| Wylie | e-texts produced with BDRC’s OCR application |
ཆེན་གྱི་ལོ་ཙ་བ་བན་སྟེ་ཡེ་ཤེས་སྡེས་བསྒྱུར་ཅིང་ནུས་ཏེ་གཏན་ལ་ཕབ་པ། རྒྱ་གར་སྐད་དུ.ཨཱརྱ་ཨཥྚ་དེ་བཱི་དྷཱ་ར་ཎི། བོད་སྐད་དུ་ཀ་འཕག། ་བསྡུ་མོ་བརྒྱད་ཀྱི་གཟུངས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དེ་ནས་ཕྱག་རྡོ་རྗེས་དེ་བཞིན་གཤེགས་པའི་སུམ་སྡིག་པ་ཐམས་ཅད་བྱང་བར་མཛད་ག། ་ནད་ཐམས་ཅད་རབ་ཏུ་ཞི་བར་མཛད་མ། བགེགས་ཐམས་ཅད་རབ་ཏུ་འཇིགས་པར་མཛད་མ། ཕུན་སུམ་ཚོགས་པ་ཐམས་ཅད་མཛངས་གཟུངས་སྔགས་ཆེན་མོའི་རྒྱལ་མོའི་མཆོག ་འདི་གསུངས་སོ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་ཧེ་བུདྡྷ་མཱ་ཏ་རི། སརྦ་པཱ་པ་ནཱ་ཤ་ནི། གརྫ་གརྫ། བྷཉྫ་བྷཉྫ། མརྡ་མརྡ། ག་མ་རི། ག་མ་དྷ་རི། ཧ་ས་ཧ་ས། ་ད་མ་ད་མ། མ་ཐ་མ་ཐ། བི་དྷ་ན་ས་ཡ་བི་དྷཱ་ན་ས་ཡ། སརྦ་ཤ་ཏཱུན་ཏ་ར་མ་ཏིམི་མ་ལེ། པཱུ་ར་ཡ་པཱུ་ར་ཡ། པྲ་ཏི་ཛཱ་ན། སརྦ་བུདྡྷ་པཏྱཱ་པ་སི་ཏི། བྷ་ག་བ་ཏི། ག་ན་ག་ན། ཛ་ཧི་ཛ་ཧི ་བི་མ་ས་ནི། ཀྲ་མ་ཎི། དྷ་བ་ན~ཾ། ར་མ་ཎི། མ་ཏཾ་གི་ཀེ་སྭཱ་ཧཱ། བཅོམ་ལྡན་འདས་མ་ཡེ་ཤེས་ཆེན་པོར་དབང་བསྐུར་ལྡན་པ་ཞེས་བྱ་བའི་གཟུངས་སོ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཥེ། ་བྷྱཿ་སརྦ་ཐཱ། ཨ་མ་རི་ཨ་མ་ར། 1ཊ། བྷྱནྡཿདྷི་དྷྭེ། མིཆིམ་ཙ། སྭཊ་མ་སྥོ་ཊ་ཡ། མ་ཐ་མཐུ། དྲོདྷདྷ་ད་མ་ཀ་སྭཱཧཱ། ན་མཿསརྦ་ཏ་ཐཱག་ཏེ་བྷྱཿ། སརྦ་མུ་ལེ་བྷྱཿས~ཾརྦཐཱ ་ཀཽན་དེ། སརྦ་ཏ་ཐཱ་ག་ཏ་བྷ་ནེ་ཀེ། བོ་དྷི་ན་དད་ཏྭེ་ཊ་དྡ་ཊ། ཧཱུཾ་ཕཊ་ཧཱུཾ་ཕཊ། གརྫ་གརྫ་པ་ར་མ་ཏི། བི་ཧུ་རི་ཀེ་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་པུ་ཁེ་བྷྱཿ། སརྦ་ཐཱ། བྷ་ག་བི་ཏི་\ུ0f7f ་བཱ་ར་མི་ཏེ་ཨ། སརྦ་པཱ་པཀྵ་ལ~ཾ་ཀ་རི་ཝཱ་ན་ཨརྩི་སྥར་ཎི། བྷཉྫ་བྷཉྫ། མ་ཐ་མ་ཐ་དམད་མ། ཨཱ་ན་ཡ་ཨཱ་ན་ཡ། ས་ར་ས་ར། མཱ་ར་ཡ་མ་ར་ཡ། སརྦ་དུདྡྷ་ཛ་ནི་ཏཱི་ཡེ་སྭཱ་ཧཱ ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ། གརྫ་གརྫ། མ་ཐ་མ་ཐ་དྷ་མ་དྷ་མ། བྷཉྫ་བྷཉྫ། དུནྡུ་བྷི། སརྦ་ནིར་གྷོ་ཥེ་། ཧ་ན་ཧ་ན། བྷིདྡྷཱ་ན་ས་ཡ་བི་དྷ་ན་ས་ཡ། མོ་ཊ་ཡ་མཻཊ ་ཡ། ད་ཧ་ད་ཧེ། བི་ཕུ་ལ་ནི་རྨ་ལ་ནིར་ཛཱ་ཏི་ཨཱ་ཧ་ར་ཨཱ་ཧ་ར། གཙྪ་ག་ཙྪ་སརྦ་བུདྡྷ་པ་ཏྱུ་པ་ས་ཏི་མ། མཱ་བ~ཾ་ལ་མ་བ་སྭཱ་ཧཱ། བཅོམ་ལྡན་འདས་མ་རྡོ་རྗེའི་དབྱིངས་ཀྱི་དབང་ཕྱུག་མ་ཞེས་བྱ་བའི། ་གཟུངས་སོ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ། ཨོཾ་བྷ་ག་བ་ཏི། སརྦ་ཏ་ཐཱ་ག་ཏ་ཛ་ནི་ཀེ་པཱུ་ར་ཡ་པྲ་ཏི་ཛྙཱ་ན་ཏ་ཊ་ཏ་ཊ། མརྡ་མརྡ། ཨཱ་ཧ་ར་ཨཱ་ཧ་ར། ཧཱུཾ་ཧཱུ~ཾ་ཛི་ཏི་སྭཱ་ཧཱ། ་བཅོམ་ལྡན་འདས་མ་སོ་སོར་འབྲང་བ་ཆེན་མོ་ཞེས་བྱ་བའི་གཟུངས་སོ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ། ཧཱུཾ་ཧྲྀ། སརྦ་བུདྡྷ་མི་ཏ་རི། བྷཉྫ་བྷཉྫ། མ་ཐ་མ་ཐ ་ད་མ་ནི་ད་མ་ནི། གརྨྨ་རི་གརྒཱ་རི་ཧྲཱིཿསཱ་ཧཱ། བཅོམ་ལྡན་འདས་མ་རྡོ་རྗེ་མི་ཕམ་མ་ཞེས་བྱ་བའི་གཟུངས་སོ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱཏཱ་ཊ་ཏྲཱ་ཊ། ཧུ་མུ ་ཧུ་མུ། སརྦ་པཱ་པ་བི་ཤོ་དྷ་ནི་སྭཱ་ཧཱ། བཅོམ་ལྡན་འདས་མ་སྡིག་པ་ཐམས་ཅད་སྤོང་བ་ཞེས་བྱ་བའི་གཟུངས་སོ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿསརྦ་ཐཱ་དྷ་ཀ་དྷ་ཀ ་མོ་ཊ་མོ་ཊ། ད་ཧ་དཿ། སརྦ་ཏ་ཐཱ་ག་ཏཱ་ཛྙཱ་ན་ནི་རྫ་ཏེ་སྭཱཧཱ། བཅོམ་ལྡན་འདས་མ་གདུལ་དཀའ་མ་ཞེས་བྱ་བའི་གཟུངས་སོ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་སུ་ཁེ་བྷྱ་སརྦ་ཐཱ ་ཧཿམི་དུ་མི་དུ། དམ་མ། ཁཱ་ཧི་ཁཱ་ཧ~ཾ། དྷུར་དྷ་ནཱ། མི་ཙི་མ་ཙཾ། དུདྷཱནྟ་དར་ནི་སྭཱཧཱ། བཅོམ་ལྡན་འདས་མ་བདུད་ཐམས་ཅད་རྣམ་པར་འཇོམས་མ་ཞེས་བྱ་བའི་གཟུངས་སོ།། ནམཿསཿ ་ཏཐཱ་ག་ཏེ་བྷྱཿ། སརྦ་པུ་ཁེ་བྷྱཿ། སརྦ་ཐཱམི་ཙོ་མོ་ཙི། གརྫ་གརྫྫ། སྥོ་ཊ་ལ་སྥོ་ཊ་ཡ། མཐ་མ་ཐདམ་ད་མ་སྭཱཧཱ། བཅོམ་ལྡན་འདས་མ་སྒོ་མཐའ་ཡས་སྒྲུབ་པ་ཞེས་བྱ་བའི ་གཟུངས་སོ།། འཇམ་དོ་པ་ལ་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་དཀྱིལ་འཁོར་འདི་གང་གི་ལག་ན་གནས་པ་དེ་ཉོན་མོངས་པ་དང་བྲལ་བར་འགྱུར། འཇིགས་པ་དང་བྲལ་བར་འགྱུར། དེ་གལ ་ཏེ་ཆོམ་རྐུན་གྱི་ནང་ན་འདུག་གམ། སྲིན་པོའི་ནང་ན་འདུག་གམ། དགྲའི་ནང་ན་འདུག་གམ། འཐབ་པའི་ནང་ན་འདུག་ཀྱང་རུང་སྟེ། དེའི་ལུས་ལ་མཚོན་གྱིས་མི་ཚུགས་པར་འགྱུར། ཆོམ ་རྐུན་གྱིས་བཅོམ་པར་མི་འགྱུར། སྲིན་པོ་ལ་སོགས་པ་ས་གཙེ་བར་མི་འགྱུར། དེ་ལ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་འབྱུང་བར་མི་འགྱུར། རྟག་ཏུ་དཔལ་དང་ལྡན་པར་འགྱུར། དེའི་སྡིག ་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུརསངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱིས་དགེ་བའི་རྩ་བ་བསགས་པའང་དེ་ཉིད་ལ་ཉིན་གཅིག་བཞིན་མངོན་དུ་འགྱུར། འཆི་བའི་དུས་ཀྱི་ཚེའང ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་ཟིན་པར་འགྱུར། ཤི་ནས་ཀྱང་བདེ་བ་ཅན་དུ་འགྲོ་བར་འགྱུར་ན། གང་འཛིན་པ་དང་། ཀློག་པ་དང་། ་ཡིད་ལ་བྱེད་པ་དང་། མི་གཏོང་བར་འཛིན་པ་ལྟ་ཅི་སྨོས་ཏེ། དེའི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ།། དེ་ནས་ངན་སོང་གི་སྒོ་རྣམས་བཅད་པར་འགྱུར་རོ།། དེ་ངན་སོང་དང་ངན་འགྲོ་རྣམས་རྒྱང ་བསྲིངས་པར་འགྱུར་རོ།། གང་ཞིག་ནང་པར་ལངས་ནས་སུ།། ལན་ཅིག་ཀློག་པར་བྱེད་པའི་མི།། སྲིད་པ་ཉམ་ངར་གང་བྱས་པ།། སྡིག་པ་ཀུན་ལས་གྲོལ་བར་འགྱུར།། སྲིན་པོ་ལ་སོགས ་ཆོམ་རྐུན་དང་།། མཚོན་དང་དགྲ་ཡིས་མི་ཚུགས་ཤིང་།། དུས་མིན་འཆི་ལས་རབ་ཏུ་ཐར།། རྟག་ཏུ་དཔལ་དང་ལྡན་པར་འགྱུར།། འཆི་བའི་དུས་ཀྱི་ཚེ་ན་ཡང་།། ངན་འགྲོ་རྣམས་ལས ་བསྲིངས་འགྱུར་ཏེ།། སངས་རྒྱས་རྣམས་ཀྱིས་ཡོངས་གཟུང་ནས།། དེ་བ་ཅན་དུ་སྐྱེ་བར་འགྱུར།། དེ་སྐད་ཅེས་བཀའ་སྩལ་ནས་ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི ་འཇིག་རྟེན་ཡི་རངས་ཏེ་མངོན་པར་བསྟོད་དོ།། འཕགས་པ་ལྷ་མོ་བརྒྱད་ཀྱི་གཟུངས་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡ་བོ་དྷི་དང་ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས ་སྡེས་བསྒྱུར་ཅིང་ནུས་ཏེ་གཏན་ཕབ་པ།། @རྒྱ་གར་སྐད་དུ། བྷ་ག་བཱན་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་ཏནྟྲ་ནཱ་མ། བོད་སྐད་དུཀབཅོམ་ལྡན་འདས་ཕྱག་ནཿ། ་རྫོ་གོས་སྔོན་པོ་ཅན་གྱི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་ཕྱག་འཚལ་ལོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དུས་གསུམ་དུ་བཞུགས་པ་རྣམས་ལ་ཕྱག ་འཚལ་ལོ།། འདི་སྲིད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མི་བསྐྱོད་པ་རྡོ་རྗེ་རིགས་ཀྱི་སངས་རྒྱས་ལྕང་ལོ་ཅན་ཀྱི་པོ་བྲང་ན་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་རྡོ་རྗེ་སྡེ་དང་། ་རྡོ་རྗེ་ཀུན་ཏུ་འཛིན་པ་དང་། རྡོ་རྗེ་རབ་ཏུ་འདུལ་བྱེད་དང་། རྡོ་རྗེ་མི་བཟད་འཇོམས་དང་། རྡོ་རྗེ་གདུག་པ་ཀུན་འདུལ་དང་། རྡོ་རྗེ་དབྱིངས་ལས་རྒྱལ་བ་དང་། རྡོ་རྗེ་དགྱེས་གནས ་སྐྱོབ་ལ་སོགས་པའི་འཁོར་བྱེ་བ་ཕྲག་སྙེད་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ཉིད་ཀྱིས་རྡོ་རྗེ་ཐུགས་ཀར་ལན་གསུམ་གསོལ ་ཏེ་བཅོམ་ལྡན་འདས་ལ་བསྐོར་བ་ལན་གསུམ་བྱས་ནས་ཕྱག་འཚལ་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་རྡོ་རྗེ་འཛིན་པ་ཆེན་པོ་འབྱུང་པོ་ཀུན་འདུལ་བར་བྱེད་ཅིང་། ས་འོག་གི་གདུག་པ་ཅན་འདུལ་བར་བྱེད་པའི་རྡོ་རྗེ་ཀུན་འདུལ་ཞེས་བྱ་བའི་རྒྱུད་ཆེན་པོ་བཤད་དུ་གསོལ།། རྡོ་རྗེ་འཛིན་པ་ཆེན ་པོ་བཤད་དུ་གསོལ། ཁྱབ་བདག་ཆེན་པོ་བཤང་དུ་གསོལ།། གདུག་པ་ཀུན་འདུལ་བར་བྱེད་པ་བཤད་དུ་གསོལ། མུན་པ་ཀུན་འཇོམས་པ་ཆེན་པོ་བཤད་དུ་གསོལ་ཞེས་ཕྱག་ན་རྡོ་རྗེས་གསོལ་བ་བཏབ ་གོ།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས། ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་བ། རྡོ་རྗེ་འཆང་བ་ཆེན་པོ་གསང་བ་པ་ཁྱོད་སེམས་ཅན་རྣམས་ཀྱི་དོན་དུ་རྡོ་རྗེ ་ཀུན་འདུལ་ཞེས་བྱ་བའི་རྒྱུ་དང་ལ་ཞུ་བ་ལེགས་སོ།། གསང་བའི་བདག་པོ་ལེགས་སོ།། བྱང་ཆུབ་སེམས་དཔའ་ཆེན་པོ་ལེགས་སོ།། དེའི་ཕྱིར་ལག་ན་རྡོ་རྗེའི་རིགས་རྣམས་ཁྱེད་རྗེས་སུ་ཉོན་ལ་ཡིད་ལ ་ཟུང་ཞིག། ངས་རྣམ་པར་ཕྱེ་སྟེ་རྡོ་རྗེ་ས་འོག་འབྱུང་པོ་འདུལ་བ་ཞེས་བྱ་བའི་རྒྱུད་བཤད་ཀྱིས་རྗེ་སུ་ཟུང་ཞིག། དེ་སྐད་ཅེས་བཀའ་སྩལ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཀུན་གྱི་ཏིང་ངེ ་འཛིན་གྱིས་ས་འོག་གི་གདོན་དང་འབྱུང་པོ་ཀུན་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ། བཅོམ ་ལྡན་འདས་ཀྱི་སྐུའི་བུ་ག་ཐམས་ཅད་ནས་ཁྲོ་བོ་གདུག་པ་ཀུན་འདུལ་བར་བྱེད་པ་དུ་མ་སྤྲོས་ཏེ་ས་འོག་ས་སྟེ་ངས་ས་བླ་གང་བར་མཛད་དེ། ས་འོག་གི་ཀླུ་རྣམས་ཀྱི་གནས་རྣམས་གདུག་པའི་ཧཱུཾ ་སྒྲས་ཀུན་ཏུ་གང་བར་བྱས་ནས་ཀླུའི་རྒྱལ་པོ་བརྒྱད་འཁོར་དང་བཅས་པ་བཏུལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཀུག་གོ། དེ་ནས་ཀླུའི་རྒྱལ་པོ་མཐའ་ཡ་ས་གདུག་པའི་སེམ་ས་ལངས ་དབུགས་ཤིན་ཏུ་ཚ་བར་གཏོང་བར་སེམས་པ་དེ་བཅོམ་ལྡན་འདས་ཀྱིས་མཁྱེན་ཏེ། གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བྱིན་གྱིས་བརླབས་ནས་ཀླུ་ཐམས་ཅད་ཀྱི་ཞེ་སྡང་རབ ་ཏུ་ནི་བར་བྱེད་པ་ཞེས་བྱ་བའི་སྔགས་འདི་གསུངས་སོ།། ཨོཾ་ནཱི་ལཱྀ་བཛྲ་ཀྲོ་དྷ་ནཱ་ག་ཧཱུཾ་ཕཊ། ཅེས་བཟླས་སོ།། དེ་ནས་ཀླུ་མཐའ་ཡས་སེམས་རབ་ཏུ་ནི་སྟེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་པས། ་ཀླུ་ཐམས་ཅད་སེམས་རབ་ཏུ་ཞིའོ།། དེ་ནས་མཐའ་ཡས་ལ་སོགས་པའི་ཀླུ་རྒྱལ་ས་འོག་ན་བཞུགས་པ་རྣམས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ལ་འདི་སྐད་ཅེས་གསོལ ་བཅོམ་ལྡན་འདས་ཕྱི་མའི་དུས་ན་སླད་མའི་ཚེ་སེམས་ཅན་རྣམས་ལ་ས་འོག་གི་གདོན་རྣམས་ཀྱིས་བར་དུ་མི་གཅོད་ཅིང་། དེ་དག་གི་གདུག་པ་ཞི་བར་བྱེད་པའི་ཆོ་ག་བ་ཤད་དུ ་གསོལ། བདག་ཅག་ཀླུའི་རྒྱལ་པོ་རྣམས་དང་བདག་ཅག་གི་འཁོར་རྣམས་ཀྱིས་སེམས་ཅན་ཆེན་པོ་དེ་ལ་བར་དུ་གཅོད་པར་མི་ནུས་པ་བཤད་དུ་གསོལ་བདག་ཅག་ཀླུའི་རྒྱལ་པོ་རྣམས ་ཀྱི་དོན་དུ་འགྱུར་བ་བཤད་དུ་གསོལ་ཞེས་གསོལ་བ་བཏབ་བོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས། ཀླུའི་རྒྱལ་པོ་ཆེན་པོ་རྣམས་ལ་ཅུང་ཟད་སྤྱན་གྱིས་གཟིགས་ནས་བཀའ ་སྩལ་པ། ཀླུའི་རྒྱལ་པོ་དག་ལེགས་སོ།། ཞུ་བའི་དུས་ལ་བབ་བོ།། ངས་སེམས་ཅན་རྣམས་ཀྱི་དོན་དུ་རབ་ཏུ་ཕྱེ་སྟེ་བཤད་ཀྱིས་ཉོན་ཅིག། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། ་ཀླུརྣམས་ལྟར་ཉན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུ་འདུལ་བ་ཞེས་བྱ་བའི་ལེའུ་བཤད་དེ། ཧཱུཾ་ཊ་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། རྡོ་རྗེ་འཛིན་ཆེན་སྟོན་པ་དེས།། ཉིད་ཀྱི་འཁོར་ལ་རབ་གཇིག ་ཏེ།། འོད་ཟེར་ཀུན་ཏུ་རབ་བཀྱེ་ནས།། གདོན་རྣམས་རླག་བྱེད་ཐབས་གསུངས་པ།། དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་དང་།། དེ་བཞིན་བཅུ་བཞི་བཅོ་ལྔ་ལ།། རབ་ཏུ་དབེ། ་པའི་ས་ཕྱོགས་སུ།། ཕྱག་ན་རྡོ་རྗེ་རབ་ཁྲོས་པ།། གཞོན་ཚུལ་འགྱིངས་པ་རབ་བསམས་ལ།། རིན་ཆེན་སྣོད་དམ་ཁམ་ཕོར་དུ།། གསེར་ལ་སོགས་པའི་རིན་ཆེན་བདུན།། དག་པར་བསྒྲུབས་ཏེ་རབ་བཅུགནས ་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ།། དཀོན་མཆོག་གསུམ་གྱི་བཀའ་བདེན་པས།། འབྱུང་པོ་དེ་ལ་གཏོར་བྱིན་ཏེ།། གང་གནས་རྟེན་སར་རབ་སྦས་ལ།། འབྱུང་པོ་ཀླུ་གདུག་ཞི་བར་འགྱུར།། ་གང་ཚེ་ཞི་བསམ་ཕན་ན།། དེ་ཚེ་གདུག་པའི་མཚོན་ཆ་རྣམས།། རང་གི་ཁང་པར་རབ་ཏུ་འབར།། སྡུག་བསྔལ་མི་བཟད་དྲག་པོ་སྟེ།། དེ་ཚེ་སྔོན་གྱི་སེམས་དྲན་པས།། ཞི་བར་འགྱུར། ་བར་ཐེ་ཙོམ་མེད།། དེ་ནས་འདིར་བཅོམ་ལྡན་འདས་ཀྱིས་ལྷའི་ཆོ་ག་རབ་ཏུ་གསུངས་པ། རྟག་ཏུ་བྱང་ཆུབ་སེམས་ཐོབ་ཅིང་།། དམ་ཚིག་སྡོམ་པ་ཀུན་ལྡན་པ།། ཁྲུས་ཀྱི་ལས་རྣམས་ཀུན་བྱ ་སྟེ།། རྣམ་པར་དག་པའི་ས་གཞི་ལ།། དཀྱིལ་འཁོར་ཇི་ལྟར་མཛེས་པར་བྱ།། ཧཱུཾ་ཡིག་ལས་བྱུང་ལྕགས་ཀྱུ་ཡིས།། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས།། སྐད་ཅིག་མདུན་བསམས ་མཆོད་སོགས་བྱ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། སྟོང་པའི་ཏིང་ངེ་འཛིན་རྣམས་བསྒོམ།། ནམ་མཁའི་ཁམས་སུ་ཨ་དང་ནི།། ཟླ་བ་དང་པོ་ཡི་གེ་ཧཱུཾ།། འོད་ཟེར་ཀུན་ཏུ་འབར་བར་བསྒོམ།། འགྲོ། ་དྲུག་ཉོན་མོངས་ཀུན་སྦྱངས་ཏེ།། རྣམ་གྲོལ་ས་ལ་ངེས་བཀོད་ནས།། འོད་བསྡུས་ཧཱུཾ་གི་རྣམ་པར་བསམ།། དེ་ཉིད་རྡོ་རྗེ་རྩེ་ལྔ་ཅན།། འོད་ཟེར་འབྲེང་བ་འཕྲོ་བར་བསམ།། དེ་ཡི་འོད་ཀྱིས་སེམས་ཅན་རྣམས། ་རྡོ་རྗེའི་ངོ་བོར་ཐིམ་པར་བྱ།། དེ་ལས་ཁྲོ་བོ་ཆེན་པོའི་སྐུ།། སྐུ་མདོག་སྔོན་པོ་ཆེར་འབར་བ།། གཡོན་བརྒྱང་ན་ཚོད་བཅུ་དྲུག་འཆང་།། མཐའ་ཡས་ལ་སོགས་བརྒྱད་ཀྱིས་བརྒྱན།། སུ་མདོག་རག་པོ ་གཟུགས་ཅན་དེ།། ཞལ་གཅིག་ཕྱག་གཉིས་རྡོ་རྗེ་བསྡམས།། ན་བཟའ་སྔོན་པོའི་ཟེར་འཇོལ་ཅན།། སྤྱན་གསུམ་དམར་མཛེས་གྱེན་དུ་འཇིལ།། རལ་པ་གྱེན་བརྫེས་རྡོ་རྗེ་ཡི།། དབུ་རྒྱན་ཅན་དུ ་བས་པར་བྱའོ།། དེ་ནས་ཡེ་ཤེས་ཁྲོ་བོ་ཆེ།། སྤྱན་དྲངས་ཛཿཧཱུཾ་བ་ཧོས་གཞུག། མགོ་དང་ལྐོག་མ་སྙིང་ཁ་རུ།། ཨོཾ་ཨཱཿཧཱུཾ་གི་རྣམ་པ་ཡི།། ཡི་གེ་བཅུ་གསུམ་སྔགས་ཀྱིས་བརྒྱ་ན།། འཁོར ་ལོ་པདྨ་རྡོ་རྗེ་བསམ།། མི་བསྐྱོད་རྡོ་རྗེས་དབང་བསྐོར་ཏེ།། ཀུན་འཇོམས་རྣམ་པར་དག་པར་བསམ།། དེ་ནས་བཅོམ་ལྡན་འདས་ཀྱིས་འདིའི་རྩ་བའི་སྔགས་ལས་ཐམས་ཅད་པ་གསུངས། ཨོཾ ་ནཱི་ལཱམྦ་ར་དྷ་ར་བཛྲ་པ་ཎི་ཧཱུཾ་ཧཱུཾ་ཕཊ། རབ་ཏུ་བརྗོད་པར་བྱའོ།། སྔགས་ཀྱི་འཕྲེང་བ་དེ་དག་ཀྱང་།། ཞི་ལ་རབ་དཀར་དབང་ལ་དམར།། རྒྱས་ལ་སེར་པོ་དྲག་ལ་གནག། རྟོག་པ་ཀུན་ཏུ་སྤངས ་བཟླས།། སྤྲོ་ང་བསྡུ་བའི་བྱེ་བྲག་གིས།། ཇི་ལྟར་མོས་པས་བསམ་གཏན་བྱ།། མི་མོས་རྣལ་འབྱོར་རབ་ཏུ་སྤང་།། ཕྱག་ན་རྡོ་རྗེ་ཁྲོ་རྒྱལ་གྱིས།། དགེ་ཀུན་རྟེན་པའི་ཡིད་འདི་ལ།། གང་བརྩོན་པ་དེ ་ཕན་ཡོན་ནོ།། ཀུན་ཏུ་རབ་ཏུ་དགའ་སོགས་དག་མི་སྡང་ལ་སོགས་རབ་ཏུ་འགྲུབ། ཀུན་རྟེན་རབ་ཏུ་སྤྱད་དགེ་ཅན།། རྟེན་ཅན་སྦྱོར་བ་རབ་ཏུ་དབེན།། དངོས་གྲུབ་མཆོག་ཏུ ་རབ་ཏུ་འགྲུབ།། དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས།། ཞི་བའི་ལས་སྒྲུབ་པ་དང་ལྷའི་ལེའུ་སྟེ་དང་པོའོ།། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་སྟོན་པ་རྡོ་རྗེ་འཛིན།། བར་ཆད་ཞི་བྱེད་གཏོར་མ་ཡི།། ཆོ་ག་མཆོག་ནི་བཤད་དུ་གསོལ།། སེམས་ཅན་དོན་དུ་བརྩོན་ལྡན་བགྱི།། ཞེས ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལེགས་སོ་རྡོ་རྗེ་འཆང་བ་གཙོ།། བར་ཆོད་ཞི་བའི་ཆོ་ག་དང་།། དངོས་གྲུབ་ཐབས་ཀྱི་ཆོ་ག་ནི།། གཏོར་མ་ཀུན་གྱིས་སྟེར ་འགྱུར་བཤད།། རབ་ཏུ་མཛེས་པའི་སྣོད་མཆོག་ཏུ།། བཟའ་དང་བཅའ་བ་ལ་སོགས་པའི།། ཕུན་སུམ་ཚོགས་པ་རབ་ཏུ་བྱ།། སྟོང་པའི་ཏིང་ངེ་འཛིན་འགྲོ་བས།། བྲུམ་ལས་མཛེས་པའི་སྣོད་བསྐྱེད ་དེ།། ཁཾ་ལས་ཁ་ཟས་ནམ་མཁའི་ཁམས།། མཉམ་པར་བསམ་ས་ཏེ་སྔགས་འདི་བརྗོད།། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་དོ།། བདུད་རྩིར་བསམྲ། ་ཏེ་རབ་ཏུ་སྤེལ།། སྤེལ་བ་གཉིས་ཀྱིས་རྣམ་པར་སྦྱངས།། ནམ་མཁའི་ཧྲི་ལས་པདྨ་བརྒྱད།། དཔག་ཏུ་མེད་པ་བསམ་བྱ་སྟེ།། གཙོ་བོ་མགོན་པོ་རྣམ་ཐོས་བུ།། གནོད་སྦྱིན་བྱེ་ཚོགས་ཀྱིས་བསྐོར ་ཅིང་།། ཀླུ་བརྒྱད་ཀྱིས་མཆོད་སྤྱན་དྲང་བྱ།། གནོད་སྦྱིན་རྒྱལ་པོ་དེ་དག་ལ།། རྨུགས་འཛིན་གང་བ་བཟང་པོ་དང་།། ནོར་བཟངས་ཀ་བེར་དང་ནི།། ཡང་དག་འཇོག་གནས་ལྔ་རྩེན་དང་། ཅི ་ཀུནྡ་ལི་རྣམས་ནི།། འཁོར་གྱི་ཚུལ་གྱིས་གཅོལ་བསྐོར།། ཕྱོགས་དང་མཚམས་སུ་བསམ་པར་བྱ།། བྱེ་བའི་འཁོར་ཚོགས་ཐུན་མོང་ཡིན།། ཀླུ་བརྒྱད་གནོད་སྦྱིན་ཕྱི་ནའོ།། དེ་ནས་ལྕགས་ཀྱུས། ་སྤྱན་དྲངས་ལ།། མ་བྲལ་གཙོ་དང་ལྕགས་ཀྱུའོ།། བཞོན་པ་སེང་གེ་རྟ་ཡི་ཚོགས།། ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ།། རིན་ཆེན་འབར་བའི་རྒྱལ་མཚན་དང་།། ནོར་བུ་རིན་ཆེན་རལ་གྲི ་དང་།། གྲི་མདུང་ཁ་བརྩེགས་རལ་གྲི་ཕུབ།། མཚོན་ཆ་སྣ་ཚོགས་འཕྱར་བར་བསྒོམ།། སྤྱན་འདྲེན་ཚེན་རྔ་སོགས་དང་།། དུང་ཆེན་འབྲས་སྤོས་དག་ནི་དབུལ།། ཨོཾ་བཻ་ཤྲ་བ་ཎ་ས་པ་རི་བཱ་ས ་མ་ཛཿ། ཛཿཧཱུཾ་བཾ་ཧོ།། ཨོཾ་བཻ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎ་ཨཱ་ཀཪྵ་ཡ་ཧཱུཾ་ཛཿ། ཞོས་སྤྱན་དྲང་བའི་སྔགས་སོ།། ཨོཾ་ཨ་མྲྀ་ཏ་ཀུནྡ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པ་ནི་བགེགས་བསྐྲད་པའི་སྔགས་སོ།། དེ་ནས་མེ་ཏོ། ་ལ་སོགས་པས།། མཆོད་པ་དག་ནི་ནམ་མཁའ་རུ།། རབ་ཏུ་མཆོད་དེ་སྤྲོ་བར་བྱ།། ཨོཾ་ནཱི་ལཱ་མྦ་ར་དྷ་ར་བཛྲ་དཱ་ཎི། ཨཱ་ཛྙཱ་པ་ཡ་ཏི། ཨི་མཾ་བ་ཨོཾ་གྲི་ཧཱ་ཏུ། ས་མ་ཡ་རཀྵནྟུ་མ་མ་སིདྡྷིམྨེ་པྲ་ཡ་ཙྪ་ཏུ་མ་མ་སརྦ་སཏྭ ་སྭཱཧཱ། ཨོཾ་བཻ་ཤྲ་བཎཱ་ཡ་སྭཱ་ཧཱ། ཨོཾ་ཛམྦྷ་ལཱ་ཡ་སྭཱ་ཧཱ། ཨོཾ་པཱུརྞ་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་ཀུ་བེ་རཱ་ཡ་སྭཱ་ཧཱ། ཨོཾ་སཾ་པྲ་ཛྙཱ་ནཱ་ཡ་སྭཱ་ཧཱ། ཨོཾ་གུ་ཧྱ་དྷ་ནཱ་ཡ་སྭཱ་ཧཱ། ཨོཾ་པཉྩི་ཀཱ་ཡ་སྭཱཧཱ། ་#། ཀུན་ལཱ་ཡ་སྭཱ་ཧཱ། གཏོར་མ་དབུལ་བའི་སྔགས་སོ།། དེ་ནས་མཆོད་དེ་མགྲོན་རྣམས་བཏབ། འོད་ཟེར་ལྕགས་ཀྱུ་བཀྲོལ་ནས་སུ།། བཀྲོལ་བའི་དུས་ན་གཤེགས་དང ་མཉམ།། མཉམ་ལོངས་སྤྱོད་པའི་ཆོ་ག་བྱའོ།། རྡོ་རྗེས་འོག་གི་རྒྱུད་ལས།། གཏོར་མའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་དངོས ་གྲུབ་པསྒྲུབ་པར་འདོད་པའི་དོན་དུ་འཇིག་རྟེན་པའི་འཁོར་ལོ་ཀུན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུའི་བསྤུ་ནས་འོད་ཟེར་སྤྲོས་ཏེ་རྣམ་ཐོས་སྲས་འཁོར་བཅས་ཀྱི ་ཐུགས་བསྐུལ་ནས་འཁོར་དེར་འདུས་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། རིན་པོ་ཆེའི་ཕྱེ་མའི་གཏོར་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ནི་ཆོས་སྐྱོང་བའི་རྒྱལ་པོ ་རྣམ་ཐོས་ཀྱི་བུ་ཞེས་བགྱི་བ་ལགས་ཏེ། བདག་གིས་ཆོས་དང་ལྡན་པ་རྣམས་ཀྱི་ཆོས་བསྲུང་ཞིང་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་བདག་ཉིད་ཀྱིས་གསང་བ་བཤད་ན། བཅོམ་ལྡན་འདས་ཀྱིས ་སྐབས་དབྱེ་བར་ཅི་གནང་ཞེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ལེགས་སོ།། རང་གི་གསང་བ་ལེགས་པར་ཤོད་ཅིག། ངས་རྗེས་སུ་ཡི་རང་ཞིང་བྱིན ་གྱིས་བརླབ་པར་བྱའོ།། རྡོ་རྗེ་འཆང་བ་ཀུན་གྱིས་ཀྱང་བྱིན་གྱིས་རློབ་པར་འགྱུར་གྱིས། ཁྱོད་ཀྱིས་ལེགས་པར་སྨྲོས་ཤིག་ཅེས་བཀའ་སྩལ་ཏོ།། དེ་ནས་རྣམ་ཐོས་ཀྱི་བུ་རང་གི་སྟན་ལས་ལངས་ཏེ། ་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་རང་གི་རིག་པ་འདི་སྨྲས་སོ།། ཨོཾ་ཊེ་ཤྲ་བ་ཎཱ་ཡ་རྦུ་རཱུ་བཙ་པ་ཙཙྪིནྡ་ཙྪིནྡ་སྭཱཧཱ། ཞེས་བརྗོད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་བདག་གི་སྔགས་འདིའི་སྒྲུབ་པ་ནི་འདི་ལགས་ཏེ། གང་ཞིག་བདག་སྒྲུབ་པར་འདོད་པ་དེས་དུས་གསུམ་དུ་མཆོད་པ་རྒྱ་ཆེན་པོ་བཤམས་ཏེ། བདག་འཁོར་དང་བཅས་པ་མཆོད་ལ ་སེམས་རྩེ་གཅིག་དང་ལྡན་པས་གནས་དབེན་པར་འདུག་སྟེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྒོམ་པ་པོས་བདག་གི་སྔགས་དེ་ཟི་ཕྲག་གཅིག་བཟླས། དེ་ནས་ལས་རྣམས་བསྒྲུབ་པར་བྱའོ།། ་དེ་ལྟར་བདག་སྒྲུབ་པ་དང་བདག་གི་ལས་སྒྲུབ་པ་པོ་དེས་བདག་འཁོར་དང་བཅས་པ་ལ་གཏོར་མ་དང་མཆོད་པ་རྒྱ་ཆེན་པོས་མཆོད་པར་བྱའོ།། དེ་ལ་བདག་དང་བདག་གི་འཁོར་རྣམས་ལ ་མཆོད་པ་དང་གཏོར་མ་རྒྱ་ཆེན་པོ་དབུལ་བའི་སྔགས་ནི་འདི་རྣམས་ཡིན་ཏེ། ཨོཾ་བེ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཛམྦྷ་ལཱ་ཡ་སྭཱ་ཧཱ། ཨོཾ་པཱུརྞ་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱཧཱ། ཨོཾ་ཀུ་བེ་རཱ་ཡ ་སྭཱཧཱ། ཨོཾ་སཾ་པྲ་ཛྙཱ་ནཱ་ཡ་སྭཱ་ཧཱ། ཨོཾ་གུ་ཧྱ་དྷ་ནཱ་ཡ་སྭཱ་ཧཱ། ཨོཾ་པཉྩི་ཀཱ་ཡ་སྭཱ་ཧཱ། ཨོཾ་པི་ཙ~ཾ་ཀུནྡ་ལཱ་ཡ་སྭཱ་ཧཱ། ཞེས་པའི་སྔགས་དེ་རྣམས་ནི་བདག་གི་འཁོར་དང་བཅས་པ་ལ་མཆོད་པ་དང་གཎྜ ་མ་སྦྱིན་པའི་སྔགས་གཉིས་སུ་ཤེས་པར་བྱའོ།། དེ་ནས་བདག་གི་ལས་སྒྲུབ་པ་ནི་བདག་གིས་བཤད་ཀྱིས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་ནས ་འདིའི་ལས་བཤད་པ་ནི། གང་ཟག་གང་གིས་སྒྲུབ་འདོད་པས།། གསད་དང་སྦྱིན་སྲེག་མནན་པ་གསུམ།། རིམ་པ་ཇི་བཞིན་ཤེས་པར་བྱ།། བསྒྲུབ་བྱ་སྟན་ལ་སྭ ་བ་རྣམས།། སྤྲ་ཚིལ་ལ་སོགས་གཟུགས་བྱས་ལ།། དགུག་དང་གཞུག་སོགས་དབང་དུ་བྱ།། ཡིག་འབྲུ་བཅོ་བརྒྱད་སྔགས་ཀྱིས་ནི།། དུས་གསུམ་བརྡེག་པར་རབ་བྱས་ནས།། འཕྲལ་དུ་ཡིད ་ཆེས་འཇོམས་པ་སྟེ།། བསྒྲུབ་བྱ་གསོད་པར་ཐེ་ཙོམ་མེད།། གལ་ཏེ་སྦྱིན་སྲེག་བྱེད་པ་ན།། ཞི་རྒྱས་དབང་དང་མངོན་སྤྱོད་ལས།། འདིར་ནི་དྲག་པོས་བསྒྲལ་བར་བྱ།། ནེར་སྡེར་ཚལ་རབ་བསྲེག་བྱ། ་ཐབ་ཁུང་རབ་དང་འབྲིང་ཐ་མ།། རབ་ཀྱིས་མཐོ་གསུམ་འབྲིང་གིས་དོ།། ཐ་མས་མཐོ་གང་ཚད་དུ་བྱ།། བུད་ཤིང་ཚེར་མཚོན་ཤིང་གིས།། ཀུན་ཏུ་དྲག་པོ་རབ་ཏུ་སྒྲུབ།། བག་ཟན་ཡུངས་ཀར་མེར་སྲེག ་ཅིང་།། སྡང་བའི་ལུས་ངག་ཡིད་གསུམ་རྣམས།། རྫས་ལ་བསྟིམ་སྟེ་སྦྱིན་སྲེག་བྱ།། འཁོར་བཅས་གནོད་སྦྱིན་མེར་བསམས་ཏེ།། སྲེག་པའི་རྫས་ཀྱིས་མཆོད་པའམ།། ལས་མེ་གནོད ་སྦྱིན་རྫས་ཀྱིས་བྲབ།། གང་ལྟར་བྱས་ཀྱང་འགྲུབར་འགྱུར།། དེ་ཚེ་བསྟོད་པ་འདིས་ཀྱང་ནི།། རྩེ་གཅིག་སེམས་ཀྱིས་བསྟོད་པར་བྱ།། ཧཱུཾ། ཀུན་འདུལ་མི་བཟད་གནོད་སྦྱིན་སོགས ་གདུག་པ་དཔལ་ཚ་རབ་ཏུ་འཇིགས།། ཁྲོ་བོ་རྔམ་པ་ཆེར་སྒྲོག་པ།། འཁོར་བཅས་རྣམས་ལ་ཕྱག་འཚལ་བསྟོད།། ཨོཾ་རྦ་ཤྲ་བ་ཎ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་བི་པྲ་བ་ཎ་དྷཱུ་པཾ་ཧཱུཾ་སྭཱཧཱ། ཨོཾ་བཻ་ཤྲ ་ཎ་དཱི་པེ་ཧཱུཾ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎ་གནྡྷེ་ཧཱུཾ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎ་ནི་བི་དྱེ་ཧཱུཾ་སྭཱ་ཧཱ། གཙོ་བོ་གནོད་སྦྱིན་འཁོར་ཡང་མཆོད།། དེ་ནས་རིམ་པས་མཆོད་པ་ནི།། གསང་སྔགས་ཀུན་ཏུ་སྤེལ་ཏེ་བཟླས།། ་སྤྲ་དང་བསྡུ་བ་ཀུན་ཏུ་བྱ།། སྤེལ་བྱེད་ཀུན་གྱི་ཐུན་མོང་ཡིན།། ཨོཾ་བཻ་ཤྲ་བ་ཎ་ཆེ་གེ་མོ་མཱ་ར་ཡ་ཕཊ་སྭཱ་ཧཱ། གཙོ་བོ་ཇི་ལྟར་འཁོར་ཡང་དེ།། རང་གི་རིག་པས་མཆོད་པར་བྱ།། རིག་པ་ཀུནཿ ་བརྟེན་བྱས་ནས།། རྡུལ་ཕྲན་བཞིན་དུ་བརླག་པར་བསམ།། འཕྲིན་ལས་བཅོལ་ལ་གཏོར་མ་གཏང་།། མཆོད་དང་གཏོར་མའི་རིམ་པ་ནི།། གོ་རིམས་བཞིན་དུ་དངུལ་བར་བྱ།། ཞི་བའི ་ལས་ཀྱི་རིམ་པ་ནི།། ཐབ་ཁུང་མཐོ་གང་ཚད་ཉིད་ལ།། སྲེག་རྫས་ལ་སོགས་རབ་ཏུ་དབུལ།། ལུས་ངག་ཡིད་གསུམ་སྡིག་བཅོམ་ནས།། ཡེ་ཤེས་མེ་ཡི་ངོ་བོར་བྱ།། སྣོད་དང་ཐབ་ནི་དོར ་བར་བྱ།། དེར་ནི་གདོན་རྣམས་ཀུན་སྲེག་ཅིང་།། བགེགས་ཆེན་ཞི་བའི་ལས་ཀྱང་བྱ།། རྒྱས་དང་དབང་དུ་བྱ་བ་ལ།། ལས་དང་བྱེ་བྲག་རིམ་པ་རྣམས།། སྔར་བཤད་པ་ཡི་ལས་བཞིན་དུ།། ཐབ་དབྱིབས།། ་བྱེ་བྲག་ཤེས་པར་བྱ།། སེར་དང་དམར་བའི་བུད་ཤིང་སོགས།། རིམ་པ་རྫས་ལྡན་དབུལ་བ་ནི།། ཨོཾ་བཻ་ཤྲ་བ་ཎཱ་ཡ་དྷ་ནཾ་པུཥྤཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ་བ་ཤིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡ་ཤཱནྟི། ་སྭཱ་ཧཱ། གཙོ་བོས་ཇི་བཞིན་འཁོར་བཅས་ནི།། རིག་པའི་རྫས་ཀྱིས་མཆོད་པར་བྱ།། སྲེག་པའི་རྫས་ནི་བག་ཟན་དང་།། ཡུངས་ཀར་མངར་སོགས་རིམ་པས་མཆོད།། འཕྲིན་ལས་རྣམ་པ་ནི་ཀུན་འགྲུ ་བརྩེ་བར་བརྩོན་པས་ཉེ་བར་འགྲུབ།། འབྲིང་དང་ཐམས་འབྲིང་དང་ནི།། ཐ་མ་ཉིད་དུ་ཤེས་པར་གྱིས།། དེ་ནས་བཅོམ་ལྡན་འདས་ལ། རྣམ་ཐོས་ཀྱི་བུ་འཁོར་དང་། ་བཅས་པ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་རྣམས་ཀྱིས་བཤད་པའི་ལས་འདི་རྣམས་སྒྲུབ་པ་པོ་དེས་དུས་རྒྱུན་དུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང་། གནོད་སྦྱིན།། ་རྣམས་ལ་དཀར་གསུམ་གྱིས་མཆོད་པར་བྱ།། ཆང་ཀུན་ཏུ་སྤང་བར་བགྱིའོ།། ཤ་རྣམས་ནི་འོས་པ་དང་ཤིས་པ་དྲང་བར་བྱའོ།། དེ་ལྟར་རྩེ་གཅིག་གིས་བདག་ཅག་སྒྲུབ་པ་དེ་རྣམས་ཀྱི་འདྲིན ་ལས་ཇི་ལྟ་བ་བཞིན་དུ་བདག་ཅག་གིས་མ་བསྒྲུབས་ན། བདག་ཅག་གིས་བཅོམ་ལྡན་འདས་ལ་འཁུས་པར་གྱུར་ཅིང་། བདག་ཅག་གིས་ཆོས་མ་བསྐྱངས་པར་བྱས་པ་ཡིན་ནོ།། དེ་ལ་བདག་གི་བྲོ་ཚིག ་ནི་འདི་ཡིན་ནོ།། ཨོཾ་བཻ་ཤྲ་ཨརྠ་ཁ་ཐཾ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་ཐོས་ཀྱི་བུ་ཆེན་པོ་ལེགས་སོ།། ཤིན་ཏུ་རབ་ཏུ་ལེགས་སོ།། མ་འོངས་པའི་གང ་ཟག་གི་དོན་དུ་རང་གི་གསང་བ་སྨྲས་པ་ནི་དོན་ཆེན་པོ་དང་ལྡན་ནོ།། ངས་ཀྱང་དེ་རྣམས་ཀྱི་དོན་ངེས་པར་འགྲུབ་པར་བྱ་བའི་ཕྱིར་སྔགས་འདི་བཤད་ཀྱིས་ཉོན་ཅིག། བཅོམ་ལྡན་འདས་ལ་ལེགས ་སོ་ཞེས་རྣམ་ཐོས་ཀྱི་བུ་ལ་སོགས་པ་རྣམས་ལྟར་ཉན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨོཾ་བཛྲ་པཱ་ནོ་ནཱི་ལཱམྦ་ར་དྷ་ར་བཛྲ་སྥོཊ་ཧཱུཾ་ཕཊ་སྭཱཿརིག་པ་འདི་ནི་ལས་ཐམས ་ཅད་དབང་དུ་སྡུད་པའི་སྔགས་སོ།། རྣམ་ཐོས་ཀྱི་བུ་ཆེན་པོས་ཇི་ལྟར་ཁས་བླངས་པ་ལྟར་གསང་བ་དང་ལྡན་པར་བྱེད་པའོ།། དེ་བཞིན་གྱུར་ཅེས་ནས་གནོད་སྦྱིན་མི་སྣང་བར་གྱུར་ཏོ།། རྡོ་རྗེས་འོག་རྒྱུ། ་ལས། རྣམ་ཐོས་སྲས་ཀྱི་ལེའུ་སྟེ་གསུམ་པའོ།། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་མ་འོངས་པའི་སེམས་ཅན་རྣམས་ཀྱི་དོན་དུ་གདུག་པ་ཅན་ལ་བསྣུན་པའི་འཁོར་ལོ་བཤད་དུ་གསོལ་ཞེས་གསོལ་བ་བཏབ་བོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བར་ཐུགས་ཀྱིས ་གནང་ནས་རང་གི་ཐུགས་ཀ་ནས་འོད་ཟེར་ཀུན་ཏུ་ཁྱབ་པར་སྤྲོས་ཏེ། སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་མཛད་ནས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་ངས་བགེགས་ལ་བསྡུ ་བའི་འཁོར་ལོ་བཤད་ཀྱིས་ཁྱོད་རྩེ་གཅིག་ཏུ་ཉོན་ཅིག། དེ་ལྟར་འཚལ་ལོ་ཞེས་ལྟར་ཉན་ནོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཞིག་འཁྲུལ་འཁོར་བྱེད་འདོད་པས།། ཉམས་དགའ ་དབེན་པའི་གནས་དག་ཏུ།། ཕྱག་ན་རྡོ་རྗེའི་རྣལ་འབྱོར་བྱ།། སྣོད་བཅུད་རྡོ་རྗེ་གཏུམ་པོར་སྒོམ།། རླུང་ལས་རི་རབ་མཐར་ཐུག་པ།། རྡུལ་སྙེད་གྲངས་ཀྱི་སྐུ་རུ་བསམ།། དབུས་ན་ཕྱག་རྡོར་རྣལ་འབྱོར ་བསྒོམ།། རི་བོང་འཛིན་པ་ཞབས་ཀྱིས་བརྡབས།། སྟོང་གསུམ་ཚད་ཀྱི་ཟླ་བ་ལ།། བགེགས་ཆེན་ཀུན་ཏུ་འདར་བར་བསྒོམ།། སྐུ་ལ་ཉི་མ་སྟོང་ལྡན་པའི།། གཟི་བརྗིད་བཟོད་དཀའི། ་འད་ཟེར་རྒྱས། ཁ་གགས་རྣམས་མ་ལུས་འཇིག་པར་བསྒོས། སྔགས་ལས་ཟླས་པ་ཐུགས་འན་གས་ཡོང་གསུ་ག་ཙྪཥྚ ་པའི་གྲུ་བརྒྱད་ཀྱིས།། ཁརྣངས་ཆེན་པོ་བཏང་བ་ལས།། ལྷ་གྲཝ་ཐམས་ཅད་སྐྲག་པར་འགྱུར།། ཐུགས་ལས་ཁྲོ་སྦས་དེ་དག་གིས།། བསྐལ་པའི་དྲུང་ལྟར་འཐོར་བར་འགྱུར།། ལྕག་གིས་རྡོ་རྗེ་རང ་བསྣུན་པས།། སྒྱོགས་གཟེར་བཞིན་དུ་བསྣུན་པར་འགྱུར།། ཧཱུཾ་ཧཱུཾ་འབྲུག་ལྟར་རབ་ཏུ་སྒྲོགས།། སྐད་ཀྱིས་ཀུན་ཏུ་བཀུག་པར་བསམ།། དེ་ལྟར་བྱས་གྱུར་ཐམས་ཅད་འགྲུབ།། ལག་ཀྱི་མནར་བ ་འཇིག་པར་འགྱུར།། ཕྱག་ན་རྡོ་རྗེ་མི་ཤེས་པར།། གང་ཞིག་གཞན་དུ་སྐལ་དམན་པར།། འདི་ལ་གང་འགྲུབ་ཐམས་ཅད་འགྲུབ།། མཆོག་དང་ཐུན་མོང་བྱེ་བྲག་གོ།། རྡོ་རྗེ་ས་འོག་གི་རྒྱུད ་ལས། བསྣུན་པའི་འཁོར་ལོ་སྟེ་ལེའུ་བཞི་པའོ།། ། དེ་ནས་གཞན་ཡང་འཁྲུལ་འཁོར་གྱི།། ཆོ་ག་རྡོ་རྗེ་འཛིན་པས་གསུངས།། གྲོག་འམ་ཤིང་ཤུན་དག་ལ་ནི། ་མིག་ཉི་ཤུ་རྩ་གཅིག་པའི།། འཁོར་ལོ་དག་ནི་རབ་བྲིས་ཏེ།། ཟླ་བ་ཡར་གྱི་ངོ་ལ་བརྩམ།། རྩེ་གཅིག་སེམས་ཀྱིས་རབ་ཏུ་བྲི།། དབུས་སུ་དྲག་པོའི་ཡི་གེ་དགོད།། གཉིས་པར་ནོར་འཛིན། ་ཡི་གེ་སྟེ།། གསུམ་པར་བཛྲ་ཞེས་པ་དང་།། བཞི་པར་ཆུ་ཡིག་དང་པོ་དགོད།། ལྔ་པར་ན་ནི་རབ་ཏུ་དགོད།། མཚམས་བཞིར་བསྒྲུབ་བྱའི་གསོད་སྙིང་བྲི།། དེ་ནི་ནང་གི་རེ་མིག་གོ། ཕྱི་ཡི་རེ་མིག ་བཅུ་གནས་ལ།། ཨེ་སྤངས་མིག་ཅུ་གཉིས་ལ།། དེ་མིགས་སྔགས་འདི་མེ་མེ། རྣམ་པར་ཐར་བཛྲབ་ཀྱི་བཊ། ཅེས་བྱའོ།། རབ་ཏུ་རྫོགས་པའི་འཁོར་ལས།། རླུང་དུ་ང་། ་ཁར་དྲིལ་དེ་གཞུག། དང་པོ་མཐའ་ནས་དྲིལ་བར་བྱ།། དེ་ནས་སྐྱིད་སྲེག་ཆོ་ག་བྱ།། གལ་ཏེ་མནན་པ་བྱེད་འདོད་པས།། སྦྱར་བཞིན་འཁྲུལ་འཁོར་རྫོགས་བྱས་ནས། མཐའ་དུས་ད་པ་ག ་ཁམ་པོར་གསར་པ་ཁ་སྦྱར་དུ།། བཅུག་ནས་རྡོ་རྗེ་རྒྱ་གྲམ་ཟེ།། རྡོ་རྗེ་སྤྱན་གྱིས་རབ་སྦྱར་ནས།། གཙུག་ལག་ཁང་སོགས་མནན་པར་བྱ།། གལ་ཏེ་རེ་མིག་མི་འདོད་ན།། རྩིབས་བཅུ་གཉིས ་པའི་འཁོར་ལོ་ལ།། ཧཱུ~ཾ་ཡིག་དབུས་སུ་རབ་དགོད་དེ།། ལྷག་མ་བཅུ་གཉིས་རྩིབས་ལ་དགོད།། བྲི་བ་རྫོགས་ན་སྙིང་ཁར་གཞུག། དགུག་དང་གཞུག་སོགས་བྱས་ལ་བསྲེག། མི་འདོད ་མནན་པའི་ཆོ་ག་བྱ།། མར་གྱི་དུས་ལ་ཤིས་པ་ཡིན།། འཁྲུལ་འཁོར་ཇི་ལྟར་བྲིས་པ་ལྟར།། གང་འདོད་ལས་ལ་ཐེ་ཙོམ་མེད།། དཔེར་ན་མེ་ལྕེས་རྩུ་བ་སྲེགས་འདྲ།། གང་ཡིན་གནས་པ ་མི་འགྱུར་རོ།། བྲི་བའི་འཁྲུལ་འཁོར་གྱི་ཆོ་ག་སྟེ་རྡོ་རྗེ་ས་འོག་གི་རྒྱུད་ལས་ལེའུ་ལྔ་པའོ།། ། དེ་ནས་ཡང་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ། ་ཏོ།། བཅོམ་ལྡན་འདས་ཐམས་ཅད་ཟབ་མོའི་སྤྱོད་ཡུལ་ལགས་པས་སྦྱིན་སྲེག་ལ་སོགས་པས་གྲོལ་བར་ཅང་འགྱུར་ལགས་སམ།། བདག་གི་ཐེ་ཙོམ་བསལ་དུ་གསོལ་ཞེས་ཞུས་སོ།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་སྙིང་རྗེན།། དད་པའི་ཤུགས་ཀྱིས་རབ་ཉམས་ཏེ།། དཀྱིལ་འཁོར་རྫས་ཀྱིས་སྦྱོར་ལྡན་ཞིང་།། སྦྱིན་སྲ། ་ལས་དང་དེ་ཉིད་ཤེས།། སྡོམ་པ་དམ་ཚིག་རྒྱུད་ལྡན་ན།། མཚན་མས་གྲོལ་བར་འགྱུར་བ་སྟེ།། དཀྱིལ་འཁོར་སྦྱིན་སྲེག་རྫས་ལ་སོགས།། མེད་ན་དངོས་གྲུབ་མི་འགྲུབ་པས།། སྦྱིན་སྲེག་ལས་ནི་འདས ་པས་བརྩམ།། འཕྲིན་ལས་བཞི་ཡི་སྦྱིན་སྲེག་ལས།། དྲག་པོའི་རིམ་པ་བྱང་ནི།། ཁྲུ་བཞི་པ་ཡི་དཀྱིལ་འཁོར་ལ།། དབུས་སུ་ཟུར་གསུམ་ཁྲུ་རེ་ཚད།། ཐབས་སུ་ཁྲུ་ཕྱེད་རི་རྐོ་བར་བྱ།། ཕྱི་རོལ ་རིམ་པ་གསུམ་ལྡན་པ།། དབུས་སུ་རྡོ་རྗེའི་མཚན་མ་བྲི།། རིམ་པ་གསུམ་ལ་རྡོ་རྗེ་ཡི།། རྩེ་གསུམ་འཕྲེང་གིས་བསྐོར་བ་བྲི།། མཚམས་སུ་ལྕགས་ཀྱུ་བྲི་བར་བྱ།། ཚེར་མ་ཅན་གྱི་ཤིང་བུ་ནི། ་ཁྲུ་གང་ཚད་ཀྱིས་རབ་ཏུ་ཤིས།། དུག་དང་ཁྲག་དང་སྐེ་ཚེ་སོགས།། རྫས་ནི་རིམ་པར་ཤེས་པར་བྱ།། བདག་ཉིད་ལྷ་ཡི་རྣལ་འབྱོར་གྱིས།། ཡེ་ཤེས་ཁྲོ་བོ་སྤྱན་དྲངས་ཏེ།། འཇིག་རྟེན་གསུམ ་འདུལ་གཟུགས་སུ་བསམ།། མཆོད་པའི་རིམ་པ་རབ་ཏུ་དབུལ།། དེ་ལ་སྦྱིན་སྲེག་གི་སྔགས་གསུངས་པ་འདི་ཡིན་ཏེ། ཨོཾ་ནཱི་ལཱཾ་བ་ར་དྷ་ར། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་སརྦ་དུཥྚཱ་ན་སརྦ་བྷསྠཱི་ཀུ། ་རུནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་པས་རྫས་རྣམས་སྲེག་གོ། དུག་དང་ཁྲག་དང་ལན་ཚྭ་ལས།། གཟུགས་བྱས་རབ་ཏུ་བསྒྲུབས་ཏེ་སྲེག། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་མཀྵ། ་ཁཱ་ད་ཡ་བན་དྷ་ཡ་བན་དྷ་ལ་མོ་ཧ་ཡ་མོ་ཧ་ཡ་ཤ་ཏྲཱུཾ་ཨཱ་ཀཪྵ་ཡ་ཧཱུཾ་ཕཊ། གཟུགས་ལ་བྲབ་པའི་སྔགས་སོ།། ཨོཾ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་ཤཏྲཱུཾ་གྲྀཧྞ་ཨཱ་ཀཪྵ་ཧཱུཾ་ཛ་ཛ། འགྲོ་བ་དགུག་པའི་སྔགས་སོ།། ་དེ་ལྟར་སྦྱིར་སྲེག་རབ་བྱམས་ནས།། ཆུ་བོ་བསྐམས་དང་ཀླུ་ཤིང་བཅད།། གླང་ཆེན་གཡང་ལྷུང་མེ་ཆེན་འབར།། ནད་དང་ལམས་སོགས་བྱུང་བའི་ཚེ།། དེ་བ་མཆོག་གི་ལས་བསྒྲུབས།། ་ཐབ་ཁུང་ཟླུམ་པོ་རབ་དཀར་བ།། རིམ་པ་གསུམ་ལྡན་ཁྲུ་གང་ཚད།། ཐབས་སུ་དྲུ་བྱེད་བརྐོས་བྱས་ནས།། ཞི་བའི་ལས་ཀྱི་ཆོ་ག་བྱ།། དེ་ལྟར་བྱས་ན་མཚན་མ་ཡི།། དངོས་གྲུབ་ཐོབ་པར། ་ཙོམ་མེད།། ལག་ན་རྡོ་རྗེ་རྡོ་རྗེ་འཛིན།། གུས་པས་རྒྱུད་དོན་རབ་ཏུ་ཟུང་།། འགྲོ་བའི་དོན་ལ་རབ་བརྩོན་གྱིས།། ཀྱེ་མ་རྒྱུད་ཆེན་མཆོག་ཏུ་གསང་།། བྱིན་རླབས་སྔོན་དུ་ཆེར་འབྱུང་བ།། སྟོན།། ་བ་རྡོ་རྗེ་འཆང་གིས་གསུངས།། རབ་ཏུ་འབད་པས་སྒྲིབ་པར་གྱིས།། དཔལ་རྡོ་རྗེས་འོག་གི་རྒྱུད་ལས། སྦྱིན་སྲེག་གི་རིམ་པ་སྟེ་ལེའུ་དྲུག་པའོ།། དེ་ནས་སྙན་། ་རྡོ་རྗེ་ཆང་།། དཔལ་ཆེན་གདན་ལ་རབ་བཞེངས་ནས།། ལག་ནི་རྡོ་རྗེ་ལ་གཟིགས་ནས།། ལས་ཀྱི་ཆོག་ཐེ་ཤད་པར་བྱ།། དུག་ལ་སོགས་པའི་རྫས་རྣམས་ལ།། གང་འཛད་པ་ལ་གདུགས ་བྱས་ཏེ།། སྙིང་ཁར་འཁྲུལ་འཁོར་རབ་ཏུ་གཞུག། བདག་ཉིད་ལས་ཀྱི་ལྷར་གསལ་བས།། གཞུའི་ནང་དུ་རབ་བཅུག་སྟེ།། ཚོན་གྱི་ཐ་གུ་སྣ་ལྡང་རི།། སྙིང་ཁའི་ལྕགས་ཀྱུ་རབ་བཀུག་ནས། ་མིག་ཅུགསུམ་འཕྲུལ་འཁོར་བཟླས། འགུལ་ནམ་མནི་རྟགས་བྱུང་ནས། ཆུ་ཆེན་གཟུང་ལ་གཏང་བར་བྱ།། གལ་ཏེ་རྟགས་དེམ་བྱུང་ན།། དདུར་མ་ཐུབ་དང་། ་ཁྲག་དང་དུག་བསྲེས་རབ་བྱུགས་ཏེ།། ཚེར་མ་ཅན་གྱི་ཤིང་མེས་སྲེག། ཨོཾནྡྷི་ལཱ་བར་དྷ་ར་བཛྲ་པཱ་ཎི་སྟམྦྷ་ལ་མོ་ཧཱ་མ་བན་དྷ་ཡ་ད་ཧ་ནཱ་མཙྪ་ཧཱུཾ་ཕཊ། དུས་གསུམ་དག་ཏུ་བདུགས་བྱས་ན།། སྐ ་ངན་སྣ་ཚོགས་འདོན་པར་བྱེད།། དེ་ནས་སྔགས་འདིས་ཆུ་ལ་དོར།། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཚོན་གྱིས་གྲོལ་ནས་རབ་ཏུ་བོར།། བསམ་པའི་བཚའི་རྒྱ་མཚོར་བསྐོར།། དེ་ནས་མི། ་ལྡོག་བྱ་བའི་ཕྱིར།། སྔགས་འདི་རྒྱུན་དུ་བཟླས་པར་བྱ།། ཨོཾ་ནཱི་ལཱ་མྦ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཧཱུཾ་སྟཾམྦྷ་ཡ་ནན་ཕཊ། ཅེས་རྒྱུན་དུ་བཟླས་པར་བྱའོ།། དེ་ནས་ལས་དེ་ངེས་པར་འགྲུབ་བོ།། རྡོ་རྗེས ་འོག་གི་རྒྱུད་ལས།། བསྐྲད་པའི་འཁོར་ལོའི་ལེའུ་སྟེ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་སེམས་ཅན་རྣམས་ཀྱི་དོན་དུ་སྔགས་ཀྱི་ལེའུ་འདི ་གསུངས་སོ།། ཨོཾ་ཎཱི་ལཱ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཧཱུཾ་ཕཊ། བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་ལས་ཐམས་ཅད་ཀྱི་སྒྲུབ་པའོ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གསང་བའོ།། ་འདིས་ནི་མ་བསྒྲུབས་པར་ཡང་ལས་ཐམས་ཅད་འགྲུབ་སྟེ། ཕྱག་རྒྱ་ཐམས་ཅད་འཆིང་བ་སྒྲུབ་པ་ལ་ནི་རྡོ་རྗེ་ཁུ་ཚུར་གྱིས་སོ།། དམ་ཚིག་ཐམས་ཅད་སྒྲུབ་པ་ལ་ནི་རྡོ་རྗེ་རབ་ཏུ་གདེངས་པས ་སོ། སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལན་རྡོ་རྗེ་བནད་པས་སོ།། ཐམས་ཅད་ལུགས་པར་བྱ་བ་ལ་ནི་རྡོ་རྨུསྨྲས་སོ།། ནམ་མཁའ་ལ་འབྱུང་འི་དངོས་གྲུབ་རི་རྗེ་ང་སུངས ་བྱའོ།། ཀླུ་ཐམས་ཅད་འདུལ་བ་ལ་ནི་རྨ་བྱའི་མཇུག་སྨོས་བྱའོ།། དགྲ་ཐམས་ཅད་གསད་པ་ལ་ནི་འཁྲུལ་འཁོར་གྱིས་སོ།། ནོར་སྒྲུབ་པར་འདོད་ན་ངམྦྷ་ལའི་ཆུ་སྦྱིན་གྱིས་བྱའོ།། བགེགས ་འཕང་བར་འདོད་ན་ཏིང་ངེ་འཛིན་གྱིས་བྱའོ།། ཐམས་ཅད་འགུགས་པ་ལ་ནི་རྡོ་རྗེ་ལྕགས་ཀྱུས་བྱའོ།། རིམས་སྲུང་བ་ལ་ནིརྩཝ་ཀུ་ཤའི་འབྲུམ་བུས་བྱའོ།། ཀླུ་སྒྲུབ་པར་འདོད་ན་མཚར་བུའི་ལྕུག་མ་དང ་བདུད་རྩིའི་ཆུས་བྱའོ།། ཕ་རོལ་གྱི་དཔུང་འཇོམས་པར་འདོད་ན་གུ་གུལ་གྱིས་བྱའོ།། ལས་རྣམས་ལ་སྔགས་འབུམ་གྱིས་བྱའོ།། རྡོ་རྗེས་འོག་གི་རྒྱུད་ལས། སྔགས་ཀྱི་ལེའུ ་སྟེ་བརྒྱད་པའོ།། །། དེ་ནས་གཞན་ཡང་བཟླས་པ་ཡི།། ངེས་པར་འདིར་ནི་བཤད་པར་བྱ།། གང་ཞིག་དངོས་གྲུབ་སྒྲུབ་འདོད་པས།། དམ་ཚིག་སྡོམ་དང་རབ་ལྡན་པ།། ་བདག་ཉིད་ལས་ཀྱི་ལྷར་བསྒོམས་ཏེ།། ཡེ་ཤེས་ཁྲོ་བོ་སྤྱན་དྲངས་ཏེ།། ཛཿཧྲཱིཿབཾ་ཧོཿདགུག་སོགས་བྱ།། རང་ཉིད་ཟླ་བར་སྔགས་ཀྱི་འཕྲེང་།། དངུལ་སྔམ་ལྟ་བུར་རབ་བསམས་ཏེ།། མྱུ ་དལ་གསལ་དང་མི་གསལ་སྤངས།། ཡིད་ཀྱིས་བསྒྲིམས་པའི་བཟླས་པ་བྱ།། མཆོད་པ་རྣམ་པ་ལྔས་ཀྱང་མཆོད།། རབ་ཏུ་བསྒྲིམས་པའི་བཟླས་པ་འདིས།། གང་འདོད་དངོས་གྲུབ་ངེས ་པར་འགྲུབ།། ཨོཾ་ཨཱཿཙྪ་སུ་གསུང་ཐུགས་བྱིན་གྱིས་བརླབ་པའི་སྔགས་སོ།། ཨོཾ་བཛྲ་པཱ་ཎི་ས་བྷི་ཥི་ཉྩ་མ། དབང་བསྐུར་བའི་སྔགས་སོ།། ཨོཾ་བཛྲ་པཱན ་ཏིཥྛ་ཧཱུཾ། ཐགས་བརྟན་པའི་སྔགས་སོ།། སྐུ་དང་ཐུགས་ཀྱི་གསང་བ་དང་།། གསུང་གི་གསང་བ་མ་ལུས་པས།། མྱུར་དུ་བྱང་ཆུབ་ལ་རེག་འགྱུར།། གང་ཚེ་སྒྲུབ་ལ་བརྩོན་ལྡན་པ།། ཚེ་གཅིག་འབྲས་བུ ་མྱུར་ཐེབ་འགྱུར།། གཉིས་མེད་རང་བཞིན་རྡོ་རྗེ་ཅན།། མཁའ་དབྱིངས་རྡོ་རྗེ་ཀུན་ཏུ་ཁྱབ།། བརྗོད་མེད་རྟོག་བྲལ་དེ་ཉིད་དོན།། ལྷུན་གྲུབ་དང་ལ་རབ་ཏུ་གཞག། ཧཱུཾ་དང་ཨཱཿཡི་རྣམ་པ་ཅན།། ཇི་ལྟར་ཆུ་ཡིརྦ ་བ་བཞིན།། མ་ཡེངས་སེམས་ཀྱིས་རྒྱུན་དུ་བསྒོམ།། ཨེ་མ་ཧོ་མགོན་པོ་བཅོམ་ལྡན་འདས།། མཆོག་ལས་མཆོག་ཏུ་རྣམ་པར་རྒྱལ།། ཨོཾ་མ་ཧོ་སྤྲུལ་པའི་རྣམ་པ་སྐུ།། སྒྲ་ལ་རབ་ཏུ་དམིགས་པ་མེ། ་དགེ་ཆེན་ཀུན་གྱི་སྤྱོད་ཡུལ་ཡིན།། རང་གསལ་ཉིད་ལ་རྣམ་པར་དག། མཆོག་གི་བྱང་ཆུབ་ཚུལ་དུ་གནས།། རྡོ་རྗེ་ས་འོ་གི་རྒྱུད་ལས།། ངེས་པར་དང་རྣམ་པར་དག་པའི་ལེའུ་སྐྱེ་དགུ་པའོ།། ། ་དེ་ནས་སྟོན་པ་རྡོ་རྗེ་འཆང་།། འགྲོ་བའི་མགོན་ལ་རབ་གཟིགས་ཏེ།། སྲུང་བའི་ཆོ་ག་རབ་ཏུ་གསུངས།། ལག་ན་རྡོ་རྗེ་རབ་ཏུ་ཉོན།། འགྲོ་བ་གདུག་པས་ཟིན་གྱུར་པ།། ཟངས ་མ་དག་ལ་དུད་འགྲོའི་གཟུགས།། ལེགས་པ་དག་ཏུ་རབ་བྱས་ཏེ།། ཁོང་བ་རྡུལ་ལ་སོགས་པས་དགང་།། གང་ནས་འདོད་པའི་ས་ཕྱོགས་སམ།། རང་ལུས་དག་ལ་ལེགས་སྦས་ནས།། སྲུང་བ ་དམ་པར་འགྱུར་བའོ།། བདེ་གཤེགས་སུ་གདུང་རིལ་བསྲེམ་ཅན།། རབ་ཏུ་གནས་པ་ལེགས་བྱས་ཏེ།། གང་གནོད་སར་ནི་རབ་སྲས་ན།། བདེན་སྟོབས་བརྗོད་པས་ནི་བར་འགྱུར།། བྱལ་སོགས ་པའི་བྱོལ་སོང་ཚོགས།། ཡིད་འོང་མཛེས་པའི་དུད་འགྲོ་ལ།། སངས་རྒྱས་གརྦྷའི་བྱེ་ཚོགས་ཀྱིས།། གསུངས་པའི་གཟུངས་སྔགས་དག་གིས་ནི།། སྐུད་པ་སྔོན་པོ་དག་དང་ནི།། དང་ལབ་རྒྱ ་རྩ་བརྒྱད་བསྔགས་ཏེ།། བདེན་པ་བདར་ལ་རབ་ཏུ་བསྔོས།། གཏོར་མ་གཏང་ན་ཞི་བར་འགྱུར།། ཁམ་པོར་ལ་སོགས་སྣོད་གཙང་མར།། སྨན་དང་དར་སོགས་རབ་བཅུག་སྟེ།། མེ་ཏོག་བདུག་སོགས་མཆོད། ་བྱས་ཏེ།། ས་ལ་སྦས་ན་གནོད་པ་རྣམས།། ཞི་བ་དག་ཏུ་འགྱུར་བ་ཡིན།། སྐུད་པ་དཀར་པོ་གསུམ་བསྒྲིལ་ལ།། མདུད་པ་ཉི་ཤུ་རྩ་གཅིག་བྱ།། སྒྲུབ་དང་བསྒྲུབ་པའི་མཆོད་པ་བྱ།། རྒྱལ་ལ་རབ་ཏུ ་མགུལ་དུ་བཏགས།། བར་ཆོད་བཟློག་པར་འགྱུར་བར་ངེས།། ཡུངས་ཀར་མར་དང་མུ་ཟི་རྣམས།། ཆ་སྙོམས་ལུས་ལ་རབ་བྱུགས་ན།། གདུག་པས་ཟན་ལས་ཐར་པར་འགྱུར།། བ་གུན་དའི་མེ་ཏོག ་དང་།། མདའ་ཧུ་ན་དའི་འབྲས་བུ་ལ།། སྨིན་དྲུག་དུས་སུ་རབ་བསྒྲུབས་ན།། གདུག་པའི་ཕྱོགས་སུ་མི་གནས་སོ།། སྟག་དང་དྲེད་དང་འཇལ་ཐར་གྱི།། སྤུས་ནི་གདུག་པ་ལས་གྲོལ་འགྱུར། ་འབབ་ཆུ་རྒྱ་མཚོ་ལ་སོགས་པ།། ལུས་བསྲུང་བྱ་བ་མཐར་ཕྱིན་པར།། བྱས་ན་མཆོག་ཏུ་སྲུང་བར་འགྱུར།། རྡོ་རྗེ་འཆང་བ་ཁྱོད་ཀྱིས་ཟུང་།། མཐར་ཕྱིན་ཟླ་བ་སྤྲིན་གཟའ་ལས།། གྲོལ་བ། ་ལ་བུར་འགྱུར་བ་ཡིན།། དཔལ་རྡོ་རྗེས་འོག་གི་རྒྱུད་ལས། སྲུང་བའི་ལེའུ་སྟེ་བཅུ་པའོ།། ལགན་རྡོ་རྗེས་ལེགས་སྨྲས་པ།། བསྡུ་བ་སྔགས་ཀྱི ་ཆོ་ག་ནི།། ཇི་ལྟར་ལེགས་སོ་རྡོ་རྗེ་འཆང་།། ཁྱོད་ལ་རབ་ཏུ་ཉན་པར་འཚལ།། ཉོན་ཅིག་རྡོ་རྗེ་འཆང་བ་ཁྱོད།། སྔགས་བཏུ་ཁྱོད་ལ་བཤད་པར་བྱ།། གྲུ་གསུམ་དཀྱིལ་འཁོར་ཉམས་དགའ ་བར།། པདྨ་འདབ་མ་བརྒྱད་པ་བྲི།། འདོད་དོན་ཐམས་ཅད་རབ་འགྲུབ་པ།། དེར་ནི་གསང་སྔགས་བཏུ་བར་བྱ།། དབུས་སུ་ཡི་གེའི་བདག་པོ་གཞག། བཞི་པ་ཡི་ནི་ལྔ་པ་ལ།། ཡི་གེ་ས ་ནི་རབ་ཏུ་སྦྱར།། མཐར་གནས་པ་ཡི་གསུམ་པ་ལ།། ལྔ་པ་ཡི་ནི་མཐའ་དང་སྦྱར།། དེ་ནས་ལྔ་པའི་བཞི་པ་གཞག། དེ་ནས་མཐར་གནས་གཉིས་པ་གཞག། དེ་ནས་བཞི་པའི་བཞི་པ་གཞག། ་དེ་ནས་མཐའ་གནས་གཉིས་པ་གཞག། དེ་ནས་ལྔ་པའི་གསུམ་པ་དང་།། གཉིས་པ་ཡི་ནི་གསུམ་པ་ལ།། ར་དང་བཅས་པ་གཞག་པར་བྱ།། དེ་ནས་ལྔ་པའི་དང་པོ་གཞག། དེ་ནས་གསུམ་པའི ་ཐ་མ་ལ།། ཨི་ནི་རབ་ཏུ་སྦྱར་ཏེ་གཞག། བདུན་པ་ཡི་ནི་བཞི་པ་ལ།། ཡི་གེ་ཨཱུ་ནི་རབ་ཏུ་སྦྱར།། སྟོང་པས་མནན་པས་ཉིས་འགྱུར་དང་།། ལྔ་པ་ཡི་ནི་གཉིས་པ་ལ།། གསུམ་པ་ཡི་ནི་དང ་པོར་སྦྱར།། ཡི་གེ་བཅུ་གསུམ་རིག་པའི་སྔགས།། བརྩེ་བས་བརྩོན་པར་རབ་བཟླས་ན།། གང་འདོད་དངོས་གྲུབ་རྗེ་བར་འགྱུར།། ཀྱེ་མ་ཧོ་རྡོ་རྗེ་ཅན་གྱི་ས་གསུངས།། སྔགས་ཀྱི་རྒྱལ་པོ་བླ ་མེད་ལམ།། ཕྱག་ན་རྡོ་རྗེའི་དངོས་གྲུབ་ཐོབ།། དཔལ་རྡོ་རྗེས་འོག་གི་རྒྱུད་ལས།། སྔགས་བཏུ་བའི་ལེའུ་སྟེ་བཅུ་གཅིག་པའོ།། དེ་ནས་སྟོན་པ་རྡོ་རྗེ་འཆང་།། སྤྱར ་མིག་འོད་ཟེར་སྤྲུལ་མཛད་ནས།། སློབ་མ་རབ་ཏུ་མིན་བྱའི་ཕྱིར།། དབང་བསྐུར་ཆོ་ག་རབ་ཏུ་བཤད།། རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ།། གསང་དང་ལྡན་པ་དབང་ཐོབ་ཅིང་།། དུལ་དང་དྲང་དང་། ་བཤེས་ཉེན་ཆེ།། གཡོ་ཆུང་དང་བཟང་བྱང་སེམས་ཐོབ།། དཀྱིལ་འཁོར་ཆོ་ག་རབ་མཁས་པ།། སློབ་མ་དམ་པ་དབང་བསྐུར་ཕྱིར།། ཡིད་འོང་གཙུག་ལག་ཁང་སོགས་སུ། བརྟུལ་ཞུགས ་སྔོན་དུ་ལེགས་སྤྱད་ནས།། དེ་ནས་ས་ཡི་ཆོ་ག་བྱ།། བརྟག་དང་སྦྱང་ཞིང་བསླང་བ་དང་།། མཆོད་དང་གསོལ་བ་གདབ་པ་དང་།། རྨི་ལམ་མཚན་མའི་སྒོ་ནས་བརྟག། ཞི་བའི་ཚོ་གས ་སྦྱིན་སྲེག་ནི།། བརྒྱ་རྩ་བརྒྱད་ཀྱི་ཆོ་ག་བྱ།། འབྱུང་པོ་རྣམས་ལ་མཆོད་ཅིང་བསྒོ།། དཀྱིལ་འཁོར་དབུས་སུ་རབ་གནས་ཏེ།། ཧཱུཾ་ལས་རྡོ་རྗེ་ཆེན་པོ་བསྒོམ།། བྲུཾ་ལས་གནལ་ཡས་ཁང ་ཚོན་བསྒོམ།། སྤྱན་གཉིས་ཉི་ཟླའི་འོད་ཟེར་གྱིས།། བགེགས་རྣམས་མ་ལུས་ཚར་གཅོད་དོ།། རྡོ་རྗེ་ཆེན་པོ་གར་འགྲོས་ཀྱིས།། ས་གཞི་ལན་གསུམ་བསྐོར་བར་བྱ།། བ་ཡི་རྣམ་ལྔས་ལེག ་བྱུགས་ཏེ།། ཚེམ་བུ་གཅིག་གིས་ལྷ་དགོད་བྱ།། མཆོད་དང་བསྟོད་དང་སྙན་གསན་དབབ།། བུམ་པ་ལྷག་པར་གནས་པར་བྱ།། སློབ་མཆོགས་རབ་སྨིན་བྱ།། ཐིག་དང་ཚོན་གྱི་ཆོ་ག་ནི།། ལས་ཀྱི་ཆོ་ག་བཞིན་དུ། ་གདོང་གཡོགས་དང་ནི་སྔོན་པོ་ཡིས།། སློབ་མ་དག་ནི་གཞུག་པར་བྱ།། སྡོམ་ལྡན་དབང་བསྐུར་ལྔས་བསྐུར་རོ།། བུམ་པ་དང་པོ་རྡོ་རྗེ་དང་།། དྲིལ་བུང་བུ་རྒྱན་མིང་ག། ་དབང་།། ལས་ཀྱི་ཆོ་ག་ཇི་བཞིན་ནོ།། ཚེས་བཅུ་བཞི་དང་བཅུ་གསུམ་ལ།། སློབ་མ་ལས་ལ་གཟུད་པར་བྱ།། བྱིན་རླབས་རིམ་པས་འཕོ་བ་དང་།། འཕྲལ་དུ་ཡིད་ཆེས་བསྐྱེད་པར་བྱ།། རིན་ཆེན ་སྙིང་པོ་དྲི་མེད་རྒྱུད།། རྒྱུད་རྣམས་ཀུན་གྱི་རྩ་བ་ནི།། འདིར་དབང་བསྐུར་བ་དམ་པ་ཡིན།། སྨིན་པའི་ལས་ལ་བརྟེན་པ་ཡི།། དབང་བསྐུར་མཆོག་གི་རྒྱུད་གསུངས་པས།། རབ་གནས་དགེ་བ་སྡོམ་པ་ལྡན།། དམ ་པ་ཡོན་གྱིས་མཉེས་པར་བྱ།། གྲོལ་བ་མཐར་ཕྱིན་རབ་ཏུ་གནས།། སློབ་མ་སྨིན་པའི་ཆོ་གའོ།། རྡོ་རྗེ་ས་འོག་གི་རྒྱུད་ལས། སློབ་མ་ལ་དབང་བསྐུར་བའི་ལེའུ་སྟེ་བཅུ་གཉིས་པའོ།། ། ་དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་དོན་དུ་བདག་གི་ཐུགས་ཀྱི་གསང ་བབཤད་དུ་གསོལ་ཞེས་གསོལ་བ་བཏབ་བོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ལག་ན་རྡོ་རྗེ་མི་བཟང་ཁྱོད།། གཞན་དོན་བག་བརྩོན་ལེགས་སོ་ལེགས།། གང་ཞིག་དུས་ཀྱི་སྙིགས ་མ་ལ།། གདུལ་དཀའི་སེམས་ཅན་འདུལ་འདོད་པས།། དང་པོ་བྱང་ཆུབ་སེམས་བསྐྱེད་ལ།། ཚོགས་གཉིས་ཀུན་རྫོགས་མཐར་ཕྱིན་པས།། རིན་ཆེན་སྣོད་དུ་པདྨའི་གཏེར།། དབུས་སུ་གསང་བ ་བདག་པོ་ཅན།། འདབ་མ་བརྒྱད་ལ་ཀླུ་ཆེན་བརྒྱད།། སྦྲུལ་མགོས་བརྒྱད་པ་དགོད་པར་བྱ།། ཁྲུས་དང་གཙང་སྦྲ་དང་ལྡན་པས།། ལས་ཀྱི་ལྷ་ཡི་རྣལ་འབྱོར་གྱིས།། དང་པོ་སྤྱན་དྲངས་རབ་མཆོད་ནས ་བདག་དང་ལྷ་གཉིས་འཕྲོ་འདུར་བཟླས།། ཀླུ་བརྒྱད་ཞི་བར་འགྱུར་སེམས་ཀྱིས།། ཧཱུཾ་དང་ཧཱུཾ་གི་ཟག་པ་ལས།། བསྒྲུབ་བྱ་འོད་ཀྱི་ཕུང་པོར་བྱ།། སྐད་ཅིག་མས་ནི་ཧཱུ~ཾ་དུ་བསླང་།། ཨོཾ་བཛྲ་ཀྲོ་དྷ་ཨ། ་ཧཱི་ཙནྡྲ་ཕཊ། ཁྲི་བཟླས་གདོན་ལས་ངེས་གྲོལ་འགྱུར།། ལག་ན་རྡོ་རྗེ་ཁྱོད་ཀྱིས་ནི།། ཐུགས་ཀྱི་འཕྲོ་འདུགསང་བ་ཡིན།། བསྒྲུབ་བྱའི་ལུས་ནི་མཚོན་གྱིས་དཀྲི།། ཧཱུཾ་ཆེན་འཕྲེང་བའི ་འཕྲོ་འདུས་བཅད།། རྫས་ཆེན་རྣམས་ལ་རབ་བརྟགས་ནས།། ངེས་པར་གདོན་ལས་གྲོལ་བར་འགྱུར།། གལ་ཏེ་དེས་ཀྱང་མ་གྲུབ་ན།། སྔགས་ཀྱི་འཕྲེང་བ་བཟློག་སྟེ་བཟླས།། རྡོ་རྗེ་འཕྲེང་བས་རབ། ་བཅད་ན།། ཐེ་ཙོམ་མེད་པར་འགྲུབ་པར་འགྱུར།། འོག་གི་བགེགས་བཟློག་ཆོ་ག་མཆོག། ཡིད་བཞིན་ནོར་ལྷར་འབྱུང་བ་ཡིན།། ཐེག་པ་གསུམ་ལ་ངེས་རྒྱལ་བའི།། རྒྱུད་ཆེན་གསང་བ་མཐར ་ཐུག་པ།། སྐྱོབ་པ་ཐུགས་ཀྱི་རྣམ་པ་ཡིན།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་མ་ཐག་ཏུ། ལག་ན་རྡོ་རྗེ་ལ་སོགས་པའི་རིགས་ཀྱི་འཁོར་རྣམས་དང་ལྷའི་ཚོགས་ཐམས ་ཅད་ཡི་རངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གསུངས་པ་ལ་མངོན་པར་བསྟོད་དོ།། དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས། གསང་བ་གཏན་ལ་དབབ་པའི་ལེའུ་སྟེ་བཅུ་གསུམ་པའོ།། ་ཁ་ཆེའི་པཎྜིཏ་ཙེ་ལུ་དང་། བོད་ཀྱི་ལོ་ཙོ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བའོ།། རྫོགས་སོ།། @རྒྱ་ག་རྐང། ་