དུ་བརྫེས།། དེ་ཡང་སྤྱན་གསུམ་འཇིགས་འཇིགས་ལྟར།། ཁྲོས་པའི་ཕྱག་ཀྱང་བཅོ་བརྒྱད་པ།། ཞབས་རྣམས་རབ་ཏུ་གསལ་བ་དྲུག། གཟིག་གི ་པགས་པ་ན་བབར་གསོལ།། ཚུལ་བཞིན་ཡི་དགས་སྟེང་ན་བཞུགས།། ཤཱུ་ལྀ་རལ་གྲི་འཁོར་ལོ་དང་།། དགྲ་སྟ་མཆོག་ཀྱང་སྦྱིན་པའི་ཕྱག། ལྕགས་མདའ་བེ་ཅོན་རྡོ་རྗེ་དང་།། མདའ་བོ་ཆེ་ཡང་བསྡམས་པ་ནི།། ་གཡས་པའི་ཕྱག་སྟེ་གཡོན་པ་ན།། དབྱུག་ཏོ་ཞགས་པ་གཤོལ་དང་གཞུ།། ཐོད་པ་ལྕགས་ཀྱུ་མདུང་ཐུང་དང་།། རྩེ་གསུམ་གདེངས་དང་དེ་བཞིན་བསྡིགས།། དེ་ལྟར་ཇི་སྐད་གསུངས་པའི་གཟུགས ་བུང་བ་དང་ནི་སྤྲིན་འདྲ་བ།། བྲིས་ནས་དེ་ཡང་ལེགས་པར་སྦ།། ཡིད་དུ་འོང་བའི་གནས་དག་ཏུ།། བཞག་ནས་བཟླས་པ་དག་ཀྱང་བྱ།། བཟླས་པའི་ཆོ་ག་འདིར་བཤད་དོ།། རིག་པ་འཛིན ་པས་རྟག་པ་རུ། འབར་བའི་སྔགས་ཀྱིས་ཁྲུས་བྱའོ།། བདུད་རྩི་འབྱུང་བའི་སྔགས་ཀྱིས་ནི།། ཐོག་མར་ཚུལ་བཞི་ན་ཁ་བཀྲུས་ནས།། བདག་གི་ལུས་ལ་སྔགས་ཤེས་པས།། དེ་ནས་བསྲུང་བ ་ལེགས་པར་བྱ།། དེ་ཡི་འོག་ཏུ་ཆོ་ག་བཞིན།། མཁས་པས་ཁྲོ་བོའི་འང་པར་འཇུག། ཞུགས་ནས་ཀུ་ཤྭ་ལས་བྱས་པའི།། སྙན་བབང་དེ་ལ་འདུག་ནས་སུ།། དེ་ནས་ཆོ་ག་སྔོན་གསུངས་པས། ་ཁྲོ་བོ་ལ་ནི་མཆོད་པར་བྱ།། ལག་པ་གཉིས་ནི་དྲིས་བསྐུས་པས།། སྔགས་ཀྱི་ནོར་བུ་བླངས་ནས་སུ།། ཉེས་པའི་སྐྱོན་དག་སྦྱང་བའི་ཕྱིར།། ཁྲོ་བོ་བདུད་རྩི་ལན་བདུན་བཟླས།། དེ་ནས་སྔགས ་པས་ཁྲོ་བོ་ལ།། མངོན་པར་ཕྱོགས་འདུག་བཟླས་པར་བྱ།། རབ་ཏུ་དང་ཞིང་རྩེ་གཅིག་ཡིད།། ཡིད་ནི་མི་སྐྱོ་བར་དུ་བྱ།། དེ་ནས་མཁས་པས་བཟླས་པའི་མཐར།། ཁྲོ་བོ་གཤིན་རྗེ་རབ་འཇོམས ་པ། ཤཱུ་ལའི་ཕྱག་རྒྱ་བཅིངས་གཤེགས་གསོལ།། དེ་ལྟར་ལེགས་པར་ཉིན་རེ་བཞིན།། ཡི་གེ་གཅིག་པའི་སྔགས་འདི་ནི།། རྣམ་པ་ཀུན་ཏུ་ཆོ་ག་བཞིན།། གང་ཞིག་བྱེ་བ་གཅིག་ཟློས་པ། ་དེ་ཡི་དངོས་གྲུབ་དམ་པ་འཐོབ།། དེ་ནས་གཞན་ཡང་ཅི་བསྟན་པའི།། ཁྲོ་བོ་ཉིད་ཀྱིས་གསུངས་པ་ཡི།། ཆོ་ག་དག་གི་སྔགས་རྣམས་ནི།། སྒྲུབ་པ་རྣམས་ལ་ཕན་ཕྱིར་བཤད།། ་ཨོཾ་ཧཱུ~ཾ་དཱིན་ཏེ་ཛ་ལཱཧཱ། ཁྲུས་ཀྱི་སྔགས་སོ།། ཨོཾ་ཧཱུཾ་ཨ་མྲྀ་ཏ་པྲ་བ་བ~ཾ་ག་ཁ་བཀྲུ་བའི་སྔགས་སོ།། ཨོཾ་ཧཱུ~ཾས་རྦ་བོརཀྵ་མནྟ་ཏ་ཐཱ་ག་ཏོ་ཛྙཱ་ན་པ་ཡ་ཏི་སྭཱཧཱ་བསྲུང ་བའི་སྔགས་སོ།། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿདྷུ་མགྣ་གྷོ་ཥ་ཛྙཱ་ན་ཡ་སརྦ་དུཥྚཱཾ་བན་དྷ་བན་དྷ་སྭཱ་ཧཱ། གདུག་པ་རྣམས་བཅིང་བའོ།། ན་མཿསརྦ་ཏ་ཐཱ་ག་ཏྭེ་བྷྱཿཧཱུཾ་དྷྲི་ཀ་པྲ་ཀཱ་ར་ཕཊ། རབ ་སྔགས་སོ།། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿཧཱུ~ཾ་ཧཱུ་ཧཱུཾ་ཧཱུཾ་ཧཱུ~ཾ་ཧཱུཾ། ཡ་མ་པྲ་མ་ཐཱ་ན་རཀྵ་རཀྵ། ན་མཿསརྦ་བྷུ་ཏ་བྷ་ཡེ་བྷྱཿཏཱ་ཐཱ་གཱ་ཏྭོ་ཛྙཱ་ན་པ་ཡ་ཏི་སཱཧཱ། འདི་ནི་ཡན་ལག་ཐམས་ཅད་སྲུང་བཿ ་ཨོཾ་ཧཱུཾ་ཀཱ་ལ་མ་ཐཱ་ན་ཕཊ། ཁྲོ་བོའི་ཁང་པར་འཇུག་པའི་སྔགས་སོ།། ཨོཾ་ཧཱུཾ་རཀྵ་རཀྵ་མཾ་སྭཱ་ཧཱ། གདན་གྱི་སྔགས་སོ།། ཨོཾ་ཧཱུཾ་སི་ཏི་ད་ཧཱུཾ་ཛྫ་ཛཱཾ། སྔགས་ཀྱི་ནོར་བུ་བླང་བའི་སྔགས་སོ།། ཨོཾ་ཧཱུཾ་ཀྲོ་དྷ ་ཨ་མྲྀ་ཏཱ་ཛ་གད་པྲ་བ་སྭཱ་ཧཱ། སྔགས་ཀྱི་ནོར་བུ་ལ་གདབ་པའི་སྔགས་སོ།། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་ཕྱི་མའི་ཡང་ཕྱི་མ་ལས། གཤིན་རྗེ་རབ་ཏུ་འཇོམས་པའི ་ཡི་གེ་གཅིག་པའི་རི་མོ་དང་། མཆོད་པ་དང་། བཟླས་པའི་ཆོ་ག་རིམ་པར་ཕྱེ་བ་སྟེ་བཅུ་གཉིས་པའོ།། །། དེ་ཡི་སྔོན་དུ་བསྙེན་པ་ནི།། བྱེ་བ་གཅིག་ཏུ་ངེས་པར་བཤད།། ་ཁྲོ་བོ་བརྟུལ་ཞུགས་ཕྱིས་སྤྱད་ན།། དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར།། ཤིང་ལས་བྱས་པའི་ཐོད་པ་ནི།། ཉི་ཤུ་རྩ་དྲུག་སོར་ཚད་བྱས།། མཁས་པས་རྩེ་གསུམ་རྣོན་པོ་ནི།། ལག་པ ་གཡས་དང་གཡོན་དུ་བཟུང་།། གཟིག་ལྤགས་ཀྱི་ནི་གོས་བགོས་ནས།། ལུས་ནི་ཐལ་བ་དག་གིས་བསྐུ།། རུས་པ་དག་གི་འཕྲེང་བ་ཡིས།། རྒྱན་དུ་བྱས་ནས་བརྟུལ་ཞུགས་སྤྱད།། འཇིག་རྟེན། ་འཇིགས་པར་བྱེད་པ་ཡི།། གང་མོ་སྒྲ་ཆེན་དག་ཀྱང་འབྱིན།། དུར་ཁྲོད་དམ་ནི་ཤིང་གཅིག་གམ།། རི་འམ་ཡང་ན་ཚལ་ཡང་རུང་།། མཁས་པས་ཟླ་བ་དྲུག་ཏུ་ནི།། ལྕི་བ་བཟའ་ཞིང་བརྟུལ་ཞུགས ་སྱཱད། བློ་ལྡན་གྲོང་དུ་ཡོང་མི་འཇུག། མཉམ་པར་བཞག་ཅིང་ཚིག་མི་ལྔ། གཙང་ཞིང་ཚངས་པར་སྤྱོད་པ་ཕུག། རྟག་ཏུ་བདེ་གཤེགས་སེམས་དང་ལྡན། བྱང་ཆུབ་སེམས་དང་ཀུན་ལྡན ་ཞིང་། ཁྲོ་བོ་བརྟུལ་ཞུགས་གང་སྤྱོད་ཅིང་།། རྟག་ཏུ་བཟླས་ལ་བརྩོན་བྱེད་པ།། དེ་ནི་དངོས་གྲུབ་མཆོག་ཐོབ་འགྱུར།། གཤིན་རྗེ་རབ་ཏུ་འཇོམས་པ་འདི།། དངོས་གྲུབ་གཞན་དུ་ཡོང་མི་འགྱུར།། ་གང་ཚེ་འདི་ཡི་བརྟུལ་ཞུགས་ནི། བསྙེན་པར་བྱ་བར་མི་ནུས་ན།། དེ་ཚེ་ལྕི་བ་བ་ཞིང་ནི།། ཚུལ་བཞིན་བྱེ་བ་གསུམ་དུ་བཟླས།། བཟླས་པ་བྱས་པའི་ཐ་མར་ཡང་།། མཁས་པས་མཆོད་པ་རྒྱ་ཆེར ་བྷ་དེ་ནས་སྡེ་མའི་མེ་ཏོག་སྟོང་།། རི་མོ་དག་ལ་ཕོག་པར་དབུལ།། རིག་པ་འཛིན་པས་ལེགས་པ་རུ།། དེ་ཡིས་ཕོག་པར་ཕུལ་ནས་ནི།། གང་ཚེ་རབ་ཏུ་འབར་གྱུར་པ། དེ་ཚེ་རི་མོ་དེ ་ཡིས་ནི།། ནམ་མཁར་འབར་བར་གདོན་མི་ཟ།། དེ་ནས་རིག་འཛིན་ཐམས་ཅད་ཀྱི།། མཆོག་ཏུ་འགྱུར་ཏེ་ཐོག་མར་འགྲོ།། འོན་ཏེ་ཕོག་པར་ཕུལ་ན་ནི།། རབ་ཏུ་གཡོ་བར་གྱུར་ན་ནི།། ་ཆོ་ག་ཞིབ་ལས་བཤད་པ་བཞིན།། དེ་ལ་དངོས་གྲུབ་འབྲིང་དུ་འགྱུར།། དེ་སྟེ་རབ་ཏུ་མི་གཡོ་བར།། རི་མོ་རང་བཞིན་དུ་འདུག་ལ།། དངོས་གྲུབ་ཐ་མ་ཐོབ་པར་འགྱུར། ་ཇི་ལྟར་འབྲས་བུ་རྣམས་གསུམ་བཤད།། ལུས་ནི་ཉོན་མོངས་སྤྱད་པ་ལས།། དངོས་གྲུབ་རྣམས་གསུམ་འཐོབ་པར་འགྱུར།། བརྟུལ་ཞུགས་སྤུང་ལ་རབ་ཏུ་འབད།། ཡང་ན་དྷཱུ་ཡི་ཀླུང་དག་བཟའ།། ་ཅིལ་མ་ཆགས་ཕྱུགས་གཅིན་བཏུང་།། བྱང་ཆུབ་སེམས་དང་ཀུན་ལྡན་ན།། དེ་ཚེ་དངོས་གྲུབ་དམ་པ་འཐོབ།། རིག་པའི་མཆོག་ཀུན་བསྒྲུབས་པ་ལ།། དངོས་གྲུབ་མཆོག་དང་འབྲིང་རྣམས་དང་། ་ཐ་མ་དག་ནི་སྒྲུབ་པའི་ཕྱིར།། འདི་དག་སྤྱིར་ནི་སྒྲུབ་བསྟན་ཡིན།། གང་ཚེ་དངོས་གྲུབ་མཆོག་རྣམས་དང་།། འབྲིང་ཡང་གལ་ཏེ་མི་འདོད་ལ།། ལོངས་སྤྱོད་རྟག་ཏུ་འདོད་ན་ནི།། དེ་ཚེ་རྟག་པར ་བཟླས་པར་བྱ།། འདི་ཡི་ཆོ་ག་གཞན་དག་ཀྱང་།། དེ་ནས་མདོར་ནི་བཤད་པར་བྱ།། ས་གཞི་རབ་ཏུ་མདངས་དགའ་བཱ།། ལྕི་བ་བཟང་པོས་བསྐུས་པ་ལ།། དེར་ནི་ཙནྡ་དན་དམར་པོ་ཡི། ་དཀྱིལ་འཁོར་དག་ནི་མཁས་པས་བྱ།། དེ་ཡང་བཟང་པོ་ཁྲུ་གང་ཙམ།། རབ་ཏུ་མཉམ་ཞིང་ཡིད་དུ་འོང་།། གཤིན་རྗེ་རབ་ཏུ་འཇོམས་པའི་གང་།། དཀྱིལ་འཁོར་དུར་ཁྲོད་གནས་གསུངས་པ།། ། ་དེ་ནས་དེར་ནི་སྔགས་དག་གིས།། དཀྱིལ་འཁོར་མཆོག་དེ་བྱས་ནས་ནི།། དེ་ཡི་འོག་ཏུ་སྔགས་རིག་པས།། ཇི་སྐད་གསུངས་པའི་ལས་དག་གིས།། ཅི་འབྱོར་པ་དང་ཅི་ནུས་ཀྱིས།། ཁྲོ་བོ་ལ་ནི ་སྤྱོད་དུ་ས་ཆོས་ན་ས་དུས་ཀྱང་ཡོང་དུམ་ཤཱན་དྷ་རྒྱུརྒྱས་པ་ལུས་འདོད་པའི་འབྲས་ན་པ་པར་གྱུ་མས་ཅད་ས་ལ་ས ་གདོན་མི་ཟ་བར་འགྲུབ་པར་འགྱུར། དེ་ཡི་དགྲ་ཡང་མེད་པར་འགྱུར།། ནང་མེད་པར་ནི་གདོན་མི་ཟ། དེ་ཡི་ལོངས་སྤྱོད་འཕེལ་བར་འགྱུར།། རྒྱལ་པོའང་དེ་ཡི་དབང་དུ་འགྱུར།། གང་ནིག་རྟག་པར་རྫོ ་འདྲིས་ཤིནི་རྗེ་གཤེད་ནི་ཐོས་བྱེད་། དེ་ལས་དེ་ཡི་དྲབང་བ་དང་། པོ་དང་མི་བུ་ལ་འཇིག་རྟེན་རྣམས་བྱང་ཆུབ་སེམས་ལྡན་དེ་ཡི་ནི། ང་དུ་འགྱུར་བ་གངོ་མི་ག་ལམ་དཔལ་ཀྱི་རྩུབདེ། ་ཆོ་ག་ཞིབ་མོ་ཐོ་བོརྣམ་པར་རྒྱལ་བའི་ཕྱི་མའི་ཡང་ཕྱི་མ་ལས། གཤིན་རྗེ་རབ་ཏུ་འཇོམས་པའི་ཡི་གེ་འབྲུ་གཅིག་པའི་བརྟུལ་ཞུགས་རིམ་པར་བྱེ་བ་སྡེ་བཅུ་གསུམ་པའོ། ་ནས་གཞན་ཡང་བརྟུལ་ཞུགས་ཀྱིས།། སྒྲུབ་པའི་ལས་རྣམས་བཤད་པར་བྱ།། དངོས་གྲུབ་མཆོག་རྣམས་ཐམས་ཅད་ནི།། གཤིན་རྗེ་རབ་ཏུ་འཇོམས་པ་འདི།། བརྟུལ་ཞུགས་དག་ནི་འདི། ་ཉིད་ཀྱིས། རྣམ་བ་བུར་ཏུ་སྒྲུབ་པར་བྱ།། པལ་ཆེར་ངོངོས་གྲུབ་མཐོས་རྣམས་ནི། བཅུལ་ཞུགས་མེད་པས་མི་འགྲུབ་སྟེ། དེ་བས་གཤིན་རྗེ་འཐོམས་པ་ཡི།། བརྩེང་ཟུགས་སྤྱད་པ ་བྱས་ནས་སུ།། དངོས་གྲུབ་མཆོག་རྣམས་ལེགས་པར་བསྒྲུབ། མཁས་པས་གནམས་མ་ཡིན་ནོ།། ཇི་སྐད་བསྟན་པའི་མཚོན་ཆ་རྣམས། རྩ་བའི་རྟོག་པའི་ཚིག་པནིས་བསྔལས་རིག་སྦྱོར་བ ་མ་བཞིན།། དེ་དག་རྟག་ཏུ་ལེགས་པར་བསྒྲུབ། དེ་ལ་འདིར་ནི་རྟོག་པ་རུ།། དུར་ཁྲོད་གནས་པའི་དཀྱིལ་འཁོར་ནི།། དངོས་གྲུབ་ཐམས་ཅད་རབ་སྦྱིད་པ།། བྱེ་བྲག ་ཏུ་ནི་ལོགས་ཤིག་གསུངས།། རལ་གྲི་ས་འོག་རོ་ལངས་དང་།། མིག་འཕྲུལ་ཨོ་རྫ་གིའུ་ཝང་དང་།། ཡུངས་དཀར་བ་བླ་བཙག་རྣམས་དང་།། གཞན་ཡང་ལས་དག་ཅི་འདོད་དང་།། མི་སྡང་བ་དང་རྐང ་མགྱོགས་དང་།། གསེར་འགྱུར་རྩི་དང་བཅུད་ཀྱིས་ལེན།། གནོད་སྦྱིན་མོ་རྣམས་བསྒྲུབ་པ་དང་། ཀླུ་ཡི་བུ་མོ་ལ་སོགས་བསྒྲུབ།། དགུག་པའི་ཆོ་ག་དམ་པ་ཡིས།། བུད་མེད་དམ་པ་སྤྱད་བསྒྲུབ་པ། ་རྩ་བའི་རྟོག་པའི་ཆོ་ག་ཡིས།། ཚུལ་བཞིན་གནས་ནས་བསྒྲུབ་པར་བྱ།། དེ་ལས་འདི་ནི་ཁྲོ་བོ་འདི།། ཡི་གེ་འབྲུ་གཅིག་ཁྱད་པར་བཤད།། དེ་ནས་ཇི་སྐད་གསུངས་བསྟན་ཀུན།། མ་སྨོས་པ་ཡང་བསྒྲུབ ་པར་བྱ།། འཇམ་དཔལ་ཁྲོ་བོའི་སྙིང་པོ་འདི། དྷུ་ཞེས་བྱ་བ་རྒྱས་པ་སྟེ། འདི་ནི་རྩ་བའི་ཆོ་ག་ཡིན། བསྡུ་བ་ཡོངས་སུ་བསྒྲགས་པའོ།། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར ་རྒྱལ་བའི་ཕྱི་མའི་ཡང་ཕྱི་མ་ལས། ཁྲོ་བོ་གཤིན་རྗེ་གཤེད་ཀྱི་རྩ་བའི་ཆོ་ག་ཞིབ་མོ་བསྡུས་པར་རིམ་པར་བྱེ་བ་སྟེ་བཅུ་བཞི་པའོ།། ། རྟོག་པ་མདོ་རུ་བསྡུས་པ་དང་། ་རྒྱས་པ་དག་ཏུ་བཤད་པ་དང་།། བརྟུལ་ཞུགས་དང་ནི་ངེས་པ་ཡིས།། དེ་ནས་ཁྲོ་བོ་གཟི་ཅན་གྱི།། ཞལ་དྲུག་ཧཱུཾ་ཞེས་བྱ་བའི་སྔགས།། བཟླས་པ་ཙམ་གྱིས་གྲུབ་པ་ནི།། གསང་བ་མདོ་རུ་བཤད་པར་བྱ། ་བརྟུལ་ཞུགས་སྤྱད་དང་བརྟུལ་ཞུགས་དཀར། དེ་དག་འདི་ལ་ཡོད་མེད་དེ།། ལན་ཅིག་བཟླས་པ་ཙམ་གྱིས་ཀྱང་། ལས་རྣམས་ཐམས་ཅད་བྱེད་པར་གྱུར།། ཨོཾན་མཿས་མ་ཉ་ག་ཏེ་རྒྱུ་རྫུཅུ ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཡ་མཱ་པྲ་མ་ཐཱ་རཀྵ་མཱཾ་སརྦ་བྷུ་ཏ་བྷ་ཡེ་བྷྱཿཏ་ཐཱ་ག་ཏོ་ཛྙཱ་ན་པ་ཡ་ཏི་སྭཱ་ཧཱ། ཡི་གེ་བཞི་བཅུ་རྩ་གསུམ་འདི།། ཁྲོ་བོ་བསྒྲགས་པ་ཙམ་གྱིས་འགྲུབ།། དངོས་གྲུབ་ཐམས་ཅད་རབ་ཏུ་སྟེ་ར། ་སངས་རྒྱས་ཀུན་གྱིས་མངོན་པར་བསྟོད།། དེ་ནི་རྟག་པར་བཟླས་ནཱ་ནི།། དངོས་གྲུབ་ཐམས་ཅད་སྟེར་བར་བཤད།། དུར་ཁྲོད་གནས་སུ་རྟག་པར་ནི།། རྟག་ཏུ་ཟློས་པ་ཆོ་ག་འདིས།། ལྷ་དང་ལྷ་མིན་དྲི་ཟ ་དང་གནོད་སྦྱིན་སྲིན་པོ་ཀླུ་ཡི་རིགས།། དཔག་ཚད་བདུན་ནི་ཁོར་ཡུག་ཏུ།། དེ་ཡི་གཟིས་ནི་འབྱེར་བར་འགྱུར།། ཁྲོ་བོ་གཤིན་རྗེ་གཤེད་མཛད་པ།། ཞལ་དྲུག་ཧཱུཾ་གི་སྔགས་འདི་ནི། ་གང་ཞིག་ཟློས་པ་བྱེད་པ་ནི།། འགྲོ་དང་མི་འགྲོ་འཇིག་རྟེན་ན།། དེ་ལ་དཀའ་བ་ཅུང་ཟད་མེད།། ཞལ་དྲུག་ཧཱུཾ་ཞེས་བྱ་བའི་སྔགས།། ཤཱུ་ལ་ཕྱག་རྒྱ་ལྡན་པ་ནི།། ཁྲོ་བོ་རྣམ་རྒྱལ་རྒྱུང་འདི་ལ། ་དེ་ནི་གྲུབ་པར་རབ་ཏུ་བཟགས།། དུར་ཁྲོད་གནས་སུ་ཆོག་བཞིན། དེ་ཡི་སྔོན་དུ་བསྟེན་པ་ནི།། ཐོག་མ་ཉིད་དུ་ཚིག་འབུམ་བུ།། དེ་ནས་རྟག་པའི་ཆོ་གར་སྤྱད།། རྟག་པར་སྤྱོད་པའི་ཆོ་ག་ཡིས།། ་དེ་ནས་ཚིག་འབུམ་བཟླས་ནས་ཀྱང་།། དེ་འོག་ཇི་སྐད་གསུངས་པ་ཡི། ལས་རྣམས་ཀྱིས་ནི་སྦུབ་ལ་འཇུག། རྩ་བའི་རྟོག་པའི་ཆོ་ག་ཡིས།། དེ་ནས་ཐམས་ཅད་ལས་གྲུབ་པར ་ཞལ་དྲུག་ཧཱུཾ་ཞེས་བྱ་བ་ཡི།། ཆོ་ག་འདིར་ནི་མདོར་བཤད་པ།། འཇམ་དཔལ་ལས་བྱུང་ཁྲོ་བོ་ནི།། ཧཱུཾ་ཞེས་བྱ་བའི་ཞལ་ཉིད་ཡིན།། གཤིན་རྗེ་གཤེད་ཅེས་བྱ་བར་གྲགས།། ་འདི་ལ་དཀའ་བའང་ཅི་ཡང་མེད།། ཁྲོ་བོ་ཞལ་ནས་མདོ་རུ་ནི།། ཆོ་ག་བཟང་པོ་ཅི་གསུངས་པའི།། ཆོ་ག་དེ་བཞིན་བདག་གིས་བཤད།། ཞལ་དྲུག་ཧཱུཾ་ཞེས་བྱ་བ་འདིས།། ཧཱུཾ་ཞེས་བྱ་བ་དྲུག་ཏུ་བསྒྲགས། ་དེ་བཞིན་གནན་ཡང་རྟོག་པ་རུ།། ཧཱུཾ་གི་མཐའ་ནི་བསྐུལ་བར་བྱ།། ཧཱུཾ་ཏྲཾ་ཤཱུ་ལའི་ཕྱག་རྒྱར་ལྡན།། རི་རྣམས་ཀུན་ཀྱང་འགས་པར་བྱེད།། དཱུ་ཏྲ་རབ་ཏུ་སྦྱར་ན་ནི། མྱུར་དུ་རས་ཀྱང་གས་པར ་འགྱུར།། ཧཱུཾ་ཚིག་རིག་སྔགས་ཐམས་ཅད་དང་།། མཚོམ་ཆ་རྣམས་ནི་གཅོད་པར་བཤད།། ཤཱུ་ལའི་ཕྱག་རྒྱ་དང་ལྡན་པར།། ཧཱུཾ་ཁ་རྟག་པར་རབ་སྦྱར་ནས།། སྣང་བ་རྣམས་ནི་ཟ་བདང་།། དགྲ་ཡི་དཔུང་དག་རབ ་ཏུ་འཇིག། ཧཱུཾ་ག་རབ་ཏུ་སྦྱར་ན་ནི།། གླང་པོ་གནོན་པ་རབ་ཏུ་བསྒྲགས།། ཧཱུཾ་ཐ་མཚོན་ཆ་ཀུན་འཕེལ་ཚེ།། ལྷ་དང་ལྷ་མིན་འཇིགས་པར་བྱེད།། ཧཱུཾ་ཧ་དཔུང་རྣམས་འཇིགས་པ་དང་།། རྨོངས་པར་བྱེད་པ་ཡོངས ་སུ་བསྒྲགས། ཧཱུཾ་དགྲ་རབ་ཏུ་སྦྱར་ན་ནི།། ཕན་ཚུན་མཚོན་ཆ་འབྱེད་པར་བྱེད།། ཧཱུཾ་ཨ་རབ་ཏུ་སྦྱར་ན་ནི།། སླར་ཡང་ཐར་པ་བྱེད་པ་ཡིན།། ཧཱུཾག་གླང་པོ་སེང་གེ་དང་།། རྞྞ་དང་མི་དང་བྱ ་རྣམས་དང་།། གྲུ་དང་ཤིང་རྟའི་བཞོན་པ་དང་།། འབབ་ཆུ་དག་ཀྱང་མྱུར་བར་འདིར།། ཤཱུ་ལ་ཕྱག་རྒྱ་ལྡན་བྱས་ན།། གནོད་པར་བྱེད་པའི་མཆོག་ཡིན་ནོ།། ཧཱུཾ་བ་རབ་ཏུ་སྦྱར་ན་ནི།། མནན་པ་རྟག ་ཏུ་ཐར་པར་བྱེད།། ནུ་དྷ་རབ་ཏུ་སྦྱར་ན་ནི།། ཞྭ་དང་ཝ་ནི་གཞན་ཡང་རུག། དངོས་གྲུབ་ཟ་མོ་ཐམས་ཅད་ལཱ།། བསྐུལ་ན་དེ་ཡི་འབྲ་སྨྲ་བུར་འགྱུར། རྡུང་ཀུན་ཏུ་དང་བྱེད་པ ་མར་ར་བ་ཞག་དབྱེ་བར་བྱེད།། རྟ་དང་སྦྱར་ན་སྡང་བར་བྱེད།། མ་དང་སྦྱར་བ་གསོད་པར་བྱེད།། ཡ་དང་སྦྱར་ན་དེ་བཞིན་གསོད།། ལ་དང་སྦྱར་ན་མིག་འཕྲུལ་བྱེད།། ཞེ་དང་རྒྱས་ལ་འབར་ཞིག་གོ ་དེ་ལ་སོགས་པ་གཞན་རྣམས་ཀྱང་།། རྩ་བའི་ཆོ་གས་སྦྱར་བར་བྱ།། དེ་ནས་ཇི་སྐད་གསུངས་པ་ཡི།། ལས་རྣམས་ཀྱིས་ནི་སྒྲུབ་པར་བྱེད།། དེ་ལྟར་གཤིན་རྗེ་གཤེང་འདི་ནི།། དངོས་གྲུབ་ངེས་པར ་འཐོབ་པར་འགྱུར།། འདི་ནི་ཁྲོ་བོ་རྣམ་རྒྱལ་གྱི།། རྟོག་པའི་ཡི་གེ་གཅིག་པ་གང་།། འཇམ་དཔལ་ཁྲོ་བོ་གཙོ་བོ་ཡི།། གསང་བ་གཞན་དག་བཤད་པ་ཡིན།། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ ་རྣམ་པར་རྒྱལ་བའི་ཕྱི་མའི་ཡང་ཕྱི་མ་ལས། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ཞལ་དྲུག་ཧཱུཾ་ཞེས་བྱ་བ་ལས་བྱུང་བའི་ཆོ་ག་ཞིབ་མོར་རིམ་པར་བྱེ་བ་སྟེ་བཅོ་ལྔ་པའོ།། ། དེ་ནས ་ཆོ་ག་ཞི་བ་རྒྱས་པ།། གཤིན་རྗེ་གཤེད་པོ་གཅིག་པུ་ཡི།། ཆོ་ག་ཀུན་གྱི་མཆོག་དང་རབ།། དོན་གྲུབ་ཅེས་པ་བཤད་པར་བྱ།། དེ་ལ་རིག་འཛིན་དཔལ་ལྡན་པས། ལས་རྣམས་ཐམས་ཅད་སྒྲུབ ་བའི་ཕྱིར།། མཉམ་བཞག་བྱང་ཆུབ་སེམས་ལྡན་པས།། ཐོག་མར་དཀྱིལ་འཁོར་བྲི་བར་བྱ།། མཚོ་འམ་རྒྱ་མཚོའི་འགྲམ་དག་གམ།། གཅོང་རོང་དུར་ཁྲོད་དུ་ཡང་རུང་།། དེ་དང་དེ་ནི་ས་བསྟགས་ནས།། ་མེ་ཏོག་སིལ་མ་དག་གིས་བརྒྱན།། དཔའ་བོ་གཅིག་པུའི་སྔགས་འབར་བས།། མེ་ལྡེ་འབར་བས་འཁྲུག་རྒྱས་ཏེ། ས་དང་བྷུ་རུ་ར་ལ་སོགས་ག་བསངས་ནས་འགྲུས་ལ ་བརྩམ་པར་བྱ།། རིག་འཛིན་ཞུས་བྱས་གཙང་མ་ཡི།། དེ་ནས་སྔགས་དེས་ཐམས་ཅད་ནི།། བདག་གི་ལུས་ལ་དགོད་པར་བྱ།། ཁྲོ་མིག་དམར་པོར་གྱུར་པ་ཡིས།། དེ་ནས་ས་ཕྱོགས་གཙང་མ ་ཡི། ཕྱག་དར་ཟང་ཟིང་ཡོངས་སྤངས་པ། བགེགས་རྣམས་ཞི་བར་བྱ་བའི་ཕྱིར། གསང་སྔགས་ཟློས་ཤིང་བལྟ་བར་བྱ།། དེ་ནས་ཁྲོ་བོ་གཤིན་རྗེ་གཤེད།། དཔའ་བོ་གཅིག་པུའི་སྔགས་ཟློས ་ཤིང་། དཀྱིལ་འཁོར་བཟང་པོ་གྲུ་བཞི་པར་དུར་ཁྲོད་ཐལ་བས་བྲི་བར་བྱ།། ནུབ་ཕྱོགས་སྒོ་གདོང་སྒོ་བཞི་པར།། དེ་ཡི་དབུས་སུ་བཛྲ་པྲི། བེ་ཅོན་ཕྱག་རྒྱ་རྩེ་འབར་བ། གྲཝ ་བཞི་དག་ཏུ་བྲི་བར་བྱ།། འདི་ནི་བེ་ཅོན་མང་པོ་ཡིན།། ཤཱུ་ལན་ཅན་གྱི་ཤཱུ་ལ་མང་།། མདུང་ཐུང་རྣམས་ཀྱིས་ཡོངས་བསྐོར་བ།། དེ་བཞིན་མདུང་ཐུང་མང་ཞེས་བྱ།། དེ་བཞིན་ཐོད་པ་མང་པོ ་ཡིན།། མི་རོ་དང་ལྡན་མི་རོ་མང་།། མི་རོ་མི་སྡུག་མགོ་མེད་པ།། ཡི་དགས་འབར་དང་སྲིན་པོར་ལྡན།། ཕྱོགས་བཅུ་ཀུན་ནས་འཇིགས་པ་ཅན།། དེ་ནི་དུར་ཁྲོད་མང་ཞེས་བྱ།། གཤིན་རྗེ ་གཤེད་པོ་དཔའ་བོ་ཡི།། དཀྱིལ་འཁོར་རྣམ་པ་དྲུག་ཏུ་བཤད།། དེ་ལ་བེ་ཅོན་མང་པོ་ནི།། ལོངས་སྤྱོད་ཐམས་ཅད་འཕེལ་བར་བཤད།། ཤཱུ་ལ་མང་པོ་སྲིན་རྣམས་ནི།། འཇོམས་པ་རབ་ཏུ་བསྒྲག། ་པ་ཡིན།། དེ་བཞིན་མདུང་ཐུང་མང་པོ་ནི།། བགེགས་རྣམས་ཐམས་ཅད་ཚར་གཅོད་པའོ།། ཐོད་པ་མང་ཞེས་བྱ་བ་རྣམས།། འཁྲུལ་འཁོར་ཐམས་ཅད་རབ་ཏུ་འཇིགས།། མི་རོ་མང་པོ་ཞེས་བྱ་ག། ་རོ་ལངས་ཐམས་ཅད་སྒྲུབ་པའོ།། དུར་ཁྲོད་མང་པོ་རབ་གྲགས་པ།། དངོས་གྲུབ་ཐམས་ཅད་རབ་སྦྱིན་པའོ།། དེ་ལ་པདྨའི་དབུས་སུ་ནི།། འཇམ་པའི་དཔལ་གྱི་ཁྲོ་བོའི་མཆོག། གཤིང་རྗེ་གཤེད ་ཅེས་བྱ་བ་དེ།། ཆོ་ག་བཞིན་དུ་བཞུགས་པར་བསམ། ཨིནྡྲ་ནཱི་ལའི་བཅུག་འཕྲོ་མདོག། ཞལ་དྲུག་སྤྱན་ཡང་འཇིགས་པར་གཟིགས།། ཁྲོས་ཤིང་ཞལ་ཡང་བགྲད་པ་སྟེ། འཇིགས་འཇིགས ་ལྷ་ལ་འཇིགས་པར་གནོན།། སྤྱན་གསུམ་དབུ་སྐྲ་གྱེན་དུ་བརྫེས།། ཚེམས་ཀྱིས་སྨོས་མནན་འཇིགས་འཇིགས་ལྟ།། བཅོ་བརྒྱད་ཕྱག་ནི་དྲན་པར་བྱ།། ཞབས་ཀྱང་རབ་ཏུ་འབར་བ་དྲུག། མི་རོམགོ། ་མེད་འཕྲེང་བ་ཡིས།། སེ་རལ་ཁ་ཡིས་རྒྱན་དུ་བྱས།། མདུང་ཟུང་ཐོ་བ་ཞུགས་པ་ཡི།། རལ་གྲི་ལྕགས་ཀྱུ་མཚོམ་ཆ་ཐོགས།། ཤཱུ་ལ་རྡོ་རྗེ་དབྱུག་ཏོ་དང་།། བེ་ཅོན་མཚོན་ཎྜ་རྣམས་དང ་ནི། དེ་ལྟར་གཡས་པའི་ཕྱག་ན་བསྣམས།། གཡོན་པས་བསྡིགས་ཤིང་དྲིལ་བུ་དང་།། ཐོད་པ་བཟང་པོ་ཁ་ཊྭཱཾ་གྲ། མི་མགོ་དྲོན་དང་ཀླེང་རུས་དང་།། འཇིགས་པའི་མི་རོ་དབྱུག་ཏོ་འབ ་དེ་དག་བྱས་ན་རྟག་ཏུ་ཐོགས། ཁྲོ་བོ་གཤིན་རྗེ་གཤེད་པོ་ནི། ཤི་བའི་རོ་ལི་སྟེངས་ན་བཞུགས།། འཇིགས་པ་མེ་ཚོན་གདེངས་འཇིགས་འཇིགས་ལ། དུར་ཁྲོད་ན་ནི་རྟག་ཏུ་བཞུགས ་འཕྲུལ་དང་སྲིན་པོ་ཐམས་ཅད་འཇོམས།། ལྷ་རྣམས་ཀུན་གྱིས་ཕྱག་བྱས་ཤིང་།། ཁྲོ་བོ་ཐམས་ཅད་ལེགས་པར་འདུད།། སྐུ་ནི་རབ་ཏུ་འབར་བ་ཅན།། འཇུག། ་ཅིང་རབ་ཏུ་ཟ་བ་རྣམས།། སྡུག་རྨུགས་ན་བཟའ་མནབས་པར་དགྱེས།། འཇིག་རྟེན་ལྷ་ནི་ཁྲོ་བོ་རྣམས།། མཚོན་ཆ་དང་ནི་མཐུ་སྤངས་ནས།། རྗེས་སུ་འབྲང་ཞིང་ཕྱག་བྱས་པའི།། ཁྲོ་བོ་གཤིན ་རྗེ་ཤེད་དྲན་བྱ།། དེ་ལྟར་འཇིགས་མེད་བྱས་ནས་སུ།། བདག་གི་སྔགས་ཀྱིས་དྲན་བྱས་ནས།། སྤྱན་དྲངས་ཙན་དྲན་གྱིས་བསྐུས་ནས།། མེ་ཏོག་སྤོས་ཀྱིས་མཆོད་པར་བྱ།། རྟག་ཏུ་རིག་པ་འཛིན ་པ་ཡིས། ཙན་དན་དམར་པོ་དབུལ་བར་བྱ།། བདུག་པ་དང་ནི་གཏོར་མ་ཡིས།། རིམ་པ་བཞིན་དུ་མཆོད་ནས་ནི།། སློབ་མ་ཁྲོ་བོའི་སྔགས་དག་དང་།། སངས་རྒྱས་སྤྱན་གྱི་སྔགས་དག་གིས།། ་བཙུད་ནས་མེ་ཏོག་འདོར་དུ་གཞུག། དེ་ནས་རིག་འཛིན་དཔལ་དང་ལྡན།། བདུད་རྩི་ཐབ་སྦྱོར་བཟླས་ནས་སུ།། འཕྲེང་བ་ཙན་དན་དཀར་ལ་སོགས།། མཆོད་པ་བྱས་ནས་སློབ་མ་ལ། ་དེ་ནས་སངས་རྒྱས་སྤྱན་ཡང་བཟླས།། ཁྲོ་བོ་གཤིན་རྗེ་གཤེད་པོ་ནི།། འཇིགས་པ་ཕ་རོལ་གནོན་པ་སྦྱིན།། ལྔ་ཁྱོད་བདག་གིས་མནོས་སོ་ཞེས།། དེ་སྐད་སློབ་མས་ལན་གསུས་སྨྲས། ་དེ་ནས་སྔགས་རིག་ཆོ་ག་བཞིན།། བླ་མ་དག་ལ་ཕྱག་བྱས་ནས།། ཆོ་ག་བཞིན་དུ་དབང་བསྐུར་བས།། ཁྲོ་བོ་གཤིན་རྗེ་གཤེད་པོ་བཟླས།། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ ་བ་ཕྱི་མའི་ཡང་ཕྱི་མ་ཞེས་བྱ་བ་ལས།། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་རིམ་པར་ཕྱེ་བ་སྟེ་བཅུ་དྲུག་པའོ།། ། དེ་ནས་གཞན་ཡང་གཤིན་རྗེ་ཡི། གཤེད་པོའི་སྔས། ་འདི་པནོས་ནས་སུ། མི་རོ་དྲག་གིས་གོས་བླངས་ནས།། དེ་ལ་དེ་ཡི་གཟུགས་ཀྱང་བྲི། དེ་ནས་ཚོན་རྩི་སྦྱིན་མེད་པས།། བཟང་པོ་སྔ་མ་བཞིན་དུ་བྱ།། བཟང་པོ་ཞུ་གང་ཚང་དུ་བྱ།། ཡང་མཐུ ་བཞིའི་ཚད་དུ་བྱ།། གང་ཚེ་སྔགས་པ་བདག་ཉིད་ཀྱིས།། བྲི་བར་མི་ནུས་དེ་ཡི་ཚེ།། བཟོ་བོ་སྨྱུང་བ་བྱས་པ་ནི།། ཁྲིམས་མནོས་པ་དག་འདྲི་རུ་གཞུག། ཤི་བའི་རོ་ཡི་སྟེང་དུ་བཞུགས།། ཕྱག་ནི་བཅོ་བརྒྱད་རྣམས ་ཀྱིས་བརྒྱད།། ཞལ་དྲུག་ཞབས་ཀྱང་དྲུག་ཏུ་བསྟན།། འཇིགས་པ་གནོན་པ་འཇིགས་འཇིགས་ལྷ།། ཁ་ཅིག་བཞད་ཅིང་ཁ་ཅིག་ནི།། ལྗགས་འདྲིལ་ཁ་ཅིག་མཆེ་བ་གཙིགས།། ཁ་ཅིག་ཞལ་མདངས་ཁ་ཅིག ་རྗེས་ཁ་ཅིག་འཇིགས་པ་ཕ་རོལ་བནོན།། ཁྲོ་བོ་དྲི་འདྲའི་ཞལ་འངག། སྨིན་མཚམས་སེར་ལ་སྤྱན་ཡང་སྟེར།། ཇི་སྐད་གསུང་བའི་མཚོན་རྔ་རྣམས།། ཕྱག་ན་བསྣམས་པ་བྲི་བར་བྱ། ་དེདེན་རྙིང་འདུ་འདི་རིང་པ་རུ།། སྔགས་པས་དེ་ལྟར་འདྲིར་གཞུག་གོ།། དེ་ལྟར་བྲིས་ནས་སྔགས་མཁན་དོ།། རི་མོ་ལ་ནི་བལྟས་ནས་འདུག། ཆོག་ཤེས་པས་འབུམ་བཟླས་ཏེ། རི་མོ་བྲིས་པས ་དེ་ཉིད་ཀྱིས།། དེ་ནས་བསྒྲུབ་ལ་འཇུག་པར་བྱ།། གཤིན་རྗེ་ག་ཤེད་པོ་དེ་ཡི་སྔགས།། དྲག་པོ་གང་ཡིན་དེ་བཤད་དོ།། ཨོཾ་ནི་དེ་ཡི་དང་པོ་ཡིན།། ཨ་ཞེས་བྱ་བ་གཉིས་པ་ཡིན།། ཀྲོ་ཞེས ་བྱ་བ་གསུམ་པ་སྟེ། དྷེ་ཞེས་བྱ་བ་བཞི་པ་ཡིན།། ཀ་ཞེས་བྱ་བ་ལྔ་པ་ཡིན།། ཡ་ཞེས་བྱ་བ་གསུང་བ་དྲུག་མཱར་རྗེས་བྱ་བ་བདུན་པ་སྟེ། ཏཱ་ནཱི་བནྡྷ་དང་། ་ཤེས་པར་བྱ།། ཀ་ནི་དགུ་སྟེ་ཧཱུཾ་དང་བཅུ།། དེ་བཞིན་ཕཊ་བྱ་ལྷག་པ་སྟེ།། མི་མཉམ་སྔགས་ནི་བཅུ་གཅིག་པའོ།། འཇམ་དཔྲལ་གྱི་ནི་ཁྲོ་བོ་མཆོག། གཤིན་རྗེ་གཤེད་ཅེས་བྱ་བ་དེ།། ཆོ་ག་ཕྱི་མའི་ཕྱི་མ ་སྟེ།། སངས་རྒྱས་ཀུན་གྱིས་མངོན་བསྟོད་པའི།། སྔགས་དེད་ལྟར་མནོས་ནས་སུ།། ཆོ་གས་མནོས་ནས་བཟླས་བྱས་ན།། རིག་འཛིན་གོ་འཕང་ཐོབ་པར་འགྱུར།། ཨོཾ་ཨ་ཀྲོ་དྷེ་ཀ་ཡ་མཱནྟ་ཀ་ཧཱུཾ་ཕ། ་གཤིན་རྗེ་གཤེད་པོ་ལྷའི་ལྷའོ།། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི། སརྦ་བིགྷྣཱ་ནཱ། ཀྲིདྡྷཱ་ན་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། བདུད་རྩི་ཟབ་སྦྱོར་གྱིའོ།། ཨོཾ་བུདྡྷ་ལོ་ཙ་ནེ་སྭཱ་ཧཱ། སངས་རྒྱས་སྤྱན་གྱིའོ།། དེ་ནས་གཞན་ཡང་བཟླས་པཱ་ཡི། ་གནས་དག་ཇི་ལྟར་ཡིན་པར་བཤད།། དུར་ཁྲོད་ཡང་ན་རི་ཡང་རུང་།། རྫོང་ཚོང་པདྨའི་མཚོ་འགྲམ་དུ།། ཁྲོ་ཞིང་གཤིན་རྗེ་གཤེད་པོ་ནི།། བཟླས་ན་དངོས་གྲུབ་ཐོབ་པར་འགྱུར།། ཀུ་ཤའི་རྩ ་སྟན་ལ་འདུག། རི་མོ་ལ་ནི་ཕྱོགས་འདུག་སྟེ།། ལག་པ་གཉིས་ཀ་དྲིས་བསྐུས་ནས།། རུ་རཀྵ་ཡཾ་འཕྲེང་ཐོགས་ལ།། སྔགས་པས་རྟག་ཏུ་བཟླས་པར་བྱ།། དེ་བཞིན་བདུག་པ་ཨརྒར་དབུལ། ་མྱུར་བ་དང་ནི་བུལ་བ་དང་།། དེ་བཞིན་ཡི་གེ་འདྲེས་པར་ནི།། ནམ་ཡང་སྨྲ་བར་ཡོང་མ་བྱ།། རྟག་ཏུ་རབ་ཏུ་གསལ་བར་སྨྲས།། ཆོ་ག་བཞིན་དུ་ཡིད་བསམས་ནས།། བུ་དོན་ལ་ནི་སེམས་བཞག་སྟེ། ་བ་མེད་པའི་སེམས་ཀྱིས་ནི།། ཡི་གེ་གོ་རིམས་བཞིན་དུ་བཟླས།། འབུམ་གཅིག་བཟླས་པའི་ཐ་མ་ནི།། བསྒྲུབ་པར་བྱ་བ་བཤད་ཀྱིས་ཉོན།། མཚོ་ལ་འགྲམ་དུ་དཀྱིལ་འཁོར་ནི།། དྲུར་ཟོང་མང་པོ་བྲི་བར། ་བྱ།། དེ་ཡི་ནང་དུ་རི་མོ་བཀྲམ།། སེམས་དཔའ་མཚན་མོ་ཞུགས་ནས་ནི།། གྲོགས་བཟང་སེམས་ཀྱང་མ་རྨོངས་པ།། གུ་གུལ་བདུག་པ་དེ་བཞིན་སྲེག། ཟློས་ཤིང་སྣ་མའི་མེ་ཏོག་སྟོང་།། སྙིང ་ཁར་ཕོག་པར་བྱ་ཞིང་དབུལ།། དེ་ནས་ཁྲོ་བོ་གཤིན་རྗེ་གཤེད།། རི་མོ་ལ་བཞུགས་ཁྲོ་བོའི་སྤྱན།། རི་མོ་དེ་ནི་ངེས་པ་རུ།། གཡོ་འམ་ཡང་ན་འགུལ་བར་འགྱུར།། དེ་ནས་ལྷ་དེ་གྲུབ་གྱུར་ནས།། གང ་འདོད་པ་ཡི་ལས་རྣམས་བྱེད།། དེ་སྟེ་གྲུབ་པར་མ་གྱུར་ན།། གཞན་ཡང་ཚིག་འབུམ་བཟླས་པར་བྱ།། དེ་ནས་དེ་ཡི་མཐའ་མར་བསྒྲུབ།། དེས་ཀྱང་མ་གྲུབ་གསུམ་པོ་ལ།། མཚམས་མེད་ལྔ་རྣམས་བྱེད ་པ་ཡང་།། གདོན་མི་ཟ་བར་འགྲུབ་པར་བྱེད།། གྲུབ་པའི་ལས་རྣམས་གང་དག་འདིར།། བྱེད་པར་འགྱུར་བ་བཤད་པར་བྱ།། སྒྲུབ་པར་དཀའ་བའི་ལས་རྣམས་ཀྱང་།། ཡིད་ལ་གང་དང་གང་འདོད་པ། ་དེ་དག་མཐར་ཕྱིན་མྱུར་བར་ནི།། རིག་སྔགས་འཆང་བ་བྱེད་པར་འགྱུར།། རི་རྣམས་ཀྱི་ནི་རྩེ་མོ་དང་།། གཅོང་རོང་རྣམས་ནི་སྙིལ་བར་བྱེད།། ས་ཡང་རབ་ཏུ་འགྲས་པར་བྱེད།། ཆུ་དག་ཀྱང་ནི་སྐམས་པར་ནུས ་དཔུང་རྣམས་མི་གཡོ་གནོན་པར་བྱེད།། ཁྲག་གི་ཆར་ནི་འབེབས་པར་བྱེད།། སྟོང་ངམ་ཡང་ན་འབུམ་ཡང་རུང་།། དེ་མ་ཐག་ཏུ་གསོད་པར་ནུས།། གནོད་པ་དང་ནི་རྨོངས་པ་དང་།། དེ་མ་ཐག་ཏུ་འབབ ་པར་བྱེད།། ཤིང་རྟ་འམ་ཡང་མགྲུ་དག་དང་།། གླང་པོ་མྱོས་པ་གནོན་པར་ནུས།། ཕ་རོལ་དཔུང་དག་འཁྲུག་པར་བྱེད།། ཡུལ་ཕྱོགས་མྱུར་དུ་རྨོངས་པར་ནུས།། ཁྲོས་ནས ་ས་ཡང་གཡོ་བར་བྱེད།། གླིང་དང་ནགས་ཚལ་སྲེག་པར་ནུས།། དེ་ནི་གང་བའི་མཚོ་ཡང་སྐེམས།། བསྐམས་པ་དག་ཀྱང་འགེགས་པར་ནུས།། སྤྲིན་ཡང་ལེགས་པར་གནོན་པར་ནུས།། ཆར་པ ་དག་ཀྱང་འབེབས་པར་བྱེད།། དུས་མིན་ཆར་ཡང་འབེབས་པར་ནུས།། ཀླུ་ཡི་བདག་པོ་དག་ཀྱང་འགུགས།། དེ་ནི་ནག་པོས་ཟིན་པ་ཡང་།། མཐོང་བ་འམ་ཡང་ན་སྤྲིན་ཙམ་གྱིས།། འགུགས ་པར་བྱེད་དེ་ཐེ་ཚོམ་མེད།། སེར་བ་དང་ནི་སོལ་བའི་ཆར།། དེ་མ་ཐག་ཏུ་འབབས་པར་ནུས།། འབྲས་བུ་མེ་ཏོག་མཆོག་རྣམས་དང་།། ཡ་ལྔ་ག་དག་གིས་བརྟན་པའི་ཤིང་།། བལྟས་པའམ་ཡང་ནརྗེ ་འཕངས་པས།། གློ་བུར་དུ་ཡང་འགྱེལ་པར་བྱེད།། དེ་ནི་སྦྱར་བ་ཙམ་གྱིས་སུ།། ས་ཡི་འོག་ཀྱང་འཇུག་པར་བྱེད།། དེ་བཞིན་ལྔ་དང་མི་རྣམས་ལ།། གནོད་པ་ཆེན་པོ་འབྱུང་བར་བྱེད།། ཁྲོ་བོའི། ་རྒྱལ་པོ་འདི་ཡི་ནི།། ངེས་པར་དབང་དུ་མི་འགྱུར་བའི།། དངོས་པོ་འདས་དང་ད་ལྟར་དང་།། ཕྱིས་འབྱུང་བ་དག་གང་ཡང་མེད།། ལྷ་དེ་གྲུབ་པར་མ་གྱུར་ཀྱང་།། མཐོང་བ་ཙམ་མམ་ཚིག་གིས་ཀྱང་།། ་དུདྲུག་དང་རིམས་དང་གདོན་རྣམས་སོགས།། ཞི་བར་བྱེད་པའི་མཆོག་ཏུ་འགྱུར།། དབང་དུ་བྱེད་དང་དབྱེ་བ་དང་།། གསད་དང་བསྐྲད་པར་བྱ་བ་དང་།། མིག་འཕྲུལ་ཨ་ཛ་བསྐུ་བ་རྣམས།། བདུག་དང་དྲིས་བྱུགས ་སྦྱོར་བ་ཡིས།། ལས་རྣམས་འདི་དག་ཐམས་ཅད་ནི།། བཟླས་པ་བརྒྱ་བྱས་འགྲུབ་པར་བྱེད།། སྔགས་པ་གཏེར་ཆེན་ཡོད་པར་ནི།། སོང་སྟེ་བསྒྲུབ་པར་བྱས་ནས་སུ།། བགེགས་རྣམས་ཀྱི ་ནི་མི་འཇིགས་པར།། ནོར་དེ་བཟླས་པ་སྟོང་བྱས་པས།། བདག་གིས་ཁྱིམ་ནས་ལེན་པ་བཞིན།། ཕྲ་མོ་རྣམས་ནི་བརྒྱ་ཡིས་འཐོབ།། བཟླས་དང་སྦྱིན་སྲེག་མ་བྱས་ཀྱང་།། གཤིན་རྗེ་གཤེད་ཀྱི་མི ་ཙམ་གྱིས།། ལྷ་རྣམས་བཟློག་པར་འགྱུར་བ་ནི།། རིང་པོར་མི་ཐོགས་གདོན་མི་ཟ།། མ་རུངས་པར་ནི་བྱ་བ་དང་།། བྱངད་དང་སྙེམས་དག་བྱ་བ་དང་།། རྨོངས་དང་མནན་པའི་དངོས་གྲུབ་རྣམས།། བལྟས ་པས་རྣམ་པ་དུ་མ་ཡི།། ཆོ་ག་གཞན་གྱི་ཆོ་ག་དང་།། རིང་པོར་མི་ཐོགས་འགྲུབ་པར་ནུས།། ཡུལ་དང་ཡུལ་ཕྱོགས་དག་ཏུ་ཡང་།། གནོད་པ་དང་ནི་ནད་ཀྱང་འབྱིན།། རྨུགས་པ་དང་ནི་གནོད་པ་དང་།། ་རྨོངས་དང་མི་མཐོང་བྱེད་པ་དང་།། འཁྲུག་པ་དང་ནི་སྐྲག་པ་དང་།། སྐྱོ་ཞིང་སླར་ཡང་གཡོ་བ་དང་།། ནོར་འགུགས་པ་དང་གནོན་པ་དང་།། སྐྱེ་བོ་དག་ཀྱང་འགུགས་པ་དང་།། ཡུན་དུ་འཚེ་ཞིང ་འཇིགས་པ་དང་།། འཁྲུག་པ་འཐབ་མོ་སེར་བ་དང་། བྲུ་བ་ཉིད་ཀྱིས་མྱོས་པ་དང་།། གང་ཡང་གཞན་དག་དེ་འདོད་པ།། སྔགས་པས་གཤིན་རྗེ་གཤེད་དྲན་པས།། དེ་དག་ཐམས་ཅད་བྱེད་པར ་འགྱུར།། དེ་ནས་ཆོ་ག་ཕྱི་མ་འདི།། ཇི་ལྟར་ཡིན་པ་དེ་བཤད་དོ།། ལཱ་མ་ཡིན་གྱི་ཕུག་སྒོར་སོང་།། མཁས་པས་རི་མོ་བཀྲམ་ནས་སུ།། ཁབས་མི་ཟ་སྤྱན་གཅིག་འདུག་ཝི། ་ཡི་གྲངས་ཚད་བཟླས་བྱས་ནས།། དེ་ནས་བུད་མེད་གཟུགས་མཆོག་ལྡན།། བཟང་པོ་རྣམས་ནི་སྒོར་བྱུང་ནས།། སྒྲུབ་པ་དེ་ཡི་མདུན་དུ་ནི།། ནང་དུ་གཤེགས་ཤེས་དགའ་བར་བྱེད།། ་དེ་ནས་གྲོགས་པོ་ཡིད་གཅུགས་དང་།། སྒྲུབ་པ་པོ་ནི་ལྷན་ཅིག་ཏུ།། ངེས་པར་དམ་ཚིག་དག་གིས་ནི།། དེ་ཡི་གནས་སུ་འཇུག་པར་བྱ།། དེ་བཞིན་ཇི་ལྟར་འདོད་པ་རུ།། གནོད་སྦྱིན་མ་ཡི་མིང་རྣམས ་དང་། ཤ་ཟ་མོ་འམ་དྲི་ཟ་མོ།། ཡང་ན་གང་འདོད་པ་ཡི་ལྷའི།། མིང་བྲིས་དེ་ཡི་མདུན་བཞུག་ནས།། རི་མོ་ལ་ནི་ཉིན་རེ་ཞིང་།། དེ་ཡི་ཚིག་ནི་མཐར་སྦྱར་ནས།། མི་སྐྱོ་བར་ནི་འབུམ་བཟླས་ན།། ་སྒྲུབ་པ་པོ་དེས་འཇིགས་འགྱུར་ནས།། དེ་དག་ཐམས་ཅད་འོང་བར་འགྱུར།། སྒྲུབ་པོ་ཇི་སྲིད་འདོད་པར་ནི།། འདྲི་རུ་ལུས་རྣམས་བྱེད་པར་འགྱུར།། ཝཱ་རྣམས་དག་ནི་ཐམས་ཅད་ཀྱང་།། གནོད་སྦྱིན ་ལ་སོགས་བསྒྲུབ་བཤད་ཟིན།། འདི་ཡི་ཆོ་ག་ཕྱི་མ་ཡི།། ཕྱི་མ་དག་ཀྱང་བཤད་པར་བྱ།། རི་མཆོག་དག་གི་རྩེ་མོ་ལ།། ཡི་དགས་མང་པོའི་དཀྱིལ་འཁོར་བྲི།། ཡི་དགས་དཀྱིལ་འཁོར་བྲིས ་ནས་ཀྱང་།། ཀུན་ལ་ཤ་ཡི་གཏོར་མ་བྱ།། གྲོགས་པོ་སེམས་ནི་དཔའ་བ་དང་།། ཡོན་ཏན་ལྡན་ཞིང་བཟོ་བ་དང་།། མི་རོའི་གོས་ལ་བྲིས་པ་ཡི།། རི་མོ་བཞག་ལ་དེ་ནས་སུ།། བདག་གི་ཡན་ལག ་ཐམས་ཅད་ལས།། རུས་པ་དག་གིས་ཁྲག་ཕྱུང་སྟེ།། མི་ཡི་ཐོད་པའི་ནང་དུ་གཞག། ལུས་ལ་ཁྲག་ནི་ཅི་ཕྱིན་པ།། མི་རོའི་སྒྲ་ཡི་པིར་དག་གིས།། དེ་ནས་དེ་ཡི་ལུས་དག་དང་།། མིག་ཀྱང་རབ་ཏུ་གསལ ་བར་བྱེད།། དེ་ལ་བགེགས་ཀྱང་མང་དུ་འགྱུར།། དེ་ནི་དཔའ་བོས་བཤད་པར་གསུངས།། དཔའ་བོ་དག་གི་ལས་ཀྱང་བྱ།། དེ་ཡི་འོག་ཏུ་བཟོ་བོ་ལ།། དཔའ་བོ་དག་གི་ཡོན་ཡང་དབུལ།། དེ་ཉིད་ཡོངས་སུ ་རྫོགས་པར་ནི།། གྱུར་གྱི་བར་དུ་ཚུལ་བཞིན་གྱིས།། ཐ་མར་དཔའ་བོ་གཅིག་པུ་དེ།། རི་མོ་མཚན་མོར་རབ་འབརའ་རམ།། ཡང་ན་དགོད་དམ་གཡོ་ཡང་རུང་།། དེ་ནས་དངོས་གྲུབ་ཐོབ་པར་བཤད།། རི་མོ་དེ་ནི ་བླངས་པ་ཡིས།། ནམ་མཁའ་འཕར་བར་གདོན་མི་ཟ།། དཔལ་ལྡན་ཐོགས་པ་མེད་པར་འགྲོ།། མཚན་མོ་ཉི་མ་བཞིན་དུ་འབར།། དཔའ་བོ་དག་གིས་སྒྲུབ་པ་འདི།། རིག་འཛིན་ཀུན་གྱི་ཐོག་མར་འགྲོ།། ་གྲུབ་པ་དེ་ལ་ལྷ་རྣམས་ཀྱང་།། གདོན་མི་ཟ་བར་ཕྱག་འཚལ་འགྱུར།། རིག་འཛིན་རྣམས་ནི་ཐམས་ཅད་ཀུན།། ཀུན་ཏུ་བཀུར་བའི་རྒྱལ་པོར་འགྱུར།། ཡང་ན་ཆོག་ཤེས་པའི་རྒྱལ།། རི་མོ་ཞི་བ ་སྔོན་བཞིན་དུ།། བླངས་ཏེ་བསྲེགས་པའི་སྟེང་དུ་གཞག། དེ་ནས་བསྲེགས་པ་དེ་འདུག་ནས།། གཅིག་པུ་རལ་གྲི་བླངས་ནས་སུ།། མཚན་མོ་གཤིན་རྗེ་གཤེད་བཟླས་པ།། འབར་བར་འགྱུར་གྱི ་བར་དུ་འམ།། དུ་བའམ་ཙཱ་བའི་བར་དུ་བཟླས།། འབར་བར་གྱུར་པ་དཔལ་དང་ལྡན།། རིག་འཛིན་དུ་ནི་དེ་འགྱུར་རོ།། དུ་བ་བྱུང་བས་མི་སྣང་བ།། ནམ་མཁའ་འགྲོ་བའི་མཆོག་ཏུ་འགྱུར།། ་ཚེཚ་བར་གྱུར་ན་ནི།། ས་ཡི་རྒྱལ་པོར་ངེས་པར་འགྱུར།། རལ་གྲི་མཆོག་དེ་བྱ་བ་དང་།། སོར་ནི་སུམ་ཅུ་རྩ་གཉིས་ཤིང་།། ཡན་ལག་ཐམས་ཅད་ཡོངས་རྫོགས་པ།། བསྒྲུབ་པར་བྱ་བ་ས་ཡི་རྡོ།། དེ ་ལྟར་ཆོ་ག་ཕྱི་མ་ཡང་།། མདོར་ནི་ལེགས་པར་བཤད་པ་ཡིན།། ལག་པ་གཡས་པའི་སོར་མོ་ཡིས།། མཐེ་བོང་སྦས་ནས་གྱེན་དུ་ནི།། བསྒྲེང་བར་བྱས་པའི་ཕྱག་རྒྱ་ཡི།། 8། ་ཅོན་ཞེས་ནི་བསྒྲེགས་པ་ཡིན།། ཧ་ཉིད་ཀྱིས་ནི་སྔགས་ལྡན་པར།། ལས་རྣམས་ཀུན་ལ་བཅིང་བར་བྱ།། སྤྱན་དྲང་བ་དང་མཆོད་པ་དང་།། གཤེགས་སུ་གསོལ་དང་བཞུགས་པ་དང་།། ལས་རྣམས་བྱ་བའི ་ཙེ་དག་དང་། གཞན་ཡང་དགོས་པ་འབྱུང་བའི་ཚེ།། ཚུལ་བཞིན་ཕྱག་རྒྱ་འདི་བཅིངས་ནས།། གཤིན་རྗེ་གཤེད་ཀྱི་ལྔ་བཟླས་སོ།། སྔགས་པ་རྒྱལ་པོའི་དྲུང་སོང་ནས།། མགོ་བཏུད་པུས་མོ་བཙུགས་ནས་སུ།། བདག་ཉིད་དང་ནི ་ནོར་བཅས་པར།། གདོན་མི་ཟ་བར་མྱུར་དུ་འགྲུབ།། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ཐམས་ཅད་ཀྱི་ཕྱི་མའི་ཡང་ཕྱི་མ་ལས། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད ་ཀྱི་གསལ་ཤིང་ཁྲོ་བོ་རྣམ་པར་རྒྱལ་བའི་ཆོ་ག་ཞིབ་མོ་ཕྱི་མའི་ཡང་ཕྱི་མ་གསང་བ་བཅུ་བདུན་པ་གསལ་ཤིང་གི་རྒྱུད་རྫོགས་སོ།། ། ཨོཾ་ཨ་ཀྲོ་དྷེ་ཀ་ཡ་མཱརྠ་ཀ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ ་སྭཱ་ཧཱ། འདི་འང་བཅོམ་ལྡན་འདས་ཀྱི་སྔགས་གཞན་ནོ།། ཨོཾ་ཨཱཿཧཱུ~ཾ། འདིའང་གཞན་ནོ།། ཡི་གེ་བཅུ་གཅིག་རྒྱལ་པོ་ཡི།། དེ་ཉིད་བཟླས་པར་གྲུབ་པར་འགྱུར།། ་བོ་རྣམ་པར་རྒྱལ་བ་ཡི།། རྩ་བ་དང་ནི་ཕྱི་མ་དང་།། དེ་བཞིན་ཕྱི་མའི་ཕྱི་མ་འདི།། རྟོག་པ་མ་ལུས་རྒྱས་པ་དག། ལྷ་དེ་རྣམས་ཀྱིས་ལེགས་ཐོས་ནས།། འཇིག་རྟེན་འཇིག་རྟེན་འདས་པ་ཀུན།། ་ཐལ་མོ་རབ་ཏུ་སྦྱར་ནས་ཀྱང་།། ཁྲོ་བོ་རྣམ་པར་རྒྱལ་བ་ནི།། གཤིན་རྗེ་གཤེད་ལ་འདི་སྐད་སྦས།། བཅོམ་ལྡན་ཁྱོད་ཀྱི་རྟོག་པ་འདི།། སྒྲུབ་པ་རྣམས་ལ་ཕན་པའི་ཕྱིར།། རབ་ཏུ་ངོ་མཚར་བཤད། ་ལགས་ཏེ།། བཟློས་དང་ནོམ་དང་མཆོད་ལ་སོགས།། ཁྲོ་བོ་ཆེན་པོའི་བརྟུལ་ཞུགས་དང་།། དེ་བཞིན་དཀའ་ཐུབ་དྲག་པོ་དང་།། ཇི་སྐད་གསུངས་པའི་སྨྱུང་བ་ཡིས།། ཁྲོ་བོ་ཀཱི་ལི་ཀཱི་ལི་ལ། ་སོགས་པའང་དུས་ལ་བབ་པ་ནི།། སྔགས་ཟློས་པ་ལ་དངོས་གྲུབ་སྟེར།། བཅོམ་ལྡན་འདས་ཀྱི་རྟོག་པ་དང་།། ཁྱད་པར་གྱུར་པ་ཅི་ཞིག་མཆིས།། དེ་བས་བཟླས་དང་སྦྱིན་སྲེག་དང་།། སྤུང་དང་བརྟུལ་ཞུགས ་དཀའ་ཐུབ་དང་།། མེད་པར་རང་དབང་ཉིད་དུ་ནི།། དངོས་གྲུབ་དམ་པ་ཁྱོད་ཀྱིས་གསུངས།། ལྷ་མཆོག་དེ་དག་ཐམས་ཅད་ཀྱིས།། ཕྱག་འཚལ་དེ་སྐད་སྨྲས་པ་དང་།། ཁྲོ་བོ་དྲག་ཏུ་བཞད་པ་ཡིས།། ་རབ་ཏུ་དྲག་པའི་ཚིག་འདི་གསུངས།། དྲག་ཏུ་བཞད་པའི་ཞལ་འཛུམ་པས།། ལྷ་ཡི་ཚོགས་རྣམས་འཇིགས་རྨོངས་ལ།། མ་འཇིགས་མ་འཇིགས་ཞེས་གསུངས་པའི།། ཕན་པའི་ཚིག་གིས་དབུགས ་ཕྱུང་ནས།། ཁྱེད་རྣམས་ཀྱིས་ནི་གང་སྨྲས་པ།། སྒྲུབ་པ་དག་ནི་མེད་པར་ཡང་།། སྦྱོར་བ་ཤེས་པས་འགྲུབ་འགྱུར་བ།། ལྷ་རྣམས་ཀུན་གྱིས་མཉན་པར་གྱིས།། བདེ་གཤེགས་དངོས་གྲུབ་གཅིག་པུ་ལས།། ་གྱེས་པ་རྣམ་པ་ཐ་དད་འགྱུར།། དེ་ནས་ཏིང་འཛིན་ཚུལ་ལས་ནི།། མཚན་མ་དང་ནི་དངོས་གྲུབ་དེ།། ཐོག་མར་བྱང་ཆུབ་རྩ་ལ་བརྟེན།། ཤེས་རབ་དེ་ལྟ་བུ་ཡང་བསྒོམ།། སེམས་ཀྱང་རྣམ་པར་མི་རྟོག་པས།། ་བདེ་གཤེགས་དངོས་གྲུབ་དེ་དག་ཐོབ།། དེ་ངའི་གཟུགས་སུ་གྱུར་པར་བྱོས།། ས་བོན་མཚོན་ཆ་མང་པོར་ལྡན།། ཁྲོ་བ་དེ་ཡི་ཞལ་དྲུག་བསྒྱུར།། དྲིལ་བུ་བསིལ་བའི་སྒྲ་ཡང ་འབྱིན།། ཁྲོ་བོ་འིམ་ལ་ནི་བཅས་པར་ལྡན།། དེ་ཡི་གཟི་དང་མཐུ་ལྡན་བྱས།། ཀུན་ཏུ་དགའ་བའི་སྙིང་པོར་ལྡན།། གང་གི་ཡིད་ལ་གང་བསྒོམས་པ།། དེ་ལ་ང་ཡི་ཐུགས་གཡོས་པས། ་ཇི་ལྟ་བའམ་གང་ཡང་རུང་།། མདུན་ནམ་ཡང་ན་རྒྱབ་ནས་ཀྱང་།། ལས་ཀུན་བྱེད་ནུས་གྲུབ་པར་འགྱུར།། གང་དག་ང་ནི་ཕྱག་ལྔ་བཅུ།། བེ་ཅོན་གདེངས་པས་བསྡིགས་པར་མཛད།། ཏྲི་ཤཱུ་ལ་རབ ་གྲི་དགྲ་སྟ་ཀྵུ།། ཐོད་པ་ཤ་ཀ་ཏི་ཐོད་དམར་དབྱུག། དེ་དག་ལས་ནི་ཕྱག་གསུམ་དྲུག། གཡས་པ་བེ་ཅོན་མདའ་རལ་གྲི།། གཡོན་ན་འཁོར་ལོ་རྡོ་རྗེ་འཛིན།། རྡོ་རྗེ་རྩེ་གཅིག་རིག་དྲུག་པ།། དཔྲལ་བའི ་གཉེར་མ་བསྙེར་བ་དང་།། ཁྲོ་གཉེར་བསྙེར་བའི་ལྟ་བ་ཅན།། འཇིགས་པའི་སྦྲུལ་གྱིས་རོ་སྟོད་དཀྲིས།། ཐོད་པ་དག་གི་རྒྱན་དུ་བྱས།། ཆར་སྤྲིན་སྔོན་པོའི་ཁ་དོག་འདྲ།། ཞལ་གཅིག་སྤྱན་ཡང་མི་མཉམ་པ།། ་འབྲུག་གི་སྒྲ་དབྱངས་སྒྲ་སྒྲོག་པ།། སྟག་ལྤགས་ན་བཟར་གསོལ་བར་དགྱེས།། མཚོན་ཆ་མཚོན་རྣམས་འབར་ཞིང་འཁྲུག། སྤྱན་དང་གཙུག་པུད་རྩ་དམར་སེར།། ཞབྲས་གཉིས་གདེངས་པའི་ཚྭམ་རྔམ ་མཛད།། ས་ཡི་སྟེང་ན་ཟ་ཟ་ལྷ།། མཆེ་བ་དག་ཀྱང་གཅིག་པའི་ཞལ།། བཅིབས་པ་མ་ཧེ་བཅིབས་པ་སྟེ།། སེམས་པའམ་རི་མོ་ལ་བྲིས་པ།། སྒྲུབ་པོ་མྱུར་དུ་མཆོད་བྱེད་ར།། དེ་ལ་ང་ནི་མྱུར་བ་རུ།། ་དགྱེས་ནས་མངོན་དུ་ཕྱོགས་པར་འགྱུར།། ཇི་ལྟར་འདོད་པའི་དོན་རྣམས་ནི།། གདོན་མི་ཟླ་བར་གྲུབ་པར་བྱེད།། རྣམ་པར་གནོན་པའི་གཟུགས་འདི་ནི།། བདུད་ལས་རྒྱལ་བ་ཡིན་པར་བསྒྲགས།། ་ཐོག་མར་བདག་གིས་དམ་ཚིག་སྦྱིན།། བསྲུང་མཆོག་ཚུལ་བཞིན་བྱས་ནས་སུ།། རས་འདི་སུམ་ཅུ་སོར་ཚད་ལ།། སྔགས་པ་བཟོ་བོ་ཡོན་ཏན་ཅན།། ཡིད་ནི་བརྟན་པར་བྱ་བའི་ཕྱིར།། དབེན་པའི ་གནས་སུ་མི་མངོན་པར།། ཚོན་རྩི་དགེ་བ་བཟང་པོ་ཡིས།། རི་མོ་ཐོག་མར་བྲི་བར་བྱ།། ཟིན་ནས་ཀྱང་ནི་དབེན་པར་གཞག། སུ་ལའང་བསྟན་པར་ཡོང་མི་བྱ།། ང་ཡི་གཟུགས་སུ་གྱུར་པར་བྱས། ་ས་བོན་མཚོན་ཆ་བཟང་པོར་ལྡན།། ང་ཡི་ཞལ་ནི་ཁྲོ་བོར་འགྱུར།། དྲིལ་བུ་གསིལ་བའི་སྒྲ་དང་ལྡན།། ཁྲོ་བོའི་ཞལ་ནི་བསམ་པར་བྱ།། ང་ཡི་གཟི་བརྗིད་མཐུར་ལྡན་བྱས།། ཀུན་དགའ་ཡི་ནི་སྙིང ་པོར་ལྡན།། གལ་ཏེ་དམ་ཚིག་མི་ལྡན་པའི།། སྐྱེ་བོས་རི་མོ་དེ་མཐོང་ན།། མྱུར་དུ་རྣམ་པར་མྱོས་པར་འགྱུར།། དེ་བས་རྣམ་པ་ཐམས་ཅད་དུ།། བསྲུང་བ་དྲག་པོ་ལྐོག་ཏུ་བྱ།། གྲོང་ངམ་ཡང་ན་གྲོང་ཁྱེར་དུ།། ་རྣམ་པ་གཞན་དུ་བཞག་གྱུར་ཏམ།། གོང་དུ་མཆོད་པ་མ་བྱས་ན།། མྱུར་དུ་འཇིགས་པ་སྐྱེ་བར་འགྱུར།། མི་རོལ་ནི་གནས་པའི་གཟུགས།། དེ་ལྟར་རྟག་ཏུ་གོམས་བྱས་ཤིང་།། དེར་འསྒྱུར་དེ་ཡི་ཡིད་དུ ་འགྱུར།། ཇི་སྲིད་གང་དག་གོམས་གྱུར་ཅིང་།། ཀུན་ཏུ་མདུན་ན་གནས་པ་རུ།། གང་ཚེ་མཐོང་བར་གྱུར་པ་ན།། དེ་ཚེ་རི་མོ་མེད་པར་ཡང་།། ཇི་ལྟ་བུ་ཡི་ཚུལ་ཉིད་ཀྱིས།། རྟག་ཏུ་སྦྱོར་བ་བྱས་ནས་ནི།། ་སྦྱོར་བ་ཉིད་ཀྱིས་རྟག་པ་རུ།། ཁྲོ་བོ་ཀུན་ཏུ་སྦྱོར་བ་ནི།། དེ་ལས་ལས་རྣམས་ཐམས་ཅད་བྱེད།། འདི་ནི་གསང་བ་བསྟན་པ་ཡིན།། ཡང་ན་བདག་ཉིད་དེ་འདྲ་བར། ་ཇི་སྲིད་གཅིག་ཏུ་གྲུབ་པའི་བུར།། ཡིད་ལ་ལེགས་པར་བསྒོམས་ན་ནི།། དེ་ནས་དེ་ཡི་དངོས་གནས་པར།། ཡིད་ལ་ཅུང་ཟད་གང་བསམས་པ།། དངོས་པོར་གོམས་པར་བྱས་ན་ནི།། དེ་ཉིད་འབྲས་བུ ་ཡོད་པར་འགྱུར།། གང་ཕྱིར་ཁྲོ་བོ་བསྒོམས་པ་ཡིས།། ཁྲོ་བོ་ཡོད་ཡེ་བསྒོམས་ན་ནི།། བཟླས་པ་ལ་སོགས་མེད་པར་ཡང་།། དངོས་གྲུབ་དམ་པ་ཐོབ་པར་འགྱུར།། སྒྲུབ་པ་རྣམས་ལ་དམ་ཚིག་ནི། ་གལ་ཏེ་སྦྱིན་པར་བྱ་ན་ཡང་།། དེ་ཚེ་ས་ནི་རབ་སྦྱངས་ན།། ཐོག་མར་སྤོས་ཆུས་གདབ་པར་བྱ།། ཀུན་ཏུ་ཟླུམ་པོ་ཞེས་བྱ་བའི།། དཀྱིལ་འཁོར་འདི་ནི་ལོགས་ཤིག་ཏུ།། ཀུན་ཏུ་ཟླུམ་པོར་བྲི ་བར་བྱ།། ཚོན་རྩི་ནག་པོར་ལེགས་བྲིས་ཏེ།། ནུབ་ཕྱོགས་སྒོ་བཏོད་ཁྲུ་དོ་ཙཱམ།། དེ་ཡི་དབུས་སུ་མཆོག་བྲི་བ།། འགྱིང་ཞིང་ལྡེམ་བག་ཅན་གྱི་ལུས།། ནཱར་སཱིན་དང་ནི་བུང་བའི་མདོག། འཇམ་ཞིང་མཉེན ་པ་དཔལ་དང་ལྡན།། གསེར་གྱི་དྲིལ་བུའི་སྒྲ་དང་ལྡན།། གཡག་རྔའི་བསིལ་ཡབ་གཡོབ་པ་ཅན།། ཨ་ཛ་ན་ཡི་རི་ལྟ་བུའི།། མ་ཧེ་ཆེན་པོ་དམ་པ་ནི།། དཀྱིལ་འཁོར་དམ་པ་དེ་བྲིས་ཏེ།། བསྲུང་བ་ཚ ་ག་བཞིན་བྱས་ནས།། སྔགས་ཤེས་པས་ནི་མཆོད་བྱས་པ།། ཆོ་ག་བཞིན་དུ་འདིར་བཤད་དོ།། སྤྱན་དྲངས་གདན་དུ་བསྟབ་པ་དང་།། ཨརྒ་གཏོར་མས་མཆོད་པ་དང་།། མར་མེ་བདུག་པ་བསྟན་པ་དང ་ཐ་མར་སླར་ཡང་གཤེགས་བསྟན་པའོ།། གཟུགས་དགོད་པ་དག་ཐོག་མ་རུ།། ལྷ་དགོད་པ་དག་ཡིག་འབྲུས་བསྐྱེད།། ས་བོན་གྱིས་ན་ཚུལ་བཞིན་བཤད།། དེ་ལས་དང་པོར་ཐམས་ཅད་ནི། གས། ་བོན་ཁྲོ་བོའི་གཟུགས་ཡིན་ཏེ།། དེ་ཉིད་ཕལ་ཆེར་རབ་ཏུ་གྲགས།། གཅིག་པུ་མཚོན་ཆ་དུ་མའི་མདོག། དེ་ཉིད་དེར་ནི་བསྟན་བྱ་བའི།། རྟག་ཏུ་མཚོན་ཆའ་བར་བྱེད་པ།། དེ་ཡི་གཟུགས་འདིར་གཅིག་པུ ་ལ།། ས་བོན་གྱིས་ནི་བསྐུལ་བའི་ཞལ།། དྲིལ་བུའི་ས་བོན་དྲུག་རྣམས་ཀྱིས།། སྒྲ་དེ་རྣམས་བཞིན་རྫོགས་པར་བརྟག། འདི་ནི་ཁྲོ་བོའི་ཞལ་ཡིན་གསུངས།། འདི་ནི་ཐོག་མ་ཉིད་ཀྱི་གཟུགས། ་དེ་ཡི་མཐུ་ཡང་ཅི་འདྲ་བ།། ཚུལ་བཞིན་དུ་ཡང་འདིར་བཤད་དོ།། གང་གིས་དྲན་པ་ཙམ་གྱིས་ནི།། བདུད་དཔུང་བདུག་པའི་གདོན་ལ་སོགས།། མཐུ་རྩལ་གནོད་པས་ཉམས་ནས་སུ།། འཇིག ་ཤིང་སྤ་བཀོད་བྱེད་པར་འགྱུར།། ཟུང་ཞིག་པ་ཡི་ཚིག་གཉིས་ལྡན།། ཞལ་ཡང་གདངས་ཤིང་འབར་བ་ཅན།། སྙིང་པོ་དག་པར་རབ་ཏུ་གཞག། མཚོན་ཆ་འདེབས་པའི་མཐུ་རྩལ་ཅན། ་དེ་ལྟར་ཁྲོ་བོ་རྒྱམ་པའི་གཟུགས།། ས་བོན་ཞེས་སུ་བྱ་བ་ཡི།། སྔགས་ཀྱི་དངོས་པོ་ཤེས་ནས་ན།། སྔགས་པས་དངོས་གྲུབ་ཐོབ་པར་འགྱུར།། མཚོན་ཆ་འཕངས་པ་ཙམ་གྱིས་ནི ་དེ་ཡིས་ཀུན་ཏུ་བསྲུང་བར་བྱ།། ས་བོན་བཀོད་པའི་ཚུལ་བཞིན་དུ།། བདག་གི་ལུས་ལ་སྦྱར་བར་བྱ།། གཟུགས་ནི་གཟུགས་ལ་བཞག་ནས་སུ།། མཚོན་ཆ་དེ་ཉིད་ལག་མ་ཐོགས།། ་ས་བོན་རྣམས་ཀྱང་ཁར་བཞག་སྟེ། རྐང་པ་གཉིས་ཀྱང་ཙམ་རྔམ་བྱ།། དེ་ནས་ཀུན་ཏུ་ཁྲོས་ནས་སུ།། རང་གི་ས་བོན་དགོད་པར་བྱ།། ཐོག་མུ་བདག་ལ་མ་ཡེངས ་པར། བསྲུང་བ་དེ་ལྟར་བྱས་ནས་སུ།། དཀྱིལ་འཁོར་དུ་ནི་སྤྱན་དྲངས་ཏེ།། དེ་ནས་མདུན་དུ་མཆོད་པ་བྱ།། སྔགས་ཀྱི་སྙིང་པོ་ཐ་མ་ལ།། ཚུར་གཤེགས་པ་ཡི་ཚིག་གཉིས་དང་། ་རྟག་ཏུ་ལྡན་པར་བྱས་ནས་སུ།། སྤྱན་དྲང་བ་དྲག་བྱ་བར་བཤད།། མེ་ཏོག་དག་གི་གདན་འདི་ལ།། བཞུགས་སུ་གསོལ་ཞེས་རྟག་ཏུ་བྱ།། དེ་ལྟ་བུ་ནི་སྤྱན་དྲངས་ནས།། མེ་ཏོག་དག་གིས ་སྔ་མ་བཞིན།། བཞུགས་ཤིག་པ་ཡི་ཚིག་གཉིས་ཀྱིས། ཆོ་ག་བཞིན་དུ་བཞུགས་སུ་གསོལ།། ཁྲོ་བོའི་རྒྱལ་པོ་དེ་ལ་ནི།། བཞུགས་པར་བྱ་བ་བསྟན་པ་ཡིན།། མེ་ཏོག་སྔགས་ཀྱིས་བཏབ་པ ་ཡིས།། དེ་ལྟར་བཞུགས་པར་བྱས་ནས་སུ།། ཨན་འདི་ནི་བཞེས་ཤིག་ཅེས།། ཚིག་གི་མཇུག་ཏུ་བརྗོད་ནས་སུ།། སྤོས་ཆུ་མེ་ཏོག་སྦྱར་བ་ཡི།། ཨརྒ་དེ་ལ་དབུལ་བར་བྱ།། མེ་ཏོག ་བདག་གིས་ཕུལ་བ་འདི།། བཞེས་སུ་གསོལ་ཞེས་བརྗོད་ནས་སུ།། ས་རྒྱུ་བཟང་པོ་བཏབ་པ་ཡི།། མེ་ཏོག་དག་ནི་སྔོན་བཞིན་དབུལ།། སྔགས་པས་རྟག་ཏུ་ཚིག་མཇུག་ལ། གཏོར ་མ་བདག་གིས་ཕུལ་བ་འདི། བཞེས་སུ་གསོལ་ཞེས་བརྗོད་ནས་སུ།། གཏོར་མ་སྣ་ཚོགས་དབུལ་བར་བྱ།། མར་མེ་བདག་གིས་ཕུལ་བ་འདི། བཞེས་སུ་གསོལ་ཞེས་མཇུག་ཏུ ་བརྗོད།། མར་གྱིས་ལེགས་པར་གང་བ་ཡི།། མར་མེ་དག་ནི་དབུལ་བར་བྱའོ།། བདུག་པ་བདག་གིས་ཕུལ་བ་འདི། བཞེས་སུ་གསོལ་ཞེས་མཇུག་ཏུ་བརྗོད།། བདུག་པ་ཟང་ཅུ་རྣམ་པ་ལྔ།། ་སྔགས་ཀྱིས་བཏབ་སྟེ་དབུལ་བར་བྱ།། དེར་ནི་མཆོད་པ་བྱས་ནས་ཀྱང་།། དཀྱིལ་འཁོར་དག་གམ་རི་མོ་ལ།། རང་གི་ཡན་ལག་བཀོད་པ་དག། དམ་ཚིག་ཅན་ལ་བསྟན་ནས་ནི། ་མཐོང་བ་ཙམ་ནི་ཉིད་ཀྱིས་སུ།། རིག་འཛིན་དྲམ་ཚིག་ཅན་དུ་འགྱུར།། དེ་ནས་རྟོག་པ་ལས་གསུངས་པའི།། ལས་རྣམས་མྱུར་དུ་བྱེད་པར་འགྱུར།། དེ་ལྟར་ཁྲོ་བོའི་རྒྱལ་པོ་ཡི།། མཆོད ་པ་ལེགས་པར་བྱས་ནས་སུ།། སྒྲུབ་པ་པོས་ནི་མ་ཡེངས་པར།། སྔགས་བརྗོད་སླར་ཡང་གཤེགས་སུ་གསོལ།། སླར་ཡང་གཤེགས་པར་མཛད་ནས་སུ།། སླར་ཡང་གཤེགས་པའི་ཚིག་གཉིས་བརྗོད།། ་མེ་ཏོག་སྙིམ་པ་བཀང་ནས་སུ།། ཕྱག་འཚལ་སླར་ཡང་གཤེགས་སུ་གསོལ།། དཀྱིལ་འཁོར་དག་གམ་གསང་སྔག་བཟླས།། དེ་ནས་གཞན་ཡང་ཕྱག་རྒྱ་ནི།། རབ་ཏུ་འབར་བ་གཅིག་པུ་བཤད། ་གཤིན་རྗེ་གཤེད་ཅེས་བྱ་བའི་ལྷ།། གང་གིས་གྲུབ་པར་གྱུར་པའོ།། ལག་པ་གཡས་པའི་སོར་མོ་ཡིས།། མཐེ་བོང་སྦས་ཏེ་གྱེན་དུ་ནི།། བསྒྲེང་བར་བྱ་བའི་ཕྱག་རྒྱ་འདི།། དེ ་ཅོན་ཞེས་ནི་གྲགས་པ་ཡི།། ལྷ་ཉིད་ཀྱི་ནི་སྔགས་ལྡན་པས།། ལས་རྣམས་ཀུན་ལ་བཅིང་བར་བྱ།། སྤྱན་དྲངས་པ་དང་མཆོད་པ་དང་།། གཤེགས་སུ་གསོལ་དང་བཞུགས་པ་དང ་ལས་རྣམས་བྱ་བའི་ཚེ་དག་དང་།། གཞན་ཡང་རྒོལ་བ་བྱུང་བའི་ཚེ།། ཚུལ་བཞིན་ཕྱག་རྒྱ་འདི་བཅིངས་ནས།། གཤིན་རྗེག་ཤེད་ཀྱང་ལྔ་བཟླས་སོ།། སྔགས ་པའི་རྒྱལ་པོའི་དྲུང་འགྲོན།། མགོ་བཏུད་པུས་མོ་བཙུགས་ནས་སུ།། གདོན་མི་ཟ་བར་དབང་འགྱུར་བ། བདག་ཉིད་དང་ནི་ནོར་གྱིས་སོ།། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་འཇམ་དཔལ་གྱི་རྩ་བའི་རྟོག ་པ་ཐམས་ཅད་ཀྱི་ཕྱི་མའི་ཡང་ཕྱི་མ་ལས།། ཁྲོ་བོ་རྣམ་པར་རྒྱལ་བ་བཅོམ་ལྡན་འདས་གཤིན་རྗེ་གཤུད་ཀྱི་རྒྱལ་པོ་རྟོག་པ་ཕྱི་མའི་ཡང་ཕྱི་མ་གསང་བའི་ལེའུ་བཅུ་བདུན་པ་རྫོགས་སོ།། ་མ་མ་མཱ་མི་རཱུ་མཱུ་མུ།། མུ་མི་མཱ་མེ་མ་ཡི་གེ་ཟུང་།། ཐོག་མ་ཐ་མ་ཟུང་གཅིག་ཏུ།། ཟུང་དང་བསྣོད་པའི་བྱེ་བྲག་གིས།། སྦྱར་བར་བྱ་བ་འདིར་བཤད་དོ།། ས་བོན་ཞེས་བྱ་དཀྱིལ་དུ་གཞག། ཁྲོ་བོ་དག་ནི་སོ་སོ་རུ།། ་ཟུང་མའི་རྡུང་མན་ཚིག་འདི་ལ།། ཐ་མའི་ཟུང་ནི་མ་ཡིན་ནོ།། ཟུང་མའི་ཟུང་མ་ཚིག་འདི་ལ།། ཧེ་ཧེ་ཧ་ཧ་ཧི་ཧི་ཧི་ཧི་ཧ་ཧ་ཧེ་ཧེ་ཞེས་གཉིས་སྦྱར་བ།། ཟོ་ཆེན་ཚིག་གི་ཐོག་མར་བཅས།། ཨོཾ ་ཨོཾ་དང་སཱ་ཧཱ་ཕྱག་འཚལ་བཞག། རྒྱས་པར་འདོད་པས་དགའ་བཞིན་དུ།། མེལ་ཚེ་ཐུན་གཅིག་རྟག་ཏུ་བཟླས།། རི་མོ་ལ། ཆོ་ག་བཞིན་དུ་སྒྲུབ་པ་ཡིས།། རྟག་པར་མཆོད་པའི་ཆོ་ག་འདི།། མདོ་རུ ་བསྡུས་ནས་བཤད་པ་ཡིན།། བཟླས་པ་དང་ནི་ཧོམ་དག་དང་།། དརྟུལ་ཞུགས་དཀའ་ཐུབ་མ་བྱས་ཀྱང་།། སྔགས་ཀྱི་དངོས་འདི་ཤེས་ནས་ནི།། མཆོད་པ་འབའ་ཞིག་དབུལ་བར་བྱ།། འདི་ལ་མཆོད་པ ་བྱ་བ་ཉིད།། ཁྲོ་བོའི་རྒྱལ་པོ་རྟག་པ་རུ།། མཉེས་བྱས་ཡིན་པར་གང་ཤེས་པ།། སྔགས་པས་དངོས་གྲུབ་ཐོབ་པར་འགྱུར།། རྔུབ་ཏུ་སྔགས་པས་སེམས་པ་དང་།། རྟག་ཏུ་སྔགས་ཀྱི་བདག་ཉིད་གྱུར།། ་རྟག་ཏུ་ཡི་ལ་ཞེན་པ་དང་།། རྟག་ཏུ་མཆོད་ལ་བརྩོན་པ་དང་།། རྟག་ཏུ་ཁྲོ་བོར་འདུ་ཤེས་པ།། ལས་རྣམས་ཐམས་ཅད་གྲུབ་པའི་ཕྱིར།། ཆོ་ག་མདོར་བརྫུས་འདི་བཤད་པའོ།། ཐེ་བོ་རྣམ་པར་རྒྱལ ་བ་འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས།། གསང་བའི་རྟོག་པར་གཏོགས་པ་སྟེ་དང་པོའོ།། མ་མཻ་མཱ་མི་མཱུ་མུ།། མཱུ་མུ་མེ་མཱ་མེ་མ་ནི།། ཡི་གེ་ཟུང་དང་ཡ་བྲལ་བྱེ་བྲག་གིས། ་ཐོག་མ་ཐ་མ་ཟུང་གཅིག་ཏུ།། འཁོར་ལོ་འདི་ནི་ཅི་རིགས་པར།། སྦྱར་བར་བྱ་བ་འདི་བཤད་དོ།། ས་བོན་ཞེས་བྱ་དཀྱིལ་འཁོར་གཞག། ཁྲོ་བོ་དག་ནི་སོ་སོ་རུ།། དབང་དང་ཁོན་དང་གསད་པ་དང་། ་དེ་བཞིན་བསླང་དང་གི་བ་དང་།། ཡང་ན་རྒྱས་པར་བྱ་བའི་ཕྱིར།། ཟུང་དང་བསྣོལ་བས་མྱུར་དུ་འགྲུབ།། ཁྲོ་བོ་ཞེས་བྱའི་དཀྱིལ་འཁོར་ནི།། དཀྱིལ་དུ་བཞག་སྟེ་སོ་སོ་རུ། ཟུང་ཞིག་ཚིག་གཉིས་ཐ་མར་གན། ་ཆེ་གེ་མོ་ཞིག་དབང་དུ་བྱོས།། མཚོན་ཆ་མེད་པའི་ས་བོར་གཞག། སྭཱ་ཧཱ་རི་ཚིག་ནི་བར་བར་གཞུག། བསྒྲུབ་པར་བྱ་བའི་གཟུགས་བྱས་ནས།། དེ་ལ་རྐང་པས་བརྫི་བ་ནི།། སྔགས་པས་འགྲེང་སྟེ་འདུག་པ་ནི།། ་རྐང་སྐྱོ་བ་ཡི་བར་དུ་བྱ།། རྒྱལ་པོ་དབང་དུ་མ་གྱུར་པ།། དེ་ཡི་དབང་དུ་མྱུར་དུ་འགྱུར།། གཅིག་པུ་དེ་ལ་སྤོས་ནས་སུ།། མྱུར་དུ་གོ་རིམས་བཞིན་གཞག་པའོ།། ས་བོན་གཉིས་པའི་གནས་ལ་ནི། ་#གནས་ནས་གདོང་ཡང་བསྒྱུར་ནས་སུ།། ཟུང་ཞིག་ཚིག་གཉིས་མཐའ་མར་གཞག། ཆེ་གེ་མོ་ཡི་མཛའ་པོ་དེ།། སྡང་བར་གྱུར་ཅེས་མཐའ་མར་བྱ།། སྐྲག་པར་བྱ་བ ་ཅུང་ཟད་མེད།། བསྒྲུབ་པར་བྱ་བ་གཉིས་ཀ་ཡི།། གཟུགས་ནི་འཇིགས་པའི་ལས་བྱེད་དེ།། གཅིག་ཏུ་དཔའ་བར་མཉམ་ལྡན་པར།། གཉིས་ཀ་ལ་ཡང་རྐང་པས་མནན།། སྔགས་མཁན་དེ་ལ་གནས ་པ་ཡིས།། མེལ་ཚེ་ཐུན་ན་ཕྱེད་ཙམ་གྱིས།། དེ་ནས་སྒྲུབ་པ་འདོད་པ་བཞིན།། དེ་གཉིས་ཕན་ཚུན་དགྲར་གྱུར་པས།། ཁྲོ་བོ་རིམ་བཞིན་བསྒོམས་པས་ནི།། ལན་ཅིག་བྱས་པ་ཙམ་གྱིས་འགྱུར།། ས ་བོན་གཉིས་པ་དེ་ལས་ཀྱང་།། དྲག་པོ་རྩལ་གྱིས་སྤོས་ནས་དེ།། ཁྲོ་བོ་ཆེན་པོ་མིག་རྩ་དམར།། གནས་ནི་གསུམ་པ་ལ་གནས་ཏེ།། གཡོན་པའི་གནོན་པས་མནན་པས་ནི།། དྲག་པོ་ཤུགས་ཅན་མ ་ལུས་མནན།། ཁ་དང་བརླ་དང་རྒྱབ་ཀྱང་བསྒྱུར།། དྲིལ་བུ་དཀྲོལ་བའི་སྒྲ་མྱུར་འགྱུར།། ཕྱིས་ཀྱང་རིམ་གྱིས་འདི་ལ་གནས།། ལོགས་ཤིག་ཁྲོ་བོའི་འཁོར་ལོའི་བཀས།། རྐང་པའི་ཚམ་རྔ་མ་དེ་བཞིན ་བྱས། གདོང་ཡང་དལ་བུས་བསྒྱུར་ནས་སུ།། དང་པོའི་ས་བོན་གང་ཡིན་པའི།། དབང་དུ་བྱེད་ལ་རྒྱས་པར་འགྱུར།། དེ་ཡི་མཐའ་ཡང་ལྷན་ཅིག་ཏུ།། མེ་དང་འདྲ་བ་འབར་བ་སྟེ།། ཀུན་གྱིས་ལས་ནི། ་གྲུབ་འདོད་ན།། ཤིན་ཏུ་ལེགས་པར་སྦྱར་བར་བྱེད།། དེ་ཡི་ཟུང་མས་བསྐུལ་བ་ཡང་།། སོ་སོའམ་གཅིག་ཏུའང་རུང་བར་བཤད།། ཁྲོ་བོ་ཡི་ནི་འཁོར་ལོའི་མཐུ།། བརྒྱད་པ་དག་ལས་མྱུར་བར་གནས། ་རིམ་པ་སྔ་མའི་ཚུལ་གྱིས་ནི།། ཁོན་པའི་ས་བོན་དག་གིས་བསྐུལ།། ས་བོན་ཟུང་མས་བསྐུལ་བ་ཡང་།། བརྒྱད་པ་འབྱེད་པར་སྒྲུབ་པ་ལ།། མཛའ་བ་མྱུར་དུ་བཟློག་པའི་ཕྱིར།། ཆོ་ག་བཞིན་དུ་རིམ་པར་སྦྱར ་རིམ་པ་སྔ་མའི་ཚུལ་བཞིན་དུ་མྱུར་དུ་གསང་པར་འདོད་པ་ཡིས།། ཁྲོ་བོ་ཡི་ནི་འཁོར་ལོ་གནས།། དགུག་པ་ཨཱ་བཱི་ཙཱ་རཱ་ཡ།། ཆོ་ག་འདི་ཡིས་དགྲ་བོ་དག། མྱོས་པར་བྱས་ནས་འཇིག་པར་འགྱུར།། ལྒ ་རྣམས་ཀྱིས་ནི་སྦས་པ་ཡང་།། གཤེད་པོའི་དྲུང་དུ་ཁྲིད་པར་འགྱུར།། རིམ་པ་སྔ་མའི་ཚུལ་གྱིས་སུ།། ཁྲོ་བོ་ཡི་ནི་འཁོར་ལོའི་གནས།། བཅུ་པ་དག་ལ་རིམ་གྱིས་གནས།། དྲག་ཤུལ་ཅན ་གྱིས་དྲག་ཏུ་མནན།། དེ་ཡི་ས་བོན་གྱིས་ཀྱང་ཕྱེ།། སྔོན་གྱི་ས་བོན་རབ་འབར་བ།། སྔ་མ་བཞིན་དུ་རིམ་གྱིས་བཟླས།། སྔར་བཤད་པ་ཡི་ལས་སྒྲུབ་བོ།། འཁོར་ལོ་རིམ་པ་བཅུ་གཅིག་པོ།། ་གང་ཡིན་པ་ནི་དེ་བཟུང་ནས།། དེ་ནས་ཞི་བར་བྱེད་པ་ཡི།། ས་བོན་དེ་ཡིས་བསྐུལ་བར་བྱ།། སྔ་མ་བཞིན་དུ་བསྐུལ་བ་དང་།། སྔ་མའི་ལས་ནི་བྱེད་པར་འགྱུར།། ཞི་བ་དག་ལ་གང་གསུངས་པ།། ་རྒྱས་པ་དག་ལ་སྦྱར་བར་བྱ།། འཁོར་ལོ་ཡི་ནི་གནས་ཀྱི་མཆོག། བཅུ་གཉིས་པ་ལ་གནས་ནས་སུ།། དེ་ཡི་སེ་བོན་བསྐུལ་བར་བྱས།། བདག་གི་མཐུ་རྩལ་གནོད་བརྟགས་པས།། ས་བོན་ཟུང ་མ་སྦྱོར་བ་ཡིས།། ས་བོན་མཐུ་ནི་འབར་བ་ཅན།། འཁོར་ལོ་བཀོད་པའི་ལས་རྣམས་ནི།། སྔོན་གསུངས་པ་དག་གྲུབ་པར་བྱ།། དེ་ལྟར་ཁྲོ་བོའི་འཁོར་ལོ་ནི།། ཆོ་གར་བཅས་པ་རྒྱས་པ་དག ་གསང་བ་བསྐུལ་མར་བཅས་པ་ཡི།། སྦྱོར་བ་མ་ལུས་བཤད་པ་ཡིན།། ས་བོན་ཟུང་མས་བསྐུལ་བ་ཀྲུང་།། གཉིས་པ་རབ་ཏུ་གྲགས་པ་ཡིན།། དེ་འདིར་ས་བོན་གཉི། ་པ་ཡིན།། མྱུར་དུ་གྲུབ་པར་འགྱུར་བར་བཤད།། བླ་མའི་ས་བོན་ཐམས་ཅད་ལ།། ཕུལ་བའི་ཚིག་གཉིས་རྟག་ཏུ་སྦྱར།། ཟུང་མའི་ཟུང་མའི་ཚིག་འདི་ལ།། ཡ་ཐ་དག་དང་ཐ་མ་རུའོ།། འཁོར་ལོ ་བཀོད་པ་བསྟན་པ་འདི།། ཇི་ལྟར་རིམ་པར་ཤེས་ན་ནི།། སྦྱིན་སྲེག་བཟླས་བརྗོད་མ་བྱས་ཀྱང་།། ཁྲོ་བོའི་རྒྱལ་པོའི་དངོས་གྲུབ་ཐོབ། ཁྲོ་བོའི་འཁོར་ལོ་གསང་བ་ནི།། འདི་མི་ཤེས་པར་གང་སྦྱོར་པ། ་དེ་འདི་དངོས་གྲུབ་མི་འཐོབ་ཀྱི།། མྱུར་དུ་སྤྱོ་བ་ཐོབ་པར་འགྱུར།། མ་མེ་མ་མཱི་མུ་སཱུ་དྲུག་རྣམས་ཀྱིས།། དབང་དང་འོཁོན་དང་གསང་བ་དང་།། བསྐྲད་དང་ཞི་དང་རྒྱས་པའི་མཐར།། མཁས་པ་དག་གིས ་བསྒྲུབ་པར་བྱ།། དེ་དག་ཉིད་ལ་བཟློག་པ་ཡིས།། དེ་བཞིན་དུ་ནི་བསྐུལ་བར་བྱ།། ཇི་སྐད་གསུངས་པ་འདི་རྣམས་ནི།། མ་གྲུབ་ན་སྟེ་གཞན་དུ་མེད།། དེ་ལ་མུ་མུ་མི་མ་མེ་ནི།། མ་ནི་རྒྱས་མཐར་དེ་བཞིན་དུ།། འཁོར ་ལོའི་རྩིབས་ཀྱི་གནས་རྣམས་ནི།། དེ་དང་དེ་དགྲ་གཉིས་སུ་གྱུར།། དེ་བཞིན་འཁོར་ལོའི་ནང་དུ་ཡང་།། ཁྲོ་བོ་སྐུ་མཆོག་ས་བོན་ཡང་།། བཞག་ནས་ཚིག་གི་མཐའ་མར་ཡང་།། ཁྲོ་བོའི་དྲིལ་བུ་དཀྲོལ་བ་དགོད། ་འཁོར་ལོའི་མུ་རན་ནང་དག་ཏུ།། ཟུང་ཞིག་པ་ཡི་ཚིག་གཉིས་བརྗོད།། མ་འོས་པས་འཁོར་ལོའི་མིག་གི་ནང་།། ས་བོན་བཀོན་པ་རྣམས་ལ་གནས།། ཁྲོ་བོའི་འཁོར་ལོ་བསྒྲགས་པ་ནི།། ཤེས་ན་ཇི་སྐད་བཤད་པ ་ཡི། དངོས་གྲུབ་རྣམས་ནི་ཐོབ་པར་འགྱུར།། དངོས་གྲུབ་ཚུལ་བཞིན་ཐོབ་འགྱུར་བ།། དེ་ཡི་སྦྱོར་བ་བཤད་པར་བྱ།། ཐོག་མར་ཕུག་རྒྱ་བཅིངས་ནས་སུ།། སྐུ་ནས་སུ་ནི་སྐུར་བསྐུར་ཏེ།། ལས་རྣམས ་ཚུལ་བཞིན་མཐོང་བ་ཡིས།། སྦྱོར་བ་དག་ནི་ལེགས་པར་བྱ།། གདོང་དང་ཁ་མིག་རྐང་པ་མཉམ།། རབ་ཏུ་དང་ཞིང་ཞི་བའི་སེམས།། སྙིང་ཡང་དེ་བཞིན་རབ་ཏུ་དགའ།། དབང་དུ་བྱ་བའི་སྔགས་གསུངས། ་པ། ཤིན་ཏུ་མཉམ་པར་བཞག་པས་སྒྲུབ།། རྐང་པ་ཡ་གཅིག་ཐུང་ངུ་གཞག། གདོང་དང་ནུ་མཇིང་བཅུས་ཏེ་མནན།། ཁ་དང་མིག་ནི་ཡ་གཅིག་འཛུམས།། ཚམ་རྣམ་གནོན་པ་ཆེན་པོ་བྱས།། བེ ་ཅོན་ལ་ནི་མིག་གིས་བལྟ།། བསྒྲུབ་པར་བྱ་བ་བསྒྲུབ་ལ་འབད།། གང་དག་དབྱེ་བར་འདོད་པ་ཡིས།། དེ་དག་དབྱེ་བ་བརྩམ་པར་བྱ།། རྐང་པ་གཉིས་པ་བཏེག་པ་ཡིས།། ཚམ་རྣམ་བྱ་བ་སླར་ལ ་བཞག་བཞིན་བསྙེན་ཕྱག་རྒྱ་བཅིངས་ནས་སུ།། ཁྲོ་བར་ལྟ་ཞིང་ཡིད་ཀྱང་ཁྲོས།། རབ་ཏུ་དཔའ་བ་སྲན་དང་བཅས།། རྩལ་གྱིས་གནོན་པར་རབ་ཏུ་འདུད།། སྔགས་པ་སྔོན་བཞིན་སྔགས་ཚུལ ་གནས།། གང་འདོད་པ་ནི་གཞོམ་པར་བྱ།། དེ་ལ་རྐང་པ་ཡ་གཅིག་ཀྱང་།། དྲག་ཤུལ་ཅན་དུ་བརྐྱང་སྟེ་གཞག། གཟུར་ཏེ་འདུག་པའི་ཚུལ་དུ་གནས།། གདོང་ཡང་ཡོན་པོར་བསྟེན་བར་བྱ།། མཛུབ་མོ ་བསྒྲེང་སྟེ་གདེངས་པ་དང་།། བེ་ཅོན་ཕྱག་རྒྱ་དག་གིས་བསྡིགས།། དགྲ་དག་བསླད་པར་འདོད་ན་ནི།། མྱུར་དུ་བསླད་པར་བྱ་བར་འགྱུར།། དེ་ནས་རྐང་པ་མཉམ་པར་གཞག། ལག་པ་གཡས་པ་མཐོ་བར ་། བྱ། དཔར་དང་ལྡན་པས་གཡོན་པ་སྤང་།། ཞི་བར་འདོད་མ་ཞི་བར་འགྱུར།། ཕྱེད་ནི་དམའ་བར་བཀུག་སྟེ་གནས།། རྐང་པ་གཡས་པས་ཚས་རྔམ་བྱེད།། སྔགས་ཚུལ ་གནས་པས་བསྒྲིམས་ན་ནི།། རྒྱས་པར་འདོད་ན་ཐོབ་པར་འགྱུར། སླར་ཡང་དེ་བཞིན་ཤེས་བྱ་བ། བཟློག་སྟེ་བྱ་བ་གཞན་དུ་མེད།། གྲུབ་པ་བཞིག་ཉིད་ཆེན་པོ་ཡི།། ཙམ་རྔ་མ་རིམ་པ་དྲུག་གསུང ་པ་དྲང་པོའི་མིང་ནི་ལོག་པར་ཕྱོགས།། དེ་ཡི་འོག་མ་རྒྱབ་ཀྱིས་ཕྱོགས།། དེ་བཞིན་ཙཚམ་རྔམ་གསུམ་པ་ནི།། ཁྲོ་བོ་ཆེ་ཞེས་བསྒྲགས་པ་ཡིན།། བཞི་པ་མཛུབ་མོ་བསྒྲེང་བ་ཡིས།། ལྟ ་པ་ལ་ནི་སྟོབས་ཞེས་བྱ།། དྲུག་པ་སྟོབས་པོ་ཆེ་ཞེས་བྱ།། འདི་རྣམས་ཚམ་རྔམ་དྲུག་ཏུ་བསྒྲགས།། ཙམ་རྔ་མ་དངས་པ་བྱས་པ་ཡིས།། དགྲ་ཡི་འཁོར་རྣམས་གཡེན་སྤྱོ་བ།། འཁོར་ལོའི ་མཆོག་ལ་གོམས་བྱེད་པས།། གྲགས་པ་ཆེན་པོ་ཐོབ་པར་འགྱུར། ཁྲོ་བོ་ཆེན་པོས་གསུངས་པ་ཡིས།། རབ་གསུངས་པ་ཡི་རྒྱུད་འདི་དཀོན།། ཁྲོ་བོ་རྣམ་པར་རྒྱལ་བ་འདི།། དེ་བས་ཡང་ནི ་ཤིན་ཏུ་དཀོན།། གསང་བའི་རྟོག་པ་བཟང་པོ་འདི།། ཀུན་ཏུ་དངོས་གྲུབ་ཀུན་སྦྱིན་པར།། གསང་བའི་རྟོག་པ་དེ་བས་ཀྱང་། འཁོར་ལོ་འདི་ནི་ཤིན་ཏུ་དཀོན།། ངོམ་དང་ལྡན་པ་ཡོང་མི ་དགོས།། སྔོན་དུ་བསྙེན་པ་བྱ་མི་དགོས།། ཁྲོ་བོ་རྒྱལ་པོའི་བརྟུལ་ཞུགས་དང་།། དཀའ་ཐུབ་དྲག་པོའང་བུ་མི་དགོས། བས་པ་ཏནར་སྦྱོར་བའང་བྱ་མི་དགོས།། གང་ལ་འཁོར་ལོ་འབའ་ཞིག་ཡོད། ་གང་གསུངས་པ་ཡི་ངོས་གྲུབ་ནས།། དེ་མ་བྲག་ཏུ་དངོས་གྲུབ་བོག། དེ་བས་འདི་ནི་གསང་བྱས་ནས། ཐམས་ཅད་སྦུབ་པའི་སྒྲུབ་པ་པོས།། བདས་གི་དོན་མཆོག་གང་འདོད་པ།། ཤིན་ཏུ་ལེགས་པར ་བསྒྲུབ་པར་བྱ།། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་ལས། གསང་བའི་རྟོག་པ་གཉིས་པའོ།། ཁྲོ་བོའི་རྒྱལ་པོའི་དངོས་གྲུབ་ནི།། སྣ་ཚོགས་ཐོགས་མེད་ཐ་དད་པ། སྔགས ་པ་འདོད་ན་ཆོ་ག་མཆོག། དང་པོར་བྱས་ན་དངོས་གྲུབ་ཐོག། རབ་ཏུ་གསང་བའི་སྔགས་འདི་ནི།། རེ་ཞིག་འདི་ཡི་མཚན་ཉིད་ནི།། གཞན་དག་འདྲིར་ནི་བཤད་པར་བྱ།། དེ་ཡི་ལས་ནི་གང་གསུངས ་པ།། གང་དག་ཕྱིས་ཀྱང་གྲུབ་འགྱུར་པ།། དཔའ་བོ་གཅིག་པུ་འབའ་ཞིག་གིས།། ཐམས་ཅད་ཉིད་དེ་གང་གསུངས་པ།། ཐམས་ཅད་དེ་ནི་བཤད་པར་བྱའོ།། སྔགས་དེས་ལས་རྣམས་ཀུན ་བྱས་པས།། རྒྱུད་ལ་དངོས་གྲུབ་གང་གསུངས་པ།། དཔའ་བོ་གཅིག་པུའི་མཐུས་ཀྱང་འགྲུག། ཨོཾ་ནི་དེ་ཡི་ཐོག་མ་སྟེ།། བདེ་བར་གཤེགས་པའི་དམ་ཚིག་ཡིན།། ཐོག་མ་དང་ནི་གཉིས་པ་ཡང་། ་དྲག་པོའི་རྩེག་གི་ཕུལ་བའི་ལུགས།། ཀླས་པའི་འཁོར་གྱིས་མནན་པའི་རིགས།། སྔགས་ཀྱི་ཡི་གེ་འཕྲེང་བཀོད་ལ།། སྔགས་རྣམས་ཐམས་ཅད་ནས་བྱེད་པ།། ཁྲོ་བོའི་རྒྱལ་པོའི་སྙིང་པོ་ནི། ་གསུམ་པོ་དེ་ནས་སྦྱར་བར་བྱ།། དེ་ནས་ཁྲོ་བོའི་རྒྱལ་པོ་ཡི། སུ་ནི་དེ་ཡི་འོག་ཏུ་བསྡམ།། སྔགས་པས་སྔགས་རྣམས་ཀུན་གྱི་མཚན།། དེ་དག་རྟག་ཏུ་རིག་པར་བྱ།། ཐོགས་མ་མེད་པའི་སྔགས ་རྣམས་ནི།། བདག་ཉིད་ཆེན་པོ་ཐམས་ཅད་ཀྱིས།། བསྲུང་ལ་སོགས་པའི་ལས་རྣམས་ཀུན།། གོ་རིམས་བཤད་པ་བཞིན་དུ་བྱ།། ཐམས་ཅད་བདག་ཉིད་ཆེན་པོ་འདིས།། བསྲུང་བ། ་དག་ནི་བྱས་ནས་སུ།། སྔོན་གྱི་ཚུལ་བཞིན་རབ་དབེན་པ།། སྐུ་གཟུགས་དོན་མཆོག་གཞན་ནས་ནི།། ཆོ་ག་ཇི་སྐད་སྔར་གསུངས་པ།། ཆོ་ག་བཞིན་དུ་མཆོད་པ་བྱ།། ཉིན་རེ་མེ་ཏོག་འཕྲེང་བ་ལ།། ལན ་བདུན་བཟླས་པ་རྣམས་ཀྱིས་མཆོད།། མཆོད་ནས་ཀ་རཱ་ལླཱི་ར་ཡི།། མེ་ཏོག་དམར་པོ་ཁ་འབུས་པའི།། བརྒྱ་ནི་རྩ་བརྒྱད་གྲངས་རྣམས་ཀྱིས།། བུ་དོན་ལ་ནི་བོག་པར་དབུལ།། ཆོ་ག་འདི་ནི་དུས་གསུམ ་དུ། རྫ་བ་གཅིག་ཏུ་བྱས་ནས་ནི།། ཁྲོ་བོ་མངོན་སུམ་ཉེ་གྱུར་ནས།། རྨི་ལམ་དུ་ནི་དངོས་གྲུབ་རྩེར། ཆོ་ག་འདི་ལྟར་སྔར་བྱས་ན།། གང་འདོད་པ་ཡི་དགོས་པ་དག། དེ་ཚེ་གདོན་མི་ཟ་བར ་འགྲུབ།། དེ་ཡི་ཆོ་ག་མཆོག་བཤད་པ།། དེ་ལྟར་ཟླ་གཅིག་བསྙེན་བྱས་ན།། དེ་ཡི་ལས་རྣམས་གང་བྱ་བ།། དེ་ཡི་ཆོ་ག་མདོར་བསྡུས་ནས།། དེ་ནི་ལེགས་པར་བཤེད་པར་བྱ།། དེ་ནས་དང ་འགྲོ་དང་སྦྱོར་བའི།། དུག་ནི་རྣམ་པ་གསུམ་དག་དང་།། གདོན་དང་འབྱུང་པོའི་གདོན་རྣམས་དང་།། ལྟོ་འཕྱེ་སྲིན་པོར་བཅས་པ་འཇིག། བདག་གིས་བྱིས་པའི་ཕྱག་རྒྱའི་སྔགས།། སྦྱོར་བ་ལན ་ཅིག་བདག་གིས་གསུང་།། ཡིད་ལ་བསམས་པ་ཙམ་གྱིས་ཀྱང་།། གཞན་དག་གི་ཀྱང་མཆོད་པར་བྱེད།། བཞི་པའི་རིམས་ལ་སོགས་དེ་ཡང་།། ཐོས་པས་མྱུར་དུ་མེད་པར་བྱེད།། མ་དང་བྱིས ་པའི་གདོན་རྣམས་དང་།། ཐལ་བའམ་ཡང་ན་སས་ཀྱང་རུང་།། བདག་ཉིད་དག་པར་བསམས་ནས་རི།། བདག་དགར་ཕབ་ནས་དགོས་པའི་དོན།། གང་དང་གང་དག་འདོད་པར་ནི།། བསྒོམས་པས་དེ། ་དང་དེ་དག་བྱེད།། ཡིད་ལ་བསམས་པས་དེ་དག་ཐར།། རྡོལ་ལན་གསུམ་བཟླས་པ་ཡིས།། ཆུ་སྲིན་ཀུམ་བི་ར་ལ་སོགས།། མཆེ་བ་ཅན་དག་ཕྱོགས་མེད་པར།། ཆུ་བསལ་བ་ཡི་མཆོག་ཏུ་འབྱུང་།། ་འགྲོ་ཚེ་ཡིད་ལ་བཟླས་ན་ནི།། ལམ་ན་རྐུན་པོའི་འཇིགས་པ་མེད།། སེང་གེ་སྡུག་དང་དགྲ་རྣམས་དང་།། ནད་ཀྱིས་འཇིགས་པ་མེད་པར་འགྱུར།། རྒྱལ་པོའི་དྲུང་དུ་འགྲོ་ན་ཡང་།། སྔགས་ཀྱིས་སྨྱིག་ཏུ། ་བཅིངས་ན་ནི།། རྒྱལ་པོ་ཁྲོས་པ་མྱུར་རབ་ཏུ།། བརྐྱང་ནས་ཐུལ་མོ་སྦྱོར་བར་བྱེད།། གཤེགས་འགྱེད་པ་དང་རྒྱན་པོ་དང་།། མཚོན་དང་མེ་ཡིས་འཇིགས་པ་ལ།། ཡིད་ལ་དྲན་ཞིང་བཟླས་བྱས་ནས།། མི ་བདེ་ཀུན་ལས་ཐར་པར་འགྱུར།། འཚེ་བ་ཐམས་ཅད་ཞི་བྱའི་ཕྱིར།། མི་བདེ་ཉམ་ཐག་གྱུར་པ་ལ།། སྔགས་འདི་མྱུར་དྲན་བརྗོད་བྱས་ནས།། སྤྲིན་དག་མནན་པར་བྱ་བ་དང་།། འདོད་བཞིན་མྱུར་དུ་མར ་ཡང་བཟློག། གནམ་ལྕགས་སེར་བ་འབབ་པ་ཡང་།། དབྱུག་པའི་ཕྱག་རྒྱས་ཞི་བར་བྱེད།། ཕྱག་རྒྱས་བཅིངས་པ་དེ་ཉིད་ཀྱིས།། ཡིད་ཀྱིས་སྤྲིར་རྣམས་དབབ་པར་བྱ།། དེ་ལྟར་ཕྱག་རྒྱས་བསྡིགས་ནས་ནི། ་སྨིན་མཚམས་དག་ཀྱང་བསྒྱུར་བར་བྱ།། རྣམ་པ་དེ་དག་ཉིད་ཀྱིས་ནི།། གནམ་ལྕགས་སེར་བ་གཅད་པར་བྱ།། སྦྱོར་བ་མཁས་པས་ཅི་འདོད་པ།། ཆར་པ་དག་ཀྱང་གཅད་པར་བྱ།། གོས་ནི་སྔོན ་པོ་བགོས་ན་ནི།། ཁོར་ལོར་ལུག་བསྲུང་བྱས་ནག། མེད་པརླབ་པར་ཅུར་ཞུགས་ཏེ། ཉིན་གསུམ་ལེགས་པར་བརྡས་རྣས་།། བཏུ་བྱིན་གྱིས་ནི་སྤྲིན་བསྡུས་ནས། ་འདོད་པ་བཞིན་དུ་ཆར་པ་འབེབས།། དེ་ནས་སྤྲིན་ཆེན་ལས་བྱུང་བ། ཆར་པས་ས་སྟེངས་ཁྱབ་པར་འགྱུར།། ཉིན་རེ་རྟག་ཏུ་བཟླས་བྱས་ན།། བདག་དང་དྲི་བཞིན་གཞན་རྣམས་ཀྱི། ནད ་རྣམས་དེ་ནས་མེད་པར་འགྱུར།། རྒྱལ་པོ་དབང་དུ་བྱ་ཡང་རུང་།། ཡུངས་ཀར་དཀར་པོ་བཟང་པོ་ལས།། གཟུགས་བརྙན་ལེགས་པར་བྱས་ནས་སུ།། དེ་ཡི་གཟུགས་ཀྱི་སྟེང་འདུག་ལ།། གང ་གི་མིང་སྨོས་ཉིན་བདུན་དུ།། བཟླས་བརྗོད་ལེགས་པར་བྱས་ན་ནི།། དེ་ནི་མྱུར་དུ་ཆོ་ག་འདིས།། བྲན་བཞིན་དུ་ནི་དབང་དུ་འགྱུར།། གཞག་གཅིག་སྨྱུང་བ་བྱས་པ་ཡིས།། དམངས་རིགས་དག ་ནི་དབང་དུ་འགྱུར།། ཞག་གཉིས་སྨྱུང་བ་དེ་བཞིན་དུ།། བཟླས་པ་རྗེའུ་རིགས་འདོད་པ་བཞིན།། ཞག་གསུམ་བྱས་པས་རྒྱལ་རིགས་ཏེ།། ཞག་བཞི་དག་གིས་བྲམ་ཟེ་དག་བཟླས་པའི་ཆོ་ག་བཞིན་བྱས ་མའདོད་པ་བཞིན་དུ་དབང་དུ་འགྱུར།། འབྲུ་དང་ཕུབ་མ་ཐམས་ཅད་ལས།། བུ་དང་བུ་མོ་གང་ཡང་རུང་།། དེ་བཞིམ་གཟུགས་བརྙར་བྱས་ན་ནི།། དམངས་རིགས་ལ་ནི་མཚན་གཅིག་གིས།། རབ་ཏུ་རྫ ་བ་བྱ་བར་འགྱུར།། རྗེའུ་རིགས་ལ་ནི་ཞག་གཉིས་ཀྱིས།། དེ་སྐད་ཙོག་པུར་འདུག་ནས་ནི།། དེ་བཞིན་མཛའ་དང་བྲལ་བར་བྱེད།། ཉིན་ཞག་གསུམ་དང་བནི་དག་གིས།། རྒྱལ་རིགས་དང་ནི་བྲམ་ཟེའོ།། ་ཇི་ལྟར་ཇི་སྐད་གསུངས་པ་ཡི།། ལས་ཀྱིས་བྱ་ཡི་གཞན་གྱིས་སྨིན།། གང་ཡང་རུང་བའི་གཟུགས་བརྙན་ནི།། དུར་ཁྲོད་སོལ་བས་ལེགས་པ་རུ།། སྔ་མ་བཞིན་དུ་ལེགས་པར་བྲི། དེ་ནས་སེང ་ལྡེང་ཕུར་བུ་ལ།། སྔགས་ཀྱིས་སྟོང་དུ་བཟླས་བྱས་ནས།། དེ་ཡི་འོག་ཏུ་ལུས་ལ་གདབ།། དགྲ་བོ་དེ་ཡི་མིང་སྨོས་ནས།། དྲི་ལ་ཁྲོས་མར་བྱས་ནས་སུ།། དེ་ནས་དེ་ཡི་སྙིང་ཁར་འདུག། ཕུར་བུ་བཏང ་སྟེ་བཟླས་བྱ་བ།། དེ་ཉིད་ལག་པས་བཟུང་ནས་སུ།། དུས་གསུམ་ཉི་མ་གསུམ་བྱས་ན།། དགྲ་བོ་གང་དུ་བཏབ་པ་དྲེར།། གཟེར་ཐབས་དྲག་པོས་བཏབ་ནས་སུ།། འགུལ་མི་ཕོད་པར ་ས་ལ་ལྟུང་།། འགྲ་བདུན་ལོན་ནུས་འཆི་བར་འགྱུར།། མ་མོའི་གནས་སུ་སོང་ནས་སུ།། ལཀ་པས་བེ་ཅོན་ཕྱག་རྔུ་བཅིང་།། ལག་པ་གཡོན་པའི་མཛུབ་མོ་ཡིས།། བསྡིགས་ཤིང་ཉིམ་ནུབ ་ནས་སུ།། ཁྲོས་ཤིང་དགྲ་ཡི་མིང་སྤྲོས་བཟླས།། དེ་ནས་དགྲ་བོ་མོ་བདོན་གྱིས།། ཟིན་ནས་སྤྱོད་པ་སྣ་ཚོགས་པས།། འཆི་བར་འགྱུར་བ་དག་ནི་བྱེད།། དེ་ནས་སྒྲུབ་པོས་ཞི་བ་ཡི།། ཚོགས་དེ་ལ་ཞི་བར་བྱ། ་མ་མོ་རྣམས་ཀྱི་མདུན་འདུག་ནས།། ཞི་བའི་ཆོ་ག་མཁས་པ་ཡིས།། དབང་པོ་བསྡམས་ཤིང་ཡིད་བདེ་བས།། ཉིན་ཞག་གསུམ་དུ་བཟླས་བྱས་ནས།། དེ་ནས་དེ་ལ་ལས་དེ་ཡི།། ཞི་བར་འགྱུར་བ་གདོན་མི་ཟ།། ཉི་མ་། ་ལ་ནི་མངོན་ཕྱོགས་ནས།། ལག་པས་དགྲ་བོའི་མགོ་བྱུག་ཅིང་།། དགྲ་ཡི་མིང་སྤོས་མནན་ནས་སུ།། ཉི་མ་ནུབ་ཏུ་བཟླས་བྱས་ན།། དེ་ཡི་ཀླད་པ་ན་འགྱུར་བ། ཚབས་ཆེན་ཤི་ལ་ཐུག་པར་འགྱུར།། དེ་ནས། ་ཐལ་མོ་སྦྱར་ནས་སུ།། ཉིན་པར་ཟློས་ཤིང་ཞི་བར་བྱ།། ས་སྟེངས་རྐང་པ་གཅིག་གིས་འདུག། ཉིན་པར་ལག་པ་གྱེན་དུ་བརྐྱང་།། ཅི་དགའ་ཁྲོས་ཤིང་བཟླས་བྱས ་པ། དགྲ་ཡི་མིང་སྨོས་ཅི་འདོད་པར།། ཉི་མ་ནུབ་ཀར་དེ་ནས་དགྲ།། མི་དགར་བ་དང་མྱོས་འགྱུར་ཏེ།། གཉེན་དང་མཛའ་བ་རྣམས་བོར་ཏེ།། དེ་ནས་གཞན་གྱི་གནས་སུ་འགྲོ།། དེ་ལ་འདིར་ནི་ཞི་བ་ལ། ་འོན་ཏེ་རྒྱས་པར་བྱ་འདོད་ན།། གཙང་སྦྲ་བྱས་ཏེ་གོས་དཀར་བགོས།། བདེ་ཞིང་བརྟན་པར་མ་གཡོས་པར།། མཆོད་པ་བཟང་པོ་བྱས་ནས་སུ།། དེ་བཞིན་གཤེགས་ལ་ཕྱག་འཚལ་ནས།། འོ་མ་བཏུང་ཞིང ་བཟླས་བྱས་པ།། ཞི་བར་འགྱུར་གྱི་བར་དུའོ།། དེ་ལྟར་འདི་ནི་སྣ་ཚོགས་པ།། སྦྱོར་བཅས་རྒྱས་པར་བཤད་པ་ཡིན།། རྟོག་པའི་ཆོ་ག་བཞིན་དུ་ནི།། མ་གསུངས་པ་ཡང་ལེགས་པར་སྒྲུབ།། ཁྲོ་བོ་རྣམ་པར ་རྒྱལ་བ་འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས། གསང་བའི་རྟོག་པར་གཏོགས་པ་གསུམ་པའོ།། །། དེ་ནས་གཞན་ཡང་བཟང་པོ་འདི།། ཧེ་ལའི་དཀྱིལ་འཁོར་རྒྱས་པ་ནི།། ་དེ་བས་བཟང་པོ་གཞན་མེད་པ།། ཇི་ལྟར་རིགས་པ་བཤད་པར་བྱ།། དང་པོར་ཧེ་ཞེས་གང་གསུངས་པ།། བསྐུལ་བའི་ས་བོན་ཐམས་ཅད་པའོ།། དེ་ནི་ལེན་དང་འཛིན་པ་སྟེ།། ལས་ལ་སྦྱར་དུ་བསྐུལ་བའོ།། ་དེ་བས་ཐོག་མར་བསྐུལ་བ་དང་།། དོན་བཞིན་དུ་ནི་བཟུང་བ་ལ།། ཁྲོ་བོ་ཡི་ནི་རྒྱལ་པོ་ཡི།། ཧེ་ལའི་དཀྱིལ་འཁོར་རིམ་བཞིན་བསྟན།། ཧེ་ཧེ་ཧ་ཧ་ཧཾ་ཧི་ཧི་ཧི་ཧ་ཧ་ཧེ་ཧེ་གཉིས་སྦྱར་བ།། ཁྲོ་ཆེན་ཚིག་གི་ཐོག་མར་སྦྱར། ་ཟུང་ཞིག་པ་ཡི་ཚིག་གཉིས་པའོ།། ཟུང་དྲུག་འཁོར་ལོའི་མཐའ་མར་དགོད།། མུ་ར་མ་རྩིབས་ཀྱི་མིག་རྣམས་སུ།། སྔགས་ལས་འབྱུང་བའི་རེ་རེའོ།། དོན་རྣམས་ཐམས་ཅད་སྒྲུབ་པར་འགྱུར།། ་བཅུ་གཉིས་དག་ཏུ་གསུངས་པའི་སྔགས།། གནས་སུ་ཇི་ལྟར་བཀོད་པ་དང་།། ཇི་ལྟར་སྤྲོས་ཤིང་གང་གནས་པ།། སོ་སོའི་ལས་ལ་སྦྱར་བར་བྱ།། དེ་ནས་འདི་དག་བཀོད་པ་དེ།། སྔགས་རྣམས་པ ་ཚུལ་བཞིན་བཤད།། དེའི་ནང་མུ་རན་གསུམ་པོ་དང་།། དབུས་ཀྱི་མུ་རན་བཟང་པོར་ལྡན།། མཐའ་ཡི་མུ་རན་དྲུག་པོ་དང་།། རྩིབས་ཀྱི་ཟུར་དྲུག་རབ་བཟང་བ།། རབ་དབེན་འདུ་འཛི་མེད་པའི་སར། ་ཆོག་བཞིན་དུ་ལེགས་བྲིས་ནས།། དེ་ཡི་གནས་སུ་སྦྱར་བ་དང་།། དེ་ཡི་གོ་རིམས་བཞིན་དུ་སྦྱར།། དེ་ཡི་ཚམ་རྔམ་གསལ་བ་ཡི།། སྔགས་རྣམས་འདི་ནི་བསྡུ་བར་བྱ།། དབུས་སུ་དེ་བཞིན་གཤེགས ་པ་ཡི།། སྙིང་པོ་མཚན་ནི་བརྗོད་པའི་མཆོག། བཞག་ནས་དེ་ཡི་གནས་དག་ལ།། སྔགས་ནི་གྲུབ་པར་བྱེད་པ་གཞག། མུ་རན་གཉིས་ལ་གནས་ནས་སུ།། ཁྲོ་བོའི་སྙིང་པོ་གཞག་པར་བྱ། ་དེ་ནི་ཁྲོ་བོའི་འབས་ཀྱིས་མནན།། དྲིལ་བུ་དཀྲོལ་བའི་སྒྲ་ཡང་བསྒྲགས།། ཁྲོ་བོའི་ཞབས་ཀྱིས་བཅགས་བྱས་པ།། རྩིབས་རྣམས་ཁྲོ་བོ་མཐུ་དང་ལྡན།། དབུས་སུ་སྙིང་པོ་དག་པར་ལྡན།། རབ་ཏུ་འདྲར ་རི་ངས་བྱས་པ།། མུ་རན་གསུམ་གྱི་བར་དུསྟེ།། ཐམས་ཅད་དོན་རྣམས་ཀུན་འགྲུབ་པའོ།། ཧེ་དེ་ག་ཅི་ཧི་ཧི་ཧི་ཧ་ཧ་ཤེ་ཏེ་གཉིས་སུ་གྱུར།། ཁྲོ་བོ་ཆེན་པོའི་ཚིག་དབུས་ནས།། ས་བོན་བཟུང་བའི ་ཕྱི་རོལ་གཞག། ཐོག་མར་བསྐུལ་བའི་ཚིག་རྣམས་དགོད།། ཁྲོ་བོ་དུ་མས་བརྟུལ་བསྐུལ་བ་སྟེ།། ཐམས་ཅད་ཀུན་ཏུ་དོན་རྣམས་ཀུན།། གྲུབ་པའི་ཕྱིར་ནི་དེ་ལ་གནས། ་དེ་ལྟར་འཁོར་ལོ་བྱས་པ་ཡི།། ཕྱི་ནས་བདུད་རྩི་འཁྱིལ་པ་གཞག། བསྐུལ་བའི་ཚིག་རྣམས་བཀོད་པའི་མཐའ།། ཁྲོ་བོ་གཞན་རྣམས་བཀོད་པར་བྱ།། དེ་ནས་གཞན་ཡང་རིམ་བཞིན་དུ།། ཁྲོ་བོ་ཆེན་པོ་དགོད ་པའི་ཕྱིར།། སྐུལ་བར་བྱེད་པ་བཅུ་གཉིས་པོ།། འདི་དག་ཚུལ་བཞིན་བཤད་པར་བྱ།། དང་པོ་ཁྲོ་བོ་རྒྱལ་པོས་གསུངས།། འབར་བའི་འཕྲེང་བ་ཆེ་ཞེས་བྱ།། རྡོ་རྗེ་མེ་ཡིས་རྒྱལ་པོར་གནག། རབ་ཏུ་དགའ་བའི་ཤུགས ་གཞག་གོ། རབ་ཏུ་དྲག་ཤུལ་སྟོབས་པོ་ཆེ།། རྒྱ་ཆེ་ཁྲོ་བོ་ལྔ་པ་ཡིས།། དྲུག་པ་གཞན་གྱིས་མི་ཐུབ་པ།། འཇིགས་པར་བྱེད་པ་ཞེས་བྱ་བ།། ཁྲོ་བོ་བདུན་པར་བྱེད་པ་ཡིན།། ཟུར་དུ་ཁྲོ་བོ་བརྒྱད་པོ་གྲགས། ་འཕོངས་པ་སྒྲོལ་བ་དེ་བཞིན་དགུ།། རབ་ཏུ་འཇོམས་པ་བཅུ་པ་ཡིན།། དེ་བཞིན་ཀཱི་ལི་ཀཱི་ལི་གཞག། ཀཱི་ལི་ཀཱི་ལི་ཆེན་པོ་དང་།། བཅུ་གཉིས་སུ་ནི་གསུངས་པ་ཡིན།། ཁྲོ་བོ་རབ་ཏུ་སྣང་བྱེད་པ། ་བཅུ་གཉིས་བགྲངས་པ་འདི་དག་ནི།། ཁྲོ་བོའི་རྒྱལ་པོ་ས་ཀུན་ཏུ་མནན།། ཐམས་ཅད་རིམ་པ་བཞིན་དུ་གསུངས།། འཁོར་ལོའི་ཕྱི་རོལ་གནས་པ་འཁོད།། འབར་ཞིང་དྲག་པོའི་མཐུ་དང་ལྡན། ་ཐམས་ཅད་བསྟན་ནས་འཁོད་པ་ནི།། ཁྲོ་བོ་ཆེན་པོ་སྣང་བྱེད་པ།། མཐུ་རྩལ་ཆེན་པོ་སྟོབས་སུ་ལྡན། ཀུན་ཀྱང་བདུད་རྩི་འཁྱིལ་པའོ།། ས་བོར་སྔ་མ་མཐའ་ཡས་རྣམས།། མུག་ཀྱང་དྲུག་དང ་ལྡན་པར་བྱ།། སེང་དུ་ཀླད་ཀྱི་འཁོར་གྱིས་མཚན།། ས་བློན་བདུད་རྩི་འཁྱིལ་པའོ།། དང་པོ་དཀྱིལ་འཁོར་ན་གནས་གཅིག་། ཚིག་དང་བཅས་པའི་དོན་ཀུན་ཐུག། རབ་ཏུ་འབར་བའི་སྔགས་ཀྱི་མཐབ། ་འབར་བའི་འཕྲེང་བ་ཅན་གྱིས་བསྒྲགས།། ས་བོན་གཉིན་པ་གང་ཡིན་པ།། ཚིག་དང་བཅས་པར་དེ་བཞིན་ནས།། རྡོ་རྗེ་མེ་རྒྱལ་ཞེས་བྱ་བ།། ཇོ་བོ་དོན་ཀུན་གྲུབ་བྱེད་པའོ།། དང་པོའི་ས་བོན ་གསུངས་པ་ཡང་།། སྔ་མ་བཞིན་དུ་ཚིག་དང་བཅས།། རབ་ཏུ་ཤུགས་དྲག་ཆེར་གྲགས་པ།། ཁྲོ་བོའི་རྒྱལ་པོ་ཁྲོ་བོར་སྣང་།། སྣང་བྱེད་ཁྲོ་བོའི་རིམ་པ་ལས།། ཚེག་དྲག་དེ་བཞིན་ཁྲོ་བོ་ཆེ། ་དེ་ནི་སྟོབས་པོ་ཆེ་ཞེས་གསུངས།། གཉིས་པའི་འཁོར་ལོ་ཆོ་ག་མཐའ་ཅན།། གང་གསུངས་ཁྲོ་བོ་རྒྱ་ཆེན་ནི།། དེ་ནི་སྙིང་པོར་གྲགས་པ་ཡང་།། མི་ཐུབ་གཙོ་བོའི་ཚིག་དང་བཅས།། དེ་ཡི་གསུམ ་པོ་ཚིག་བཅས་པ།། དེ་ཡང་དེ་བཞིན་བསྒྲགས་པ་ཡིན།། འཇིགས་པ་ཞེས་བྱ་རབ་ཏུ་ཆེ།། ཁྲོ་འདི་ཁྲོ་བོ་སྡང་བྱེད་པ།། རྒྱ་ཆེན་གྱི་ནི་རིམ་བཞིན་དུ།། བཞི་པ་ཡོངས་སུ་བསྒྲུབས་པ་ཡིན། ་ཚིག་བཅས་རབ་ཏུ་དྲག་པོ་ཉིད།། སུ་རུ་ཁྲོ་བོ་དེ་བཞིན་གཞག། དེ་ཡི་ས་བོན་ལྔ་པ་ཡིན།། འབར་བའི་འཕྲེང་ཆེན་ཞེས་བྱ་གང་།། ཆོག་དང་བཅས་པ་དེ་བཞིན་དུ།། ཁྲོ་བ་འཕོངས་པ ་གྲོལ་ཞེས་བྱའོ།། ལྔ་པོ་རྒྱ་ཆེན་ཉིད་ཡིན་ཏེ།། ཆོག་དང་བཅས་པར་བསྒྲགས་པའོ།། རབ་ཏུ་འཇོམས་པ་ཞེས་བསྒྲགས་པ།། ཁྲོ་བོ་ཁྲོ་བོ་སྡང་བྱེད་པའོ།། ས་བོན་སྔ་མ་མཐའ་མེད ་ལས་སྔ་མ་ཆོག་བཅས་དེ་བཞིན་གཞག་ཀཱི་ལི་ཀཱི་ལི་བྱ་བ་ཡི།། དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར།། དེ་བཞིན་དེ་ཡི་ས་བོན་ཉིད།། ཚེག་བཅུས་དེ་བཞིན། ་འདིར་བཤད་དོ།། ཀཱི་ལི་ཀཱི་ལི་ཆེན་པོ་དེ།། ཁྲོ་བོའི་ཁྲོ་བོ་སྣང་བྱེད་པའོ།། ཁྲོ་བོའི་རྒྱལ་པོ་དེ་དག་ནི།། ས་བོན་འདི་དག་རྣམས་ཀྱིས་བསྒྲགས།། ཁྲོ་བོའི་རྒྱལ་པོ་སྦྱོར་བ་ཡིས།། ར ་ཏུ་སྣང་བར་བྱེད་ཅེས་བསྒྲགས། ཁྲོ་བོའི་རྒྱལ་པོའི་འཁོར་ལོས་གནས།། གཤིན་རྗེ་གཤེད་པོ་ཡིན་པར་གསུངས།། དང་པོར་དེ་ནི་འཁོར་ལོ་བསྟར།། ཁྲོ་བོ་བདུད་རྩི་འཁྱིལ་པ་དང་།། ཁྲོ་བོའི་རྒྱལ ་པོ་དེ་ལས་གཞན།། ཁྲོ་བོའི་བདག་པོ་སྣང་བྱེད་པའོ།། དེ་ལྟར་ཁྲོ་བོ་གསུམ་པོ་དེ།། གང་དང་གང་དུ་རབ་སྦྱར་བ།། དེ་དང་དེ་རུ་སྔགས་རྣམས་ནི།། སྐུལ་བར་བྱེད་པས་དེ་བཞིན་བསྐུལ།། ཆོ་ག ་ཤེས་པས་ནན་ཏན་དུ།། གང་དང་གང་འདོད་བསྒྲུབ་པར་བྱ།། ཁྲོ་བོ་བསྒོམ་དང་ལྡན་པ་ཡིས།། ཧེ་ལའི་འཁོར་ལོ་ཡོངས་བསྒོམས་ནས།། དཀའ་ཞིང་སྒྲུབ་ཏུ་རང་མི་རུང་བ།། བརྟུལ་ཞུགས་ཧོམ ་དང་བཅས་ལ་སོགས།། དེ་ཡིས་དགོད་པ་མ་བྱས་ཀྱང་།། སྔགས་བཀོད་ཤེས་ན་སྒྲུབ་པའོ།། ཧེ་ལའི་འཁོར་ལོ་ཚུལ་ཤེས་པ།། དེ་ཡི་བཀའ་བ་མ་བྱས་ཀྱང་།། གདོན་མི་ཟ་བར་མྱུར་དུ་འགྲུབ། ་བརྟུལ་ཞུགས་ངོམ་དང་བསམ་གཏན་དང་།། ཇི་ལྟར་གསུངས་པའི་དཀའ་ཐུབ་དང་།། མངོན་པར་བརྩོན་ཞིང་དད་པའི་བདག་ལན་གྲངས་བཅུ་གཉིས་གང་བསྙེན་པ།། རྟོག་ལས་གསུངས་པའི་ལས ་རྣམས་བྱེད།། རབ་ཏུ་ཡ་མཚན་སྟོན་པའོ།། དེ་ལའི་འཁོར་ལོ་ཚུལ་ཤེས་པས།། རིང་པོར་མི་ཐོགས་བདེ་བ་ནི།། ཁྲོ་བོར་བསྒོམ་པ་དང་ལྡན་ཞིང་།། ཧེ་ལའི་འཁོར་ལོ་གནས་འདུག་ན།། ཁམ ་གསུམ་དག་ཀྱང་ལན་ཅིག་གིས། ཐོགས་མེད་མྱུར་དུ་གཡོས་པར་བྱེད།། དེ་བས་རབ་ཏུ་བསྒྲིམས་ནས་སུ།། ཁྲོ་བོ་བསྒོམ་པོ་སེམས་བྱས་ཏེ།། ཧེ་ལའི་འཁོར་ལོ་ལས་འབྱུང་སྔགས།། སྦྱོར་བ ་དག་གིས་གོམས་པར་བྱ།། ཁྲོ་བོ་རྣམ་པར་རྒྱལ་བ་ཡི།། རྟོག་པ་དང་པོར་གང་བསྒྲགས་པ།། དེ་ཡི་རྟོག་པ་གསང་བཤད་པ།། ཆོ་ག་འདི་ནི་གསང་བའི་མཆོག། ཁྲོ་བོ་འཁོར་ལོ་བསྒྲགས་པ་འདི།། ཆོ་ག་དེ ་བས་ཤིན་ཏུ་གསང་།། ཁྲོ་བོའི་འཁོར་ལོ་གསང་བཤད་པ།། རབ་ཏུ་སྣང་བྱེད་དེ་བས་ཀྱང་།། ཧེ་ལའི་འཁོར་ལོ་བསྒྲགས་པ་འདི།། རབ་ཏུ་གསང་བའི་མཆོག་ཡིན་ཏེ།། རྟོག་པ་འདི་དག་ཐམས་ཅད་ཀྱི། ་རབ་ཏུ་གསང་བ་བཤད་པ་ཡིན།། རྟོག་པ་རབ་ཏུ་གསང་བ་ནི།། འདི་དག་རྣམ་པ་ཀུན་ལ་ཡང་།། ཧེ་ལའི་འཁོར་ལོ་འདྲ་བ་ཡི།། འཁོར་ལོ་མ་བྱུང་ཕྱིས་མི་འབྱུང་།། གང་ཞིག་འདི་ཡི་དོན་ཐོས་ནས།། ་ཁྲོ་བོའི་གྲུབ་པ་སྒོམ་བྱེད་ན།། དེ་ཡིས་འབད་པ་མ་བྱས་ཀྱང་།། འཇིག་རྟེན་ན་ནི་སྦུབ་དཀའ་མེད།། ཧེ་ལའི་འཁོར་ལོའི་གནས་ལ་ནི།། ཇི་ལྟར་འདོད་པར་གནས་ནས་སུ།། ཁྲོ་བོ་བསྒོམ་དང་རབ་ལྡན ་པས། ཁྲོ་བོའི་གཟུགས་སུ་གནས་ནས་སུ།། རྩེ་གཅིག་ཏུ་ཡང་ཚིག་གི་མཆོག། སྒྲུབ་པ་མཆོག་ནི་སྦྱིན་པར་བྱེད།། ཐོགས་པ་མེད་པར་འཇམ་དཔལ་མཐོང་།། ཇི་ལྟར་རིག་པའི་དོན་བཞིན་དུའོ།། ་ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་ལས། གསང་བའི་རྟོག་པར་གཏོགས་པ་སྡེ་བཞི་པའོ།། ཁྲོ་བོ་ཆེན་པོའི་ཚིག་གི་མཐར།། སྐུལ་ཅིག་ཅེས་བྱའི་ཚིས ་གཉིས་གཞག། སྐུལ་ཅིག་ཅེས་པའི་ཚིག་གཉིས་མཐར།། ཁྲོ་བོ་བདུད་རྩི་འཁྱིལ་པའོ།། ཁྲོ་བོ་ཆེན་པོ་འཕྲེང་བ་དང་།། བདུད་རྩི་འཁྱིལ་པ་འདི་ཡི་མཐར།། ཀུན་ཏུ་དང་པོ་གཡོ་བ་དང་། ་སྔགས་ཤེས་ཚམ་རྔམ་མཛེས་པ་ཡིས།། ཧེ་ལའི་འཁོར་ལོ་ལ་གནས་ཏེ། དང་པོ་གནས་སུ་འདུག་ནས་སུ། བེ་ཅོན་ཕྱག་རྒྱ་ལན་ཅིག་བཅིང་།། དེ་ནས་ཁྲོ་བོའི་སྔགས་བཟླས་པ།། སྔགས་པ་འགྲེ ་སྟེ་འདུག་པ་ནི།། རྐང་པ་གཉིས་ནི་བསྒྱུར་བ་དང་།། ཁྲོ་བོ་བསྒོམ་པ་འདི་ལ་ནི།། སེམས་ནི་རབ་ཏུ་ཤེས་བྱས་ནས།། ས་འདི་རབ་ཏུ་གཡོས་པ་འམ།། རི་དག་གཡོ་བོའི་བར་དུའོ།། དེ་ནས་འཁོར་ལོ་སྒྲུབ་པ ་ཡིས།། གཉིས་པའི་གནས་ལ་སོང་ནས་སུ།། ཁྲོ་བོ་ཆེན་པོའི་ཚིག་མཐར་གནས།། སྒོམས་ཤིག་ཅེས་པར་དབང་བསྐུར་རོ།། དེ་ཚིག་ཐོག་མར་བཀོད་ནས་ནི།། དེ་ཡི་མཐརའ་མར་བདུད་རྩི་འཁྱིག། ་བཞིན་བདུད་རྩི་འཁྱིལ་བའི་མཐར།། རྡོ་རྗེ་མེ་ཡི་རྒྱལ་པོའི་སྔགས།། རབ་ཏུ་གཡོ་བ་མཛེས་པ་དང་། ཙམ་རྔམ་གསལ་བ་དག་ལ་གནས། བེ་ཅོན་ཕྱག་རྒྱ་བཅིངས་ནས་ནི།། ཟོ་བོ་བསྒོམས་པས ་སྔགས་བཟླས་སོ།། རབ་ཏུ་སྦྱོར་བའི་ཐབས་འདི་ནི།། མཚོ་དང་རྫིང་ཆེན་ཀྲུང་ཆེན་རྣམས།། ཟོས་པས་མྱུར་དུ་སེམས་པར་བྱེད།། འབབ་ཆུ་དག་ཀྱང་གྱེན་དུ་འབེབ།། ཁྲོ་བོ་མཐུ་ཆེན་གནོན་ལྡན་པ། ་སྔགས་ཀྱི་ཡི་གེ་དགོད་པར་བྱ།། རྩིབས་རྣམས་རིམ་པས་ཀུན་མནར་པ།། གཉིས་པོ་དེ་ལས་འཕོས་ནས་སུ།། དེ་ནས་གསུམ་པའི་གནས་ལ་འདུག། མཐུ་རྩལ་ལྡན་པས་རིམ་པར་མནན།། ཁྲོ་བོ། ་ཆེར་པོའི་ཚིག་གི་མཐར།། སྐྲད་པར་བྱོས་ཞེས་ཚིག་གཉིས་བསྐུལ།། དེ་ནི་སྔ་མ་བཞིན་བཀོད་ནས།། དེ་ཡི་ཐ་མར་བདུད་རྩི་འཁྱིལ།། ཁྲོ་བོ་བདུད་རྩི་འཁྱིལ་པའི་མཐར།། རབ་ཏུ་དྲག་པོའི་ཤུགས་གཞག་གོ།། ་རྣམ་པར་སྐྲག་བྱེད་གསལ་བ་ཡིས།། ཁྲོ་བོ་ཚམ་རྔམ་བསྙེན་པར་གནས།། གླང་པོ་མྱོས་པའི་ཤུགས་ཅན་དག། མངོན་དུ་འོང་བར་གྱུར་ན་ཡང་།། དེ་མ་ཐག་ཏུ་སྐྲག་པར་བྱེད།། མྱོས་པའི་ཤུགས ་ཀྱང་རབ་ཏུ་དོར།། སླད་དུ་ལོག་པར་ཕན་ཚུན་དུ།། བསྐོར་ཞིང་མི་དགའ་བཞིན་དུ་འགྲོ།། གླང་པོའི་རྒྱལ་པོ་དེ་མྱོས་ཤིང་།། བདེ་བ་མ་ཐོབ་བབས་པར་འགྱུར།། སྒྲུབ་པ་ཁྲོ་བོ་སྒོམ་པ་ཡི།། ་གའི་ཚུལ་ནི་དེ་བཞིན་ནོ།། ཧེ་ལའི་འཁོར་ལོ་ཞེས་བྱ་བའི།། བཞི་པའི་གནས་ལ་འདུག་ནས་ཀྱང་།། ཁྲོ་བོ་ཆེན་པོའི་ཚིག་གི་མཐར།། ནོན་ཅིག་ཅེས་པའི་ཚིག་གཉིས་བསྐུལ།། དེ་ནས་ཆོ་ག་སྔར ་བཤད་པས།། བདུད་རྩི་འཁྱིལ་པ་གཞག་པར་བྱ།། བདུད་རྩི་འཁྱིལ་པ་དེ་ཡི་མཐར།། ཁྲོ་བོ་ཆེན་པོ་སྟོབས་ཆེན་གཞག། ཀུན་ཏུ་སྡོམ་པ་མཛེས་པ་ཡི།། ཚམ་རྔམ་གྱིས་ནི་མི་གཡོར་མནན།། ་དཔུང་ངམ་ཡང་ན་གླང་པོ་འམ།། གྲུ་འམ་ཡང་ན་ཤིང་རྟ་འམ།། རྟ་དང་རྔ་མོ་ལུག་ལ་སོགས།། ཁྲོ་བོ་བསྒོམས་པའི་ཚུལ་བཞིར་བྱས།། སྦྱོར་བ་དེ་ལ་གནས་ནས་ནི།། རབ་ཏུ་མན་པ་བྱས ་པར་འགྱུར།། དེ་ནས་ཧེ་ལ་ཞེས་བྱ་བའི།། འཁོར་ལོ་ལྔ་པ་ལ་གནས་ནས།། ཁྲོ་བོ་ཆེན་པོའི་ཚིག་གི་མཐར།། དཀྲུགས་ཤིག་དཀྲུགས་ཤིག་ཚིག་གཉིས་གཞག། ཁྲོ་བོ་བདུད་རྩི ་འཁྱིལ་པ་ཡང་།། མཐའ་ཡི་ཚིག་གི་གནས་སུ་གཞག་ཁྲོ་བོ་རྒྱ་ཆེན་ཞེས་བྱ་བ།། རབ་ཏུ་འབར་བར་གྱུར་པར་བྱ།། ཁྲོ་བོ་བདུད་རྩི་འཁྱིལ་པ་ཡང་།། རབ་ཏུ་འཁྲུག་པར་ཞེས་བྱ་བའི།། ཚམ་རྔམ་མཆོག་གིས ་མྱུར་དུ་ནི།། དགྲ་ཡི་དཔུང་རྣམས་ཕན་ཚུན་དུ། རབ་ཏུ་རྣམ་པར་དཀྲུག་པར་བྱ།། དེ་ནས་ཧེ་ལའི་འཁོར་ལོ་ཡི།། རིམ་པ་དྲུག་ལ་གནས་ནས་ནི།། ཁྲོ་བོ་ཆེན་པོའི་ཚིག་གི་མཐར།། རྨོངས་པར ་གྱུར་ཅེས་ཚིག་གཉིས་བསྐུལ།། ཁྲོ་བོ་བདུད་རྩི་འཁྱིལ་པ་ཡང་། ཚིག་གི་ཐ་མར་ཀུན་ཏུ་གཞག། ཁྲོ་བོ་གཞན་གྱིས་མི་ཐུབ་པ།། ཆོ་གྲ་སྔ་མ་བཞིན་དུ་བསྐུལ།། རྨོངས་པར་བྱེད་པའི་ཚམ་རྔམ ་གྱིས། ཆོ་ག་བཞིན་དུ་རབ་བསྐུལ་ནས།། རི་མོ་དག་ལ་གནས་པ་བཞིན།། འགྲོ་བ་མྱུར་དུ་རྨོངས་པར་འགྱུར།། དེ་ནས་ཧེ་ལའི་འཁོར་ལོ་འདི།། རིམ་བདུན་པ་ལ་གནས་ནས་སུ།། ཁྲོ་བོ ་ཆེན་པོའི་ཚིག་གི་མཐར། སྒྲོགས་ཤིག་སྒྲོགས་ཤིག་ཚིག་གཉིས་གཞག། ཁྲོ་བོ་འཛིན་པར་བྱེད་པ་ཡིས།། བདུད་རྩི་འཁྱིལ་པ་སྐུལ་བར་བྱེད།། འཇིགས་པར་གྱུར་པའི་སྒྲ་སྒྲོག་པ།། ཁྲོ་བནི ་ཚམ་རྫམ་གྱུར་བར་ནི། དུས་མིན་པར་ཡང་ལྗིན་གྱིས་ཁེབས།། དེ་ནས་འདོད་བཉིན་ཆར་པ་འབེབ།། དེ་ནས་ཧེ་ལའི་འཁོར་ལོ་ཡི།། རྩིབས་ཀྱི་རིམ་པ་བརྒྱད་པ་ལ།། གནས་ནས་འདིར་ནི་རྫ་མ ་བཞིན།། ཁྲོ་བོ་ཆེར་པོའི་ཚིག་གི་མཐར།། ཧི་ཧིས་བོན་གཉིས་བཞག་ནས།། དེ་ཡི་འོག་ཏུ་བདུད་རྩི་འཁྱིལ།། ཁྲོ་བོ་ཟུར་དུ་དེ་བཞིན་དུ།། བདུད་རྩི་འཁྱིལ་པའི་ཐ་མར་གཞག་། ཁྲོ་བོ་ཚོམ་རྔམ་ལ ་གདུངས་པ། ཁ་ཅོག་ཅེས་བྱ་བ་མྱུར་བར་ནི།། རྐང་པ་ལ་གཅིག་གདངས་པའི་སྐབས།། སེང་དང་སེར་བ་རྡུང་ས་མོགས། དུས་པམ་ཡང་ན་དུས་མིན་པར།། སྲུབ་པོ་ཁྲོ་བོ་འཅོམས་པ་ཡིས།། ་ཁྲོ་བོའི་སྔགས་ཀྱི་ཚུལ་བཞིན་དུ།། སྭ་ཡི་སྟེང་དུ་འབེབས་པར་བྱེད།། སེ་ལའི་འཁོར་ལོ་གནས་བརྒྱད་པོ།། སྒྲུབ་པ་ཡི་ནི་སར་བོར་ནས།། ཁྲོ་ཞོའི་ས་བོན་ཚིག་གསལ་བ།། དགུ་པ་བཟང་པོ་ལ་གནས་ཏེ། ་ཁྲོ་བོ་ཆེན་པོ་ཚིག་གི་མཐར།། སྤོངས་ཤིག་པ་ཡི་ཆོག་གཉིས་བསྐུལ།། ཁྲོ་བོ་བདུད་རྩི་འཁྱིལ་པ་ཡི།། ཐ་མར་འཕོངས་པ་སྒྲོལ་བ་གཞག། ཁྲོ་བ་བསྒོམས་པས་མཛེས་པ་ཡི།། ཙམ་རྔམ ་གསལ་བ་བྱས་ནས་ནི།། ཁྲོ་བོ་གཤིན་རྗེ་གཤེད་པོ་བཟླས།། ཁྲོ་བོ་ཉིད་ཀྱི་ཚིག་གིས་གསཔ།། ཧཱུཾ་ཞེས་བྱ་བ་བཟང་པོ་ཡིས།། ཁྲོ་བོ་དངོས་པོར་བསྒོམས་ནས་ནི།། ཤིང་གི་རྩེ་དང་ཡལ་ག་དབུག། ཡང ་ན་ཤིང་རྟེན་རྩ་ནས་འབྱིན།། མེ་ཏོག་འབྲས་བུ་ཀློག་པ་འམ།། ཡང་ན་འདོད་བཞིན་གཡོ་བར་བྱེད།། ལྗོན་ཤིང་ཆེན་པོ་རྣམས་ཀྱང་ནི།། ཇི་ལྟར་འདོད་པར་མི་གཡོར་འགྱུར།། ཧེ་ལ་ཞེས་བྱའི ་འཁོར་ལོ་ཡི།། རྩིབས་ནི་བཅུ་པ་ལ་གནས་ནས། ཁྲོ་བོ་ཆེན་པོའི་ཚིག་གི་མཐར།། རློམས་ཤིག་ཅེས་པའི་ཚིག་གཉིས་བསྐུལ།། ཁྲོ་བོ་ཆེན་པོ་རབ་འཇོམས་པ། ཁྲོ་བོ་བདུད་རྩི་འཁྱིལ ་པའི་མཐར། སྔ་མ་བཞིན་དུ་གཞག་པར་བྱ། འཇིགས་པར་བྱེད་པའི་ཚམ་རྔམ་བྱེད།། རི་ཆེན་དག་གི་རྩེ་མོ་དང་།། སྒོ་དང་ལྕགས་སྒྲོག་རྣམས་ཀྱི་ནི། ་བོའི་རྒྱལ་པོར་སྔོན་བཞིན་དུ།། བསྒོམས་ར་རབ་མཆོག་གྲུབ་བྱེད་པ། དེ་ལ་ཡི་ནི་འཁོར་ལོ་ཡི།། རྩིབས་ནི་བཅུ་གཅིག་ལ་གནས་ཏེ།། ཁྲོ་བོ་ཆེན་པོའི་ཚིག་གི་མཐར།། སྙིལ་ཅིག་ཅེས་པའི་ཚིག་གིས། ་བསྐུལ།། ཁྲོ་བོ་ཀཱི་ལི་ཀཱི་ལཱ་ཡང་།། བདུད་རྩི་འཁྱིལ་པ་བསྐུལ་བྱ་བ།། ཚིག་གི་བླ་མར་གནས་པ་སྟེ།། ཆོ་ག་བཞིན་དུ་བཤ་པ་བཞིན། ཀཱི་ལི་ཀཱི་ལ་ཞེས་བྱ་བ།། ཙམ་རྔམ་མཆོག ་ལ་དེ་བཞིན་གནས།། བེ་ཅོན་གྱི་ནི་ཕྱག་རྒྱ་ཅིངས།། གཤིན་རྗེ་གཤེད་པོ་བསྒོམས་པ་ནི།། རིན་ཆེན་རྩ་བ་བརྟན་པ་ཡང་།། རྩེ་མོ་ནས་ཀྱང་སྙིལ་བར་བྱེད།། ཡང་ན་རི་ཀར་སྐྱེ་བ་ཡི།། བརྟན་པའི ་ཤིང་རྣམས་འགྱེལ་བར་བྱེད།། དེ་ནས་ཧེ་ལའི་འཁོར་ལོ་ཡི།། བཅུ་གཉིས་པ་ཡི་རྩིབས་ལ་གནས།། ཁྲོ་བོ་ཆེན་པོའི་ཚིག་གི་མཐར།། ཞུགས་ཤིག་ཅེས་པའི་ཚིག་གིས་བསྐུལ།། བསྐུལ་ནས་དེ་ཡི་ཐ་མ ་ནི་བདུད་རྩི་འཁྱིལ་པ་གཞག་པར་བྱ།། ཁྲོ་ཆེན་ཀཱི་ལི་ཀཱི་ལ་ཡང་།། དེ་ཡི་ཐ་མར་གཞག་པར་བྱ།། ཀཱི་ལི་ཀཱི་ལ་ཆེན་པོ་ཞེས།། བྱ་བའི་ཚམ་རྔམ་དེ་བཞིན་བྱ། བེ་ཅོན་ཕྱག་རྒྱ་བཅིངས་ནས་སུ།། ་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད།། ཡིད་ལ་རབ་ཏུ་གོམས་བྱས་ན། རྩིག་པ་ཤིང་སྐམ་རྡོ་ལ་སོགས།། བབས་ན་ཕྱུང་སྟེ་ནམ་མཁར་གནས།། ནམ་མཁའ་ལ་ནི་བྱུང་ནས་ཀྱང་།། འདོད་པ ་བཞིན་དུ་ལྟུང་བར་བྱེད།། འདི་ནི་རང་བྱུང་ངོ་མཚར་ལ།། འདི་ནི་དུས་གསུམ་སྔོན་དུ་བྱུང་།། སྤྱོད་པ་གཞན་ཡང་སྔ་མ་བཞིན།། ཁྲོ་བོ་བསྒོམས་པས་བྱེད་པར་གསུངས།། ཧེ་ལའི་འདོད ་ལོ་དགོད་པ་ནི།། རབ་ཏུ་གསང་བ་ཡིན་པར་བཤད།། གསང་དང་བཅས་ཤིང་སྦྱོར་བཅས་པ།། ཤེས་ན་དངོས་གྲུབ་ཐོབ་པར་འགྱུར།། དེ་ནས་གཞན་ཡང་རི་རིགས་པར།། ཚམ་རྔམ་བཅུ་གཉིས ་སྦྱོར་བ་དག། མདོ་དང་རྒྱས་པའི་ཚུལ་དག་གིས།། ད་ནི་རབ་ཏུ་བཤད་པར་བྱ།། ཀུན་ཏུ་གཡོ་བ་དང་པོ་ཡིན།། དེ་བཞིན་རབ་ཏུ་གཡོ་བར་བཤད།། སྐྲག་པར་བྱེད་པ་གསུམ་པ་སྟེ། ་བཞི་པ་ཀུན་ཏུ་སྡོམ་པར་བྱེད།། རབ་ཏུ་འཁྲུག་ཅེས་བྱ་བ་ལྔ།། རྨོངས་པར་བྱེད་པ་དེ་བཞིན་དྲུག། མྱུར་བ་ཙམ་རྔ་མ་དེ་ལ་གནས།། ཁ་གདངས་པ་ནི་བརྒྱད་པར་བཤད།། མཛེས་ཞེས ་བྱང་དགུ་པ་སྟེ། འཇིགས་པར་བྱེད་པ་བཅུ་པ་ཡིན།། ཀཱི་ལི་ཀཱི་ལ་ཞེས་བྱ་དང་།། ཀྵི་ལི་ཀཱི་ལེ་ཆེན་པོ་ཡི།། ཁྲོ་བོ་ཚོམ་ཛམ་བཅུ་གཉིས་སོ།། འདི་དག་རིམ་བཞིན་བཤད་པ་ཡིན།། ཐོག ་མར་བསྡིགས་པའི་རིམ་པ་ཡིན།། བེ་ཅོན་ཕྱག་རྒྱ་ལྡན་པར་བྱ།། ཕྱི་ནས་རང་གཟུགས་ཇི་བཞིན་དུ།། སྔགས་པ་དག་གིས་ཤེས་པར་བྱ།། རང་གི་གཟུགས་ཀྱང་རང་གནས་པ།། བསྡིགས ་ཤིང་ཚམ་རྔབ་བྱེད་ལ་སོགས།། སྐྲག་པར་བྱེད་པའི་ཁ་ནི་ཟབ།། ཁྲོ་བོའི་ལྟ་བ་གདོང་འགྱུར་བ།། རྐང་པ་འགྱེད་པར་བཞག་པ་དག། ཚམ་རྔམ་མཚན་ཉིད་བཤད་པ་ཡིན།། རྐང་པ་ཡ ་གཅིག་མྱུར་དུ་གཞག། གདོང་དང་ནུ་མཇིང་ཡོན་པོ་བྱས།། ཁྲོ་གཉེར་འཇིགས་པ་བྱེད་པར་བསྙེར།། གཡོན་པ་མཛུབ་མོ་གཅིག་གིས་བསྡིགས།། ཚམ་རྔས ་བྱེད་ཅིང་བེ་ཅོན་གདེངས།། གདོང་དང་བདྨ་དང་རྐང་པ་གཡོན།། ཀུན་ཏུ་གཡོ་ཞེས་ཟླ་བ་སྟེ།། ཇོ་བོ་ཚམ་རྔམ་བསྙེམས་དང་བཅས།། ཀུན་ཏུ་གཡོ་བའི་རིམ་གསུངས་ལ།། རབ་ཏུ་གཡོ་ཞེས ་བ་ནི། ཅུང་ཟད་དུ་ནི་དབུས་དམན་པའོ།། རབ་ཏུ་གཡོ་བ་བརྟག་པར་བྱ།། དེ་བཞིན་དཔུང་པ་བརྐྱང་བ་དང་།། རྐང་པ་གཡོན་པ་གདངས་པ་དང་།། ལག་གཉིས་དྲུག་ཏུ་རྡོབ་པ་ནི།། དེ་བཞིན ་སྐྲག་པར་བྱེད་པར་བཤད།། བེ་ཅོན་ལ་ནི་ལྟ་བར་གཏད།། རྐང་པ་གཡས་པ་གསལ་བར་གྱུར།། དེ་ནི་ཀུན་ཏུ་སྡོམ་པར་བཤད།། གཡོན་པའི་མཛུབ་མོས་བསྡིགས་པར་བྱ།། དཔུང་པ ་གདེངས་པ་གཡོན་བཞིན་དུ།། མིག་ནི་མཛུབ་མོ་གཅིག་ལ་གཏད།། རྐང་པ་གཡས་པ་ཕྱར་བ་ནི།། ཀུན་ཏུ་འཁྲུག་པ་ཞེས་བྱའོ།། རྐང་པ་གཡོན་པ་གདངས་བྱས་ཏེ།། གཡོན་ཕྱོགས་སུ ་ནི་ཕྱར་ཞིང་བསྐོར།། དཔུང་པ་བརྐྱང་བའི་བེ་ཅོན་གདེངས། བསྡིགས་པ་གཅིག་ཏུ་རྨོངས་པར་བྱེད།། མྱུར་དུ་ཚམ་རྔམ་ཞེས་བྱ་བ།། དེ་ཉིད་དཔུང་བརྔུབས་བསྡིགས་པའོ།། དེ་ཉིད་ལས་ནི ་ཁ་གདངས་པ།། ཁ་གདངས་པ་ཞེས་བསྒྲགས་པ་ཡིན།། སྲན་དང་བཅས་ལ་བཞི་ནི་བསྐོར།། མཐུ་རྩལ་ཆེ་བའི་སྟབས་སུ་སྩོལ།། མཆུ་ཡི་མཐའ་མ་སོ་ཡིས་མནན།། ལག་པ་བྱར ་ཏེ་སྡིགས་པར་བྱེད། བསྙེམས་དང་བཙས་ཤིང་སྒྲ་ཡང་འབྱིན།། འཇིགས་པར་བྱེད་པའི་སྐྱེ་བ་སྤགས་པའི།། ཙམ་རྔ་མ་ལེག་པར་བཤད་པ་ནི།། མཛེས་པའི་ཁྲོ་བོས་གནོན་པའོ།། བཅན། ་ཐབས་སུ་ནི་བསྐོར་བར་བྱ།། རྐང་པ་གཡས་པ་བཙུགས་ཏེ་མནན།། ལག་པ་གཉིས་ཀ་དྲ་བ་རྡོབ་པ།། བྱས་ནས་འཇིགས་པར་བྱ་བ་ནི།། དེ་བཞིན་བསྙེམས་དང་བཅས་བཤད་པ།། ཚམ་རྔམ ་བདག་ཉིད་ཆེན་པོ་འདྲི།། འཇིགས་པར་བྱེད་པ་ཞེས་བྱ་སྟེ།། རྟག་ཏུ་ཁྲོ་བོ་སྒོམ་པའོ།། རྐང་པ་མཉམ་པར་བཞག་སྟེ་འདུག། གཡས་པ་ཅུང་ཟད་མཐོ་བར་བྱ།། དཔྲལ་དང་ལྡན་པས་གཡོན་པ་སྤད།། ་གཡོན་པ་སོར་མོ་གཅིག་ནི་བསྡིགས།། དཔུང་པ་བཏེག་སྟ་བེ་ཅོན་འཕྱར།། རྐང་པ་དང་ནི་གདོང་བསྒྱུར་བ།། རྟག་ཏུ་ཁྲོ་བོ་སྐེམ་པ་ནི།། ཀཱི་ལི་ཀཱི་ལ་ཞེས་བྱའོ།། ཀཱི་ལི་ཀཱི་ལ་ཆེན་པོ་ནི།། དེ་ཉིད་ལས ་ནི་རྒྱབ་ཏུ་བལྟ།། ཁྲོ་བོ་མིག་ནི་ཡ་གཅིག་བཙུམས།། མྱུར་དུ་མཆོད་སྟབས་བྱེད་པའོ།། འདི་ནི་ཚམ་རྔམ་སྦྱོར་བ་སྟེ།། ཧེ་ལའི་འཁོར་ལོ་རྩིབས་རིམ་ལས།། མདོར་ནི་ཇི་ལྟར་དགོད་པ་དག། ལེགས ་པར་བཤད་པ་འདི་ཡིན་ནོ།། ཧེ་ལའི་འཁོར་ལོའི་མཐུ་སྔགས་དང་།། ཚམ་རྔ་མ་གཡས་ཀྱི་མཐུ་དགའ་ཡིས།། ལས་རྣམས་རབ་ཏུ་ངོ་མཚར་བ།། ཇི་སྐད་གསུངས་པའི་ལས་རྣམས་བྱའོ།། བསྒྲུབ་པ་དེ ་དག་གསང་རྒྱུད་དང་།། ཧེ་ལའི་འཁོར་ལོ་འདི་ཤེས་ན།། ཁྲོ་བོ་དངོས་དང་གཅིག་འགྱུར་བས།། ཁྲོ་བོའི་སྐད་དུ་སྤྱོད་པར་འགྱུར།། རྟོག་པ་འདི་ནི་གསང་བར་བཅས།། གསང་བའི་སྙིང་པོའི་མཆོག་ཏུ་བ། ་ཁྲོ་བོའི་རྒྱལ་པོའི་རྟོག་འདི་ལས།། མཆོག་ཏུ་གྱུར་པ་གཞན་མེད་དོ།། ཁྲོ་བོ་རྣམ་པར་རྒྱལ་བ་ལས།། རྟོག་པ་ཕྱི་མའི་ཕྱི་མ་འདི།། རབ་ཏུ་གསང་བ་ཞེས་བྱ་བ།། ཐོས་ནས་གས། ་བའི་དོན་བསྒོམས་པས།། ལྔ་དེ་ཐམས་ཅད་ཡི་རང་ནས།། ཁྲོ་བོ་མཆོག་ལ་ཕྱག་འཚལ་ཏེ།། རབ་ཏུ་དགའ་བའི་མཆོག་ཏུ་གྱུར།། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་པོ་ལ་རྗེས་སུ་ཡི་རང ་བའི་ལེའུ་མེ་ཉི་ཤུ་རྩ་གཅིག་པའོ།། ཇོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ་གསང་བའི་རྒྱུང་རྫོགས་སོ།། ་