CLOSE WINDOW

Ty065-010: 'phags pa de bzhin gshegs pa'i ting nge 'dzin gyi stobs bskyed pa baidurya'i 'od ces bya ba'i gzungs
Wyliee-texts produced with BDRC’s OCR application

བཻ་སྦྱར་ཏེ།། སྐ་གས་རབ་ཅད་ཀྱིས་ཀྱང་བཅས་ཤིང་གཏན་ལ་ཕབ་པའོ།། རྒྱ་ཀ་སྐད་དུ། ཨདྱ་ཐཱག་ཏ་ནྱདྷ་མ་སྣ་རྣམ ་བྷ་ན~ཾ་ས་མཱ་དྷི་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻ་ཌཱུརྦའི་འོད་ཅེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བྱས ་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སྨན་གྱི་གནས་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་བསྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་མ་ཐག་ཏུ་སྟོང་གསུམ་གྱི ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་གཡོས་སོ།། ལྷའི་ཙན་དན་གྱི་ཕྱེ་མ་དང་མེ་ཏོག་གི་ཆར་དཔག་ཏུ་མེད་པ་བབ་བོ།། དེ་བཞིན་གཤེགས་པ་བདུན་འཁོར་དང་བཅས་པའང་འཇིག ་རྟེན་གྱི་ཁམས་འདིར་གཤེགས་ཏེ། དེ་བཞིན་གཤེགས་པའི་སྔོན་གྱི་དགེ་བའི་རྩ་བ་ལས་བྱུང་བའི་སེང་གེའི་ཁྲི་ལ་བཞུགས་ཤིང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ནི་བསྐོར ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས ་ཡོངས་སུ་སྐོར་བར་གྱུར་ཏོ།། དེ་ནས་སངས་རྒྱས་ཀྱི་མཐུས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད ་དགོངས་སུ་གསོལ། སེམས་ཅན་ཐམས་ཅད་ཀྱི་སྡིག་པ་ཐམས་ཅད་སྦྱང་བ་དང་། ནད་ཐམས་ཅད་བསལ་བ་དང་། རེ་བ་ཐམས་ཅད་བསྐང་དུ་གསོལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་དག ་གི་མཚན་དང་། སྔོན་གྱི་སྔོན་ལམ་གྱིས་བྱིན་གྱིས་བརླབས་པའི་གཟུངས་ཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས། འཇམ་དཔལ་གནོམ་དུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇ ་དཔལ་ལེགས་སོ་ལེགས་སོ།། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་ངས་ཤད་དེ། འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་དེ་དེ་བཞིན་ནོ་ཞེས་གསོལ་ནས་བཅོམ ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་མཚན་ལེགས་དཔལ་ལོངས་གྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། ་བཞིན་གཤེགས་པ་རིན་པོ་ཆེ་དང་། ཟླ་བ་དང་། པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན ་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ ་མཚོའི་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་ཚལ་ལོ།། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་ཟློས་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས ་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དཔལ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚ ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས། ་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མ་ལྟར་རྣམ་པར་སྣང ་བྱེད་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་བ་ལྟར་རབ་ཏུ་བསིལ་བྱེད་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་ལ་ཕྱག་འཚལ་ལོ།། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམོས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་སྤོབས་པ་བརྩེགས་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་གནོན་པ་དོན་ཡོད་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྟ་ན་མཛེས ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མུན་པ་མུན་ནག་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔ ་ཆེན་པོ་བསམ་པ་ལེགས་པར་རྣམ་པར་སེམས་པ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷུན་པོ་བརྩེགས་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ས་སང་པོའི་དབྱངས་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷུན་པོའི་རྩེ་འཛིན་རྒྱལ་པོ་ལ་ཕྱག་འཚལ་ལོ།། འཕགས་པ་དགྲ་བཅོམ་པ་ཤཱ། ་རིའི་བུ་དང་མོའུ་འགལ་གྱི་བུ་ཆེན་པོ་ལ་ཕྱག་འཚལ་ལོ།། ལྷའི་དགེ་བསྙེན་ཆེན་པོ་དཔལ་ཚངས་པ་དང་བརྒྱ་བྱིན་ལ་ཕྱག་འཚལ་ལོ།། རྒྱལ་པོ་ཆེན་པོ་བཞི་ལ་ཕྱག་འཚལ་ལོ།། ཀླུའི ་དགེ་བསྙེན་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ལ་ཕྱག་འཚལ་ལོ།། དེ་ནས་དེ་བཞིན་གཤེགས་པ་དེ་དག་གི་གསུང་དབྱངས ་གཅིག་གིས་གཟུངས་ཀྱི་ཚིག་འདི་དག་བཀའ་སྩལ་ཏོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། ཨ་པྲ་ཏི་ཧ་ཏ་བྷེ་ཥ་ཛྱེ་རཱ་ཛཱ་ཡ། ཏདྱ་ཐཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧཱུཾ་ཨ ་གྷུ་མེ་གྷུ་མེ་ཨི་མཾ་ནི་མི་ཙི། མ་ཏི་མ་ཏི་སཔྟ་ཏ་ཐཱ་ག་ཏ་ཀེ་ས་མཱ་དྷྱ་དྷིཥྚི་ཏེ། ཨ་ཏེ་མ་ཏེ་པཱ་ལེ་པཱ་པཾ་ཤོ་དྷོ་ནི་སརྦ་པ་པཾ་ནཱཾ་ཤ་ཡ་། མ་མ་བུདྡྷ་བུདྡྷོ་ཏ་ཏ་མེ། ཨུ་མཾ་ཀུ་མ ་བུདྡྷ་ཀྵི་ཏྲ་པ་རི་ཤོ་དྷ་ནི་དྷ་མེ་ནི་དྷ་མེ་མེ་རུ་མེ་རུ་ཀ་མེ་རུ་ཤི་ཁ་རེ། སརྦ་ཨ་ཀཱ་ལ་མྲྀ་ཏྱཱ་ནི་ཝ་ར་ཎེ། བུདྡྷེ་སུ་བུདྡྷེ་བུདྡྷ་ཨ་དྷིཥྚི་ཏེ་ན་རཀྵི་ཏྲི་མེ་སརྦ་དེ་བཱ་ས་མཾ། ཨ་ས་མེ། ས་མ་ནཱ་ཧ་ར ་རནྟུ་མ། སརྦ་བུདྡྷ་བོ་དྷི་སཏྭཱ། རག་མེ་ཤ་མེ། པྲ་ཤ་མནྟ་མེ། སརྦ་ཨི་ཏྱཱ་པཛྲ་བ་བྱཱ་དྷ་ཡ་པཱུ་ར་ཎེ་སུ་པཱུ་ར་ཎེ། པཱུ་ར་ཡ་མ~ཾ། སརྦ་ཨཱ་ཤ་མ་བཻ་ནུརྠ་པྲ་ཏི་བྷཱ་སེ། སརྦ་དཱ་པཾ་ཀཱ་ཡ~ཾ་ཀ་རི་སྭཱཧཱ། ཨོཾ་བྷི་ཥ ་#། ཛྱེ་བྷཻ་ཥ་ཛྲེ། མ་ཧཱ་བྷཻ་ཥ་ཛྱེ་དྷྭེ་ཥ་ཛྱེ་ས་མུདྱ་ཏེ་སྭཱཧཱ། དེ་བཞིན་གཤེགས་པའི་མཚན་དང་གཟུངས་འདི་བཀའ་སྩལ་པའི་ཚེ་སྣང་བ་ཆེན་པོ་བྱུང་སྟེ། ས་ཆེན་པོའང་གཡོས ་ནས་རྫུ་འཕྲུལ་རྣམ་པར་འཕྲུལ་པ་དག་སྣང་ངོ་།། འཁོར་ཇི་ལྟར་ལྷགས་པ་དེ་དག་གིས་ཀྱང་སྤོས་དང་བདུག་པ་རྣམས་ཀྱིས། དེ་བཞིན་གཤེགས་པ་དེ་དག་ལ་མཆོད་ནས་ལེགས་སོ་ཞེས་བྱ་བ ་གསོལ་ཏེ་ལན་བདུན་བསྐོར་བ་བྱས་སོ།། དེ་ནས་དེ་བཞིན་གཤེགས་པ་བདུན་པོ་དེ་དག་མི་སྣང་བར་གྱུར་ནས། བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པས་འདི་སྐད་ཅེས་བཀའ་སྩལ་ཏོ།། ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་དེ་བཞིན་གཤེགས་པའི་མཚན་དང་གཟུངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། མཆོད་པ་དེས་གཙང་མར་བྱས་ལ ་ཕྱོགས་གཙང་མར་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པར་བྱས་ལ། སེམས་ཅན་ཐམས་ཅད་མཆོག་ཏུ་སྙིང་རྗེ་བས་ས་ག་ལ་བབ་པའི་ཉ་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་དེ་དག་གི ་སྐུ་གཟུགས་བྱས་ལ། ཚེས་བརྒྱད་དང་། བཅུ་བཞི་དང་། བཅོ་ལྔ་ལ་སྨྱུང་བར་གནས་པས་གཟུངས་འདི་དག་བཞི་བཅུ་རྩ་དགུའམ། སྟོང་རྩ་བརྒྱད་དམ། སྟོང་ཕྲག་བཞི་བཅུ་རྩ་དགུར་འདོན་ཅིང་། ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མར་མེ་དང་། འཕྲེང་བ་དང་། རོལ་མོའི་སྒྲ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་ཉིན་ལན་གསུམ་མཚན་ལན ་གསུམ་དུ་མཆོད་པ་བྱེད་ན། དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པར་འགྱུར། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སེམས་པར་འགྱུར། ཚངས་པ་དང་། བརྒྱ ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཀླུའི་དགེ་བསྙེན་ཆེན་པོ་དག་གིས་ཀྱང་ཡོངས་སུ་སྐྱོང་བར་འགྱུར། གནོད་སྦྱིན་གྱི་སྡེ་དཔོན་རྡོ་རྗེ་འཛིན་ཐམས་ཅད་ཀྱིས་ཡང་དག་པར་སྲུང་བར་འགྱུར། ་མཚམས་མེད་པ་ལྔ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་ཡོངས་སུ་བྱང་བར་འགྱུར། ནད་ཐམས་ཅད་ཀྱིས་མི་བཏབ་པར་འགྱུར། རིང་དུ་འཚོ་བར་འགྱུར། དུས་མ་ཡོན ་པར་འཆི་བ་ཐམས་ཅད་ལས་ཡོངས་སུ་ཐར་པར་འགྱུར། འཆི་བ་དང་། དགྲ་དང་། དགོན་པའི་གནོད་པ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར། ་དགྲ་བོ་ཐམས་ཅད་ཀྱི་དབང་དུ་མི་འགྲོ་བར་འགྱུར། ཅི་བསམས་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན ་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེའི ་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻ་ཌཱུཪྻའི་འོད་ཀྱི་གཟུངས་ཞེས་བྱ་བར་ཡང་ཟུང་ཞིག། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་འཐག་ཅིང ་སྐྱོང་བ་ཞེས་བྱ་བར་ཡང་ཟུང་ཞིག། དེ་བཞིན་གཤེགས་པ་བདུན་གྱི་རྣམ་པར་འཕྲུལ་པ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཞིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ ་སྩལ་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དེ ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻ་ཌཱུཪྻའི་འོད་ཅེས་བྱ་བའི་གཟུངས་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང ་སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་སླད་ཀྱིས་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། དགེ་སློང་ཚུལ་ཁྲིམས་རྒྱལ་བ་ས་ཐི་ལིང ་ག་སར་ཁང་དུ་སྐད་གསར་བཅད་ཀྱིས་བཅོས་ནས་གཏན་ལ་ཕབ་པའོ།། @དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བཅོམ་ལྡན ་