| Wylie | e-texts produced with BDRC’s OCR application |
ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་ནུས་ཏེ་གཏན་ལ་ཕབ་པའོ།། རྒྱ་གར་སྐད་དུ། སིདྡྷི་ཨེ་ཀ་ཝཱ་རེ་མཧཱ་ཏནྡ་རཱ་ཛ་ནཱ་མ། བོད་སྐད་དུ། དཔའ ་ཁོ་གཅིག་ཏུ་གྲུབ་པ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། དཔའ་བོ་གཅིག་གྲུབ་དཔའ་བོའི་གཙོ།། རབ ་མཆོག་སྨྲས་པ་རྣམས་ཀྱི་མཆོག། འགྲོ་བའི་བླ་མ་འཇམ་རྡོ་རྗེས།། འཇིག་རྟེན་དོན་དུ་རྒྱུད་རབ་གསུངས།། ལྷ་ཉིད་གསང་སྔགས་ཚུལ་གྱིས་ནི།། དངོས་གྲུབ་ཐམས་ཅད་སྩོལ་མཛད་པ།། སྔགས ་པས་དེ་ཉིད་བསྒོམས་ནས་ནི།། དེ་གྲུབ་ན་ནི་དགྲུབ་འགྱུར།། སྔགས་པ་ལུ་ས་ནི་རྣམ་དག་དང་།། གང་ཚེ་དངོས་གྲུབ་ཕྲ་མོ་གྲུག། སྣོད་དུ་གྱུར་པའི་ལུས་མས་ནི།། དངོས་གྲུབ་ཆེན་པོ་རབ་ཏུ་སྐྱེས།། རིམ ་པ་འདི་ཡིས་འདི་ལ་ནི།། ས་ལ་སོགས་པ་ཐོབ་པ་སྐྱེ།། སྔགས་པ་ཡིད་བཞིན་ནོར་བུ་ལྟར།། རྟག་ཏུ་སེམས་ཅན་དོན་བྱེད་དོ།། དེ་ལྟར་མཁྱེན་ནས་ཐུགས་རྗེས་ནོན།། རྡོ་རྗེ་འཆང་སོགས་ཀྱིས་ཞུས་ཚེ།། ་གྲུབ་པའི་གསང་སྔགས་གསུངས་པ་ནི།། འགྲོ་བའི་དོན་དུ་གསུངས་པ་ཡིན།། ཨོཾ་ཀ་ལེ་མུ་ལེ་ལུ་ཀཱ་ལུ་མི་ལུ་སྟམྦྷ་ཡ་ལཱ་བཪྵ་ཏུཥཱ་རཾ་ཙ་ལུཙྪ་ཨི་ལུ་ཙྪ་ཨ་སྭཱ་ཧཱ། གསང་སྔགས་ཀྱི་རྒྱལ་པོ་འདི་ལེགས། ་པར་བཟླས་ན་སེར་བ་གཅོད་པར་བྱེད་དོ།། དྲན་པ་ཉིད་དང་ཐལ་བ་ལ་མངོན་པར་བཟླས་པ་སེར་བ་འབབ་པ་གཅོད་པར་འགྱུར་ཞིང་གང་དུ་འདོད་པ་དར་འགྲོའོ།། དེ་བཞིན་དུ་གློག་དང་། རླུང་དང་། རྡོ་རྗེ་དང་། ་མིག་འབབ་པ་ལ་སོགས་པ་མེད་པར་བྱེད་དོ།། ཨོཾ་གདུའ་ཙས་ཏེ་ཙལ་ཙལ་སཱཧཱ། སྔགས་ཀྱི་རྒྱལ་པོ་འདི་ཅན་པ་ཚད་ནི་སང་པ་འཁོབ་པ་ཐོག་པར་བྱེད་དོ།། དེ་རྒྱས་ཀྱིས་རང་ཐ་ཧམ་བྲིས་ཤིས་སས། ་ལ་མངོན་པར་བཟླས་པའི་ཛ་པཊ་ཧའི་སྒྲས་སེར་བ་རྫོག་པར་བྱེད་དོ།། དེ་བཞིན་དུ་དུང་ལ་སོགས་པའི་སྒྲས་ཀྱང་བྱའོ།། ཨོཾ་ཧེ་ཧེ་ཏིཥྛ། བནྡྷ། དྷཱ་ར་ཡ། ནི་རུ་དྷ། དེ་བ་ད་ཏ་ཨུརྡྷ་མ་ཎི་སྭཱཧཱ། གསང་། ་སྔགས་ཀྱི་ཆོ་ག་འདི་སྔོན་དུ་བསྙེན་པའི་ཚིགས་འབུམ་ཕྲག་གཅིག་ཡོངས་སུ་བཟླས་ན་འགྲུབ་པར་འགྱུར་རོ།། གློག་དང་། རླུང་དང་། རྡོ་རྗེ་དང་། ཐོག་འབབ་པ་ལ་སོགས་པ་དྲན་པ་ཙམ་ཉིད་ཀྱིས ་ཟློག་པར་བྱེད་དོ།། ཆར་ཆེས་པ་ལ་ཐལ་བ་དང་ཆུངས་ཀར་ལ་མངོན་པར་བཟླས་ན་ཆར་ཆེས་པ་གཅོད་པ་དང་། བྱིས་པ་དང་། སྤང་མ་ལ་སོགས་པའི་མཆུ་འཆིང་བར་བྱེད་དོ།། སྐྱེད་མོས་ཚལ་ལམ ་ནིང་ལ་བྱ་དང་། འབུ་སྲིན་དང་། བྱི་བ་རྣམས་ཀྱིས་ཉེ་བར་འཚེ་བ་ཟློག་པར་བྱེད་དོ།། དུར་ཁྲོད་ཀྱི་རས་ལ་མིང་དང་བཅས་པའི་སྔགས་བྲིས་ལ་སྤྲ་ཚིལ་གྱིས་གཏུམས་ཏེ་དུད་ཁྲོད་ཀྱི་བུམ་པར་བཅུག ་ནས་ཁ་བཅད་དེ་དེ་ཉིད་དུ་སྦས་པས་མངལ་རེངས་པར་བྱེད་དོ།། ཕྱུང་ནས་འོ་མ་དང་ཆུས་བཀྲུས་ཏེ་ཆུང་བོ་བས་ཞི་བར་འགྱུར་རོ།། ཡུང་བ་འམ་བ་ཟས་གྲོ་ག་འམ། གོས་སམ། ལོ་མ་ལ་མངོན་པར ་བྲིས་ཏེ་སྤྲ་ཚིལ་གྱི་ནང་དུ་གཏུམས་པའི་སྔགས་འདི་གྲོག་མཁར་གྱི་ས་ལ་འཇིགས་བྱེད་ཀྱི་གཟུགས་སུ་བྱས་པ་དེའི་སྙིང་ཁར་བཅུག་སྟེ་ཐལ་བས་བཀང་ནས་སྦས་ན་རྒོལ་བ་དང་ཕྱིར་རྒོལ་བའི་ཁ་རེངས ་པར་བྱེད་དོ།། རྩོད་སྦྱོང་བྱེད་པ་ན་གཟུགས་དེ་ཉིད་ཀྱི་ལྕེ་ལ་ལན་བདུན་མངོན་པར་བསྔགས་པའི་ཚེར་མ་བདུན་གྱིས་བཙུགས་ན་ཁ་བཅིངས་པར་འགྱུར་རོ།། རྡོ་རྒྱུས་ཀྱིས་ཁམ་པོར་ལ་བྲིས་ཏེ་ཐལ་བས་ཁ ་མྱུར་དུ་བྱས་ཏེ་ཟས་ན་ནི་མི་སྨད་པར་སྨྲ་བའི་ཁ་རེངས་པར་བྱེད་དོ།། རྫ་མཁན་གྱི་ལག་པ་བྱིས་པའི་འཇིམ་པ་ལ་མུག་གི་གཟུགས་བྱས་པའི་སྙིང་ཁང་ལྔ་ཚུཚལ་གྱིས་གཏུམས་པ། ་སྔགས་བཅུ་གར་ཁྲོ་བའི་ཁ་རོངས་པར་བྱེད་དོ།། སྐེ་འམ་དཔུང་པ་ལ་བཏགས་ན་གཡུལ་ངོགས་ཀྱི་མཚོན་ཆའི་དཔལ་ཞི་བར་བྱེད་དོ།། གྲོག་མཁར་གྱི་འཇིབ་ལས་བྱས་པའི་ཚིགས་ཀྱི་བདག་པོའི ་རྐང་པའི་མཐིལ་དུ་སྔགས་ཀྱི་རྒྱལ་པོ་བཅུག་སྟེ་བཞི་མདོར་སྦས་ན་འགྲོ་བ་དང་འོང་བ་ཐམས་ཅད་རེངས་པར་བྱེད་དོ།། བརྟག་པ་བྱེད་པ་ཐམས་ཅད་རེངས་པར་བྱེད་དོ།། གྲོ་ག་འམ་གོས་ལ་སྔགས་ཀྱི ་རྒྱལ་པོ་འདི་བྲིས་ལ་སྤྲ་ཚིལ་གྱིས་གཏུམས་ཏེ་དེ་ཉིད་ཀྱི་ཁོང་པར་བཅུག་ལ་བུམ་པ་གསར་པ་ཆུས་བཀང་བའི་ནང་དུ་བཅུག་ན་ཡོངས་སུ་བརྟག་པ་རེངས་པར་བྱེད་དོ།། བླ་གོས་ཀྱི་མཐའ་མ་ལ་སྔགས ་རྗེས་སུ་དྲན་ཞིང་མདུད་པ་བཅིངས་པས་ལམ་དུ་རྐུན་པོ་ལ་སོགས་པ་རེངས་པར་བྱེད་ཅིང་། ནགས་ཀྱི་བ་མེན་ལ་སོགས་པརྭ་ཅན་རྣམས་དང་མཆེ་བ་ཅན་རྣམས་རེངས་པར་བྱེད་དོ།། གྱོ་མོ་ལ་ལན ་བདུན་པ་ཟློས་ཏེ་ཆུར་བཅུག་ན་ཆུན་གནས་པ་རྣམས་ཁ་བཅིངས་པར་བྱེད་དོ།། དུར་ཁྲོད་ཀྱི་རས་ལ་ཕ་རོལ་གྱི་དཔུང་གི་ཚོགས་ཀྱི་གཙོ་བོའི་མིང་སྨོས་པའི་སྔགས་སྣ་ཚོགས་རྡོ་རྗེའི་དབུས་སུ་བྲིས་པ ་སྣ་ཚོགས་རྡོ་རྗེའི་ཕྱི་རོལ་དུ་ཡི་གེ་ལཾ་བརྒྱད་བྲིས་ཤིང་ཕྱི་རོལ་དབང་ཆེན་གྱི་དཀྱིལ་འཁོར་དང་ལྡན་པ་བྲིས་ཏེ། ཕྱོགས་རྡོ་རྗེས་རྒྱན་པའི་སྤྲ་ཚིལ་གྱིས་ཚོགས་ཀྱི་བདག་པོའི་ཁོང་པར་བཅུག་པའི་སྔགས ་ཕ་རོལ་གྱི་དཔུང་གི་ཚོགས་ཀྱི་མཚམས་སུ་བཅུ་གན་དཔུང་གི་ཚིགས་རེངས་པར་བྱེད་དོ།། སྔགས་གཉིས་ཀྱི་ཁ་སྦྱོར་དུ་བཅུག་ལ་ཡི་གེ་ཐ་ཟུང་གིས་ཡོངས་སུ་བསྐོར་བའི་ཕྱི་རོལ་དུ་ཡི་གེ་ལཾ་བརྒྱད། ་ཀྱིས་བསྐོར་བ་དབང་ཆེན་གྱི་དཀྱིལ་འཁོར་གྱིས་ནོན་པ། སྣ་ཚོགས་རྡོ་རྗེས་ཉེ་བར་མཛེས་པར་བྱས་པ། གྲོག་མཁར་གྱི་འཇི་བ་ལས་བྱས་པའི་ཚོགས་ཀྱི་བདག་པོའི་ཁོང་པར་བཅུག་ནས་དུར་ཁྲོད ་ཀྱི་བུམ་པའི་ནང་དུ་བཅུག་སྟེ་དུར་ཁྲོད་དུ་སྦས་པའམ། ཕུ་བ་མའི་སྦྱིན་སྲེག་གིས་ཕ་རོལ་གྱི་དཔུང་གི་ཚེགས་རེངས་པར་བྱེད་དོ།། མེ་ལ་མངོན་དུ་ཕྱོགས་ཤིང་སྔགས་འདིས་མངོན་པར་བསྔགས ་བའི་ཆུ་སྙིམ་པ་བདུན་རབ་ཏུ་གཏོར་ན་ཁྱིམ་གང་སྲུང་བར་འདོད་པའི་ཁྱིམ་དེ་སྲུང་བར་བྱེད་དོ།། ཐལ་བས་སྲུང་བར་བྱེད་དོ།། ཐལ་བས་བཅིངས་པས་སྐྱུགས་པ་ལྡོག་པར་བྱེད་དོ།། མཐེའུ་ཆུང ་གི་རྩེ་དམ་དུ་བཅིར་ལ་སྔགས་བརྗོད་པས་སྐྱིགས་བུ་མེད་པར་བྱེད་དོ།། ཐལ་བ་ལ་མངོན་པར་བསྔགས་པས་མིག་རེངས་པར་བྱེད་དོ།། འབྲུམ་བུ་ལ་སོགས་པ་རྣམ་པར་འཚེ་བ་ལ་བྱང་བུ་ལ་བྲིས་ཏེ ་ཁྱིམ་གང་གི་སྒོར་བཏགས་པའི་ཁྱིམ་དེར་འབྲུམ་བུ་ལ་སོགས་པའི་རྣམ་པར་འཚེ་བ་ཟློག་པར་བྱེད་དོ།། ཉ་དང་། ཤ་དང་། ཆང་དང་། འབྲས་ཆན་ལ་སོགས་པ་སྦྱིན་པར་འགྱུར་བ་ལས་གྲོང་གི ་ཕྱི་རོལ་གྱི་ཆར་གཏོར་མ་ཆེན་པོ་གཏང་བར་བྱ་བ་འམ། ཡམ་ཤིང་ལྔ་དང་། འབྲུ་ལྔའི་བྱེ་བྲག་མར་ལ་བཏགས་པས་གྲོང་གི་དབུས་སུ་ནི་བའི་ཐབ་ཁུང་དུ་བྱས་ལ་སྦྱིན་སྲེག་བྱས་ན་བདུད་དང་རྣམ་པར ་འཚེ་བ་ཐམས་ཅད་རེངས་པར་བྱེད་དོ།། གང་འགའ་ཞིག་ལ་གྲོང་ལ་སོགས་པ་འབྱིན་པར་འགྱུར་བ་ལ་བཟླས་པ་ཙམ་གྱིས་ཟློག་པར་བྱེད་དོ།། རྟག་ཏུ་བཟས་ན་ལྷ་དང་། ལྷ། ་མ་ཡིན་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མི་མཐོང་བར་འགྱུར་རོ།། དཔལ་རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་དུས་སུ་བདུད་བཞི་ལས་རྒྱལ་བར་བྱ་བའི་ཕྱིར་སྔགས ་ཀྱི་རྒྱལ་པོ་འདི་མཛོད་སྲུ་ལས་བྱུང་བའི་མཛོད་སྤུའི་ནོར་བུ་ཞེས་བྱ་བར་རབ་ཏུ་གྲགས་པ་ཡིན་ནོ།། གཤག་མ་ལ་མངོན་པར་བསྔགས་ཏེ་གཏོང་བས་སྦྲུལ་དག་འབྱེར་བར་བྱེད་དོ།། རྩིག་ངོས་ལ་རྡོ་རྒྱུས ་ལ་མངོན་པར་བསྔགས་པས་ཟིས་ན་སྦྲུལ་གྱིས་ནོན་པར་མི་འགྱུར་རོ།། ཡང་སྔགས་རྡོ་ལེབ་ལ་གཟོང་བུས་བརྐོས་ཏེ་བྲིས་པ་སྲས་ན་རི་དགས་དང་སྦྲུལ་གདུག་པ་རྣམས་ཁྱིམ་མམ། གྲོང་ངམ། གྲོང ་ཁྱེར་དུ་ཇི་སྲིད་འདོད་ཀྱི་བར་དུ་མཆེ་བ་འཆིང་བར་བྱེད་དོ།། ཕྱུང་བས་གྲོལ་བར་འགྱུར་རོ།། སྔགས་འདིས་བསྒྲུབས་སུ་ཟིན་ནའང་ལས་ཐམས་ཅད་བྱེད་པར་འགྱུར་རོ།། གཤག་མ་ལ་སོགས་པ ་ལ་ཡོངས་སུ་བཟླས་ཏེ་གཏོར་ན་མཆེ་བ་ཅན་ཐམས་ཅད་ཀྱི་མཆེ་བ་འཆིང་བར་བྱེད་དོ།། དེ་དབང་ཆེར་གྱི་དཀྱིལ་འཁོར་གྱིས་ཁྱབ་པའི་སྣ་ཚོགས་རྡོ་རྗེའི་དབུས་སུ་བསྒྲུབ་པར་བྱ་བའི་མིང་དང་བཅས ་པའི་སྔགས་ཐམས་ཅད་བྲི་བར་བྱའོ།། དུར་ཁྲོད་ཀྱི་རོ་བསྲེགས་པའི་ཤིང་གི་ཕུང་བུ་ལ་ལན་བདུན་མངོན་པར་བསྔགས་པའི་སྒོའི་སྟེང་དུ་སྦས་ན་སྐྱེད་ཀྱིས་འཚེ་བ་ཐམས་ཅད་ཀྱི་སྐྱེད་མེད་པར ་བྱེད་དོ།། ཕྱུང་བས་གྲོལ་བར་འགྱུར་རོ།། ཨོཾ་ནི་ཧེ་ནི་ཙྪ་ལེ་ཨ་བྷ་ཡ་བྷ་ཡཾ་ཀ་རི་ཨེ་ཙུ་ལེ་མུ་ཤ་མ་ཡ་ཌ་ཨི་ཛ་ཧ་ཡེ་ལུ་ཨཱ་ག་ས་པ་ཀེ་ར་ཏེ་ཨི་ཨ་ཏུམྦཱ་རི་ཁི་ཝ་མོ་ཧིན་དྷཾ་བི་ཛ་ཀཱ་རཾ་ཛ་ཧིཿཀ་རེ་ཎི་ཧི་\ུ0f7f\ུ0f7f ་སྭཱཧཱ། སྔགས་ཀྱི་རྒྱལ་པོ་འདིས་སྡང་སྨོས་པའི་ལས་རྣམས་མ་བསྒྲུབས་སུ་ཟིན་ཀྱང་བྱེད་པར་འགྱུར་རོ།། དེ་ལས་གནོན་པ་མངོན་པར་འདོད་པའི་ལས་ཐམས་ཅད་བྱེད་པ་ཐེ་ཙོམ་མེད་དོ།། ལན་ཚྭ་དང ་སྐེ་ཚྭའི་སྦྱིན་སྲེག་གམ་ཕུག་མའི་སྦྱིན་སྲེག་གིས་ཕ་རོལ་གྱི་དཔུང་གི་ཚོགས་རྣམས་འབྱེར་བར་བྱེད་དོ།། ཨོཾ་ཨཾ་བྷཱ་ཤིམྦྷ་ཀཔྤ་སུ་ཇོ་མེ་བེ་དུཔྲཱ་སུ། སྔགས་ཀྱི་རྒྱལ་པོ་འདི་མ་བསྒྲུབས་སུ་ཟིད ་ཀྱང་རྟག་ཏུ་བཟླས་ན་འཇིགས་པ་ཐམས་ཅད་ཟློག་པར་བྱེད་དོ།། རྡོ་རྗེ་ཆུའི་ཐིག་ལེས་དགྲ་པོ་ཐམས་ཅད་རྨོངས་པར་བྱེད་ཅིང་ཁྲོ་བ་རབ་ཏུ་དང་བར་བྱེད་དོ།། བཅིངས་པ་ལ་བཟླས་ན་བཅིངས་པ ་གྲོལ་བར་བྱེད་དོ།། འཕོངས་པས་འགྱུར་བས་བཟླས་ན་རྙེད་པ་འགྲུབ་པར་འགྱུར་རོ།། ཨེ་ཤོན་ཐི་ཏོ་ཧུ་ལུ་ཧུ་ཛྭ་ལ་ཛཱ་ཏྭེ་ཧུ་ལུ་རུ་ཏྲེ་བ་པྲ་ཏི་རཱཙྪ་ཏུ་ཧུ་ལུ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདིས་འཐབ་པ་དང ་འཐབ་མོ་དང་། རྣམ་པར་རྩོད་པ་ཐམས་ཅད་ལ་བཟླས་པ་བྱས་ན་ནི་བར་འགྱུར་རོ།། ཕུག་མའི་སྦྱིན་སྲེག་གོས་ཀྱང་ཐམས་ཅད་དུ་ཞི་བར་འགྱུར་རོ།། ཇི་ལྟར་རྙེད་པའི་མེ་ཏོག་ལ་བཟླས་ཏེ་ཆུ་ལ་བསྐུར་ན་ཐམ ་ཅད་དུ་ཞི་བར་འགྱུར་ཞིང་རྣམ་པར་རྒྱལ་བ་ཐོབ་པར་ཐེ་ཙོམ་མེད་དོ།། གྲོང་ཁྱེར་འཚིག་པའི་མེ་ལ་མངོན་པར་ཕྱོགས་ཏེ་འདུག་ལ་མངོན་པར་བསྔགས་པའི་རྭ་སྙིམ་པ་བདུན་ཁྱིམ་གང་སྲུང་བར་འདོད ་པའི་ཁྱིམ་དེ་སྲུང་བར་བྱེད་ཅིང་མེས་འཚིགས་པའི་མེའི་ཁ་ལས་ཐར་པར་བྱེད་དོ།། རྐང་གཉིས་དང་རྐང་བཞིའི་མཆེ་བ་ལ་ཕུབ་མའི་སྦྱིན་སྲེག་གིས་ནི་བར་བྱེད་དོ།། ཨོཾ་པདྨེད་པཿ། ་ཨ་ཀྵེ་པདྨ་སུ་བྷ་གེ་ཕུཿ། སྔགས་ཀྱི་རྒྱལ་པོ་འདི་ཐལ་བ་ལ་བཟླས་ཏེ་བསྐུས་པས་མིག་གསོས་པར་འགྱུར་རོ།། བྱབས་པས་མིག་རེངས་པར་བྱེད་དོ།། ལན་བདུན་མངོན་པར་བསྔགས་པའི་མིག་གིས ་ཁྲོས་པ་མཐོང་མ་ཐག་ཏུ་རབ་ཏུ་དང་བར་བྱེད་དོ།། ལན་བདུན་མངོན་པར་བསྔགས་པའི་ཆུས་གདོང་བཀྲུས་ན་སྐྱེ་བོ་ཐམས་ཅད་དགའ་བར་བྱེད་དོ།། རྩིག་པ་ལ་མིང་སྨོས་པའི་སྔགས་རྡོ་རྒྱས་ཀྱིས་བྲིས་ནམིག ་གི་ནད་ཐམས་ཅད་འཇོམས་པར་བྱེད་དོ།། དབེན་པར་འདུག་སྡེ་སེམས་རྗེ་གཅིག་པས་སྐྱེས་བུའི་མིག་གཉི་སུལ་མངོན་པར་བསྔགས་པ་བྱས་ན། གང་གི་ཚེ་གཡོན་པ་འགུལ་བར་གྱུར་པ་དེའི་ཚེ་བ་སམས་པའི ་དངོས་པོ་འགྲུབ་པར་སྟོན་པ་ཡིན་ནོ།། གཡས་པ་འགུལ་བར་བྱེད་ན་མི་དགེ་བའི་དགོས་པ་སྟོན་པར་བྱེད་དོ།། ཨོཾ་མོ་ཙ་ནི་མོ་ཙ་ཡ་མོ་ཀྵ་ཎི་མོ་ཀཱ་ཡ་ཛི་བཾ་བ་ར་དེ་སྭཱ་ཧཱ། འདི་མངོན་པར་བསྔགས་པའི་ཏིལ་མ ་གྱིས་བུད་མེད་ཀྱི་སྐྱེ་བའི་སྒོ་ལ་བསྐུས་ན་སྦྲུམ་མ་བདེ་བར་བཅས་པར་བྱེད་དོ།། བཅིངས་པ་ལ་ཕྱོགས་པར་བྱེད་པས་ལན་བདུན་མངོན་པར་བསྔགས་པའི་རྭ་སྙིམ་པ་བདུན་མངོན་པར་གཏོར་བ་དུས་གསུམ་དུ་བྱས ་པས་བཅིངས་པ་རྣམས་གྲོལ་བར་བྱེད་དོ།། གུར་ཀུམ་མ་མགིའུ་ཝང་གིས་གྲོ་ག་ལ་མངོན་པར་བྲིས་ཏེ་བཅིངས་པའི་མགོ་བོ་ལ་མངོན་པར་བཏགས་ན་བཅིངས་པ་ལས་མངོན་པར་གྲོལ་བར་བྱེད་དོ།། ཨོཾ་ཧ་རི་མ་ཀ། ་ཊ་ནཱ་མ་ས་ཧ་སཧཱ་སྲ་བཱ་ཧུད་དེ་བ་དཏ་ཏཾ་བི་དྷ་རཱ་མོཀྵཱ་ཡ་སྭཱ་ཧཱ། རྡོ་རྒྱུས་ལ་མངོན་པར་བསྔགས་པས་སའི་སྟེང་དུ་ཡང་དང་ཡང་དུ་བྲིས་ཏེ་ལུགས་ལས་བཟློག་པས་ཕྱིས་ནས་བཅིངས་པ་ལས་གྲོལ་བར་བྱེད་དོ།། ་ལོ་མ་ལ་མིང་དང་སྔགས་སུ་བཅས་ཏེ་མངོན་པར་བྲིས་ཏེ་མགོ་བ་ལ་བཏག་སན་བཅིངས་པ་ཐམས་ཅད་ལས་གྲོམ་བར་འགྱུར་རོ།། ཨོཾ་ཏཱ་དི་ཎི་ཏྟཱར་ཡ་མོ་ཚ་མོ་ཙ་ས་མོ་ཀཱ་ནི་མོ་ཀཱ་ཡ་ཛཾ་བ་པར་དེ་སྭཱ་ཧཱ། སྔགས། ་ཀྱི་རྒྱལ་པོ་འདི་ལེགས་པར་བཟླས་ན་ལས་ཐམས་ཅད་བྱེད་པར་འགྱུར་ཞིང་། ལན་བདུན་མངོན་པར་བསྔགས་པའི་ཏིལ་མར་གྱིས་སྐྱེ་བའི་སྒོ་ལ་བསྐུས་ན་སྒྲུབ་མ་བདེ་བར་བཙའ་བར་འགྱུར་རོ།། ལན་བདུ ་མངོན་པར་བསྔགས་པའི་ཆུ་འཐུངས་ན་མངལ་འཁྱིམས་པ་བདེ་བར་བཅའ་བར་བྱེད་དོ།། རྟག་ཏུ་བཟླས་ད་བདག་དང་གཞན་འཆིང་བ་ལས་ཐར་པར་བྱེད་དོ།། སྐེ་འམ་དཔུང་པ་ལ་སྲུང་བ་བཏགས་པས་སྡིག ་པ་ཐམས་ཅད་ལས་སྲུང་བར་བྱེད་དོ།། ཨོཾ་ཏཱ་རེ་ཏུདྡྷཱ་རེ་ཏུ་རེ་མོ་ཀཱ་ཡ་ཛ~ཾ་བཾ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདིས་སྔར་སྨོས་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ།། གུར་དཀུམ་གྱིས་གྲོ་ག་ལ་གང་གི་མིང་སྨོས་པ ་སྔགས་མངོན་པར་བྲིས་པ་ལ་སྤྲ་ཚིལ་དུ་གཏུམས་ཏེ་དྲི་ཆུས་བཀང་བའི་བུམ་པ་རས་གསར་པའི་ནང་དུ་བཅུག་སྟེ། མེ་ཏོག་དྲི་ཞིམ་པོ་ལ་སོགས་པས་དུས་གསུམ་དུ་མཆོད་པ་བྱས་ན་འཐབ་པ་དང ་འཐབ་མོ་དང་། རྩོད་པ་ཐམས་ཅད་ལས་རྣམ་པར་རྒྱལ་བར་འགྱུར་རོ།། གུར་ཀུམ་གྱིས་གྲོ་ག་ལ་གང་གི་མིང་སྨོས་པ། ཨོཾ་ཨེ་རཎ་ར་སྱ་བ་ནེ་ཀཱ་ཀོ་རཾ་གཱ་ཏཱི་ར་མུ་ཡ་སྠི་ཏཿ། ཡི་བ་ཏུ་དུ་ཏ། ཡཱ་ནི་ཡ་བི་ཤ་ལྱཱ་བྷ་བ ་ཧུ་གུརྦ་ཎཱི། ལན་བདུར་མངོན་པར་བསྔགས་པའི་རྒྱུ་ཁྱོར་པ་གསུམ་པོ་ཉང་འོངས་པས་འཐུངས་ན་སྦྲུམ་མ་བདེ་བར་བཙའ་བར་བྱེད་དོ།། ཨོཾ་ཨ་མ་ར་ཎཱི་ཛཱི་བནྡྷི་ཡེ་སྭཱ་ཧཱ། སྔགས་ཀྱི ་རྒྱལ་པོ་འདི་ལེགས་པར་བཟླས་ན་ལས་ཐམས་ཅད་བྱེད་པར་འགྱུར་རོ།། མངོན་པར་བསྔགས་པའི་རྒྱུ་འཐུངས་ན་འབྲུམ་བུ་འོང་བར་མི་འགྱུར་རོ།། ལུས་ལས་སྐྱེས་པའི་དུག་མི་བཟད་པ་དང་། ་སྤྲེའུའི་དྲུག་མི་བཟད་པ་དང་། སྦྲུལ་གདུག་པ་ལ་སོགས་པའི་རྨལ་ཡུང་བ་དང་། ཨ་རུ་ར་དང་། རུ་རྟ་ལ་སོགས་པ་ལ་ཡོངས་སུ་བཟླས་ཏེ་བསྐུལ་ན་རང་བཞིན་དུ་གནས་པར་འགྱུར་རོ།། ནད་དང་རྣམ ་པར་འཚོ་བ་ཐམས་ཅད་ལ་སྔགས་བདུད་བཅིངས་པས་ཞི་བར་བྱེད་དོ།། རྟག་ཏུ་བཟླས་ན་ཚེ་ཟད་པ་ལོ་བརྒྱ་པར་འགྱུར་རོ།། མར་དང་ཏིལ་མར་གྱི་སྦྱིན་སྲེག་གིས་ཐམས་ཅད་ཞི་བར་བྱེད་དོ།། མངོན་པ ་བསྔགས་པའི་སྨན་གྱི་བཏུང་བ་ཐམས་ཅད་ལས་ཐར་པར་བྱེད་དོ།། ལན་བརྒྱར་བཀྲུས་པའི་མང་ལ་མངོན་པར་བསྔགས་པས་ན་བའི་ཡན་ལག་ལ་བསྐུས་ན་རང་བཞིན་དུ་གནས་པར་འགྱུར་རོ།། འགེ ་པའི་ནད་ལ་ཏིལ་མང་ལ་བསྔགས་ཏེ་བསྐུས་པས་རང་བཞིན་དུ་གནས་པར་འགྱུར་རོ།། གདུག་པའི་རྨལ་ཚུ་ལ་བསྔགས་ནས་གཏོང་བས་སོས་པར་འགྱུར་རོ།། སྨན་ནད་ལ་བེ་དང་ལ་སོགས་པ ་མཚོན་གྱིས་གཏུབས་ན་སི་ཧ་སྟ་བཅད་པར་འགྱུར་རོ།། ནིར་ཀུན་དི་དང་རིམ་པའི་རྩ་བ་རྨ་བྱའི་མཇུག་སྒོ་དང་བཅས་པ་གཅིག་ཏུ་སྦྱར་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་དུད་པས་བདུགས ་ན་རིམས་ཉིད་གཅིག་པ་དང་། རིམས་ཉིད་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་པནི་པ་ལ་སོགས་པ་སེལ་བར་བྱེད་ཅིང་། རྟ་འབྱུང་པོ་དང་། གཟ་དང་། ཚངས་པ་སྲིན་པོ་ལ་སོགས་པ་སེ། ་བར་བྱེད་དོ།། བུད་མེད་བུ་ཤི་བས་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་བུམ་པས་ཁྲུས་བྱས་ན་བུ་གསོན་པོ་དང་ལྡན་པར་འགྱུར་རོ།། གྲོ་ག་ལ་བྲིས་པའི་སྔགས་སྐེའམ་དཔུང་པ་ལ་བཏགས་ན ་མངལ་སྲུང་བར་བྱེད་དོ།། སྔགས་རྗེས་སུ་དྲན་པས་གཡུལ་ངོགས་སུ་འཇུག་ན་རྒྱལ་བ་བརྙེས་པར་འགྱུར་ཞིང་བྱབས་པས་ནད་ཐམས་ཅད་སེལ་བར་བྱེད་དོ།། ཨོཾ་པ་ད་ཙ་ལ་ནེ་སྭཱ་ཧཱ། སྔགས་ཀྱི ་རྒྱལ་པོའང་སྔོན་དུ་བསྙེན་པའི་ཆོ་གས་ལེགས་པར་བསྒྲུབས་པས་ལས་ཐམས་ཅད་བྱེད་པར་འགྱུར་རོ།། ཕོ་ལ་མིག་གི་འཇིགས་པས་མངོན་པར་བསྔགས་པའི་ཆུ་འཐུངས་ན་པོ་ལ་མིག་མེད་པར ་འགྱུར་རོ།། བྱང་བུ་ལ་བྲིས་ཏེ་སྒོལ་བཏགས་པས་བོ་ལ་མིག་མེད་པར་འགྱུར་རོ།། འདི་ནི་འཚེ་བ་ཐམས་ཅད་ལ་མར་ལ་བཏགས་པའི་ཏིལ་གྱིས་སྦྱིན་སྲེག་ནི་གྲུང་བ་ཆེན་པོ་ཡིན་ནོ།། ཁྭའི་གློ་ལག ་བས་བཟུང་སྟེ་བཟླས་པ་ཁྲི་བྱས་པ་གང་གིས་ཁང་པའི་སྟེང་ངོས་སུ་སྦས་པས་དེ་འབྱེར་བར་བྱེད་དོ།། ཨོཾ་པི་ཤཱ་ཙི་པཎྜ་ཤ་ཝ་རི་སརྦོ་བ་དྲ་བ་ནཱ་ཤ་མཱི་སྭཱ་ཧཱ། རིག་པ་ཆེན་མོ་འདིམ་བསྒྲུབས་སུ ་ཟིན་ཀྱང་རྐང་གཉིས་དང་། རྐང་བཞི་པ་ཐམས་ཅད་ཀྱིས་རྣམ་པར་འཚེ་བ་སེལ་བར་བྱེད་ཅིང་ལས་ཐམས་ཅད་བྱེད་པར་འགྱུར། སྦྱིན་སྲེག་གམ། བཟླས་པའམ། ཁྲུས་སམ། སྔགས ་མདུད་དམ། མངོན་པར་བསྔགས་པའི་ཆུ་འཐུངས་པ་འམ། བྱ་བས་ན་ནད་ཐམས་ཅད་སེལ་བར་བྱེད་དོ།། གྲོ་ག་ལ་གུ་ཀུམ་གྱིས་བྲིས་པའི་སྔགས་སྐེའམ་དཔུང་པ་ལ་བ་། ་རྩོད་སྐྱོང་མས་རྒྱལ་བ་ཐོབ་ཅིང་རིམས་ཉིན་བཞི་པ་ལ་སོགས་པ་མི་བབད་པ་ལས་ཟང་བར་འགྱུར་རོ།། སྲིན་པོ་ལ་སོགས་པའི་འཇིགས་པ་སེལ་བར་བྱེད་ཅིང་འཐབ་པ་དང་། འཁྲུག་པ་དང་། ་རྗོད་པ་དག་ལས་རྒྱལ་བ་སྒྲུབ་པར་བྱེད་དོ།། སྟག་དང་། ཆུ་སྲིན་དང་། ལྟོ་འཕྱེ་ཆེན་པོ་དང་། ཀུན་པོ་ལ་སོགས་པས་མི་མཐོང་ཞིང་རྟག་ཏུ་བཟླས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། ་ཨོཾ་ཨཱརྱ་ཏྲི་ཏཱ་ཡ་ཨ་མུ་ཀ་སྱ་ཛཀྵུ་སྟམྦྷ་ཡ་ཐཿཛཿསྭཱཧཱ། གང་ལ་མིག་ན་བར་གྱུར་པ་དེ་ལ་རྩིག་པ་འམ་སྤང་ལེ་བ་ལ་རྡོ་རྒྱུས་ཀྱིས་ཚེས་བྲིས་ལ་ཡི་གེ་ཨོཾ་ཁ་སྦྱང་གསུམ་གསུམ་བྱའོ།། ཨོཾ་ཙཿ ་མ་ཧཱ་རྀ་ལཿཧཱུ~ཾ་ཕཊ། སྔགས་ཀྱི་རྒྱལ་པོ་འདི་ལན་ཅིག་བཟླས་པས་སྡིག་པ་ཐམས་ཅད་ལས་སྲུང་བར་བྱེད་དོ།། འབྱུང་པོ་ལ་སོགས་པའི་གདོན་གྱི་འཇིགས་པ་ལ་ཚུངས་ཀར་གྱིས་བརྡེགས ་པས་གདོན་ཐམས་ཅད་འབྱེད་བར་བྱེད་དོ།། ཁམ་ཕོར་ལ་རྡོ་རྒྱུས་ཀྱིས་བྲིས་ཏེ་སྒོ་ལ་བཏགས་པས་གསར་དུ་བཙས་པའི་བྱིས་བསྲུང་བར་བྱེད་དོ།། སྤ་ཚིལ་གྱིས་སོར་བཞི་པའི་ཚད་དུ་བྱས་པར ་སྙིང་ཁང་བསྒྲུབ་བྱའི་མིང་དང་བཅས་པའི་སྔགས་མངོན་པར་བྲིས་ཏེ་བཅུགས་ལ་དེའི་ཁར་ཚེར་མ་བརྩུགས་ན་ཕྱིར་རྒོལ་བའི་ཁ་ཕུར་བུས་བཏབ་པར་འགྱུར་རོ།། རྐང་པ་ལ་བཙུགས་ན་འགྲོ་བ་དང ་འོང་བ་རེངས་པར་བྱེད་དོ།། སྙིང་ལ་བཙུགས་ན་ཁྲོས་པ་འཇོམས་པར་བྱེད་དོ།། མིའི་ཇི་ད་གྱི་དུས་པའི་ཕུང་བུའམ་སྔགས་ཀྱི་ཕུང་བུས་གདབ་པར་བྱའོ།། མིང་ནས་བཟུང་ཞིང་ཡན་ལག་གང་དང་། ་གངས་ཕུང་བུ་བཏབ་པ་དེ་དང་དེ་འཇིགས་པར་འགྱུར་རོ།། དགྲ་བོའི་སྒོ་ཁར་སྦས་ན་འབྱེད་བར་བྱེད་དོ།། དུར་ཁྲོད་ཀྱི་ཐལ་བ་ལ་མངོན་པར་བསྔགས་པས་སྒོའི་ཐེམ་ལ་གཏོར་ན་འབྱེད་དོ།། པང ་གྲི་ལ་མངོན་པར་བསྔགས་ཏེ་གཡུལ་དུ་འཇུག་ན་རྒྱལ་བ་སྒྲུབ་པར་བྱེད་དོ།། བྱ་བ་གང་ལ་འཇུག་པ་ན་གཏོར་མ་ཉེ་བར་བསྟབས་ན་དེ་དང་དེ་འགྲུབ་པར་འགྱུར་རོ།། སྔགས་པ་དགེ་བ་དང་མི་དགེ་བའི ་ལས་གང་འདོད་པས་བཟླས་པ་ཙམ་གྱིས་བྱེད་དོ།། ཨོཾ་ཀ་སྱཻཔྤ་དཔྲད་ཏྲཾ་སུ་མྱ་བེ་སྥ་ནི་མ་མ་ཧཱ་ཏ་ཐཱ་སཱ་དྷཱ་ཡ་སཱ་སྭདྲ་སི་བ་ཛི་ཎ་སྱཱཧཱ། མིག་འགུལ་དབྱབས་པས་ནི་བར་འགྱུར་རོ།། ཨོཾ་ཛ་བྷེ་བོ་\ུ0f7f ་ད་ཡ་མཱ་བདྡྷཱ་ནི་ཧཱུ~ཾ་ཕཊ་སྭཱཧཱ། སྔགས་ཀྱི་རྒྱལ་པོ་འདི་བྱ་རོག་གི་སྒྲ་མི་གྲག་པའི་དུས་སུ་ལན་བདུན་མངོན་པར་བསྡིགས་པའི་ཆུས་གདོང་བཀྲུས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། རྒྱལ་བ ་མར་དང་པདྨ་དཀར་པོའི་སྡོང་བུས་དུ་བ་བླངས་ལ། བརྒྱ་རྩ་བརྒྱད་མངོན་པར་བསྔགས་ལ་དེས་མིག་ལ་བསྐུས་ན་བུད་མེད་ཐམས་ཅད་ཡིད་ལ་རེ་བ་རྫོགས་པར་བྱེད་དོ།། རྒྱལ་བ་ཁ་ཐུང་དུ་བལྟས ་པའི་མེ་ཏོག་གི་རྩ་བ་དང་ཤི་རི་ཁ་རང་དག་སྦྱར་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་དེ་ཐིག་ལེར་བྱས་ན་རྗེ་བོ་ཁྲོས་པ་དེ་རབ་ཏུ་སད་པར་བྱེད་དོ།། ཀུ་ཅོ་དང་། འཐབ་པ་དང་། རྩོད་པ་དག་ལས་རྒྱལ ་བར་འགྱུར་རོ།། ཆོ་ག་བཞིན་དུ་རྟག་ཏུ་བཟླས་པས་གྲོང་ཁྱེར་བསྐྱོད་པ་སྐྱེད་པར་བྱེད་དོ།། མོ་སྟམྦྷ་ན་སྭ་བྷཱུ་ཡང་མྦྷ་ནི་ཛམྦྷ་ཡ་མོ་ཧ་ཡ་རཀྵ་ནི་ར་ཀཱ་ཡ་མ~ཾ་པ་ར་ཏེ་སིདྡྷི་ལོ་ཙནི་སཱཧཱ། ་སངས་རྒྱས་སྤྱན་གྱི་སྙིང་པོ་འདིས་འཇིགས་པ་ཐམས་ཅད་སེལ་བར་བྱེད་དོ།། དཔའ་བོ་གཅིག་ཏུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ལེའུ་དང་པོ་རྫོགས་སོ།། ། རབ་སད་ལེ། ་པང་སངས་རྒྱས་པའི།། སློབ་མ་ཡོན་ཏན་བཞི་ཡིན་པས།། བླ་མ་ལ་གུས་མཁས་པ་ལ།། རྒྱུད་ཀྱི་རྒྱལ་པོ་བཤད་པར་བྱ།། ཡོན་པོ་བི་ལ་སནྡྷ་ཡ། དེ་བ་སུ་ཏྲཱ་མ་ས་ཏྱན་དྷི་ས་ལོས་ཀྱི་ཡང་གིཧྣ་ཏས ་དྷ་པྲཱ། སྠི་ཏོ་ལོ་ཀཿསཏྱ་བྲཧྨ་སཔྟཱ་ཏ་ནཾ། སཏྱ་བུདྡྷཱ་ཤྩ་དྷརྨྨ་ཤྩ་སཾ་གཱ་ཤ་ཙ་སཾ་གུ་ཎ་སྭ་ག་རཿ་ན་དེ་སདྱཾ་བཱ་ཀྱེ་ན་ཀྵི་པྲ་མཱ་བ་དརྦ་ཎེ་། ཏདྱ་ཐཱ། ཨོཾ་ས་པ་སི་རི་སུ་རུ་པུ་རུ་མཾ་དང་པྲ་ཏི་ཀཱ་ས་ཨ་བ་ས་ཀཻ་ལ་སཀྵཱ ་ཊ་པཱ་ཏྲ་ཡ་ན་མཿཡཾ་མ་ཡཱ་ཙིརྱ་ཏཾ་ཀརྱཾ་ཏ་ཏ་མི་སརྦྦ་ཐཱ་ཧི་ཏ་ཏྲ་ཏཿཱ་ཏ་མཱརྦ་བཱ་ཡ་རརྦ་ཤུ་བྷཾ་བཱ་ཡ་དི་བཱ་ཡ་དི་བཱ་ཤུ་བྷཾ། ནང་པར་གཙང་བའི་ས་ཕྱོགས་སུ་དཀྱིལ་འཁོར་བྱས་ཤིང་བུམ་པ་བཞག་ལ། ལྷའི་བུ་དྲ། ་མ་མེད་པའི་ཟླ་བ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་པོ་ལོང་ལ་མངོན་པར་བསྔགས་ཏེ། ཁྱེའུ་འམ་བུ་མོ་ལེགས་པར་ཁྲུས་བྱས་ཏེ། གོས་ལེགས་པར་བཀྲུས་པ་བསྐོན་ཞིང་ཙན་དད་དཀར་པོའི་ལྡེ་གུས ་ཡན་ལག་བྱུགས་ལ། མེ་ཏོག་དྲི་ཞིམ་པོའི་འཕྲེང་བས་མགུལ་དུ་བཏགས་པ་གྲོང་པའི་ཆོས་ཀྱིས་མ་གོས་པ་ལ་བསྟད་ན་ཇི་ལྟར་བསམས་པའི་དགོས་པ་ཕྱིན་ཅི་མ་ལོག་པ་སྟོན་པར་འགྱུར་རོ།། དགོངས ་ལྔས་དྲུང་དུ་དཀྱིལ་འཁོར་ཉེ་བར་བྱུགས་ལ་བཅོམ་ལྡན་འདས་དང་ལྷའི་བུ་དྲི་མ་མེད་པའི་ཟླ་བ་ལ་བརྗོད་པ་ཆེན་པོ་བྱས་ལ། བརྒྱ་རྩ་བརྒྱད་བཟླས་ནས་ཅང་མ་སྨྲ་བ་ཉལ་ད་དགེ་བ་དང་མི་དགེ་བ་ཇི་ལྟར་བསརྦ། ་པ་བཞིན་དུ་སྟོན་པར་འགྱུར་རོ།། རྟག་ཏུ་བཟླས་ན་འཇིག་རྟེན་གསུམ་གྱི་སྤྱོད་པ་སྟོན་པར་འགྱུར་རོ།། ཨོཾ་ཤྲ་བ་ཎ་པི་ཤཱ་ཙི་རི་པུ་ཎྱེ་སྭཱ་ཧཱ། པ་རུ་རིའི་ཤིང་ངམ་ནྱ་གྲོ་དྷའི་ཤིང་གི་རྩ་བར་འདུག་ལ་ཅང་མི་སྨྲ་བར་འབུར ་ཕྲག་གཅིག་བཟླས་ན་འགྲུབ་པར་འགྱུར་ཏེ། འཇིག་རྟེན་གསུམ་གྱི་སྤྱོད་པའང་སྟོན་པར་བྱེད་དོ།། ཡང་ན་ལེགས་པར་ཁྲུས་བྱས་ལ་གོས་གཙང་མ་བགོས་ཏེ་དབེན་པར་འདུག་ལ་ཁྲི་བཟླས་པས་འགྲུབ་པ ་འགྱུར་རོ།། དགོངས་མོ་ཉལ་ཁར་རུ་རྡལ་བརྒྱ་རྩ་བརྒྱད་མངོན་པར་བཟླས་ནས་རྐང་པ་གཉིས་ལ་བསྐུས་ནས་ཉལ་ན་དགེ་བ་དང་མི་དགེ་བ་རྣམ་པར་སྟོན་པར་འགྱུར་རོ།། ཨོཾ་ན་མཿསཔྟ་ནཾ་སམྱ་ཀ་སཾ་བུདྡྷ་ཀོཊྚི་ནཾ། ་ཏདྱ་ཐཱ། ཨོཾ་ཙ་ལེ་ཙུ་ལེ་ཙུནྡེ་སྭཱ་ཧཱ། བིརྱ་ས་ཏྱ་བཱ་དི་ནི་བ་ར་དེ་ཀ་ཀྲ་ཡ་སྭཱ་ཧཱ། གོང་དུ་བཤད་པའི་ཚིགས་ས་པ། མེ་ལོང་ངདཔ་རལ་གྲི་ཥམ། མར་མེ་འམ། ཆུ་སྣོད་ལ་སྟོད་པར་བྱེད་དོ།། ལན་བརྒྱ་རྩ་བརྒྱད་མངོན་པར ་བསྔགས་པའི་ཆུ་ས་གདེང་བཀྲུས་ནས་པི་སྨྲ་བ་ཉལ་ན་རྨི་ལམ་དུ་དགེ་བའི་དོར་ཐམས་ཅད་སྟོན་པར་འགྱུར་རོ།། ཨོཾ་པུ་ཙི་ལི་སྭཱཧཱ། མོ་ཧ་ནི་སྭཱ་ཧཱ། དཾ་ཏི་ལི་སྭཱ་ཧཱ། སྔགས་འདི་ཁྲི་བཟླས་ན་འགྲུབ་པར་འགྱུར་རོ།། ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཆོད་པ་རྒྱ་ཆེན་པོ་བྱས་ནས་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་ཆུས་གདོང་བཀྲུས་ཏེ་དགོས་པ་ཡིད་ལ་བྱེད་པའི་བཟླས་པས་མི ་སྨྲ་བར་ཉ་ལ་ན། བཅོམ་ལྡན་འདས་རང་གི་གཟུགས་སུ་མཐོང་བར་འགྱུར་ཞིང་དགེ་བ་དང་མི་དགེ་བ་རྨི་ལམ་དུ་དམིགས་པར་འགྱུར་རོ།། ཨོཾ་པྲ་ཛྭཱ་ལ་ཧཱུཾ་ཕཊ། བཅོམ་ལྡན་འདས ་འཇིག་རྟེན་མགོན་པར་སྐྱེང་པོ་འདི་འབུམ་ཕྲག་བཅུ་བཟླས་ན་འགྲུབ་པར་འགྱུར་པོ།། གང་དུ་བསྟན་པའི་ཚོགས་དགེ་བ་མི་ལམ་དུ་སྟོན་པངར་འགྱུར་རོ།། ཡོན་བརྫས་པ་དྷནྀ། ཨམ་ཤཱས ་ཏདྱ་ཐཱ། ཀུ་མཱ་ར་རཱུ་པི་ན་ད་ཪྴ་ཡ། ཨཱ་ཏ་མཱ་ནཱཾ་བི་བྷུ་ལི་ཏ་ས་མུད་བྷཱ་ཡ་སྭ་པ་རཱྀ་དཾ་བེ་ད་ཡ་ཐཱ་བྷུ་ཏཾ་ཧཱུཾ་ཕཊ་སྭཱ་ཧཱ། རྗེ་བཙུན་འཇམ་དཔལ་གནོན་རུའི་སྐུ་འམ་ལུགས་སྐུའི་མདུནར་སྐུ་གདུང་དང་བཅས་པའི་མཆེད། ་རྟེན་ཁ་ཅི་འབྱོར་པའི་མཆོད་པ་བྱས་ཏེ་བརྒྱ་ཕྲག་བདུད་བཟླས་པ་བྱས་ན་རྨི་ལམ་དུ་བདག་ཉིད་དམིགས་ཤིང་གཞན་དག་ཀྱང་མཐོང་བར་འགྱུར་རོ།། ཨོཾ་ཀརྞྞ་པི་ཤ་ཙི་ཀརྞྞ་སེ་ཀ་ཐ་ཡ་ཧཱུཾ་ཕ་ཊ། ་ཟའི་གང་གི་རྩ་བར་ཁམས་གསུམ་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་གནས་ཤིང་དེ་ཉིད་དུ་མི་སྨྲ་བར་འདུག་སྟེ། ཤ་དང་། ཉཤ་དང་། ར་ཤ་དང་། འཛམ་བུ་ཏ~ཾ་ཀ་ལ་མངོན་པར་བསྔགས་པའི་གཏོ། ་མ་ཉེ་བར་བསྟ་བྲལ་དུས་གསུམ་དུ་བཟླས་ན། ཞ་ག་དང་པོ་ལ་མཚན་པ་ཉེ་བར་སྟོན་པར་བྱེད་ཅིང་ཕྱིས་འོངས་པ་འགྲུབ་པར་འགྱུར་ཏེ། དེ་ལ་སོགས་པའི་སྲིད་པ་གསུམ་གྱི་སྤྱོད་པ་རྣམ་པར་སྟོན་པར ་བྱེད་དོ།། ནག་ཉི་ཤུ་རྩ་གཅིག་གིས་ཚངས་པ་བསད་ཀྱང་འགྲུབ་པར་འགྱུར་རོ།། ཨོཾ་ཙ་ཏུ་དྷུ་ཛ་ཥནྟྲ་མུ་ཁ་བི་ཀྲྀ་ཏཱ་ར་ན་ཀརྞྞ་པི་ཤ་ཙི་མ་ཨཱ་ཀརཱ་ཡ་ཧཱུཾ་ཕཊ། དུར་ཁྲོད་དུ་ག་ཤིན་རྗེ་མཐར་བྱེད་ཀྱི་བྲིས ་སྐུའི་མདུན་དུ་བཟླས་པ་བྱས་ན་ནག་བདུན་ན་ཤ་ཟའི་རྣམ་པར་སྒྲོག་པ་འགྲུབ་པར་འགྱུར་རོ།། ཨོཾ་བུདྡྷ་ཙུ་དུ་མཱ་ཙུ་རུ་ཀེ་སྭཱ་ཧཱ། སྐུ་གདུང་དང་བཅས་པའི་མཆོད་རྟེན་ནམ། རྗེ་བཙུན་སངས་རྒྱས་ཀྱི་སྦྱར། ་སྔང་བསྐྱེད་པ་ཆོ་ག་ཁྲི་བཟླས་ལ་དེའི་འོག་ཏུ་ཅི་འབྱོར་པའི་མཆོད་པ་བྱས་ནས་ཉལ་བའི་དུས་སུ་བརྒྱ་རྩ་བརྒྱད་བཟླས་ཏཱི་། བདག་གང་ནས་སྐྱེས་པར་གྱུར་སྐྱེ་བར་འགྱུབ་ནས་ཡིད་ལ་བསམས་ཤི ་ཉལ་ན་འདས་པ་དང་པ་འོངས་པའི་སྐྱེ་བ་དཔགས་པར་ཐེ་ཙོམ་མེད་དོ།། གལ་ཏེ་ཟླ་བ་དྲུག་གི་ནང་རོལ་དུ་འཆི་བར་འགྱུར་ན་དེའི་ཚེ་རྨི་ལམ་དུ་བདོག་གམ་གཞན་གྱི་མགོ་མི་མཐོང་བར་འགྱུར་རོ།། དེ་བནི། ་དུ་མངོན་པར་བསྔགས་པའི་མེ་ལོང་ལ་བལྟས་པ་ན་ཁྱེའུ་འམ་བུ་མོ་གང་གི་མགོ་མ་མཐོང་ན་དེ་ཟླ་བ་དྲུག་གི་ནང་དུ་འཆི་བར་འགྱུར་རོ།། རྡོ་ལིག་བུ་མིག་དང་ཤིང་ཨ་གསྟི་དཀར་པོའི་རྩ་བ་རེངས ་བུར་བྱས་ཏེ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ལ་བྱུགས་ན། གང་དག་ཟླ་བ་དྲུག་གི་ནང་དུ་འཆི་བར་འགྱུར་བའི་རྐང་པ་གཉིས་དང་རྐང་པ་བཞི་པ་དེ་དག་ཐམས་ཅད་ཀྱི་མགོ་མེད་པ་མངོན་སུམ་དུ། ་མཐོང་བར་འགྱུར་རོ།། ཨོཾ་སྭཔྟ་བི་ལོ་ཀིན་སིདྡྷི་ལོ་ཙ་ནེ་སྭཔཱཾ་མེ་ཀ་ཐ་ཡ་སྭཱཧཱ། སྔགས་ཀྱི་རྒྱལ་པོའི་དིདགོང་དུ་བཤད་པའི་ཆོ་གས་ལ་ས་ཐམས་ཅད་པར་འགྱུར་རོ།། ཨོཾ་ཨ་དི་ཏི་དེ་བ་ད་ཏ་ཏཾ་མོ་ད ་ད་དཱ་པ་ཡ་སྭཱཧཱ། ཆུའི་ནང་དུ་ཞུགས་ཏེ་བུ་བོ་གང་གི་ཆེད་དུ་བཟླས་པ་བྱེད་པ་དེ་དེ་ཉིད་ལ་སྣང་བར་བྱེད་དོ།། ཡི་གེ་འབུམ་བཟླས་པ་བྱས་ལ་བྲི་ཡང་ཀུའི་མེ་ཏོག་གམ་པ་མ་ཤའི་མེ་ཏོག་གི་སྤྱིར། ་སྲེག་འབུམ་གྱིས་དཔལ་ཆེན་པོ་ཐོབ་པར་བྱེད་དོ།། མཚན་མོ་འོ་མ་ཅན་གྱི་ལམ་གང་གིས་སྦྱིན་སྲེག་བྱས་ན་གྲོང་གང་གི་ཆེད་དུ་སྦྱིན་སྲེག་བྱས་པ་དེ་རྙེད་པར་འགྱུར་རོ།། 8རྠ ་འམ་བིལ་བའི་འབྲས་བུ་རྣམས་ཀྱི་སྦྱིན་སྲེག་འབུམ་གྱིས་རྒྱལ་རིགས་རྙེད་པར་འགྱུར་ཞིང་གཞན་དག་གི་དཔལ་ཆེན་པོ་ཐོབ་པར་བྱེད་དོ།། ཇི་ལྟ་བ་བཞིན་དུ་རུང་པའི་མེ་ཏོག་རྣམས་ཀྱི་སྦྱིན་སྲེག་འབུམ ་ཟག་བདུན་གྱིས་འགྱོད་པ་མི་ཟད་པར་འགྱུར་པོ།། ཨོཾ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་པཱདྲཱ་ཛ~ཾ་ཧ~ཾ་སྭཱ་ཧཱ། སྲིང་མོ་བཞིའི་སྔགས་ཀྱི་རྒྱལ་པོ་འདི་གོང་དུ་བཤད་པའི་ཚོགས་འབུམ་ཕྲག་བཞི་པཟླ་ས་ན་གོང་དུ་བཤད། ་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ།། ཨོཾ་མཾ་གྷོ་ལ་ཀཱ་ཡ་སྭཱ་ཧཱ། བུལ་གའི་མེ་ཏོག་ག་མི་ཡེམ་ཤིང་གིས་སྐྱེད་སྲེག་འབུམ་ཕྲག་གཅིག་བྱས་ན་གསེར་སྲང་འབུམ་རྙེད་པར་འགྱུར་ཤིང་བུ་མོ་དོན་དུ་ག ་བར་འདོད་པར་འགྱུར་རོ།། ཨོཾ་ཀ་མ་ལ་པཱ་སི་དི་ཀ་མ་ལེ་མ་ཧཱ་ཁཀྵཱི་ར་ཛྱེ་དེ་ཧ་བར་དེ་སྭཱཧཱ། སྔགས་འདི་ནི་དཔལ་ཆེན་མོའི་སྙིང་པོའོ།། རྟག་ཏུ་བཟླས་པ་བྱས་ན་ཕུན་སུམ་ཚོགས་པའི་མཆོག་སྟེར་བར ་འགྱུར་རོ།། ཇི་ལྟ་བ་བཞིན་དུ་རྙེད་པའི་མེ་ཏོག་གི་སྦྱིན་སྲེག་གིས་དཔལ་ཆེན་པོར་འགྱུར་ཞིང་མངོན་པར་འདོད་པའི་བུ་མོ་འགྲུབ་པར་འགྱུར་རོ།། རས་བལ་གྱི་ས་བོན་གྱི་ཚད་ཙམ་གྱི་གུ་གུལ་གྱི་རིལ་དུ ་མངང་གསུམ་ལས་བཏགས་པའི་སྐྱེད་སྲེག་འབུམ་མ་མ། པདྨའི་སྦྱིར་སྲེག་འབུལ་གྱིས་རྒྱལ་སྲིད་སྒྲུབ་པར་བྱེད་དོ།། ཨོཾ་ནི་ཏིན་པ་དེ་ཀི་ཎི་ཁ་ནི་ལ་མེ་དང་པོ་ཥཊ། དགའ་མའི་སྙིང་པོའི་སྔགས ་འདི་ནི་གོང་དུ་བཤད་པའི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ།། ཨོཾ་ཛཾ་བྷེ་མོ་ཧེ་སྭཱ་ཧཱ། རྗེ་བཙུན་མ་སྒྲོལ་བ་ལྱཱ་ཀ་ར་ཝཱི་རིའི་མེ་ཏོག་གིས་མངོན་པར་མཆོད་དེ་སྔགས་ཀྱི་རྒྱལ་པོ་འདི་ཡི་གེ་འབུབ། ་བཟླ་ས་ད་ཡོད་ལ་རེ་བརྫོགས་པར་བྱེད་དོ།། ཨོཾ་བ་སུདྡྷ་རི་ཎི་སྭཱཧཱ། ཨོཾ་ཤྲཱི་བ་སུ་སྭཱ་ཧཱ། ཨོཾ་བ་སུ་ཤྲཱི་ཡེ་སྭཱཧཱ། ཨོཾ་ཤྲཱི་བ་སུ་མུ་ཁི་སྭཱཧཱ། ཨོཾ་ཤྲཱི་བ་སུ་མ་ཏི་ཤཱི་ཡེ་སཱཧཱ། བདག་ཉིད་ཛ་པཱ་ལའི་གཟུགས ་སུ་བསྒོམས་ལ་རང་གི་སྐྱིང་ཁང་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བ་སུདྡྷི་ང་གསེར་གྱི་མདོག་ཅརན་ཕྱག་གཉིས་པ་རྒྱར་ཐམས་ཅད་ཀྱིས་བརྒྱད་པ། ཤར་ལ་སོགས་པའི་ཕྱོགས་སུ་ལྔ་པོ་བནས་།། ་ག་གཡས་ཀྱིས་མཆོག་སྦྱིན་པ། གཡོན་གྱིས་འབྲས་ཀྱི་སྐེམ་བསྣམས་པ་བསྒོམས་ན་ཡིད་ལ་རེ་བ་རྫོགས་པར་བྱེད་དོ།། བའི་ལྕི་བས་དཀྱིལ་འཁོར་གྲུ་བཞི་པ་ཁྲུ་དོའི་ཚད་དུ་བྱས་ལ་དུས ་གསུམ་དུ་མེ་ཏོག་དྲི་ཞིམ་པོས་མཆོད་དེ་སྟོང་ཕྲག་བཞི་བཟླས་པ་བྱས་ར་ཟླ་བ་དྲུག་ན་ཡིད་ལ་རེ་བ་ཐམས་ཅད་རྫོགས་པར་བྱེད་དོ།། ཇི་ལྟ་བ་བཞིན་རྙེད་པའི་མེ་ཏོག་གིས་སྦྱིན་སྲེག་འབུམ་ཕྲག ་བ་ནི་བྱས་ན་དཔལ་ཆེན་པོར་འགྱུར་ཞིང་ཡི་གེ་འབུ་མ་བཟླས་ན་དཔལ་ཆེན་པོ་འགྲུབ་པར་འགྱུར་རོ།། གུ་གུལ་གྱི་རིལ་བུའི་སྦྱིན་སྲེག་འབུ་མ་བྱས་ན་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་འགྱུར་རོ།། ་ཨོཾ་བ་སུ་དྷཱ་རི་ཎི་ཨ་མུ་ཀ་རྱཾ་དེ་ཧི་ཧཱ་པ་ཡ་སྭཱ་ཧཱ། སྔགས་འདི་ཆུའི་ནང་དུ་ཞུགས་ནས་ཁྲུས་བྱས་ཏེ་འབུམ་ཕྲག་བཞི་ངེས་པར་སྦྱིན་སྲེག་བྱས་ན་མངོན་པར་འདོད་པའི་བུ་མོ་རྙེད་པར་འགྱུར་རོ།། མཚན་མེའོ ་པ་ཅན་གྱི་ཡམ་ཤིང་གིས་ཀློང་གི་མིང་ནས་སྤྲོས་ནས་སྦྱིན་སྲེག་འབུམ་བྱས་ན་གྲོང་རྙེད་བང་འགྱུར་པོ།། ཨོཾ་བ་སུདྷཱ་རི་ཎི་སྭཱ་ཧཱ། ཨོཾ་ཙནྡ་ཀནྡྷེ་སྭཱཧཱ། ཨོཾ་དདྡྷ་ཡེ་སྭཱཧཱ། ཨོཾ་བ་སུདཿ། ་ཡེ་སྭཱ་ཧཱ། ཨོཾ་ཨཱརྱ་ཡེ་སྭཱ་ཧཱ། ཨོཾ་སུ་བྷ་དྲཱ་ཡེ་སྭཱ་ཧཱ། ཨོཾ་གུཔྟཱ་ཡེ་སྭཱ་ཧཱ། ཨོཾ་དེ་བྱཻ་ཡེ་སྭཱ་ཧཱ། ཨོཾ་སཱ་ངས་ཏྱེ་སྭཱཧཱ། གསེར་གྱི་བྱང་བུ་འམ། དངུལ་གྱི་བྱང་བུ་འམ། ཟངས་མོའི་བྱང་བུའི་མེ་ཏོག་འདབ་མ་བརྒྱད། ་པའི་དབུས་སུ་བ་སུ་དྷཱ་ར་ཤར་ལ་སོགས་པའི་འདབ་མ་ལ་ཙནྡ་ཀྲྀ་ཏྱཱ་ལ་སོགས་པ་གནོད་སྦྱིན་མོ་རྣམས་མངོན་པར་བྲིས་པའི་བྱང་བུ་གཉིས་ཁ་སྦྱར་དུ་བྱས་པའི་ནང་དུ་མར་དང་། སྦྲང་རྩི་དང་། ཀ་ར་བཅུག ་སྟེ། གོང་དཱ་བཤད་པའི་ཆོ་གས་སྔར་སྨོས་པའི་ལས་རྣམས་བྱེད་པང་འབྱུང་ངོ་རོ།། དབུས་སུ་ནི། ཨོཾ་ཛ་བྷཱ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཕྱོགས་སུ་ནི། ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱཧཱ། ཨོཾ་པཱུ་རྞྞ་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་དྷད་བྷ་དྲཱ་ཡ ་སྭཱཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། མཚམས་སུ་ནི། ཨོཾ་ཀེ་ལི་མཱ་ལི་སྭཱ་ཧཱ། ཨོཾ་བི་ཙ~ཾ་ཀུ་ཎྜ་ལི་ནི་སྭཱ་ཧཱ། ཨོཾ་མུ་ཁེནྡ་ཡེ་སྭཱ་ཧཱ། ཨོཾ་ཙ་ཛེ་དྷཱ་ཡེ་སྭཱ་ཧཱ། གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ ་བཅོམ་ལྡན་འདས་ནི་བ་སུ་དྷ་རི་དང་བཅས་པ་གསེར་གྱི་མདོག་ཅེ་ན། ནེའུ་མེ་དང་འབྲས་བུ་ས་བོན་གྱིས་བཀང་བ་ཕྱག་དབསྣམས་པ། གསུམ་པ་འཕྱང་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གོང ་དུ་བཤད་པའི་གནོད་སྦྱིན་པོ་དང་གནོད་སྦྱིན་གྱི་བདག་པོ་དང་བཅས་པ་ལ་དུས་གསུམ་དུ་མཆོད་པ་བྱས་ནས་བསྒོབས་ཤིང་བཟླས་པ་བྱས་ན།། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གསུམ་གྱི ་རྒྱལ་སྲིད་སྲོ་ལ་བར་མཛད་དོ།། ཐོ་རངས་ཆུ་ཁྱོད་པ་བརྒྱ་རྩ་བརྒྱད་སྦྱིདན་པ་དང་། བྱ་རོག་གི་སྒྲ་མི་གྲག་པར་ཆུའི་ནང་དུ་ཞུགས་ཏེ་བཟླས་པ་བྱེད་པ་གང་ཡིན་པ་དེའི་གཏེར་མི་ཟད་ཅིང་འཕེལ་བར་འབྲུ། ་པོ་ཡང་ན་གསེར་ལས་བྱས་པའི་བྱང་བུ་ལ་བ་སུ་དྷ་རི་ག་ནོད་སྦྱིན་མོ་དང་བཅས་པ་དང་། བྱང་བུ་གཉིས་པ་ལ་བཅོམ་ལྡན་འདས་ཛམྦྷ་ལ་གནོད་སྦྱིན་གྱིས་བསྐོར་བ་ཡང་དག་པར་བྲིས་ལ་ཁ ་སྦྱར་དུ་བྱས་ཏེ་མཉེས་པར་བྱས་ན། དངོས་གྲུབ་ཆེན་པོ་བརྒྱད་ཀྱང་སྟེང་བར་མཛད་གྲུབ་པ་གཞན་ལྟ་སྨོས་ཀྱང་ཅི་དགོས། དཔའ་བོ་གཅིག་ཏུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ལས་ལེའུ་གཉིས་པ་རྫོགས ་སོ། ཨོཾ་བཛྲ་ཏཱཀྵཱ་དུཿཁདྷོད་པྲདྡྷ་རྨཱན་པུདྡྷ་ཡེ་དྷཱ་ད་ཀཱ་ཡ་བཱ་གཱི་ཤྭ་ར་ཨ་ར་པ་ཙ་རཱ་ཡ་ཏེ་ན་མཿ། བཅོམ་ལྡན་འདས་འཇབ་པའི་རྡོ་རྗེ་དཔའ་བོ་གཅིག་ཏུ་གྲུབ་པ་སྟོན་ཀར ་ཟླ་བའི་འོད་ལྟུང་དཀར་བ། ཕྱག་གཡོན་ར་ཨུ་ཏྤལ་སྔོན་པོ་བསྣམས་པ། གཡས་ཀྱི་མཆོག་སྦྱིན་པར་བདག་ཉིད་བསམས་ལ། ཨོཾ་ཨ་ནུ་ཏ་པནྡ་པྲ་ཀྲི་ཏི་པྲ་བྷ་སཱ་རཾ་སུ་བི་ཤུདྷ་དྷརྨ་དྷཱ་ཏུ་ཏྲི་སདྡྷ ་ཧཱ་ཏ་སཱར་སྭ་ཏི་བཱ་ཎི་མུ་པ་ལ་བྷ་ཏེ། ཞག་ཉི་ཤུ་རྩ་གཅིག་གིས་དབྱངས་ཅན་གྱི་ངག་ཐོབ་པར་འགྱུར་རོ།། ཟླ་བ་དྲུག་གིས་ངག་གི་དབང་ཕྱུག་གྲུབ་པར་བྱེད་དོ།། བཅོམ་ལྡན་འདས་ངག་གི་དབ ་ཕྱུག་མངོན་སུམ་དུ་མཐོང་ཞིང་ཐོས་པ་ཡང་ཐོབ་པར་འགྱུར་རོ།། ཤུ་དག་སྲང་ཕྱེད་ཀྱི་ཚ་ད་ཙམ་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་ཐོ་རངས་འོ་མ་འམ། མར་རམ། ཏིལ་མར་ཟླ་བ་གཅིག ་ཏུ་འཐུངས་ན་གླེན་པ་དང་རིག་པ་མེད་པར་འགྱུར་རོ།། ཁྱུ་བྱུག་མྱོས་པའི་སྐད་དང་འདྲ་བ་དུ་སྐད་སྙན་ཅིང་ཚིག་གསལ་བར་འགྱུར་རོ།། ཟླ་བ་དྲུག་གོམས་པར་བྱས་ན་མཐོས ་པའི་བསྟན་བཅོས་མངོན་དུ་འགྱུར་ཞིང་ཐོས་པ་ནམ་ཡང་བརྗེད་པར་མི་འགྱུར་རོ།། ཐོས་པ་མཛིན་པར་འགྱུར་རོ།། ཨོཾ་བཱ་ཀྱེ་དོན་པསརྗེ་བཙུན་གསུང་གི་དབང་ཕྱུག་གི་སྙིང་པོ་འདི་གོང་པ་བཞིན་དུ ་ཏིང་ངེ་འཛིན་ལ་གནས་པས་གོམས་པར་བྱས་ན་གོང་དུ་བཤད་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ།། རྒྱ་མཚོར་འགྲོ་བའི་ཆུ་ལ་རྐེད་པ་ཙམ་གྱིས་རྒྱལ་བརྒལ་ནས་ཛཱ་ཏིའི་མེ་ཏོག་ཕུན་པ་འབུང ་ཕྲག་གཅིག་བླངས་ནས་སྔགས་བརྗོད་ཅིང་ཕུན་པ་རི་དེ་རྒྱུན་ཕྱོགས་སུ་འབབ་པར་འགྱུར་བ་ལས་ཕུན་པ་གཅིག་རྒྱུན་ལས་ལོག་པར་འོངས་པ་དེ་སོ་ལ་མ་རེག་པར་མེད་ན་ཐོས་པ་འཛིན་པ་སྩོལ ་བར་བཛད་དོ།། ཇི་ལྟ་བ་བཞིན་རྙེད་པའི་མེ་ཏོག་ཆུ་ལ་སྦྱིར་སྲེག་འབུ་པ་ཕྲག་བཞི་བྱས་ན་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུར་རོ།། སྨད་བྲཧྨའི་ཕྱེ་བ་ཞོ་བཞི་ཙ་མ་ལ་ལན་བརྒྱ་རྩ་བརྒྱད་བཟླས ་ལ་ཐོ་རངས་དཀྱིལ་འཁོར་བྱས་ཏེ་ཅི་འབྱོར་པས་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལའང་ཡང་དག་པར་མཆོད་དེ། མངར་མ་རོ་སྒྱུར་དང་འཐུངས་ན་ཟླ་བ་དྲུག་གིས་ཐོས་པ་འཛིན་པར་འགྱུར་རོ།། ཚིག ་གི་བདག་པོའི་དབྱངས་སྨན་པའང་སྐྱེ་བར་འགྱུར་རོ།། སྔོན་དུ་བསྐྱེད་པའི་ཆོ་གས་ཡི་གེ་འབུམ་བཟླས་ན་སྔགས་ཀྱི་རྒྱལ་པོ་འགྲུབ་པར་འགྱུར་རོ།། ཕྱིས་ཟླ་བ་གཟས་ཟིན་པ་འམ། ཉི་མ་གཟས ་ཟིན་པ་ན་ལྕགས་ལས་བྱས་པའི་རལ་གྲི་རང་གི་ལག་པས་བླངས་ཏེ་ཟླ་བ་མི་སྣང་བར་ཇི་སྲིད་གྲོལ་བར་འགྱུར་བ་དེ་སྲིད་དུ་བཟླས་པ་བྱས་ནཱ་རལ་གྲིའི་རིག་པ་འཛིན་པར་འགྱུར་རོ།། དེ་བཞིན་དུ་འཚོ།། ་ལོ་དང་། རྡོ་རྗེ་རྩེ་གསུམ་པ་དང་། མདའ་དང་། ཐོ་བ་དང་། ཞགས་པ་ལ་སོགས་པ་བསྒྲུབ་པར་བྱ་ཞིང་རིག་པ་ལ་སོགས་པ་དང་། བཅུད་ཀྱིས་ལེན་ལ་སོགས་པ་འདུས་པ་བསྒྲུབ་པར་བྱའོ།། ་ཡང་ན་མིག་སྨན་ནམ། ཐིག་ལེ་འམ། རྐང་པ་བསྐུས་པ་འམ། དབང་དུ་བྱ་བའི་རྫས་བསྡུས་ཏེ་བསྒྲུབ་པར་བྱའོ།། འོ་ཐུག་གམ། ཞོ་འམ། ཟན་ནམ། མར་དང་བཅས་པ་ཁར་དང་བཅས་པས ་སྣོད་བཀང་སྟེ་ལག་པས་བཀབ་ནས་བཟླས་པ་བྱས་ཏེ་འཐུངས་ན་ལོ་ལྔ་བརྒྱར་འཚེ་བར་འགྱུར་རོ།། སྲན་མཱ་ཥཱ་ཁར་བཅུག་ནས་བཟླས་པ་བྱས་ཏེ་མིད་ན་སྡེབ་སྦྱོར་དང་། ཐོས་པ་འཛིན་པ་དང ་སྒྲ་མཁས་པ་དང་། ཡིད་བརྡུངས་པར་འགྱུར་རོ།། པདྨའི་སྦྱིན་སྲེག་འབུམ་གྱིས་བཅོམ་ལྡན་འདས་མངོན་སུམ་དུ་འགྱུར་རོ།། བིལ་བའི་སྦྱིན་སྲེག་འབུམ་གྱིས་འཇིག་རྟེན་གསུམ་གྱི་རྒྱལ་སྲིད ་འགྲུབ་པར་འགྱུར་རོ།། ཇི་ལྟ་བ་བཞིན་རྙེད་པའི་མེ་ཏོག་གི་སྦྱིན་སྲེག་གིས་ངག་གི་དངོས་གྲུབ་ཐོབ་པར་བྱེད་དོ།། མར་ལ་བཏགས་པའི་འབྲུ་ལྔའི་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་པ་ཙམ་གྱིས ་གནོད་སྦྱིན་མོ་དང་ཀླུ་མོ་ལ་སོགས་པ་འགུགས་པར་བྱེད་དོ།། དེ་བཞིན་དུ་ཡམ་ཤིང་རྣམ་པ་ལྔས་ཀྱང་བྱའོ།། རྟག་ཏུ་གོམས་པར་བྱས་ན་ཚེ་འདི་ཉིད་ལ་སངས་རྒྱས་ཉིད་ཀྱང་སྒྲུབ་པར་བྱེད་པར་འགྱུར་རོ།། ་ཨོཾ་ཧྲཱིཿཧཱུ~ཾ། སྔགས་ཀྱི་རྒྱལ་པོ་འདི་འབྲས་བུ་མཉམ་པོར་སྟེར་བར་བྱེད་དོ།། ཨོཾ་ཧྲཱིཿམཧཱ་མཱ་ཡཱངྒེ་མ་ཧཱ་སྭ་ར་སྭ་ཏྱེན་མཿརྗེ་བཙུན་འཕགས་པ་སྒྲོལ་མའི་སྙིང་པོ་འདིས་ལས་ཐམས་པ། ་བྱེད་པར་འགྱུར་རོ།། ཨོཾ་པྲ་ཀྲི་ཏི་པ་རི་ཤུདྡྷཿསརྦདྷཱརྨཱཿཔྲ་ཀྲི་ཏྱཱ་པ་རི་ཤུདྡྷོ&ཧཾ་སཱུ་ཧྱཾ་བྷྱཱཾ་ངན་མེཿོཾ་ཏི། ཞེས་བྱ་བ་འདིས་རྒྱུ་བ་དང་མི་རྒྱུ་བ་དང་བཅས་པའི་སྣ་ཚོགས་པདྨ་དང་། བདག་ཉིད་རང་བནི། ་གྱིས་ཡོངས་སུ་དག་པར་བསམས་ལ་པདྨ་དཀར་པོ་ཁྲུ་བདུན་པའི་ཚད་དང་། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དེའི་དབུས་སུ་ཕྱག་གཉིས་པ་པདྨ་དང་མཆོག་སྦྱིན་གྱིས་རྣམ་པར་བརྒྱན་པ། བཅོམ ་ལྡན་འདས་ཐུགས་རྗེ་ཆེན་པོའི་རང་བཞིན་གྱི་སྐུ་ཅན་གཅིག་ཏུ་གཞན་ལ་ཕན་འདོགས་པར་ཞུགས་པ། སྒྲུབ་པ་པོ་རྣམས་ལ་མངོན་པར་འདོད་པའི་དངོས་གྲུབ་སྩོལ་བ་ལ་དགྱེས་པ། སྟོན་ཀའི་ཟླ་བ ་ལྟར་དཀར་བ། ཙན་དན་དཀར་པོའི་ལྡེ་གུས་བྱུགས་ཤིང་མེ་ཏོག་གིས་མཛེས་པར་བརྒྱན་པ། ན་བཟའ་དཀར་པོ་དང་མུ་ཏིག་གི་འཕྲེང་བས་ཐུགས་ཀར་མཛེས་པར་བྱས་པ། སྐུ་རིན་པོ་ཆེ་སྣ་ཚོག ་ཀྱི་རྒྱན་གྱིས་བརྒྱན་པའི་སྐུ་ལས་ཡོངས་སུ་སྨོས་པའི་འོད་ཟེར་སྟོང་གིས་མཐའ་ཡས་ཤིང་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ། ལོ་བཅུ་གཉིས་ཀྱི་ན་ཚད་དུ་འཁྲུངས་པའིཿ། ་ཅན་ངག་གི་དབང་ཕྱུག་ཆེན་པོར་བདག་ཉིད་བསམས་པར་བྱའོ།། དེའི་མདུན་དུ་ཤེས་རབ་མ་དང་། གཡས་སུ་ཡིད་གཟུངས་མ་དང་། རྒྱབ་ཏུ་བློ་ལྡན་པ་དང་། གཡོན་དུ་དྲན་པ་མ་གོང་དུ་སྨོས་པའི། ་ཡོན་ཏན་ཐམས་ཅད་ཀྱིས་མཛེས་པའི་ལྷ་མོང་བསམ་པར་བྱའོ།། དེའི་འོག་ཏུ་ལྟེ་བའི་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཨོཾ་མདོག་དཀར་པོའི་རྣམ་པར་བསམས་ལ།། དེམས ་བྱུང་བའི་ངག་གི་དབང་ཕྱུག་གི་རང་བཞིན་མ་ལུས་པའི་འཕྲེང་བ་རྒྱུན་མི་འཆད་པར་འབྱུང་བ་བསམས་ཤིང་། གཅིག་པུད་དེང་ཕྱོགས་པའི་ཡིད་ཅན་གྱི་སྔགས་པས་བདག་ཉིད་རང་གི་ལྟེ་བའི ་དབུས་ན་གནས་པའི་མི་སྣབས་བཟླས་པ་བྱས་ན། ཟླ་བ་གཅིག་གིས་དབྱངས་ཅན་གྱི་ངག་རབ་ཏུ་ཐོབ་པར་འགྱུར་ཞིང་། ཟླ་བ་གསུམ་གྱིས་ཚངས་པ་གསོད་པའང་འགྲུབ་པར་འགྱུར་རོ།། ་ཟླ་བ་དྲུག་གིས་དབྱངས་ཅན་དང་ངག་མཉམ་པར་འགྱུར་རོ།། ར་ཡི་འོ་མ་ཨ་རུ་ང་དང་ཚ་བ་གསུམ།། པ་ཏ་ཤུ་དག་སིག་ཀྲུ་སེན་ད་ཡི།། ལན་བདུན་མངོན་པར་བསྔགས་པའི་མང་དག་ནི།། འཐུངས་། ་དབྱངས་ཅན་འགྲུབ་པར་འགྱུར་བ་ཡིན།། ར་ཡི་འོ་མ་ཟེ་བཞི་དང་།། སྨན་རྣམས་སྲང་གཅིག་ཙམ་གྱི་ཚད།། མང་བྲེ་གང་དང་མཁས་པ་ཡིས།། རིམ་གྱིས་མེ་རྒྱལ་བསྐོལ་བྱ།། བླ་གཅིག ་ནིག་ལོངས་སྤྱད་ད།། བླ་མེད་ཚིག་ནི་ཐོབ་འགྱུར་ཞིང་།། ཟླ་དྲུག་ཉེ་བར་ལོངས་སྤྱད་པས།། ངག་གི་དབང་ཕྱུག་མངོན་སུམ་འགྱུར།། ཤུ་དག་ཤིང་མང་སེནད་པ།། ཨ་རུ་བཅའ་སྐལ་ལ། ་བུད།། རུརྦ་པོ་པི་ཟི་དང་བཅས།། རྣམ་བཏགས་ངག་རི་དག་པར་བྱེད།། ལྷ་ལ་མེ་ཏོག་དྲི་བཟང་སོགས།། ནང་པར་ཡང་མཆོད་ནས་ནི།། ལན་བདུན་བསྔགས་བྱས་ཟོས་དནི།། ཟླ་བ་དྲུག་གིས ་ཐོས་འཛིན་བྱེད།། ཟླ་བ་གསུམ་གྱིས་ཚིག་བདག་འབྱུང་།། དྲ་བ་གཅིག་གིས་ཐོ་ལྡན་ནིང།། ཁུ་བྱུག་གཞོན་ནུའི་སྐད་བཞིན་དུ།། དབྱངས་སྙན་པ་སྐྱེ་བར་འགྱུར།། གངས་ཅན ་སྐྱེས་པའི་ཨ་རུའམ།། གངས་ཅན་སྐྱེས་པའི་ཤུ་དག་ལ།། ཐོ་རངས་ལན་བདུན་མངོན་བསྒྲགས་ནས།། ཟླ་གཅིག་ཟོས་ན་ཟླ་དེ་ལ།། ཚིག་གི་བདག་དང་ཡིད་གཟུངས་དང་།། དབྱངས་ཅན་ཤེས་རབ ་ལྡན་པ་ཡང་།། སྐྱེད་པར་འགྱུར་ཞིང་ཟླ་དྲུག་གིས།། ཐོས་པ་འཛིན་པར་ཡང་འགྱུར་རོ།། ཨོཾ་བ་གྲཱ་དི་ནི་བཱ་ཙརྨྨ་ཎི་ཡཙྪ་པ་ར་སྭ་ཏི་མ་ཧཱ་ཤྭེ་ཏེ་སྭཱ་ཧཱ། པདྨ་ལས་སྐྱེས་པའི་དཀར་མོ་ཆེན་མོའི་སྙིང་པོ་འདི་ནི་གོང་། ་དུ་བཤད་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ།། ཨོཾ་ཨརྐ་མཱ་ལ་ནི་ཀི་ཎི་ཁི་ཎི་སྭཱ་ཧཱ། བཅོམ་ལྡན་འདས་དཔའ་བོ་གཅིག་ཏུ་གྲུབ་པ་གསུམ་གྱི་རང་བཞིན་མ་ལུས་པའི་པོ་ཏི་བསྣམས་པ། ཕྱག་གཡས ་པ་ཤེས་རབ་ཀྱི་རལ་གྲི་འབྱུང་བ། གནོན་དུའི་གཟུགས་ཅན་འཇམ་པའི་རྡོ་རྗེར་བདག་ཉིད་བསམས་ལ་བདུད་དུ་ཉི་མའི་འཕྲེང་བ་དབྱངས་ཅན་ཆེན་མོ་དང་།། རྒྱབ་ཏུ་དཔལ་ཆེན་མོ་དང་། གཡས་སུ་ཧཱ་ཅ ་དང་། གཡོན་དུ་ཉེ་བའི་སྒྲ་ཅན་པ་རྣམ་པར་བསམ་པར་བྱ་སྟེ། སྟོན་ཀའི་ཟླ་བ་ལྟང་དཀར་བར་ཏུ་བསྒོབ་པར་བྱའོ།། དེ་ལྟར་བསྒོབས་པ་ལ་གནས་ཤིང་ངེས་པར་གནས་པས་ཅི་འབྱོར་པའི་མཆོད་པ་བྱས་ཏེ། ་སྡོད་དུ་བསྟན་པའི་ཚོགས་སྔགས་འདི་གོང་དུ་སྨོས་པའི་རིམ་པས་འབུམ་ཕྲག་པ་ནི་བཟླས་ལ་དབྱངས་ཅད་གྱིས་པ་ངམ། བྲཧྨའི་མང་སྲང་གཅིག་ཙམ་ལ་ཡོངས་སུ་བཟླས་ཏེ་བདག་ཉིད་ལ་དབྱངས་ཅན། ་གྱི་ཕྱག་གིས་རབ་ཏུ་གསོལ་བར་ཡོངས་སུ་རྟོག་ཅིང་ཏིང་ངེ་འཛིན་ལ་གནས་པར་བྱ་ཞིང་བཏུང་བང་བྱའོ།། དེ་ལ་བྲཧཱའི་མར་འདི་ནི།། ཟཧཱའི་ཁུ་བ་འོ་བ་དང་།། པར་གྲང་སུབ་ཅུ་རྩ་གཉིས་དག་སུང་བ་དང་། ་ནི་མ་ལ་ཏྲི།། ཏྲེ་བར་ཏ་དང་ཨ་རུང་བཅས།། དེ་དག་ཆ་ནི་སྲང་དེ་དང་།། པི་པི་ལིང་དང་བྱི་ཏང་ཀ། སྲེདད་པ་དང་ཁ་དང་བཅས།། དེ་དག་སྲང་ནི་བནི་ཆང་ཤེས།། སྨན་རྣམས་དག་ནི་བཏགས་དང ་ཀྱང་།། དེ་ལ་འདི་དག་བླུགས་པར་བྱ།། དེ་དག་ཐམས་ཅད་ཆ་བཉམ་པ།། མེ་ཆུ་དེ་ལས་བསྐོལ་བར་བྱ།། དེ་ནས་འཐུངས་པ་ཙམ་གྱིས་དེ།། བླ་མེད་ངག་ནི་ངག་འགྱུར་དང་།། མཚན་བདུད་ཉེ་བར ་ལོངས་སྤྱད་པ།། མི་འམ་ཅི་དང་སྐད་མཚུངས་འགྱུར།། ཟླ་གསུམ་ཉེ་བར་ལོངས་སྤྱོད་པས།། པི་ནི་ཤེས་རབ་གནས་སུ་འགྱུར།། ཟླ་གསུ་རབ་ཏུ་སྦྱོར་བ་ཡིས།། ཐོས་པ་མཆོག་ནི་འཛིན་པར་འགྱུར།། ་ཟླ་བ་དྲུག་གིས་མངོན་སུམ་དུ།། མི་ནི་ངག་དབང་མཚུངས་པར་འགྱུར།། མཛེ་དད་བཅོ་བརྒྱད་དག་དང་ནི།། ཟ་བྱེད་ཆེན་པོ་བདུན་འཇོམས་བྱེད།། ཨོཾ་ཨ་ན་ནྟ་ཛྙཱ་ན་ཤྲི་ཡེ་མ་སཱུ་ཤྲི་ཡེ་ད་མཿ། གོང་དུ ་སྨོས་པའི་ལྷ་པོ་བཞིས་བསྐོང་བའི་ངག་གི་དབང་ཕྱུག་ཏུ་བདག་ཉིད་བསམས་ལ། སྔར་བཤད་པའི་རིམ་པས་སྔགས་བཟླས་པ་བྱས་དགོང་དུ་སྨོས་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ།། ཨོཾ་ཨ་པ། ་ཙན་དྷཱི་སྭཱ་ཧཱ། དབེན་པར་དཀྱིལ་འཁོར་བྱས་ཏེ་བཅོམ་ལྡན་འདས་ངག་གི་དབང་ཕྱུག་དང་བླ་མ་རྗེ་བཙུན་ཡང་དག་པར་མཆོད་དེ་བདེ་བའི་བསྟན་ལ་འདུག་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ།། ་ཨ་ར་པ་ཙན་ཛཱ་སྭ་བྷ་བ་བི་གུད་དྷཿསརྦ་དྷརྨཱཿསྭ་བྷ་བ་ཤུད་ཛྲེ&ཧཾ། ཞེས་བྱ་བའི་སྔགས་ལན་གསུམ་གྱི་བར་དུ་བརྗོད་དེ་བདག་དང་འཇིག་རྟེན་རང་བཞིན་གྱིས་རྣམ་པར་དག་པར། ་བསམས་ལ། སྟོང་པ་ཉིད་མངོན་སུམ་དུ་བྱས་ནས་བཛྲ་དཀར་པོའི་སྟེང་གི་ཟླ་བ་དཀྱིལ་འཁོར་གྱི་སྟོང་ན་བཞུགས་པ། སྐུ་མདོག་དཀར་པོ་ལ་གྲི་དང་པོ་འི་བསྣམས་པང་བདག་ཉིད་ཡུད་ཙམ་གྱིས། ་ཡོངས་སུ་གྲུབ་པར་རྣམ་པར་བསཔས་ལ། ངག་གི་དབང་ཕྱུག་བདག་ཉིད་ཀྱི་གཡས་སུ་སྐྲ་ཅན་དང་། གཡོན་དུ་ཉེ་བའི་སྒྲ་ཅད་མ་རིན་པོ་ཆེའི་པདྨ་བསྣམས་པ་སྐུ་མདོག་དཀར་པོར་རྣམ་པར་བསས ་མོ།། མདུན་དུ་ཉི་མའི་འོད་སྐུ་མདོག་དཀར་པོ་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ་ཨུཏྤལ་བསྣམས་པ་དང་། རྒྱབ་ཏུ་ཟླ་འོད་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ་ཨུཏྤལ་བསྣམས ་པ་རྣམ་པར་བསམས་པར་བྱའོ།། དེ་ནས་རང་གི་སྙིང་ལ་འབར་བའི་འཕྲེང་བའི་ཆོས་ཡོངས་སུ་འཕྲོ་བའི་ཡི་གེ་ཨ་ཡོངས་སུ་བསཔས་ལ་དེ་ཡོངས་སུ་གྱུར་པའི་འཁོར་ལོ་རྩིབས་བརྒྱད་པ ་ངག་གི་རང་བཞིན་མ་ལུས་པས་རྣམ་པར་སྤྲས་པ་ཡོངས་སུ་གསལ་བར་བྱེད་པ་རྣམ་པར་བས་པ་པར་བྱའོ།། དེ་ལྟར་གོམས་པར་བྱས་པ་ལ་ཟླ་བ་དྲུག་གིས་སྔོན་པ་ཐོས་པའི་བསྟན་བཅོས་ཐམས ་ཅད་ཀྱང་དོར་དང་གཟུང་གི་སྒོ་ནས་མངོན་སུམ་དུ་འགྱུར་ཞིང་ལོ་གཅིག་གིས་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུར་རོ།། ཨ་པ་ཚནའི་འཁོར་ལོའི་ཆོ་གའོ།། ཨོཾ་ཝཱ་གཱི་ཤྭ་རི་། ་ད་ཀུན་སྨྲ[ऽ]་ས ་ས་འས་ང་ས ་ནས་པ་འད་ས་པ་རྣ་ས་པ་ཤཱ་ང ་ས་དང་ཚུངས་པར་འཇུག་སྨྲས་མ་ས་།། ད་ས ་ལ་རྣམ་མི་ཡྀ་མ་གྱི་སགགྱི་ས་མཛ་པ་ནསུ་ཅོཾ ་བ་ནརྀ་བྷི་ད་དཏྟི་ཤཱ་ཎི་ཏི་ལ་བ་ཎེ་ཧཱུཾ་ཡ་མཱ་ཎེ་ཀུ་ཏོ་ན~ཾ་ཏྲ་ཀུ་དོར་ཏིཿ་ཡ་དི་བཾ་པ་ཏི་ཡོ་ཛ་ད་ཤ་ཏེ་དད་དཱི་ནཱཾ་ཙ་ཤརཱ་དྷ་དེ་ན་ག་རེ་ལོ་ཧ་པྲཱ་ཀཱ་རེ་ཀྲྀཥྞ་སཔྤ་ཀྲི་ཏཱ་ཀུ་ཌེ་ར་ཏྲི་བ་བ་ས་པན་ས ་ལ་པ་ཎ་ལ་བ་ཎ་བརྡྷ་སུར་སྠི་ཏི། ཨོཾ་ཙི་ཊིའི་ཀྲོ་ལ་ས་མུ་ས་དྷ་ན་པ་ར~ཾ་པཱ་མེ་བ་ས་མཎ་མ་སྭཱ་ཧཱ། སྡོད་དུ་བསྐྱེད་པའི་ཚིག་ཁྲི་བྱས་ལ་དེའི་འོག་ཏུ་སྒྲུབ་པ་བརྩམ་པར་བྱའོ།། མེ་ཏོག་དང ་ལྡན་པའི་ཤིང་མྱ་ངན་མེད་ཀྱི་རྩ་བར་བཞུགས་པའི་རྗེ་བཙུན་སྤྱན་རས་གཟིགས་སྐུ་མདོག་དམང་པོ་འཕྲེང་བ་དང་ན་བཟའ་དབང་པོའི་རྒྱད་གྱིས་རྗེས་སུ་བྱུགས་པ། ཕྱག་བཞི་ནགས་པ་དང ་ལྕགས་ཀྱུ་དང་། གཞུ་དང་། མདའ་བསྣམས་པ་སྒེག་པའི་ཆ་ལུགས་ཅན་གཡས་དང་གཡོན་གཉིས་ན་སྒྲོལ་མ་དང་ཁྲོ་གཉེར་ཅན་གཉིས་དང་བཅས་པར་བདག་ཉིད ་རྣམ་པར་བསམ་ས་ལ་དུས་གསུམ་དུ་ཚྭའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་ཉི་མ་བདུན་གྱིས་སྐྱེས་པ་དང་བུད་མེད་དབང་དུ་འགྱུར་རོ།། ཞག་ཉི་ཤུ་རྩ་གཅིག་གིས་སྐྱེས་བུ་ཆེ ་པོ་དབང་དུ་འགྱུར་རོ།། ཚྭ་དང་བཅས་པའི་སྤྲ་ཚིལ་གྱིས་བསྒྲུབ་པར་བྱ་བའི་གཟུགས་སོར་བནི་པའི་ཚད་དུ་བྱས་ལ་སེང་ལྡེང་གི་མེ་མདག་དུ་བ་མེད་པ་ལ་དུས་གསུམ་དུ་བརྗོད་པས ་བསྲེས་ན་གང་གི་མིང་ནས་བཟུང་བ་དེ་དབང་དུ་འགྱུར་རོ།། རྡོ་རྗེའི་ཆུ་ལ་སོགས་པའི་ཚུལ་ལན་བརྒྱ་རྩ་བརྒྱད་བཟླས་པ་སྦྱིན་པར་བྱ་ཞིང་ཟོས་པ་ཙམ་གྱིས་དབང་དུ་འགྱུར་རོ།། ཨོཾ་ལ་བ ་ཎཱི་བྷོ་སི་ཏི་ཀུ་སི་ཌེ་དགྲོ་སི་ཏྱ་དམི་ག་མ་ཨ་མུ་ཀ་སྱ་ཧྲྀ་ད་ཡཾ་བི་ར་ཙཱ་སྟི་ལོ་ཀ་ཙི་ཀཾ་ས་ཀ། བི་ཀྲོ་ཡི་མ་ཧཱའི་ཀྲོ་ལི་ཨ་མུ་ཀཾ་མེ་བ་ས་མཱ་ན་མ་སྭཱཧཱ། སྔོན་དུ་བསྙེན་པའི་ཆོག་སྔ་མ་བཞིན་དུ ་བྱིས་མ་དུས་གསུམ་དུ་རཱ་རུ་ཁྱོད་གང་གི་མིང་དང་འཐུངས་ན་དེ་དབང་དུ་འགྱུར་རོ།། ཚྭ་དང་སྐེ་ཚེ་ཆ་མཉམ་པར་བྱས་ལ་གང་གི་མིང་དང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ།། ཨ~ཾ་ཀུ་རུ་ཀུ། ་ཝེ་སྭཱ་ཧཱ། རྗེ་བཙུན་འཕགས་མ་སྒྲོལ་མའི་སྙིང་པོ་སྲིད་པ་གསུམ་དབང་དུ་བྱ་བའི་ལས་ཐོགས་པ་མེད་པར་འགུགས་པར་གྲགས་པ་སྔར་སྨོས་པའི་ཏིང་ངེ་འཛིན་ལ་གནས་ཏེ་ཡི་གེ ་འབུམ་བཟླས་པ་བྱས་པ་ཕྱིས་མེ་ཏོག་དང་། བདུག་པ་དང་། བྱུག་པ་དང་། ཕྱེ་མ་དང་སོ་རྩི་ལ་སོགས་པ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ།། སྤོས་བྲིན་པ ་བོས་བདག་ཉིད་ལ་བདུགས་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། མེ་ཏོག་དམང་པོའི་སྦྱིད་སྲེག་གང་གི་པང་དང་བྱས་པ་དེ་དབང་དུ་འགྱུར་རོ།། བཕོའ་བ་དང་བཏུང་བ་ལ་བཛིན་པ ་བཀླགས་ཏེ་གང་ས་བྱིན་པ་དེ་དབང་དུ་འགྱུར་རོ།། སྐྱེས་བུ་ཆེན་པོ་དབང་དུ་བྱེད་པ་ལ། ཆུངས་ཀར་གྱི་སྦྱིར་སྲེག་བྱའོ།། ཕྱིས་ཆོས་གྲངས་དང་། རྒྱ་ཀླུང་དང་། ཞག་བ.རང། ་པོ་ལ་བཅོམ་ལྡན་འདས་ལ་མཆོད་པ་བྱས། ཏེ། གྲོ་ག་འམ་གོས་ལ་གུ་དགུམ་མམ། གིའུ་ཝའངམ། གཔུང་ལ་སོགས་པ་ཨུཏྤ་ལའི་འདབ་མ་ལྟ་བུའི་རྩིབས་བཅུ་དྲུག་པ ་འཁོར་ལོ་བྲིས་ལ། འཁོར་ལོའི་དབུས་སུ་སྒྲུབ་པ་པོ་དང་བསྒྲུབ་བྱའི་བ་དུང་བཅས་པའི་སྔགས་ཐིབར་བྱའོ།། འདབ་མ་རྣམས་ལ་ཀུ་རུ་གུ་ཝེ་ཞེས ་པའི་ཡི་གེ་བ་ཞི་ས་བརྟེན་པའི་དབུས་སུ་བསྒྲུབ་བྱ་གཅིག་པུའི་མིང་བྲི་བར་བྱའོ།། ཕྱི་རོལ་ནས་ཡི་གེ་མོ་རིམ་པ་གསུམ་དུ་བྱས་པའི་འཁོར་ལོ་ལ་སྡུད་པ་དམང་པོས་བཅིངས་ནས ་ཚིལ་གྱི་རང་བཞིན་ཅན་གྱི་གཟུགས་སྙིང་ཁའི་དབུས་སུ་བཅུག་ལ་སེང་ལྡེང་གི་མེ་མདག་ལ་དུས་གསུམ་དུ་བསྲེས་ན་རྐང་པས་འགུགས་པར་བྱེད་དོ།། སྐྱེས་པའམ་བུད་མེད་དབང ་དུ་བྱེད་ན་ཟངས་མའི་ཁབ་ཀྱིས་རྐང་པ་ཕུག་ལ་བསྲོས་པས་དབང་དུ་འགྱུར་རོ།། ཡི་གེ་ཡཾ་ལས་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར་ཡོངས་སུ་བསམས་ལ་དེའི་སྟེང་བསྒྲུབ་པར་བྱ་བ ་སྒྲ་མ་བཅིངས་ཤིང་བཅེར་བུ་མགྲིན་པ་ཞགས་པས་བཅིངས་པ་སྙིང་ལ་ལྕགས་ཀྱུས་བསྣུན་པ་རླུང་གི་ཤུགས་ཅན་གྱི་རིག་སྔགས་ཀྱིས་ཐམས་ཅད་དྲངས་ཏེ་སྒྲུབ་པ་པོའི་རྐང་པར ་ལྤགས་པར་བསམ་པར་བྱའོ།། གོམས་པར་བྱས་པས་ནམ་མཁའ་ལས་འདྲེན་པར་ཡང་བསྒོམས་པ་ཙམ་གྱིས་འགྱུར་རོ།། མར་དང་སྲང་རྩི་དང་། ཀར་ལྷུང་བཟེད་ཀྱི་ནང ་དུ་བཅུག་སྟེ། དུས་གསུམ་དུ་མེ་ཏོག་དྲི་ཞིམ་པོ་ལ་སོགས་པས་མངོན་པར་མཆོད་ཅིང་སྔགས་བཟླས་དགང་འདོད་པ་དེ་དབང་དུ་འགྱུར་རོ།། 66། པདྨ་དཀར་པོའི་སྡོང་བུ་བྱས་ལ་བ་སེར་སྐྱའི ་མར་གྱིས་སོ་བ་བཏང་བའི་ཁམ་པོར་དུ་བཆགས་པ་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པས་མིག་ལ་བསྐུས་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། དུར་ཁྲོད་དུ་ཀ་པཱ་ལ་ཆེན་པོ་ལ་བཛྲ ་དཀར་པོའི་སྡོང་བུ་དང་སྣུམ་ཆེན་པོ་ས་མར་ངོའི་ཚེས་བརྒྱད་དམ་བཅུ་བཞིའི་མཚན་མོ་དུ་བ་བསྒྲུབ་པར་བྱས་ལ། དེས་མིག་ལ་བསྐུས་ན་ཐམས་ཅད་དགའ་བར་འགྱུར་རོ།། ཨ་མ་ལ ་མ་ལེ་ཀུ་མ་ཀུ་བེ་ས་པ་ཡེན་པྲད་དྷི་སི་བྷ་ར་དུ་ར་ཨིད་ཚ་ཡ་དེ་བོ་བདག་ཏི་བྷྱཎྱོཏ་ཡི་ཏ་ཐཱ་ཛོ་ཏཔི་སྶ་ཡ་མ་ཧཱ་ར་ཛེ། ས་མཱཾ་དྷི་བྷ་ར་ཏ་ཡཾ་ཏྱཾ། དེ་བེ་བྷྱཱ། མ་ནུ་ཥེ་བྷྱོ། གཾཿ། ་བྱེ་བྷྱོ་ཤི་གི་གྲ་ཧ་དེ་བ་ཨཱནདྷ་སྱ་གྲི་ཧ་ནི་ཡཾ་ཨ་ཀ་མ་ན་ཡ། ཀྲ་མ་ན་ཡ་ཛུ་ཧོ་མི་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདིས་བསྙེན་པའི་ཆོ་ག་བྱས་ལ་ཁང་པའི་བདུན་གྱི་དབུས་སུ་བགྱིས ་བྱུ་ག་ས་ལ་གྲུ་བཞིར་བྲེ་ས་ཏེ་ཀུ་ཤ་ཆ་ལ་པར་བཀྲམ་ནས་མེ་སྦར་ནས་ཨར་གའི་མེ་ཏོག་བརྒྱ་རྩ་བརྒྱད་བླངས་ལ་སྔགས་བཟླས་ཤིང་མེ་ཏོག་རེ་རེ་མེ་ལ་སྦྱིན་སྲེག་བྱས་ན་འདོད་པའི་སྐྱེས་པ ་དང་བུད་མེད་འགུགས་པར་འགྱུར་ཞེས་མཁས་པས་དེ་ལྟར་ཤེས་པར་བྱས་ལ་གུས་པར་བྱའོ།། དཔའ་བོ་གཅིག་ཏུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ལོའུ་བཞི་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་དི་པཾ་ཀར་ཤཱི་ཛྙཱ་ན་དང་། ལོ་ཙ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བཅོས་ཤིང་བསྒྱུར་བའོ།། ་