CLOSE WINDOW

Ty063-002:
Wyliee-texts produced with BDRC’s OCR application

ཙརྱ་ཤུད་དྷཱ་ཀ་ར་བརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང ་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཆོས་ཉིད་བརྙེས་པ། ཆོས་ཐམས་ཅད་སྤྲོས་པ་མེད་པས་ཡང་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱ་བརྡོ་རྗེ་ཆོས་ཉིད་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་དཔལ་མཆོག་དང་པོ་ཐོག་མ་དང་། ཐ་མ་དང་། དབུས་མེད་པའི་དམ་པ་འདི་གསུངས་སོ།། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་འདོད་ཆགས་ཆེན་པོའི་དངོས ་གྲུབ་དམ་པ་ནི། བདེ་བ་ཆེན་པོའི་དངོས་གྲུབ་དམ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བདེ་བ་ཆེན་པོའི་དངོས་གྲུབ་དམ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་བྱང་ཆུབ་ཆེན་པོའི་དངོས་གྲུབ་དམ་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོའི་དངོས་གྲུབ་དམ་པ་ནི། བདུད་ཆེན་པོའི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པར ་བྱེད་པའི་དངོས་གྲུབ་དམ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཆེན་པོའི་སྟོབས་རབ་ཏུ་འཇོམས་པའི་དངོས་གྲུབ་དམ་པ་ནི། ཁམས་གསུམ་པ་ཐམས་ཅད ་དབང་ཕྱུག་ཆེན་པོའི་དངོས་གྲུབ་དམ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁམས་གསུམ་པ་ཐམས་ཅད་ཀྱི་དབང་ཕྱུག་གི་དངོས་གྲུབ་དམ་པ་ནི། སེམས་ཅན་གྱི་ཁམས་མ་ལུས་ཤིང ་ལུས་པ་མེད་པར་ཡོངས་སུ་སྦྱོང་བར་འདོད་པའི་རྒྱུའི་ཕྱིར། འཁོར་བ་ལའང་མ་ཆགས་ཤིང་བརྫུན་འགྲུས་ཆེན་པོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས ་པ་མེད་པ་རྣམས་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་བདེ་བའི་མཆོག་ཤིན་ཏུ་བདེ་བ་ཆེན་པོའི་དངོས་གྲུབ་དམ་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཇི་སྲིད་འཁོར་བའི ་གནས་བུ་ནི།། མཁས་མཆོག་འདུག་པར་གྱུར་པའི་ཚེ།། དེ་སྲིད་མཚུངས་མེད་སེམས་ཅན་དོན།། མྱ་ངན་མི་འདར་བྱེད་པར་རུས།། ཤེས་རབ་ཕ་རོལ་ཕྱིན་ཐབས་དང་།། ཡེ་ཤེས་གམ ་སུ་བསྒྲུབས་པས་ནི།། ཆོས་ཀུན་རྣམ་པར་དག་པའི་ཕྱིར།། འཁོར་བ་ཡོངས་སུ་དག་པར་འགྱུར།། ཆགས་ལ་སོགས་པས་འདུལ་ན་ནི།། འཁོར་བའི་བར་དུ་རྟག་པར་ཡང་།། འཇིག་རྟེན ་སྡིག་བྱེད་དེ་སྦྱང་ཕྱིར།། འཁོར་བ་སྲིད་དུ་བདག་ཉིད་འདུལ།། ཇི་ལྟར་པདྨ་རབ་དམར་བ།། འདམ་གྱི་ཉེས་པས་མི་གོས་པས།། དེ་བཞིན་གནས་པའི་ཉེས་པ་ཡིས།། འགྲོ་བ་ན་རྣམས་ལ ་མི་གོས་སོ།། འདོད་ཆགས་ཆེན་པོ་རྣམ་པར་དག་བདེ་བ་ཆེན་པོ་ནོར་ཆེ་ལ། ཁམས་གསུམ་དབང་ཕྱུག་ཐོས་པས་ན།། སེམས་ཅན་དོན་རྣམས་སྟོན་པར་བྱེད།། ་གང་ལ་ལ་ཞིག་ནང་པར་ལངས་ནས་དཔལ་མཆོག་དང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་ཆོས་ཀྱི་རྣམ་གྲངས་འདི་ཉིན་རེ་བཞིན་འདོན་པ་དང་། ཉན་པ་དང་། འཛིན་པ་དང་། ཀློག་པ་དང་། ་སྒོམ་པ་དེ་ཡིས་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱང་ཐོབ་པར་འགྱུར་རོ།། བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་དམ་ཚིག་དངོས་གྲུབ་ཀྱི་མཆོག་ཀྱང་ཚེ་འདི་ལ་ཐོད་པར་འགྱུར་རོ།། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་གསང་བ་མཆོག་ཀྱང་འགྲུབ་སྟེ། རྡོ་རྗེ་འཛིན་པ་ཆེན་པོ་ཐམས་ཅད་དམ། དེ་བཞིན་གཤེགས་པར་འགྱུར་རོ།། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་དཔལ་མཆོག་དང་པོ་ལས། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་རྫོགས་སོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའ་བྱིན་གྱིས་རློབ་པའི་རྡོ་རྗེ་གསང་བ་མཆོག་གི་དངོས་གྲུབ་ཀྱི་ཆེ་ག་རྒྱས་པའི་རྒྱལ་པོ་ཆེན་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསང ་བབའི་དོན་ཡོད་ཅིང་བསྟན་པའི་ཆོ་ག་ཕྱག་རྒྱ་བཏབ་པའི་སྐུ་གསུང་ཐུགས་ཐམས་ཅད་ཀྱིས་རྡོ་རྗེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོ་ཐམས་ཅད་ལ་རབ་ཏུ་ཞུགས་ནས་ཆོད་ཉིད ་རྟོགས་པའི་ཡེ་ཤེས་ལ་རབ་ཏུ་ཞུགས་ནས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་འཕྲིན་ལས་ཀྱིས་དུས་གསུམ་དུ་འཇིག་རྟེན་གྱི་ཁམས་མ་ལུས་པར་སྤྱོས་པ་ལས་ཀྱི ་མཐའ་རྒྱན། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོ། ཟླ་བ་བྱེད་པ་དུ་མ་ལ་རབ་ཏུ་གནས་པའི་རྡོ་རྗེ་རིན་པོ་ཆེ་རྣམས་ཀྱི་འོད་ཟེར་སྣ་ཚོགས་པ་རྣམ་པར་འབར་བའི་འོད་ཀྱིས་གུས་ལ་པ ་གསེར་གྱི་དྲིལ་བུ་བཏགས་པ་དང་། སྣ་ཚོགས་པའི་བ་དན་རླུང་གི་བསྐྱོད་པ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པས། མེ་ཏོག་གི་འཕྲེང་བ་སྣ་ཚོགས་པ་དང་། ན་བཟའ་དང་། མེ་ལོང་དང ་མུ་ཏིག་གི་འཕྲེང་བ་རབ་ཏུ་འཕྱང་བས་མཛེས་ཤིང་བརྒྱན་པ།། སྣ་ཚོགས་པའི་ཁ་ཁྱེར་ལ་གནས་པ་མཆོག་ཏུ་གྱུར་པའི་ལྷའི་བུ་མོ་དགོད་པ་དང་། སྒེག་པ་དང་། གར་དང་ག་གླུ་ཡིས་རབ་ཏུ་བརྒྱན་པ ་དང་། བསྟོད་པས་སད་པར་བྱེད་པ། བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་གནས་གཞལ་ཡས་ཁང་པ་ལ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེས་བྱིན་གྱིས་བརླབས་པའི་དམ་ཚིག་སེམས་དཔའ་ཐམས་ཅད་དྲང་།། དབང་བསྐུར་བ་ཐམས་ཅད་དང་། ཐམས་ཅད་མཁྱེན་པའི་ཏིང་ངེ་འཛིན་ལས་ཐབས ་ཅད་མཆོག་ཏུ་གྱུར་པ། ཁམས་གསུམ་ཐམས་ཅད་འདུལ་བར་མཛད་པ། ཐམས་ཅད་དབང་དུ་བྱེད་པ་པོ་འབྱིན་པ་པོ་འདོད་པ་ཐམས་ཅད་པ།། རྒྱ་ཆེ་བའི་དངོས་གྲུབ་ཀྱི་ཆོ་ག་ཐམས་ཅད་པ། ་རྟག་པའི་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་པ། ཇི་སྲིད་སྲིད་པའི་བར་གནས་པ།། དེ་སྲིད་སེམས་ཅན་དོན་མཆོག་མཆོད།། སེམས་ཅན་ཁམས་ནི ་མཐའ་ཡས་དང་།། རྒྱལ་སྲས་སྲིད་པར་འདོད་པའི་ཕྱིར།། སྲིད་པའི་སྐྱོན་རྣམས་འཇོམས་ཕྱིར་དང་།། བདེ་བ་ཆེན་པོ་འཕེལ་བྱའི་ཕྱིར།། གསང་བའི་རྟོག་པ་མཆོག་གསུང་བའི།། ་རྗེས་སུ་གནང་བར་བདག་ལ་སྩོལ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྒྲིབ་པ་མེད་པ་ཉིད་ལ་ལྷག་པར་དགེངས་ནས། གདུལ་བྱ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྣ ་ཚོགས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཀ་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། ཐམས་ཅད་ཡོངས་སུ་བསྐྱ ་བ་དང་། ཕན་པ་དང་། བདེ་བ་དང་། དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས་པ་དང་ཀ་ཡེ་ཤེས་དང་ཀ་ལས་དང་། མཆོག་གི་དངོས་གྲུབ་ཀྱི་རྒྱུར་འགྱུར་བའི་བར་དུ་དེ་བཞིན་གཤེགས་པའི་ཐམས། ་ཅད་ཉིད་དང་། རྡོ་རྗེ་འཆང་ཆེན་པོ་ཐོབ་པ་མཆོག་གི་དངོས་གྲུབ་ཀྱི་དོན་བདེ་བ་ཆེན་པོའི་རྡོ་རྗེ་དང་པོ་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་སྒྱུར་བ་ཉིད་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱིས་སྐུའི་འཕྲེང་བའི་ཅོད་པན་གྱིས་དབང་བསྐུར་བས་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་མ་ལུས་པ་ལུས་པ་མེད་པའི་བདེ་བ་ཆེན་པོ་མཆོག་གི་དངོས་གྲུབ་ལ་སོགས་པ ་དངོས་གྲུབ་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར། སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ཏེ་སྐུ་དྲང་པོར་སྲང་སྟེ། གཡོན་པ་བསྙེམས་པའི་ཚུལ་དུ་མཛད་ནས་གཡས་པ་རྡོ་རྗེ་གསོར་བས་རང་གི་ཐུགས་ཀར། ་དང་པོའི་རྡོ་རྗེ་མཆོག་གི་སྦྱོར་བ་འཛིན་ཅིང་ག་བདེ་བ་ཆེན་པོའི་རྡོ་རྗེ་ཞེས་བྱ་བ་ཐམས་ཅད་ཀྱི་ཕྱག་རྒྱ་འདི་ཉིད་ཀྱི་སུ་དང་། གསུང་དང་། ཐུགས་ལས་འབྱུང་ངོ་།། ཨེ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ ་སུ་རསྟྭ~ཾ། དེ་ནས་བྱུང་བ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བྱིན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཡོངས་སུ་བཟུང་བ་རྣམས་སླར་ཡང་བྱང་ཆུབ་ཆེན་པོ་མངོན་པར་རྟོགས ་ནས་དེ་རྣམས་ཀྱིས་བཞད་པ་ཆེན་པོ་མངོན་པར་མཛད་དོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་པ་དང་ཤིན་ཏུ་གཡོས་པས་ཡོངས་སུ་དག་པར་གྱུར་ཏོ།། ཁམས་གསུམ་རྒྱས་པར་སྤྲོས་པ ་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱི་འཁོར་ཆེན་པོར་གྱུར་ཏོ།། གང་གི་སེམས་ཅན་ཐམས་ཅད་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་ཏོ།། དེ་ནས་རྡོ་རྗེ་འཆང་ཆེན་པོས་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་དོན་ཡོད་ཅིང་།། ཐོགས་པ་མེད་པ་ལས་མངོན་པར་འབྱུང་བར་རྡོ་རྗེ་ཆེན་པོ་ཕྱག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག་ཅེས་བྱ་བ་རྣམ་པར ་གནོན་པར་མཛད་ནས་དེའི་སྐུ་ཐམས་ཅད་ལས་དངོས་གྲུབ་ཐམས་ཅད་དང་། བདེ་བ་དང་། ཡིད་བདེ་བ་སྟེར་བ་རྟག་ཏུ་རྗེས་སུ་འབྲེལ་བ་ཅན་ལྷན་ཅིག་ཏུ་སྤྱོད་པ་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་སེམས་དཔའ ་རྣམས་ཕྱུང་ནས་ཕྱོགས་ཐམས་ཅད་དུ་བྱུང་སྟེ། མདུན་དུ་རྡོ་རྗེ་གསང་བ་ཡིད་ལས་བྱུང་བ། གཡས་སུ་རྡོ་རྗེ་ཀཱི་ལི་ཀཱི་ལི། རྒྱབ་ཏུ་འདོད་པའི་ཛིརྗེ། གཡོན་དུ་རྡོ་རྗེ་བསྒྱིངས་པའོ།། ་མཚམས་རྣམས་སུ་མཆོད་པའོ་ལྷ་མོ་རྣམས་སོ།། ཕྱི་རོལ་གྱི་ཁ་ཁྱེར་མཚམས་སུ་ལྷའི་བུ་མོ་རྣམས་སོ།། སྒོ་སྲུང་བ་རྣམས་ནི་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོགདུང་། དྲིལ་བུ ་འཛིན་པའོ།། ཕྱི་རོལ་ཏུ་རྡོ་རྗེ་སྨྲེ་སྲུངས་ཀྱི་ཚོགས་དང་། ཕོ་ཉ་དང་། བྲན་རྣམས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཁུ་ཚུར་བཅིངས་ཏེ། དེ་བཞིན་གཤེགས་པ་ཐམ ་ཅད་བྱང་ཆུབ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་བཏབ་སྟེ།། སེམས་ཅན་ཀུན་ལ་བདེ་དོན་དུ།། རྒྱལ ་བ་ཆེན་པོ་འབྱུང་བ་སྟེ།། ཆགས་བྲལ་དེ་རྣམས་ཆགས་ལྡན་ཡང་།། རང་གི་བཙུན་མོའང་གསོལ་མཛད་པས།། དེ་ཕྱིར་བདག་གིས་ཁྱོད་ལ་གསོལ།། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། གསང་བའི། ་རྟོག་པའི་དངོས་གྲུབ་སྟེ།། འདུལ་བ་མཆོག་ནི་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་དོན་ཡོད་ཅིང་ཐོགས་པ་མེད་པའི་བཀའ་བདེ་བ་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་འདུལ་བ་རྡོ་རྗེ་འ ་པའི་མཆོག་ཅེས་བྱ་བའི་རྣམ་པར་གནོན་པར་མཛད་ནས། རྡོ་རྗེ་ཆེན་པོ་གསང་བའི་དམ་ཚིག་ཅེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ།། དེ་ནས་ཡང་དག་བཤད་བྱ་བ།། དཀྱིལ་འཁོར་ཆེན་པོ། ་དམ་པ་སྟེ།། བདེ་བ་ཆེན་པོ་རྡོ་རྗེ་མཆོག། དམ་ཚིག་དམ་པའི་མིང་ཅན་ཡིན།། དཀྱིལ་འཁོར་གནས་ནི་འདུས་བྱས་ནས།། དེའི་དབུས་ཆོ་ག་བཞིན་དུ་ནི།། ཕྱག་རྒྱ་ཆེན་པོ་མཉམ་གཞག་ནས། ་དེར་ནི་དཀྱིལ་འཁོར་བསྒྲུབ་པར་བྱ།། གསར་ཞིང་ལེགས་པར་བསྒྲིལ་བ་དང་།། མདུད་པ་དག་ནི་མེད་པ་ཡིས།། ཐིག་སྐུད་དམར་པོས་ཐིག་བཏབ་ནས།། ཚོན་གྱི་ཕྱེ་མས་བྲི་བར་བྱ།། རྡུ ་བཞི་པ་ལ་སྒོ་བཞི་པ།། སྒོ་ཁྱུད་བཞིས་ནི་མཛེས་པ་དང་།། ཁ་ཁྱེར་གྱིས་ནི་ཡོངས་སུ་བསྐོར།། མཚམས་སུ་ལྷ་ཡི་བུ་མོས་མཛེས།། དཀྱིལ་འཁོར་གྱི་ནི་མཚམས་རྣམས་དང་།། སྒོ ་དང་སྒོ་ཁྱུད་མཚམས་རྣམས་སུ།། ཟླ་བ་ཕྱེད་ལ་གནས་པ་ཡི།། རྡོ་རྗེ་རིན་ཆེན་འོད་ཟེར་འབར།། རླུང་གིས་བསྐྱོད་པའི་དྲིལ་བུ་མཆོག། བ་དན་སྣ་ཚོགས་མཛེས་པ་དང་།། མེ་ལོང་དྲ་བ་མེ ་ཏོག་འཕྲེང་།། ལྡན་པའི་ཕྱི་རོལ་དཀྱིལ་འཁོར་བྲི།། དེ་ནི་ནང་དུ་འཁོར་ལོ་ནི།། དཀྱིལ་འཁོར་བརྒྱད་པ་དང་འདྲ་བ།། རྡོ་རྗེ་ཐིག་གིས་ཡོངས་བསྐོར་བའི།། རྡོ་རྗེ་འཁོར་ལོ་ཡང་དག་བྲི ་དབུས་ཆོ་ག་བཞིན་དུ་ནི།། རྡོ་རྗེ་སེམས་དཔའ་དགོད་པར་བྱ།། བླུགས་སམ་ཡང་ན་བྱས་པ་འམ།། བརྡུངས་སམ་ཡང་ན་བྲིས་པ་ཡིས།། བཞད་པ་དང་བཅས་ཟླ་བའི་འོད།། འབར་བའི་འོད་ཟེར་དམར་པོས ་ཁྱབ། སངས་རྒྱས་འཕྲེང་བས་རྣམ་པར་མཛེས།། སྐུ་ལ་ཆེན་གྱིས་ཡང་དག་བྱུགས།། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས།། རྡོ་རྗེ་བསྙེམས་པ་འཛིན་པའི་མཆོག། ས་མ་ཡ་སྟྭཾ་ཞེས་བརྗོད་ནས ་སྤྱིད་ཁར་རྣམ་པར་དགོད་པར་བྱ།། དེ་ཡི་ལོགས་ནི་ཐམས་ཅད་དུ།། སེམས་དཔའ་ཆེན་པོ་རྣབས་བྲིས་ཏེ། ཚོན་ནམ་ཡང་ན་རྡུལ་རྣོན་གྱིས།། གོ་མ་ཇི་བཞིན ་བར་བྱ།། མདུན་དུ་སྐུ་མདོག་དམར་པོ་ནི།། རྡོ་རྗེ་མཚོན་ཆ་ལ་བརྩོན་པ།། གཡས་སུ་དག་པའི་དཀར་པོ་སྟེ།། ལེགས་པར་འཁྱུད་པའི་རྡོ་རྗེ་ཅན།། རྒྱབ་ཏུ་སྐུ་མདོག་སེར་པོ་སྟེ།། ཆུ་སྲིན་གྱི ་ནི་རྒྱལ་མཚན་འཛིན།། གཡོན་དུ་སྐུ་མདོག་སྔོན་པོ་སྟེ།། ཕྱག་གཉིས་བསྙེམས་པ་འཛིན་ལ་སོགས།། མཆོད་པའི་སྣོད་རྣམས་འཛིན་པའོ།། མཆོད་པའི་ལྷ་མོ་བྲི་བར་བྱ།། སྒེག་མོ ་བཞད་མ་གླུ་མ་དང་།། དཀར་མོ་ལྷ་ཡི་བུ་མོའི་ཚེགས།། རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང་།། རྡོ་རྗེ་ལྕགས་སྒྲོག་དྲིལ་བུ་བསྣམས།། སྒོ་ནི་བཞི་པོ་རྣམས་ལ་ནི།། སྒོ་སྲུངས་བཞི་པོ་དགོད་པར་བྱ།། ་དེ་ནས་དེ་དག་གི་སྙིང་པོ་རྣམས་ནི་འདི་ཡིན་ཏེ། ཧཱུཾ་བཛྲ་དྲིཥྚི་ས་མཱ་ཀེ་མཊ། ཧཱུཾ་བཛྲ་ཀཱི་ལི་ཀཱི་ལ་ཡེ་ཧཱུཾ། ཧཱུཾ་སྨ་ར་བཛྲ་བཻ་དྷ་ཧཱུཾ། ཧཱུཾ་ཏུཥྚ་བཛྲ་ཎི་ཧཱུཾ། རྡོ་རྗེ་བྲན་ནོ།། དེ་ནས་མཆོད་པའི་ལྷ་མོ་རྣམས་ཀྱི་ནི། ཧཱུཾ་མ ་དྷུ་ར་བཛྲི་ཧཱུཾ། ཧཱུཾ་བཛྲ་མེ་གྷེ་ཧཱུཾ། ཧཱུཾ་ཤཱ་རད་བཛྲ་ཧཱུཾ། ཧཱུཾ་བཛྲ་ཤི་ཤི་རི་ཧཱུ~ཾ། དེ་ནས་ལྷའི་བུ་མོ་རྣམས་ཀྱི་ནི། ཧཱུ~ཾ་བཛྲ་ལཱ་སྱེ། མ་ཧཱ་བ་ར་བཛྲེ་ནི། ཨོཾ་བཛྲི་གཱི་ཏེ་བཛྲ། ཨོཾ་ནརི་ཎེ་བཛྲ། དེ་ནས་སྒོ་སྲུངས་རྣམས་ཀྱི་ནིཛ ་ཨཾ་ཀུ་ཤ་པྲ་ཏི་ཧ་ར། ཧཱུཾ་བཛྲ་པཱ་ཤ་ག་ན། བ~ཾ་བཛྲ་སྭེཊ་དྲ་ཧ། ཨ་བཛྲ་གྷ་ཊ་ཙྪེ་ད། དེ་ལྟར་ལྷ་མོའི་དཀྱིལ་འཁོར་དུ། བུད་མེད་གྲགས་པ་ཉིད་ནི་དགོད།། བཀོད་ན་དེ་དག་རྣམས་ཀྱིས་ནི།། བྱིན་གྱིས་བརླབས ་པཉིད་འགྲུབ་པདིན་བྱས་ན་པོ་འཛིག་ཀྱིལ་ལཁོ་ན་དུ་ཞེས་བྱས་ནས། ཁྲུམ་དུ་ང་མེ་དང་། མལྡན་ལ་སོགས་པན་གྱིས་མརྗོད། དྲིལ་དྲུགགས་པའི་དང ་མཚམས་རྣམས་སུ་ནི་གཞག་པར་བྱ།། ལྕུག་མ་དང་དུས་བུམ་པ་རྣམས།། སྒོ་ཡི་ཕྱི་རོལ་དག་ཏུ་གཞག། རྡོ་རྗེ་དང་བཅུས་གཞི་དང་བཅས།། བཅུག་མྱི་ཡོངས་སུ་བཟླས་ནས་ནི། ་ཆུས་གང་བའི་བུམ་པ་སྟེ།། ཕྱག་ན་རྫོའི་མདུན་གཞག་བྱ།། དེ་ལ་འདི་ལྟར་བདེ་བཆེན་པོའི་དམ་ཚིག་གི་འདུད་རྩེའི་ཚྭ་བྱིན་གྱིས་བརླབ་པའི་སྙིང་པོ་ནི། ཨེ་མ་ཕྲས་ཁ་བཛྲས་པྲ་ཡ། ཨ ་ཁེ་ཀ་ཛཿཧཱུཾ་བཾ་ཧོཿ། ལན་ཉི་ཤུ་རྩ་གཅིག་བརླའོ།། ཆུ་འདི་གཏོར་བ་འམ་འཐུངས་ན་སྡུག་བསྔལ་ཐམས་ཅད་རབ་ཏུ་བྱང་བ་དང་། བདེ་བ་ཐམས་ཅད་རབ་ཏུ་འཕེལ་བར་འགྱུར་བ་ཡོན་ནོ།། དེ་ནས ་རང་གི་དམ་ཚིག་རྣམས་ཀྱིས་རྡོ་རྗེ་འཆང་ལ་སོགས་པ་བསྒྲུབ་པར་བྱའོ།། ཛཿཧཱུཾ་བ་ཧོཿཞེས་བརྗོད་ནས། དགུག་པ་དང་། གཞུགས་པ་དང་། བཅིངས་ནས་སྐད་ཅིག་གིས་དབང་དུ་འགྱུར་རོ།། ་ཕྱག་རྒྱ་ཆེན་པོ་མཉམ་བཞག་སྟེ།། དེ་བཞིན་གཡས་སུ་མཛུབ་ལྕགས་ཀྱུས།། དགུག་པ་འདི་ནི་ལན་ཅིག་གིས།། འགྲུབ་པར་རབ་ཏུ་གཞུག་པར་བྱ།། ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྲ། ཨ་ཨ་ཧི ་ཤྲི་གླཻ་སུ་ཁ་བཛྲ་གུ་ཧྱ་ས་མ་ཡ་མ་ནུ་སྥ་ར་པྲ་རུ་སྨ་ར་པྲ་བྷཱུ་ཏ་ས་མ་ཡ་སཱི་ཧྲིད་ཡཾ། སུ་ཏོཥྱོ་མེ་བྷ་ཝ། མུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་བ། ཨ་དྷི་ཏིཥྛ་བྷ་ག་བཱཾ་ཨ་ན་ཧི་ནད་ན་སེད་སྦྱི་ཧུ་མེ་མནྟྲ ་#པ་དེ། ཛཿཧཱུཾ་བཾ་ཧོ།། དེ་ནས་རྟག་ཏུ་བཅོམ་ལྡན་འདས།། དཀྱིལ་འཁོར་དུ་ནི་རང་ཉིད་བྱིན།། དགུག་ཅིང་བཅུག་ནས་བརྟན་པ་དང་།། དབང་དུ་འགྱུར་ཞིང་འགྲུབ་པ་ཡིན།། རྨད་དུ། ་བྱུང་བའི་རྫུ་འཕྲུལ་དུ་མ་རྣམས་མཐོང་བ་འམ། ཡང་ན་བཅོམ་ལྡན་འདས་རང་ཉིད་ཀྱིས་མཐོང་བར་འགྱུར་རོ།། དེ་ནས་རང་ཉིད་རྡོ་རྗེ་འཛིན་ཀུན་གྱིས་སློབ་དཔོན་ནི་ཕྱག་རྒྱ་ཐམས་ཅད་འགྲུབ་པ། དམ ་ཚིག་ཐམས་ཅད་ཤེས་པ། ལས་ཐམས་ཅད་ནུས་པ། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ།། འཇུག་པའི་ཆོ་ག་འདི་ཡིས་རྡོ་རྗེ་སློབ་དཔོན་རང་ཉིད་ཇི་སྙེད་པའི་དྲིས་བྱུགས་ཤིང ་བསྒོས་པ་རྒྱན་དང་བཅས་པའི་མེ་ཏོག་གི་འཕྲེང་བས་ལུས་ཤིན་ཏུ་བརྒྱན་པ། གོས་དམར་པོ་གཉིས་བགོས་པས་རང་ཉིད་ཀྱིས་བཅོམ་ལྡན་འདས་ལ་བསྟོད་ཅིང་རྡོ་རྗེ་དང་བཅས་པའི་རྡོ་རྗེ་བསྙེམས ་པས་རང་ཉིད་འཇུག་པར་བྱའོ།། བསྟོད་པ་ནི་དྲུག་ལྡན་ལ་སོགས་པ་གླུ་ཡིས་བྱའོ།། འདོད་ཆགས་ལ་སོགས་བདེ་ཀུན་ཡིད་ཁྱོད་ནི།། ཀུན་ཏུ་བདག་ལ་བདེ་བ་ལ་སྩོལ་ཅིག། རྡོ་རྗེ་སེམས ་དགོས་བྱུང་དུ་བདགེ་བསློང་མཇེད།། བདག་ཀྱིས་མཛོད་དང་བདེ་མཆོག་གྲུབ་ལ་འདུད།། དེ་ནས་རབ་ཏུ་ཞུགས་ནས་དགངས་སུ་གསོལ་བར་བྱེ་མ།། ཟགས་བྱ་མྱོད་པའི་སེམས་དཔའ་ས། ་རྗེས་སེས་པ་འའད་ནི།། ཀུན་ཏུ་བང་པོ་ཀྱད་ཡིནཏེ། རྣམས་པདག་ཀྱབ་བདག་པ།། སེམས་ཀྱི་སེམས་དཔ་ཚོང་འཛིར།། དེ་བཞི་རྡོ་རྡོ་འཛིས།། ཐམས ་ཚིག་དངོས་གྲུབ་ཅན།། རྡོ་རྗེ་སེམས་བདག་དེ་གྲུབ་མཛོད།། དེ་ནས་བཅོམ་ལྡན་དེ་ཉིད་ཀྱིས།། རྡོ་རྗེ་སློབ་དཔོན་བྱིན་བརླབས་གྱུར།། དེ་སྔར་མ་བྱུང་བའི་སོ་སོ་རང་རིག་པའི་བདེ་བ་གཉིས་ཀ་ས་རྩེ། ་བར་འགྱུར་རོ།། ཕྲ་མོ་དབབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་གྲུབ་པར་གྱུར་ཏོ་ཞེས་ཤེས་པར་བྱའོ།། དེ་ནས་དེ་བཞིན་དུ་འདུག་ལ་ཅི་འདོད་པའི་བཟླས་བརྗོད་བྱའོ།། དེ་ནས་དེ་བཞི་ན ་འདུག་ལ་རང་གི་བསོད་ནམས་ཀྱི་བྱིན་གྱི་རླབས་ཀྱིས་འདོད་པའི་ངོས་གྲུབ་ཐོབ་པར་འགྱུར་རོ།། དེ་ནས་བརྩམས་ཏེ་སེམས་དཔའ་ཆེན་པོ་ཐམས་ཅད་འགྲུབ་པར་འགྱུར་ཞིང་མཐོང་བར་འགྱུར་རོ།། ་དེ་རྣམས་ཀྱིས་ཀྱང་དེ་ལ་དངོས་གྲུབ་ཐམས་ཅད་སྩོལ་བར་མཛད་དོ།། ཕྱག་རྒྱ་ཐམས་ཅད་ཀྱང་བདག་རང་ཉིད་ཀྱིས་བཅིངས་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ།། དམ་ཚིག་ཐམས་ཅད་ཀྱང་འདི ་ལ་བསྟན་པར་འགྱུར་རོ།། ཡིད་ཀྱི་འདོད་པའི་ལས་རྣམས་ཀྱང་བྱེད་པ་ཡིན་ནོ།། བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཉམས་སུ་མྱོང་ཞིང་གཞན་གྱིས་མི་ཐུབ་པ་དང་མི་སོད་པས་ལོ་གཅིག་འདས་ནས ་སངས་རྒྱས་ཉིད་ལ་སོགས་པའི་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ནོ།། དེ་ནས་སེམས་ཅན་ཐམས་ཅད་ཞུགས་པའི་དོན་དུ་བརྟག་པར་བྱ་བ་ཡིན་ནོ།། རྡོ་རྗེ་སློབ་དཔོན་རང་ཉིད་སྔ་མ་བཞིན་དུ་ལུས ་ལ་བརྒྱན་ནས་རབ་ཏུ་བདེ་བའི་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱ་རབ་ཏུ་བཅུག་སྟེ། དེ་བཞིན་དུ་དེ་ལེ་ན་ཉིད་ཆེན་པོ་བསྐུལ་བས་ཡང་དག་པར་བསྐུལ་ལ་དགུག་པའི་བྱ་བ་འདི་སྐད་ཅེས་བརྗོད་དོ།། སྲིད་པའི ་བདེ་བ་རྣམ་དག་ཕྱིར།། སྔར་གྱི་སྲིད་པ་ལ་ཁྱོད་དགའ།། འདོད་པ་ཀུན་གྱི་དངོས་གྲུབ་ཆེ།། འགྲོ་བ་ཀུན་ལའང་འགྲུབ་པར་གྱིས།། དེ་ནས་མཆོད་པ་བྱས་ལ། རང་གི་ལྷག ་པའི་ལྷ་གང་ཡིན་པ་དེའི་དམ་ཚིག་ཕྱག་རྒྱ་མེ་ཏོག་དང་བཅས་པ་གཞུག་པར་བྱ་སྟེ། བཅུག་ནས་རྣ་བར་འདི་སྐད་ཅེས་བརྗོད་པར་བྱའོ།། ཆགས་བྲལ་ཉིད་ཀྱིས་འདུལ་བར་གྱུར།། འདོད་ཆགས་ཆེན་པོ ་བདེ་བ་ཆེ།། རྡོ་རྗེ་སེམས་དཔའ་སྦས་པ་ཡིན།། འདོད་ཆགས་བྲལ་བ་ལྟ་བུ་ཡི།། སྡུག་བསྔལ་གཞན་ནི་རང་བཞིན་མེད།། དེ་བས་སེམས་ཅན་ཆགས་བྲལ་ལ།། སླར་ཡང་ཡིད་ནི་མ་བྱེད། ་ཅིག། དེ་ནས་མེ་ཏོག་ལ་སོགས་པ་སྙིང་པོ་འདིས་འདོར་དུ་གཞུག་གོ།། ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་པྲ་ཏི་གྲྀཧཱ་ས་མ་ཡ་སྟྭཾ། དེ་ནས་གང་དུ་བབས་པ་དེ་ནི་དེའི་ལྷ་ཡིན་ནོ།། དེ་ནས་དེ་ཁོ་ན་ཉིད ་ཆེན་པོར་བརྗོད་པར་བྱའོ།། གང་འདོད་པའི་སྙིང་པོ་བྱིན་ལ་སྒྲུབ་ཏུ་བཅུག་ལ་རང་ཉིད་ལྷག་པའི་ལྷ་དབང་བསྐུར་བས་དབང་བསྐུར་ནས་དེའི་མཚན་མ་ལག་པ་གཉིས་སུ་བྱིན་ཏེ། དེའི་རིགས་ཀྱི ་མིང་གི་དབང་བསྐུར་ལ་སྙིང་པོ་འདིས་དབང་བསྐུར་བར་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཏྨ་ཀོ&ཧཾ། བཛྲ་དྷ་ར་ས་མུ་ཁཾ་བྷ་ཨ་བྷི་ཁེ་ཏཱཾ། ཨ་བྷི་ཥིཉྩ་མི་གྲིཧྞ་སིདྡྷི་བཛྲ་ཏེ་ཨ་མོ་གྷ་སིདྡྷི་སྟྭཾ། དེ་ནས ་ཕྱག་རྒྱ་བཅིངས་པ་བསླབ་པར་བྱའོ།། དེ་ནས་ཅི་འདོད་པའི་མཆོད་པ་བྱས་ཤིང་བྱེད་དུ་བཅུག་ནས་ཅི་འདོད་པ་བཟའ་བ་དང་བཏུང་བས་སློབ་མ་རྣམས་ཚིམ་པར་བྱས་ལ་ཕྱག་རྒྱ་དང་ཕྱག་རྒྱའི ་ལན་དང་གར་དང་རྒོད་པ་བྱེད་དུ་བཅུག་ཅིང་རང་ཉིད་ཀྱིས་ཀྱང་བྱའོ།། དེ་ནས་ཐམས་ཅད་བསླད་ནས་འདི་སྐད་བརྗོད་པར་བྱ་སྟེ། ཐོག་མཐའ་རྒྱུ་ཡི་འགྲོ་བ་འདི།། དགའ་བས་མཆོག་ལ་རག་ལུས། ་ཏེ། སེམས་དཔའ་ཆེན་པོ་རྡོ་རྗེར་འགྱུར།། སླར་ཡང་གཤེགས་པར་མཛད་དུ་གསོལ།། དྲི་ནས་སྙིམ་པའི་མེ་ཏོག་དོར་ནས་དབྱུང་བར་བྱའོ།། དཀྱིལ་འཁོར་ཡང་རང་ཉིད་ཀྱིས་ཕྱག་ལ་རྡུལ ་ཚོན་དེ་དག་གི་རིལ་བུ་བྱས་ལ་བཞག་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ།། དེ་ནས་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་བདུད་རྩིའི་ཚུལ་དེའང་བདྲུག་ན་ཚེ་འཕེལ་བ་ལ་སོགས་པའི་ལས་ཐམས ་ཅད་དགོངས་པ་ཡིན་ནོ།། དེ་ཉིད་ཀྱིས་དབང་བསྐུར་ནའང་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པ་དང་མཆོག་གི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་རོ།། གལ་ཏེ་སྐུ་བྲི་བའི་རི་མོ་མཁན་མ་རྙེད ་ན་རང་རང་གི་ཕྱག་མཚན་གྱི་ཕྱག་རྒྱ་རྣམས་ཀྱིས་དཀྱིལ་འཁོར་བྲི་བར་བྱའོ།། གལ་ཏེ་དེའང་མི་ཤེས་ན་ཕྱག་མཚན་གཞག་པར་བྱའོ།། ཕྱག་རྒྱའི་ཆོ་ག་རྒྱས་པའོ།། ། དེ་ནས ་བཅོམ་ལྡན་འདས་དོན་ཡོད་པ་ཐོགས་པ་མེད་པ་མྱུར་དུ་འགྲུབ་པའི་ཆོ་ག་རྒྱ་ཆེ་བའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྣམ་པར་གནོན་པར་མཛད་ནས་རྡོ་རྗེ་འཆང་ཆེན ་བོས་འདི་གསུངས་སོ།། བདེ་བ་ཆེན་པོ་རབ་བསྒྲུབས་དང་།། འདོད་པ་ཆེན་པོ་རྣམ་དག་ཕྱིར།། རྡོ་རྗེ་སེམས་དཔའ་འགྲུབ་པ་ནི།། རྟག་པར་མྱུར་དུ་བཤད་པར་བྱ།། ཇི་སྲིད་འཁོར་བའི་གནས ་སུ་ནི།། དེ་སྲིད་སེམས་ཅན་གནོན་པར་བྱ།། མྱ་ངན་འདས་པ་བྱང་ཆུབ་སྒྲིག། དེ་ཉིད་ཀྱི་ནི་དམ་ཚིག་རྣམས།། ཇི་སྲིད་པ་ལ་གནས་པ་ནི།། དེ་སྲིད་སེམས་ཅན་དོན་ཉིད་བྱིར།། ་ཐམས་ཅད་དག་པའི་མཆོག་ཆོས་བྱ།། ཇི་ལྟར་སེམས་ཅན་ཀུན་གྱིས་དོན།། དངོས་གྲུབ་ཐམས་ཅད་རབ་སྒྲུབ་པ།། དེ་ཕྱིར་སྦྱིན་ཚེགས་ཕ་རོལ་ཕྱིན།། བྱང་ཆུབ་སྤྱོད་པ་མཆོག་གི་མིན།། ་དེ་བབཞིན་གཤེགས་ནི་འདུལ་མིན་ལ།། སེམས་ཅན་ཀུན་རྣམས་དོན་མཛད་པ།། འདི་ནི་དངོས་གྲུབ་རབ་སྒྲུབ་ན།། དུས་ཀུན་ཏུ་ནི་ཐམས་ཅད་མཛད།། དེ་ནས་སྒྲུབ་པ་འདི་བྱ་སྟེ། ་དངོས་གྲུབ་ཤིན་ཏུ་བརྟག་པ་ཡིན།། གང་གིས་སྲིད་པ་འདི་ཉིད་དུ།། ཤིན་ཏུ་བརྟག་པའི་དངོས་གྲུབ་ཐོབ།། དཀྱིལ་འཁོར་དག་ཏུ་མ་ཞུགས་ཀྱང་།། དམ་ཚིག་རྣམ་པར་སྤངས་པ་འམ།། ་བསོད་ནམས་མེད་ཀྱང་ཐམས་ཅད་དུ།། སྲིད་པ་འདི་ལ་མྱུར་དུ་འགྲུབ།། གལ་ཏེ་དངོས་གྲུབ་སྒྲུབ་འདོད་ན།། རྟག་ཏུ་ཡུལ་དང་ལྡན་གྱུར་ན།། གསང་བའི་མཆོད་པས་མཆོད་ནས་ནི།། ་རང་རང་ཕྱག་རྒྱས་འགྲུབ་པར་འགྱུར།། དྲུག་ལྡན་ལ་སོགས་སྙན་པའི་གླུ།། ཆགས་པ་ཀུན་ཀྱང་ཕྱིར་འདོད་པར།། བཟླས་པའི་དོན་ནི་ཅི་ནུས་པས།། རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ། ་འདི་ཡིས་འདོད་པའི་ཀུན་དབང་ཕྱུག། ཅི་འདོད་འོང་ངོ་མཁའ་ལ་རྒྱུ།། དངོས་གྲུབ་ཀུན་གྱི་དབང་ཕྱུག་གྲུབ།། རྒ་ཤི་མེད་ཅིང་གཙོ་བོར་འགྱུར།། རྒྱལ་བ་ཀུན་གྱིས་མཆོད་བྱས་ལ།། རང ་གཞན་ཀུན་གྱིས་བསྙེན་དཀུར་ཞིང་།། རྡོ་རྗེ་འཆང་ཆེན་དང་མཚུངས་ཤིང་།། དོན་ཡོད་ཀུན་སྤྱོད་པ་ཡིན་ནོ།། བདེ་བ་ཆེན་པོ་རྡོ་རྗེ་གྲུབ་པའི་རྒྱལ་པོ་དེ་བཞིན་གཤེགས་པ་ལ་སོགས་པའི་དངོས ་གྲུབ་ཐམས་ཅད་རབ་ཏུ་སྟེར་བའི་རྡོ་རྗེ་འཆང་བྱང་ཆུབ་སེམས་དཔའ་ཡིན་ན། གལ་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་མངོན་པར་འདོད་པ་དེས། བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་ཁུ་ཚུར་ཡོངས་སུ་འཛིན་པ་རས་རིས་ལ་བྲི་བར་བྱའོ།། བཞད་པ་དང་བཅས་པ་དངོས་པོ་ཐམས་ཅད་དུ་དེ་བཞིན་གཤེགས་པ་རྣམས ་ཀྱིས་ཡོངས་སུ་བསྐོར་བའོ།། དེའི་མདུན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཁུ་ཚུར་ཡོངས་སུ་འཛིན་པས། རྡོ་རྗེ་ཚིག་གིས་སྟོང་ཕྲག་བརྒྱ་བཟླས་པར་བྱ།། འབུམ་རྫོགས་པ་ན་མཚན་བྱེད ་ན་བདུད་ཀྱི་ཚོགས་རྣམས་འོང་བར་འགྱུར་རོ།། དེ་ནས་བདུད་ཐམས་ཅད་ཀྱི་སྟོབས་གཞོམ་པས་བཅོམ་པར་བྱའོ།། དེ་ནས་ཐེ་རངས་ཀྱི་དུས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དང་བྱང། ་ཆུབ་སེམས་དཔའ་ཉིད་ཐོབ་པར་འགྱུར་རོ།། གལ་ཏེ་རྡོ་རྗེ་འཆང་ཆེན་པོ་ཉིད་མངོན་པར་འདོད་ན་དེས་ལུགས་སམ།། འདུས་བྱས་པ་འམ་བརྡུངས་པ་འམ། རས་རིས་ལ་སོགས་པར་ལེགས་པར ་བྲིས་པའི་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་བཞིན་དུ་སྔར་གྲུབ་པ་ལ་སྐུ་གཟུགས་ཀྱི་ཁྱད་པར་ཇི་ལྟར་ཐོབ་པ་རྡོ་རྗེ་སེམས་དཔའི་སྒྲུབ་པ་བཤད་དོ།། ཟླ་བ་དྲུག་གི་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་ཆེན་པོ ་འགྲུབ་བོ།། གལ་ཏེ་རྡོ་རྗེ་འཆང་ཆེན་པོ་དགུག་ན་བདེ་བ་ཆེན་པོ་རྡོ་རྗེ་ལྕགས་ཀྱུས་དགུག་ཅིང་ཅི་འདོད་པ་བསྒྲུབ་པར་བྱའོ།། ཟླ་བ་གཅིག་བཟླས་ནས་ཐམས་ཅད་གསོལ་བར་བྱའོ།། ་གལ་ཏེ་རང་གི་ཕྱག་རྒྱས་བདག་ཉིད་འགྲུབ་ན་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་བསྒོམས་པས་བདག་རྡོ་རྗེ་སེམས་དཔའ་ཡིན་ནོ་ཞེས་བསྒོམས་ལ་བསྒྲུབ་པར་བྱའོ།། དེ་ཇི་ལྟར་མངོན་པར་འདོད་པའི ་བཟླས་པས་བདག་ཉིད་བསྒྲུབ་པར་བྱའོ།། ཡང་དང་ཡང་དུ་སྒོམ་ཞིང་བཟླས་པ་དེ་སྲིད་བདག་གིས་བྱའོ།། ཇི་སྲིད་རྡོ་རྗེ་འཆང་ཉིད་ཟླ་བ་ཕྱེད་བཟླས་ནས་ཐོབ་པར་འགྱུར་རོ།། དེ་ནས་འདོད་པ་ཐམས ་ཅད་ཀྱི་དབང་ཕྱུག་བསྒྲུབ་པར་འདོད་ན། དེ་བཞིན་དུ་རང་ཡིད་དུ་འོང་བ་དང་བཅས་པར་རབ་ཏུ་ཞུགས་ཏེ་ཕྱག་རྒྱ་བཅིངས་ལ་དེ་སྲིད་བཟླས་པར་བྱའོ།། ཇི་སྲིད་བདག་འདོད་པ་རྣམས་ཀྱི་དབང་ཕྱུག་དང ་ཁམས་གསུམ་པ་མ་ལུས་པའི་བདག་པོར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཁམས་གསུམ་པ་མ་ལུས་པའི་རྡོ་རྗེའི་རྒྱུན་གྱི་རང་བཞིན་ཐམས་ཅད་གྲུབ་པའི་ཆོས་ཉིད་ཀྱི་ཡེ་ཤེས ་རྣམ་པར་རོལ་པར་མཛད་ནས་མ་བསྒྲུབས་པའི་ཕྱག་རྒྱའི་ལས་ཀྱི་རྒྱུན་རྡོ་རྗེའི་ཆོ་ག་རྒྱས་པ་འདི་གསུངས་སོ།། མ་བསྒྲུབས་པའི་སྙིང་པོའི་ལས་རྣམས་འདི་ལྟ་སྟེ། བདག་ཉིད་སྲུང་བ་ནི་བདེ་བ་ཆེན ་པོའི་རྡོ་རྗེ་གསང་བའི་གཙུག་ཏོར་གྱིས་སོ།། ཐམས་ཅད་སྲུང་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་མཛོད་སྤུས་སོ།། ཕྱོགས་ཐམས་ཅད་དང་། མཚམས་དང་། དཀྱིལ་འཁོར་བཅིང་བ་ནི་བདེ་བ་ཆེནཔོ ་རྡོ་རྗེ་གསང་བ་འབར་བའི་འཕྲེང་བས་སོ།། བདུད་ཐམས་ཅད་ཀྱི་སྟོབས་གཞོམ་པ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བ་མི་བསྐྱོད་པས་སོ།། ཚེ་འཕེལ་བར་བྱ་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་བདུད་དྲིས་སོ།། ་གཟུགས་ཆེན་པོ་ཕུན་སུམ་ཚོགས་པ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་གཟུགས་ཅན་གྱིས་སོ།། གཟི་བརྗིད་དང་ན་ཚོད་ཤིན་ཏུ་བཟང་པོར་རབ་ཏུ་འཕེལ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་བཅུད ་ཀྱིས་ལེན་གྱིས་སོ།། སྟོབས་དང་མདོག་འཕེལ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་མཐུ་ཡིས་སོ།། དབང་བསྐུར་བ་ཐམས་ཅད་ལ་ནི་རྡོ་རྗེ་གསང་བའི་ཅོད་པན་གྱིས་སོ།། ནོར་ཐམས་ཅད ་ཐོབ་པར་བྱ་བ་ནི་རྡོ་རྗེ་གསང་བའི་དབང་ཕྱུག་གིས་སོ།། རྣལ་སྲིད་ཐོབ་པ་ལ་ནི་རྡོ་རྗེ་གསང་བའི་རྒྱལ་པོའི་ཕྱག་རྒྱས་སོ།། ས་མ་ལུས་པ་ཐོབ་པ་ལ་ནི་རྡོ་རྗེ་གསང་བའི་རྩལ་གྱིས་སོ།། ཐམས་ཅད ་དབབ་པ་དང་། གཡོ་བར་བྱས་པ་དང་། གར་བྱེད་དུ་གཞུག་པ་དང་། དུས་གསུམ་བདེན་པ་ཉིད་དུ་སྨྲར་གཞུག་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་དོན་དུ་གཞུག་པས་སོ།། པྲ་སེ་ན་ཐམས། ་ཅད་གྲུབ་པ་ལ་ནི་རྡོ་རྗེ་གསང་བའི་པྲ་སེ་ན་དབང་པས་སོ།། གདོན་ཐམས་ཅད་ལས་ཐར་པ་ལ་ནི་རྡོ་རྗེ་གསང་བའི་རེངས་པས་སོ།། ཐམས་ཅད་གཉིད་ལོག་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་གཉིད་ཀྱིས་སོ།། ་ཐམས་ཅད་རྒྱས་གདབ་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་མཁའ་འགྲོ་མས་སོ།། ཐམས་ཅད་དུ་གསང་བ་ལ་ནི་རྡོ་རྗེ་གསང་བ་མཐར་བྱེད་ཀྱིས་སོ།། ཐམས་ཅད་བསྐྱལ་བ་ལ་ནི་རྡོརྗེ ་གསང་བའི་ཧཱུཾ་མཛད་ཀྱིས་སོ།། ཐམས་ཅད་བསླང་བ་ལ་ནི་རྡོ་རྗེ་གསང་བའི་དམ་ཚིག་གིས་བསླང་བའོ།། ཐམས་ཅད་བཅིང་བ་ལ་ནི་རྡོ་རྗེ་གསང་བ་བཅིང་བས་སོ།། ཐམས་ཅད ་ཐར་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་ཡི་གེ་མུས་སོ།། འཕྲ་མེན་མ་ཐམས་ཅད་ལས་ཐར་པར་བྱ་བ་ལ་དང་པོ་སྔོན་གྱི་གནས་སྐབས་རྗེས་སུ་སྦྱིན་པ་ལ་ནི་གསང་བ་ཆེན་པོ་ཧེ་རུ་ཀའི་རྡོ་རྗེས་སོ།། མ་མོ ་གདོན་ཐམས་ཅད་ལས་ཐར་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་དྲག་མོས་སོ།། འཕྲ་མེན་མ་ཐམས་ཅད་ཀྱིས་རྒྱས་བཏབ་པ་ལ་དང་། ཐར་པར་བྱ་བ་ལ་དང་། སྙིང་ཟོས་པ་ལས་སྙིང་གཞན་འབྱུང་བར་འཇུག་པ ་དང་། ཤི་བ་གསེ་བ་ལ་ནི་དམཆོག་ཆེན་པོ་གསང་བའི་ཧེ་རུ་ཀའི་རྡོ་རྗེ་དབང་བསྐུར་བའི་ཕྱག་རྒྱས་སོ།། གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་གཞོག་པ་ལ་ནི་རྡོ་རྗེ་གསང་བའི་རྡོ་རྗེས་སོ།། རིམས་ཐམས་ཅད་ཞིབ ་ལ་ནི་རྡོ་རྗེ་གསང་བའི་འབར་བའི་ལྟ་བས་སོ།། དུག་ཐམས་ཅད་གཞོག་པ་དང་། བཟའ་བ་དང་། འབབ་པ་དང་། འཆི་བ་གསོ་བ་ལ་ནི་གསང་བ་ཆེན་པོ་རྡོ་རྗེ་ནོར་བུའི་ཕྱག་རྒྱས་སོ།། དུག་ཐམས་ཅད ་དང་། སྦྱར་བའི་དུག་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་དྲུག་མེད་པས་སོ།། གཤེད་བྱེད་ཐམས་ཅད་དང་། བྱད་དང་། རོ་ལངས་དང་། བྱུར་དང་། གནོད་སྦྱིན་མོ་རྣམས་ཀྱི་གཞིག་པ ་ལ་ནི་རྡོ་རྗེ་གསང་བའི་སྦྱིན་སྲེག་གིས་སོ།། རྩོད་པ་ཐམས་ཅད་དང་། འཐབ་པ་དང་། འཐབ་མོ་དང་། རྩོད་པ་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་ཞལ་རབ་ཏུ་གདངས་པས་སོ།། ཡམས་དང་། འཚེ། ་བ་ཐམས་ཅད་དང་། སྡིག་པ་དང་། རྨི་ལམ་ངརབ་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་ཞི་བས་སོ།། གཞན་གྱི་དཔུང་ཐམས་ཅད་རེངས་པར་བྱ་བ་དང་། གཉིད་ལོག་པར་བྱ་བ་དང་རྨོངས་པར་བྱ་དང ་ལྐུགས་པར་བྱ་བ་དང་། རྒྱས་གདབ་པ་དང་། བསད་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་གཤེད་བྱེད་ཀྱིས་སོ།། འཐབ་མོ་ཐམས་ཅད་ལས་རྒྱལ་བ་ཐོབ་པ་ལ་ནི་རྡོ་རྗེ་གསང་བའི་རྒྱལ་མཚན་གྱི་དཔུང་རྒྱུན། ་གྱིས་སོ།། གདུག་པ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་རྡོ་རྗེ་ལེགས་པས་སོ།། བགེགས་ཐམས་ཅད་ཞི་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་ཐབས་སྦྱོར་གྱིས་སོ།། དགྲ་པོ་ཐམས་ཅད་རྣམ་པར་གཞིག ་པ་ལ་ནི་རྡོ་རྗེ་གསང་བའི་རྣམ་པར་འཐོར་བས་སོ།། བདུད་ཀྱི་སྟོབས་ཐམས་ཅད་གཞོམ་པ་ལ་ནི་རྡོ་རྗེ་གསང་བའི་རབ་ཏུ་འདུལ་བས་སོ།། སྤྲིན་བསྐྱེད་པ་ལ་ནི་རྡོ་རྗེ་གསང་བའི་སྤྲིན་ཆེན་པོས་སོ།། ཆར་དབབ ་པ་ལ་ནི་ལང་བའི་སྡིགས་མཛུབ་ཀྱིས་སོ།། ཐོག་དཔཔ་དང་། ཀློག་དང་། རླུང་དང་། ཆར་ཞི་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་སྨོན་སྲུང་གིས་སོ།། སྤྲིན་དང་། མུན་པ་དང་། ཁུག་རྔུ་ཞིཔ་བྱ་བ་ལ་ནི་རྡོ་རྗེ ་གསང་བའི་བདེ་བ་ཆེན་པོའི་སྒྲར་གྱིས་སོ།། ཀླུ་ཐམས་དཀྲུག་པ་ལ་ནི་རྡོ་རྗེ་གསང་བའི་ཕྱག་རྒྱས་སོ།། ཀླུ་ཐམས་ཅད་དབང་དུ་བྱ་བ་ལི་ནི་གསང་བ་ཐམས་ཅད་ཀྱི་ནིར་བུའི་ཕྱག་རྒྱས་སོ།། ཀླུ་ཐམས་ཅ ་རྗེས་སུ་འབྲང་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་ཀླུ་འདུལ་བས་སོ།། ཀླུ་ཐམས་ཅད་འབྱིན་པ་ལ་ནི་རྡོ་རྗེ་གསང་བའི་ཀླུ་འདོན་པས་སོ།། ས་མ་ལུས་པ་གཡོ་ཞིང་འགུལ་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་ཐར་པས་སོ།། ་ཆུ་མེད་པར་ཆུའི་ཕུང་པོ་ཆར་བསིལ་ཞིང་དྲི་མ་མེད་པར་བསྐྱེད་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་ཀླུའི་ཕྱག་རྒྱས་སོ།། མུན་པར་ཉི་མའི་སྣང་བ་ཆེན་པོ་བསྐྱེད་པ་ལ་ནི་རྡོ་རྗེ་ཉི་མའི་ཕྱག ་རྒྱས་སོ།། རླུང་ཐམས་ཅད་དབང་དུ་བྱ་བ་ལ་ནི་རྡོ་རྗེ་རླུང་ཐམས་ཅད་ཀྱིས་སོ།། ནམ་མཁའ་ལ་གཟུགས་ཐམས་ཅད་ཀུན་ཏུ་སྟོན་པ་ལ་ནི་རྡོ་རྗེ་གསང་བའི་འཛིན་པས་སོ།། ནམ་མཁའ་ལས་དངོས་པོ་ཐམས ་ཅད་འབྱུང་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་འབྱུང་བས་སོ།། ནམ་མཁའ་ལ་རང་གི་བདག་ཉིད་ཀྱི་དངོས་པོ་ཀུན་ཏུ་བསྟན་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་རྫུ་འཕྲུལ་གྱིས་སོ།། ནམ་མཁའ་ལ་དེ་བཞིན ་གཤེགས་པ་དང་།། རྡོ་རྗེ་འཛིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་བསྟན་པ་ལ་ནི་རྡོ་རྗེ་གསང་བའི་རྣམ་པར་འཕྲུལ་པས་སོ།། ནམ་མཁའི ་ཤིང་ཐམས་ཅད་ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་འབྱུང་བ་ལ་ནི་རྡོ་རྗེ་གསང་བའི་དུས་ཀྱི་ཕྱག་རྒྱས་སོ།། སའི་ཆ་ཐམས་ཅད་ལ་འབྲས་བུའི་ཆ་ཐམས་ཅད་སྨིན་པར་འགྱུར་བ་ལ་ནི་རྡོ་རྗེགས། ་བའི་གཤེལ་གྱི་ཕྱག་རྒྱས་སོ།། ཐམས་ཅད་ལྷའི་ཁ་ཟས་དང་། བཟུང་བ་དང་། གོས་དང་། རྒྱན་དང་། གནས་གསར་པ་དང་། བུ་མོ་གཞོན་ནུ་འབྱུང་བ་དང་། སྐྱེས་པ་དང་། བུད་མེད་དང་། བྲན་པ་དང་། དྲན ་མོ་ཐམས་ཅད་འབྱུང་བར་བྱ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་བསོད་ནམས་ཀྱི་ཆུ་བོས་སོ།། གཡུལ་དུ་དཔུང་གི་ཚོགས་ཡན་ལག་བཞི་པ་བསྟན་ཏེ་གཡུལ་འགྱེད་པ་ལ་ནི་རྡོ་རྗེ་བདེ་བ་ཆེན་པོའི་སྡོམ་པས་སོ།། ་སྒྲུབ་ཐམས་ཅད་བསྟན་པ་ལ་ནི་རྡོ་རྗེ་བདེ་མཆོག་གིས་སོ།། བདེ་མཆོག་གི་བྱ་བ་ཐམས་ཅད་ལ་ནི་རྡོ་རྗེ་སྒྱུ་མའི་བྱ་བས་སོ།། རྒྱུད་དུ་བྱུང་བ་དང་ཆོ་འཕྲུལ་ཐམས་ཅད་བསྟན་པ་ལ་ནི་རྡོ་རྗེ་རྨད་དུ་བྱུང་བའི་རྫུ་འཕྲུལ ་གྱི་རྣམ་པར་འཕྲུལ་པས་སོ།། ལན་ཐམས་ཅད་གདབ་པར་བྱ་བ་ལ་ནི་རྡོ་རྗེ་ལྡན་བསྟན་པས་སོ།། མེ་རངས་པར་བྱ་བ་ལ་ནི་རྡོ་རྗེ་ཤིན་ཏུ་གྲང་བས་སོ།། ཆུ་འབབ་པར་བྱ་བ་ལ་ནི་རྡོ་རྗེ་ཟླ་བའི་ཆུ་ཤེལ་གྱིས ་སོ།། དགོན་པ་དང་། གྲོང་དང་། ནགས་དང་། ཆུ་བོ་དང་། རྫིང་བུ་དང་། སྐྱེད་མོས་ཚལ་དང་། ཟས་དང་། སྐོམ་དང་། གཙུག་ལག་ཁང་སྤྲུལ་པ་ལ་ནི་རྡོ་རྗེ་གྲུབ་པས་སོ།། ཆུའི་སྟེང་དུ་གཞག་པ་དང་ཀ་བདག ་ཉིད་གཟུགས་མང་པོའི་དངོས་པོ་སྟོན་པ་དང་། མི་སྣང་བ་དང་། ནམ་མཁའ་ལ་འགྲོ་བའི་དངོས་གྲུབ་ལ་ནི་རྡོ་རྗེ་གསང་བའི་དངོས་གྲུབ་ཀྱི་ཕྱག་རྒྱས་སོ།། ལྷ་ལ་སོགས་པ་ཐམས་ཅད་མངག་གཞུག་པར་བྱ་བ ་ལ་ནི་རྡོ་རྗེ་གསང་བའི་བཀའ་བསྒོ་བས་སོ།། སེམས་ཅན་ཐམས་ཅད་དབང་དུ་བྱ་བ་ལ་ནི་རྡོ་རྗེ་གསང་བའི་དབང་གིས་སོ།། མི་རྒྱུ་བ་ཐམས་ཅད་དྲང་བ་དང་། དབབ་པ་དང་། བདེན་པར་སྨྲར་གཞུག་པ་ལ་ནི་རྡོ་རྗེ ་གསང་བའི་དངོས་གྲུབ་ཆེན་པོའི་ཕྱག་རྒྱས་སོ།། གཟུགས་བརྙན་ཐམས་ཅད་དབབ་པ་དང་། དགུག་པ་དང་། དགོད་པར་བྱ་བ་དང་། གར་བྱེད་དུ་གཞུག་པ་དང་། ཀུན་ཏུ་རོལ་པར་བྱ་བ་དང་། བསྒོ་བ་ཟམ ་ཅད་བྱེད་དུ་གཞུག་པ་དང་། ཐམས་ཅད་ཁྱེར་ཏེ་འོང་བ་དང་། ལས་ཐམས་ཅད་བྱེད་དུ་གཞུག་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག་སྒྲུབ་པས་སོ།། ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་བདེ་བ ་ཆེན་པོ་རྡོ་རྗེ་ཡིད་ལས་བྱུང་བས་སོ།། རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རྩེར་གཞུག་པ་ལ་ནི་རྡོ་རྗེ་ཀི་ལི་ཀི་ལའི་གསང་བས་སོ།། ཐམས་ཅད་བརྟན་པར་བྱ་བ་ལ་ནི་རྡོ་རྗེ་ཆུ་སྲིན་གྱི་ཕྱག་རྒྱས ་སོ།། ཐམས་ཅད་དང་བར་བྱ་བ་ལ་ནི་རྡོ་རྗེ་བསྙེམས་པས་སོ།། རྨི་ལམ་ངན་པ་བཟློག་པ་ལ་ནི་རྡོ་རྗེ་ངག་གིས་སོ།། གཞན་དག་གིས་རང་འདོད་པའི་རྨི་ལམ་མཐོང་བར་བྱ་བ་ལ་ནི་རྡོ་རྗེ་ལམ་མཐོང་བས་སོ།། ་རྨི་ལམ་ངན་པ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་སྲེག་བླུགས་ཀྱིས་སོ།། རྨི་ལམ་བཟང་བ་ཐམས་ཅད་སྒྲུབ་པ་བརྟན་པར་བྱ་བ་ལ་ནི་རྡོ་རྗེ་རྨི་ལམ་གྲུབ་པས་སོ།། དུང་གདོད་པ་ཐབས་ཅད་བསལ་བ་ལ་ནི་རྡོརྗེ ་སྨན་གྱིས་སོ།། རིམས་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་བཅུད་ཀྱིས་ལེན་གྱིས་སོ།། དུས་མ་ཡིན་པར་འཆི་བ་གཞིག་པ་ལ་ནི་རྡོ་རྗེ་དཱུར་བས་སོ།། དམྱལ་བ་ལ་སོགས་པའི་ངན་འགྲོ་ཐམས་ཅད་གཞིག་པ། ་ལ་ནི་རྡོ་རྗེ་སྡིག་པ་དྲལ་བས་སོ།། སྐུ་ཐམས་ཅད་སྒྲུབ་པ་ལ་ནི་རྡོ་རྗེ་སྐུ་མཆོག་གིས་སོ།། གསུང་ཐམས་ཅད་སྒྲུབ་པ་ལ་ནི་རང་གི་ལྕེ་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དངོས་པོ་ཐམས ་ཅད་བདེན་པར་སྟོན་པའི་རྡོ་རྗེ་གསང་བའི་ལྗགས་ཀྱི་མཆོག་གིས་སོ།། ཐུགས་ཐམས་ཅད་སྒྲུབ་པ་ལ་ནི་རྡོ་རྗེ་ཐུགས་ཐམས་ཅད་བསྐྱེད་པས་སོ།། རྡོ་རྗེ་ཐམས་ཅད་ཀྱི་དངོས་གྲུབ་ནི་རབ་ཏུ་དག་པའི་རྡོ་རྗེས་སོ།། ་དཀྱིལ་འཁོར་ཐམས་ཅད་རབ་ཏུ་འཇུག་པ་ལ་ནི་རྡོ་རྗེ་འཁོར་ལོས་སོ།། ཕྱག་རྒྱ་ཐམས་ཅད་བཅིངས་པའི་དངོས་གྲུབ་ལ་ནི་རྡོ་རྗེ་གསང་བའི་དམ་ཚིག་གི་ཕྱག་རྒྱ་ཆེན་པོས་སོ།། ཐམས་ཅད་དམ་ཚིག་ཐམས་ཅད། ་སྒྲུབ་པ་ལ་ནི་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱས་སོ།། ལས་ཐམས་ཅད་སྒྲུབ་པ་ལ་ནི་རྡོ་རྗེ་གསང་བའི་མཆོད་པས་སོ།། དངོས་གྲུབ་ཐམས་ཅད་ལ་ནི་རྡོ་རྗེ་གསང་བའི་བདེ་བ་ཆེན་པོའི་གྲུབ་པས་སོ།། ཕུན་སུམ་ཚོགས་པ། ་ཐམས་ཅད་ལ་ནི་རྡོ་རྗེ་ལྷུང་བ་ལས་གདོན་པའི་ཕྱག་རྒྱས་སོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་ལ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཕྱག་རྒྱས་སོ།། ཐམས་ཅད་ཀྱི་མཆོད་པ་བྱ་བ་ཉིད་ལ་ནི་རྡོ་རྗེ་གསང་བའི་གར་གྱིས་སོ།། ་རྗེ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ལ་ནི་རྡོ་རྗེ་བདེ་བ་ཆེན་པོའི་རྡོ་རྗེས་སོ།། སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ལས་རྡོ་རྗེ་སེམས་དཔའི་བདེ་བ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ ་དམ་པ་ལ་ནི་རྡོ་རྗེ་སེམས་དཔའ་གསང་བའི་མཆོག་གི་བདེ་བ་ཆེན་པོས་སོ།། རྡོ་རྗེ་འཛིན་པ་ཐམས་ཅད་དངོས་གྲུབ་དམ་པ་ལ་ནི་བདེ་བ་ཆེན་པོ་གསང་བའི་དམ་ཚིག་གི་ཕྱག་རྒྱས་སོ།། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི། ་རྟོག་པའི་རྒྱལ་པོ་ལས། རབ་ཏུ་དགའ་བའི་རྡོ་རྗེ་གསང་བའི་མཆོད་པའི་ཆོ་ག་རྒྱས་པའོ།། ། དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག་གི་སེམས་དཔའི་བྱིན་གྱིས་བརླབས་པ ་གསང་བའི་ཆོས་ཅན་རྣམ་པར་སྣང་མཛད་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་བྱིན་གྱིས་རློབ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ཏེ། རང་གི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་བོ།། བདེ་བ་ཆེན་པོ་རབ་གྲུབ་དང་།། འདོད་ཆགས་ཆེན་པོ་རྣམ་དག་ཕྱིར།། དེ་བཞིན་གཤེགས་པ་མཐའ་ཡས་ཉིད།། དམ་པའི་རིགས ་ནི་བསྐྱེད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བདེ་བ་ཆེན་པོ་མི་ཕྱེད་པའི་རྣམ་པར་གནོན་པ་མཛད་ནས། བཅོམ་ལྡན་འདས་ཀྱི ་སྐུ་དང་། གསུང་དང་།། ཐུགས་རྡོ་རྗེ་རྡོ་རྗེ་ཐམས་ཅད་ལ་རབ་ཏུ་ཞུགས་ནས་ཐམས་ཅད་ཀྱི་བདག་ཉིད་མཉམ་པར་སྤྲོས་ནས།། བདེ་བ་ཆེན་པོ་རྡོ་རྗེ་ཕྱག་རྒྱའི་གཟུངས་འདི་གསུངས་སོ།། ཨོཾ་དྷཾཿདེ་ནས་འདི་ནི་གསུངས ་ཙམ་གྱིས།། རྣམ་པ་དྲུག་ཏུ་གཡོས་གྱུར་ཏེ།། སངས་རྒྱས་སྲས་དང་བཅས་པ་ཀུན།། ཀུན་ནས་འདུས་ཤིང་བསྟན་པར་བྱ།། དཀྱིལ་འཁོར་ཆེན་པོའི་སྦྱོར་བ་ཡིས།། ཐམས་ཅད་འགྲུབ་ཕྱིར་ཀུན་ནས་བཞུགས།། བཞད ་པ་ཆེན་པོའི་ཁྱད་པར་གྱིས།། རྨད་བྱུང་ཆེན་པོ་རབ་ཏུ་བཞད།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་དེ་བཞིན་དུ་རྡོ་རྗེ་ལ་སྙོམས་པར་ཞུགས་ཏེ། བདེ་བ་ཆེན་པོའི་དམ་ཚིག་རྡོ་རྗེ་གསང ་བ་ཞེས་བྱ་བའི་གཟུངས་ཀྱི་དཀྱིལ་འཁོར་འདི་གསུངས་སོ།། ཇི་ལྟར་ཆོས་ཀྱི་བྲི་ནས་ནི།། རྒྱལ་བ་གཡོན་དུ་བསྙེམས་འཛིན་པ།། དམ་ཚིག་མཆོག་གི་མཆོག་བཀོད་ནས།། ས་མ་ཡ་སྟྭཾ་ཞེས་བརྗོད་དོ།། དེ་བཞིན ་གཤེགས་པ་སྲས་དང་བཅས།། རྡོ་རྗེ་མཚོན་ཆ་ལ་སོགས་གཟུང་།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ།། མེ་ཏོག་ལ་སོགས་སྤྱིར་ཐལ་སྦྱར།། དེ་ལ་འཇུག་ལ་སོགས་པ་ཡི།། ཆོ་ག་རྒྱས་པའི་ཁྱད ་པར་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱ་བའི་ཕྱག་རྒྱ་དང་། རྡོ་རྗེ་གླུ་འདིས་འཇུག་པར་བྱའོ།། རྡོ་རྗེ་སེམས་དཔའ་བསྡུས་པ་ཡིས།། རྡོ་རྗེ་རིན་ཆེན་བླ་ན་མེད།། རྡོ་རྗེ་ཆོས་ནི་གླུར ་བླངས་པས།། རྡོ་རྗེའི་ལས་ནི་བྱེད་པར་འགྱུར།། དེ་ནས་རབ་ཏུ་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་གཟུངས་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་ལྕགས་ཀྱུས་དགུག་པར་བྱའོ།། ཨོཾ་བཛྲ། ་དྷཱ་ར་སུ་ར་མ་ཧཱ་སུ་ཁེ་སརྦྦ་ཧ་ར་རྨ་པ་མ་ཏ་ཡ། སརྦྦ་ཏ་ཐ་ག་ཏ་ཛྙཱ་ན་མ་མུ་དྲཱ་པ་དཻཿཛཿཧཱུཾ་བཾ་ཧོཿདེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འཛིན་པ་དང་བཅས་པ་ཡང་དག་པར་བྱོན་པར་འགྱུར་རོ།། ཡིད་བདེ་བ་ལ་སོགས ་པའི་མཚན་མ་འབྱུང་ངོ་།། ཆོ་འཕྲུལ་དུ་མ་དག་མཐོང་བ་ཡིན་ནོ།། དེ་ནས་ཆོ་ག་རྒྱས་པ་དང་། སྒྲུབ་པ་དང་། ཡིད་ཀྱི་འདོད་པའི་དངོས་གྲུབ་ཐམས་ཅད་དང་། དོན་ཡོད་པ་དང་། ཐོགས་པ་མེད་པར་མྱུར་དུ་དམ་པ ་འགྲུབ་པ་ཡིན་ནོ།། དེ་བཞིན་དུ་བྱའོ།། དེ་ནས་མ་བསྒྲུབས་པར་ལན་ཅིག་བཟླས་པས་ལས་རྣམས་བྱེད་པར་འགྱུར་རོ།། ཐམས་ཅད་སྲུང་བ་ལ་ནི་རྡོ་རྗེ་གཙུག་ཏོར་གྱིས་སོ།། སེམས་ཅན་ཐམས་ཅད་དབང་དུ་བྱ་བ ་ལ་ནི་རྡོ་རྗེ་མཛོད་སྤུས་སོ།། ཆོས་ཉིད་ཐམས་ཅད་ཐོབ་པ་ལ་ནི་རྡོ་རྗེ་ཆོས་ཉིད་ཀྱིས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པའི་དངོས་གྲུབ་ནི་རྡོ་རྗེ་མཆོད་པས་སོ།། གདུག་པ་ཐམས་ཅད་འདུལ་བ་ལ་ནི་ཁྲོ། ་བོས་སོ།། བྱང་ཆུབ་ཀྱི་སྤྱོད་པ་མ་ལུས་པར་རྫོགས་པར་བྱ་བ་ལ་ནི་རྡོ་རྗེ་སྤྱོད་པའི་ཕྱག་རྒྱས་སོ།། བདུད་ཐམས་ཅད་གཞོམ་པ་ལ་ནི་བདུད་ཐམས་ཅད་འཇོམས་པར་བྱེད་པས་སོ།། དེ་བཞིན་གཤེགས་པ་ཐམས་ཅད ་ཉིད་དུ་བྱ་བ་ལ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཁུ་ཚུར་གྱིས་སོ།། བདེ་བ་ཆེན་པོ་རྡོ་རྗེ་གསང་བ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོའི་ཆོ་ག་རྒྱས་པའོ།། ། དེ་ནས་བཅོམ་ལྡན་འདས་ད ་བཞིན་གཤེགས་པ་དོན་ཡོད་ཅིང་ཐོགས་པ་མེད་པའི་བཀའ་བསྟན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ཆེན་པོ་ཐབས་བདེ་བ་ཆེན་པོའི་ཁྲོ་བོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་གི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་བོ།། བདེ་བ་ཆེན་པོ་རབ་གྲུབ་དང་།། ཆགས་པ་ཆེན་པོ་རྣམ་དག་ཕྱིར།། གདུག་པ་ཐམས་ཅད་གཞོམ་པའི་ཕྱིར།། རང་གི་སྤྲུལ། ་མཛོད་རྡོ་རྗེ་འཛིན།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་རྡོ་རྗེའི་དམ་ཚིག་ཅེས་བྱ་བའི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་འདི་གསུངས་སོ།། ཧཱུཾ་རཀྵ་ཛྭ་ལ་མཱ་ལེ་པྲ་ཏི་ལ་། ་ཨགྣི་པྲ་བི་ཏ་ཏེ། མ་ཧཱ་སུ་ར་ཏ་བཛྲ་ཀྲོ་དྷ་ཛཿཧཱུཾ་ཕཊ། དེ་ནས་འདི་གསུང་བ་ཙམ་གྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་རྡོ་རྗེ་ལས་ཀུན་ནས་འོད་ཟེར་དམར་པོ་འབར་བའི་སྙིང་པོ་ཅན་སྨིན་མ་འགྱུར་ཞིང་ཁྲོ་གཉེར་བསྡུས་པ ་སྨ་ར་སེར་ཞིང་སྤྱན་འབར་པ། རྡོ་རྗེ་མཆེ་བ་གཙིགས་པས་མཆུའི་སྒྲོས་རྣམ་པར་གནོན་པའི་ཞལ་མངའ་བ།། དབུ་སྐྲ་གྱེན་དུ་འབར་བ།། རྡོ་རྗེ་དང་གཞུ་ལ་སོགས་པ་ཡོངས་སུ་འཛིན་པ། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར ་ཆེན་པོའི་ཚུལ་དུ་བཞུགས་པའོ།། བཅོམ་ལྡན་འདས་ཀྱིས་ཀྱང་ཁམས་གསུམ་པའི་གདུག་པ་ཐམས་ཅད་འདུལ་བར་མཛད་ནས། རྡོ་རྗེ་དམ་ཚིག་ཆེན་པོའི་བྱིན་གྱིས་བརླབས་པའོ།། དཀྱིལ་འཁོར་ཐམས་ཅད་ཐིག ་གདབ་ཕྱིར།། དེ་ལ་དང་པོ་ཁྲོས་པ་གཞག། སུ་ར་ཏོད་བྷ་བ་ཧཱུཾ་ཞེས་ཟློས།། ཨུཏྤལ་སྔོན་པོའི་འོད་འབར་བ།། རྡོ་རྗེ་བསྙེམས་པ་འཛིན་པའི་མཆོག། མཆེ་བ་ཅུང་ཟད་གཟིགས་པའི་ཞལ།། ཁྲོ་དང་བཅས་པ་བཞད ་བའི་ཞལ།། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས།། འོད་ཟེར་འབར་བ་འཁྲུགས་པའི་འོད།། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི།། ཐམས་ཅད་དུ་ནི་ཁྲོ་བོ་བྲི།། རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ཕྱག་རྒྱ་ཆེན་པོས་དང་པོར་སློབ ་དཔོན་གྱིས་འཇུག་པར་བྱ་སྟེ། སློབ་མ་རྣམས་ཀྱང་དེ་བཞིན་ནོ།། སློབ་དཔོན་ཞུགས་ནས་ཁྲོས་པས་ལྕགས་ཀྱུ་དེ་ཉིད་ཀྱིས་དགུག་པར་བྱའོ།། ཧཱུཾ་སུ་ར་ཏ་བཛྲ་ཀྲོདྷ། ཨ་ཡ་ཏེ། མ་ཧཱ་སུ་ཁ་བཛྲ་སཏྭ་ཛ། སརྦ་བཛྲ་ཀུ་ལ་ནེ། ་ཏྲཔྲ་བ་ཤ་ཡ་ཧཱུཾ། སརྦྦ་མུ་དྲཱ་ག་ཎ་བཎྜ་ཡ་བཾ། སརྦ་མ་ཡཾ་བི་ཤ་ཀུ་རུ་ཧོ། སརྦ་ཀ་རྨ་ཎེ་ཏྲ་སཏྭ་ཡ་ཨ། དེ་ནས་རྡོ་རྗེའི་རིགས་ཐམས་ཅད་བཅོམ་ལྡན་འདས་དང་བཅས་པ་བྱོན་ཞིང་གྲུབ་པ་ཡིན་ནོ།། སློབ་དཔོན་དང་སློབ་མ་རྣམལ། ་དགྱེས་པ་དང་། ཁྲོ་བོ་འབབ་པའི་མཚན་ཡང་དག་པར་འབྱུང་བར་འགྱུར་རོ།། གཞན་ཡང་ཅུང་ཟད་འབྱུང་བ་ཡིན་ན་དེ་གྲུབ་པ་དང་། དངོས་གྲུབ་དང་། ཆོ་ག་རྒྱས་པའང་དེ་བཞིན་དུའོ།། གལ་ཏེ་མ་གྲུབ་ན་ལན་ཅིག་བཟླའོ།། ་ཁམས་གསུམ་པ་མ་ལུས་པ་ལས་རྒྱལ་བར་བྱ་བ་ལ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་སོ།། སེམས་ཅན་གྱི་ཁམས་ཐམས་ཅད་འདུལ་བ་ལ་ནི་རྡོ་རྗེ་ཁྲོ་བོའི་གསང་བས་སོ།། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་པོའི་ཕྱག་རྒྱས་སོ།། ཐམས་ཅད་དགུག་པ་དང་། གཞུག་པ་དང་། དབབ་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། གཞིག་པ་དང་། རེངས་པ་དང་། གཉིད་ལོག་པར་བྱ་བ་དང་། ་རྒྱས་གདབ་པ་དང་། བསྒྱེལ་བ་དང་། གསད་པར་བྱ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་ཁྲོ་བོས་སོ།། ཐམས་ཅད་ལྷུང་བར་བྱ་བ་ལ་ནི་རྡོ་རྗེ་ཁྲོ་མོའི་ཁྲོ་བོས་སོ།། ཐམས་ཅད་དབབ་པ་ལ་ནི་རྡོ་རྗེ་འབེབ་པའི་ཁྲོ་བོས་སོ།། ཐམས་ཅད་ངེས ་པར་གནོན་པ་ལ་ནི་རྡོ་རྗེ་གད་རྒྱངས་ཀྱིས་སོ།། ལས་ཐམས་ཅད་ཉེ་བར་དགོད་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་ཁྲོ་བོས་སོ།། བདེ་བ་ཆེན་པོའི་རྡོ་རྗེ་གསང་བ་ལས། རབ་ཏུ་དགའ་བ་ལས ་བྱུང་བ་རྡོ་རྗེ་གསང་བ་རྣམ་པར་རྒྱལ་བའི་དམ་ཚིག་གི་ཆོ་ག་རྒྱས་པའོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཡོད་ཅིང་ཐོགས་པ་མེད་པ་ཐམས་ཅད་དག་པའི་ཆོས་སྒྲིབ་པ ་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རང་གི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་བོ།། བདེ་བ་ཆེན་པོ་རབ་གྲུབ་དང་།། འདོད ་ཆགས་ཆེན་པོ་རྣམ་དག་ཕྱིར།། པདྨའི་རིགས་ཆེན་དག་པ་ལ།། མཆོག་ཆེན་ཁྱོད་ཀྱིས་བསྐྱེད་པར་མཛོད།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ཆོས་ཐམས་ཅད་ལ་གཟིགས་པ་རྡོ་རྗེ་ཞེས་བྱ་བའི་རྣམ་པར ་གནོན་པར་མཛད་ནས།། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་པདྨ་ཞེས་བྱ་བའི་སྔགས་འདི་གསུངས་སོ།། ཨོཾ་གྲཱི་བཾ་ཧོཿའདི་གསུངས་པ་ཙམ་གྱིས་བཅོམ་ལྡན་འདས་ཀྱི་ཞལ་ནས་པདྨའི་མདོག་གི་མདངས་ཅན་ཟླ་བའི་དཀྱིལ ་འཁོར་གྱི་འོད་ལྟ་བུ་པདྨའི་མདངས་ལ་སོགས་པ་ཡོངས་སུ་འཛིན་པ། དེ་བཞིན་གཤེགས་པའི་དབང་བསྐུར་བ་དང་། རལ་པའི་ཅོད་པན་དང་། ན་བཟའ་དམར་པོ་འཆང་བ་དང་། པདྨ་ཆེན་པོའི་སེམས་དཔའ་རྣམས་བྱུང ་ནས་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་བཞུགས་སོ།། བཅོམ་ལྡན་འདས་ཞལ་རབ་ཏུ་བཞད་པས་རྡོ་རྗེ་གཡོན་པས་པདྨ་འཛིན་ཅིང་དེ་བཞིན་དུ་རྡོ་རྗེ་བསྙེམས་པས་སྐྱིལ་མོ་ཀྲུང་གིས་བཞུགས་སོ།། དེ་ནས་དཀྱིལ་འཁོར་ནི ་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། དཀྱིལ་འཁོར་ཆེན་པོ་ཐམས་ཅད་ཐིག་གདབ་བོ།། རྡོ་རྗེ་འཇིག་རྟེན་དབང་ཕྱུག་གཞག། པདྨའི་མཚན་མའི་ཚོགས་རྣམས་བྲི།། དེ་ནས་རྡོ་རྗེ་པདྨས་ཞུགས་ལ་མཛུབ་མོའི་ལྕགས་ཀྱུ། ་གཉིས་ཀྱིས་དགུག་པར་བྱའོ།། ཨོཾ་ཧྲི་བཾ་ཧོཿོཾ་ཧྲིཿམ་ཧཱ་སུ་ཁ་བཛྲ་ཨ་ལོ་ཀེ་ཤྭ་རཱ་ཡ་མ། ཨཱ་ཨཱ་ཧེ་པྲ་བེ་ཤི་དྷ་དྷི་མེ་བྷ་བ་སིདྡྷི་མྦེ་ར་མུ་དྲཱ་པ་དེཿཛཿཧཱུཾ་བཾ་ཧོཿདེ་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་བྱོན ་ཏེ་མཆོག་ཐམས་ཅད་སྩོལ་བར་འགྱུར་རོ།། སྡང་བའི་མཚན་མ་འབྱུང་བར་འགྱུར་རོ།། ཆོ་ག་རྒྱས་པ་ཐམས་ཅད་དང་། སྒྲུབ་པ་དང་། དངོས་གྲུབ་ཐམས་ཅད་ཀྱང་དེ་བཞིན་ནོ།། མ་བསྒྲུབས་ཀྱང་ལན་ཅིག་བཟླས་པས། ་ལས་ཐམས་ཅད་བྱེད་དོ།། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱང་བ་ལ་ནི་པདྨ་ཆེན་པོས་སོ།། ཐམས་ཅད་སྲུང་བ་ལ་ནི་པདྨའི་གཙུག་ཏོར་གྱིས་སོ།། ཐམས་ཅད་རྗེས་སུ་ཆགས་པ་ལ་ནི་པདྨ་ལ་བལྟ་བས་སོ།། ཐམས་ཅད་དག་པའི ་ཏིང་ངེ་འཛིན་ཐོབ་པ་ལ་ནི་པདྨ་ཁ་འབྱེད་པས་སོ།། བུད་མེད་ཐམས་ཅད་དབང་དུ་བྱ་བ་ལ་ནི་པདྨ་ཆེན་པོ་འདོད་ཆགས་ཀྱིས་སོ།། སྐྱེས་པ་ཐམས་ཅད་དབང་དུ་བྱ་བ་ལ་ནི་པདྨ་ཆེན་པོའི་དབང་ཕྱུག་གིས་སོ།། རྨི་ལམ་གདབ ་པ་ལ་ནི་པདྨ་ཆེན་པོ་དམར་པོས་སོ།། བཅོམ་ལྡན་འདས་ཀྱི་མཆོག་ཐོབ་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་པདྨ་རྨོངས་པ་མེད་པས་སོ།། བདེ་བ་ཆེན་པོ་པདྨ་གསང་བ་ལས། བདེ་བ་ཆེན་པོ་པདྨའི་རིགས་ཀྱི་ཆོ་ག་རྒྱས་པའོ།། ་དེ་ནས་བཅོམ་ལྡན་འདས་ཁམས་གསུམ་པ་ཐམས་ཅད་ཀྱི་བདག་པོ་དབང་དྲུག་དེ་བཞིན་གཤེགས་པས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་རིན་པོ་ཆེའི་དབང་བསྐུར་བའི་ཕྱག་རྒྱ་ཞེས་བྱ་བ ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། རང་གི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་བོ།། དདེ་བ་ཆེན་པོ་རབ་གྲུབ་དང་།། ཆགས་པ་ཆེན་པོ་རྣམ་དག་ཕྱིར།། ནོར་བུ་ཆེན་པོའི་རིགས་མཆོག་ནི།། མགྲིན ་སྦྱོར་ཕྱིར་ནི་བསྐྱེད་པར་མཛོད།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དམ་ཚིག་རབ་ཏུ་བཞག་པ་ཞེས་བྱ་བའི་རྣམ་པར་གནོན་པར་མཛད་ནས། བདེ་བ་ཆེན་པོའི་རྡོ་རྗེ་རིན་པོ་ཆེ་ཞེས ་བྱ་བའི་རིགས་སྔགས་འདི་གསུངས་སོ།། ཨོཾ་ལི་ཏི་དྷ་བྷརྦཱ་ཊ་ཏེ་ཏྲཾ། དེ་ནས་འདི་གསུངས་པ་ཙམ་གྱིས་བཅོམ་ལྡན་འདས་དབང་བསྐུར་བའི་བདེ་བ་ཆེན་པོའི་རྡོ་རྗེ་ལས་ནོར་བུ་རིན་པོ་ཆེ་རབ་ཏུ་ཕྱུང་ནས་ཕྱག་གཡོན ་པ་ལ་རབ་ཏུ་གནས་སོ།། ནོར་བུ་རིན་པོ་ཆེ་དག་པ་དེའང་མར་གང་རྙོག་པ་མེད་པའི་མདོག་ཅན་རྡོ་རྗེ་རིན་པོ་ཆེ་རང་གི་འོད་ཟེར་གྱིས་དབང་བསྐུར་བ་ཅན། ནོར་བུ་རིན་པོ་ཆེའི་མདའ་ལ་སོགས་པའི་མཚན་མ ་ཡོངས་སུ་བསྣམས་པ། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་བཞུགས་སོ།། དེ་ནས་དཀྱིལ་འཁོར་བྲི་བ་ནི།། དཀྱིལ་འཁོར་ཐམས་ཅད་ཐིག་གདབ་བྱ།། རྡོ་རྗེ་རིན་ཆེན་བདག ་པོ་གཞག། ནོར་བུའི་རིགས་ནི་ཆེན་པོ་བྲི།། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་ཞུགས་ཏེ། དེ་བཞིན་དུ་མཛུབ་མོ་གཉིས་ཀྱིས་རྡོ་རྗེ་ལྕགས་ཀྱུས་དགུག་པར་བྱའོ།། ཨོཾ་མ་ཧཱ་སུ་ཁ་བཛྲ་བི་བྷཱུ་ཏེ་ར ་བྷ་ག་བཱི་དཾ་ཨཱ་ཀཪྵ་ཡ་གི་ར་བ~ཾ་སརྦ་ཏ་ཐཱ་ག་ཏ་ཨ་གྲྀ་ས་ཏྲ་ས་མ་བ་ན་ནཱ་མ་བྷཻ་ར་མ་ཏྲ་བེ་ཏྲཾ་པ་ཊ་ཌ་སྭཱཧཱ། དེ་ནས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་ནོར་བུ་ཐམས་ཅད་དང་བཅས་པ་བྱོན་པ་ཡིན། ་ནོ།། སྤྱི་བོ་ནས་སྤུ་ལྡང་བའི་མཚན་མ་འབྱུང་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བདག་ལ་དབང་བསྐུར་བ་ལ་ནི་ཞེས་ཤེས་པར་བྱའོ།། དེ་ནས་སློབ་མ་རྣམས་གཞུག་པར་བྱ་སྟེ་ཆོ་ག་རྒྱས་པ་ཐམས། ་ཅད་དེ་བཞིན་དུ་བྱའོ།། དེ་ནས་མ་བསྒྲུབས་པའི་ལས་རྣམས་ལན་ཅིག་བཟླས་པས་འགྲུབ་པར་འགྱུར་རོ།། དབང་བསྐུར་བ་ཐམས་ཅད་ཐོབ་པ་ལ་ནི་རྡོ་རྗེ་རིན་པོ་ཆེ་མྱུ་གུས་སོ།། དོན་ཐམས་ཅད་ཐོབ་པ་ལ་ནི ་རྡོ་རྗེ་རིན་ཆེན་གྱི་རྒྱལ་མཚན་གྱི་རྩེ་མོས་སོ།། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལ་ནི་རྡོ་རྗེ་ར་བུ་ཆེན་པོའི་མཚན་མའི་ཕྱག་རྒྱས་སོ།། གཏེར་ཆེན་པོ་ཐོབ་པར་བྱ་བ་ལ་ནི་རྡོ་རྗེ་རིན་ཆེན་གྱི་ས་འོག ་གི་ཕྱག་རྒྱས་སོ།། རྡོ་རྗེ་དབང་བསྐུར་བ་ཐོབ་པ་ལ་ནི་རྡོ་རྗེ་ཆེན་པོའི་འཕྲེང་བས་སོ།། བྱང་ཆུབ་སེམས་དཔའ་ཆེན་པོའི་དབང་བསྐུར་བ་ཐོབ་པ་ལ་ནི་རྡོ་རྗེ་ཆེན་པོའི་འཕྲེང་བས་སོ།། དེ་བཞིན་གཤེགས ་པའི་དབང་བསྐུར་བ་ཐོབ་པ་ལ་ནི་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བ་དམ་པའི་འཕྲེང་བས་སོ།། རྡོ་རྗེ་འཛིན་པ་ཆེན་པོར་དབང་བསྐུར་བ་ཐོབ་པ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག ་གི་རྡོ་རྗེ་རིན་ཆེན་གྱི་ཅོད་པན་གྱི་འཕྲེང་བས་སོ།། བདེ་བ་ཆེན་པོའི་རྡོ་རྗེ་གསང་བ་ལས། བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱི་ནོར་བུའི་རིགས་ཀྱི་ཆོ་ག་རྒྱས་པའོ།། །། དེ་ནས་བཅོམ ་ལྡན་འདས་རིགས་ཐམས་ཅད་བསྡུས་པའི་རྡོ་རྗེ་བྱིན་གྱིས་བརླབས་པའི་ཡེ་ཤེས་ཐོབ་པས་སེམས་ཅན་ཐམས་ཅད་གཞུག་པའི་འཁོར་ལོ་རྡོ་རྗེའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ་ཐོག་མ་ཐ་མ་མེད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་བོ།། བདེ་བ་ཆེན་པོ་རབ་གྲུབ་པ།། ཆགས་པ་ཆེན་པོ་རྣམ་དག་ཕྱིར།། བདེ་བ་ཆེན་པོ་དོན་གྱི་ཕྱིར། ་འགྲོ་རྣམས་ཅི་བདེར་བཞུགས་སུ་གསོལ།། དེ་ནས་བཅོམ་ལྡན་འདས་ཐམས་ཅད་པས་རྣམ་པར་རྒྱལ་བ་འགྲོ་བ་ཀུན་འདུལ་བ། དམ་ཚིག་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་སྩོལ་བ་རྡོ་རྗེ་འཆང་ཆེན་པོ་སྟོན ་པ་པོ། སྒྲུབ་པ་པོ། སྟོབས་དང་ཕ་རོལ་གནོན་པ།། ཐོགས་པ་མེད་པ་ཐམས་ཅད་ལ་རྗེས་སུ་སྟོན་པས་དོན་ཡོད་པར་གྲུབ་པ་དམ་ཚིག་རྡོ་རྗེ་འཛིན་པ་ཞེས་བྱ་བའི་རྣམ་པར་གནོན་པ་མཛད་ནས། བདེ་བ་ཆེན་པོ ་དངོས་གྲུབ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བའི་དོན་ཡོད་པ་མཚུངས་པ་མེད་པའི་ཐམས་ཅད་ཀྱི་སྙིང་པོ་འདི་གསུངས་སོ།། ཧོཿཱཿཧཱུཾཿཧྲཱིཿཏྲཱཾ། དེ་ནས་འདི་གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད ་ལ་སོགས་པ་འཇིག་རྟེན་པ་དང་འཇིག་རྟེམ་པ་འདས་པའི་དཀྱིལ་འཁོར་ཆེན་པོ་དེར་ཡང་དག་པར་གནས་ཏེ། དཀྱིལ་འཁོར་གཅིག་ཉིད་དུ་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་སེམས ་ཅན་ཐམས་ཅད་རྗེས་སུ་གཞུག་པ་བདེ་བ་ཆེན་པོའི་རྡོ་རྗེའི་དམ་ཚིག་གསང་བ་གསུངས་པ། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི།། དཀྱིལ་འཁོར་ཐམས་ཅད་ཀུན་ཏུ་བྲི།། དཀྱིལ་འཁོར་ཆེན་པོ་དང་པོར ་ནི།། དེ་ཡི་དབུས་སུ་བརྟག་པར་བྱ།། དེ་ཡི་དབུས་སུ་རིགས་རྣམས་ཀྱིས།། དཀྱིལ་འཁོར་ཆེན་པོ་བྲི་བར་བྱ།། ཕྱི་ཡི་མཚམས་ཀྱི་མཐའ་མ་རུ།། ཕྱི་ཡི་དཀྱིལ་འཁོར་ཚོགས་རྣམས་བྲི།། སྒོ ་རྣམས་ཀུན་ཏུ་འཇུག་པར་ནི།། རང་གི་ཕྱག་རྒྱར་རབ་ཏུ་གནས།། དཀྱིལ་འཁོར་དམ་པ་ལྔ་སྡུད་ཅིང་།། རྡོ་རྗེ་ཤུགས་ཀྱིས་འཇུག་པར་བྱ།། ཆོ་ག་རྒྱས་པ་ཐམས་ཅད་དང་ཀདངོས་གྲུབ་ཐམས་ཅད། ་དང་། ལས་ཐམས་ཅད་ཀྱང་དེ་བཞིན་ནོ།། དེ་ནས་ལྷ་ལ་སོགས་པ་དམ་ཚིག་སེམས་དཔའ་ཐམས་ཅད་བཅོམ་ལྡན་འདས་ལས་རང་རང་གི་རྗེས་སུ་གནང་བ་མནོས་ནས། སེམས་ཅན་ཐམས་ཅད ་ལ་བདེ་བའི་དོན་ཡོད་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་ཞབས་ལ་ཕྱག་བྱས་ནས་རང་རང་གི་གསང་བའི་སྙིང་པོ་འདི་རྣམས་ཕུལ་ལོ།། དེ་ནས་འཇིག་རྟེན་གསུམ་པོས་གསོལ་པ། ཨོཾ་བྷཱུ་ཏཱཾ་ཀ་རེ ་ནས་དཀྱིལ་འཁོར་བྲི་བ་ནི།། ཟུར་བཞི་པ་ལ་སྒོ་བཞི་པ།། ཕྱི་ཡི་དཀྱིལ་འཁོར་མཆོག་ཡིན་ནོ།། དེ་ཡི་དབུས་སུ་དངོས་གྲུབ་ཕྱིར།། གཞུ་ཡི་སེ་རལ་ཀར་ལྡན་ཞིང་།། མདའ་དང་ཙ་ཤ་ག་ཐོགས་བྲི། ་སྦྲང་རྩེར་བྱེད་དང་རྒྱལ་བར་བྱེད།། སྒྲུབ་པ་ཐམས་ཅད་སྒྲུབ་པ་པོ།། རྩེ་གསུམ་མཚན་མའི་ཕྱག་རྒྱ་ཡིས།། པུས་མོ་ལྷ་ང་བཙུགས་བྱས་ཏེ།། ཞུགས་ནས་དམ་ཚིག་བཅིངས་ནས་ནི།། ཡང་དག་དགུག ་པ་ཉིད་དུ་བྱས།། ཨོཾ་དྷཱ་ར་བྷུ་བ་སྭཱ་ཧཱ། ཉི་ཤུ་རྩ་གཅིག་བཟླས་པ་ཡིས།། ཐམས་ཅད་ཀུན་གྱིས་ཡོངས་བསྐོར་བ།། དངོས་གྲུབ་ཀུར་སྔོན་འོདྲ་པ་ལ།། ཇི་ལྟར་རྙེད་པའི་གཏོར་མ་སྦྱིན།། སློབ་དཔོན་གྱི ་ནི་འཇུག་པ་ཡིས།། སློབ་མ་ཐམས་ཅད་གཞུག་པར་བྱ།། དམ་ཚིག་མཆོག་ནི་དེ་ཉིད་དང་།། གསང་བའི་དེ་ཉིད་བརྗོད་པར་བྱ།། གལ་ཏེ་མ་བརྟགས་མ་སྨྲས་དང་།། འོན་ཏེ་འདི་སྐད་བཤད་པའི་ཆོས ་འདིར་ནི་ཀུན་ཏུ་མ་སྤྱད་ན།། རྩེ་གསུམ་གྱིས་ནི་ཁྱོད་སྙིང་འཇོམས།། སྙིང་སྟོབས་རྡུལ་དང་མུན་པ་ནི།། ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ།། མིང་པོ་གསུམ་པོ་འདི་དག་སྟེ། ་ནམ་ཡང་བརྙས་པར་མི་བྱའོ།། གང་ཞིག་འདི་དག་ལ་བརྙས་པས།། ཡང་དང་ཡང་དུ་རབ་བཞུགས་ནས།། དཀྱིལ་འཁོར་མཆོད་པ་བྱེད་པ་དེ།། དངོས་གྲུབ་ཐམས་ཅད་ཐོབ་པ་ནི།། ་ཕྱག་རྒྱ་དག་ཀྱང་བསྟན་བྱས་ནས།། དེ་ཡིས་གར་གྱི་མཆོད་པ་བྱ།། འདོད་པའི་ཡོན་ཏན་ལྔ་པོ་ཡིས།། རྟག་ཏུ་དཀྱིལ་འཁོར་མཆོད་པར་བྱ།། དེ་ནས་གསང་བའི་ལྷ་མོ་རྣམས་ཀྱིས་རང་གི་ཕྱག ་རྒྱ་ཕུལ་ལོ།། ཧྲཱིཿཧཱུཾ་ཤྲཱི་བྷྱོ། དཀྱིལ་འཁོར་ཐམས་ཅད་བྱ་བ་ནི།། གྲུ་བཞི་པ་ལ་སྒོ་བཞི་པ།། ཐིག་བཞི་དང་དེ་ཡང་དག་ལྡན།། ཀ་བ་ཆེན་པོ་བཞི་དང་བཅས།། གྲུ་ཆད་བཞི་ཡིས་རྣམ་པར་མཛེས། ་དེ་ཡི་དབུས་སུ་དེ་བཞིན་དུ།། དཀྱིལ་འཁོར་བཞི་པོ་བྲི་བར་བྱ།། སྒོ་རུ་མངོན་ཕྱོགས་བཞི་པ་ནི།། སྙིང་པོ་དང་བཅས་གཞག་པར་བྱ།། དགའ་མོ་ལག་ན་མཚོན་ཆ་ཐོགས།། དངོས་གྲུབ་བྱ་བ་བསྙེམས ་དང་བཅས།། དེ་ནས་དང་པོ་དཀྱིལ་འཁོར་དུ།། དེ་བཞིན་ཀུན་ནས་འཇུག་པར་བྱ།། སྲིང་མོ་རང་གི་ཕྱག་རྒྱ་ཡིས།། གོ་རིམས་ཇི་བཞིན་འཇུག་པར་བྱའོ།། ཞུགས་ནས་འཇུག་པ་ལ་སོགས་ཀྱིས། ་ཆོ་ག་བཞིན་དུ་མཆོད་བྱས་ནས།། གསང་བ་དེ་ཉིད་རབ་གྲུབ་པས།། དགུག་པ་ཡང་དག་བྱ་བ་ཡིན།། ཨོཾ་ཀཱ་ལི་མ་ནིར་དེ་པྲོ་ཏ་ལ། མེ་དྷུ་རཀྵ་ས~ཾ་པ་ར་སྠཱ་མ་ཡ་ཧེ་བ་ཧོ་བ།། བ་ར་ཧེ་དིདྱེ་སྠཱ་མ་ཡ་སྭཱན ་སིདྡྷི་ཀེ་སིདྡྷི་སྠཱ་མ་ཨ་ཧེ། ཕྱག་རྒྱ་འདི་རྣམས་ཀྱིས་སོ།། ཧྲིཿཧཱུཾ་ཤྲཱི་བྷྱོ། དེ་ནས་ཐམས་ཅད་འབབ་པར་འགྱུར་རོ།། བབས་ནས་གཞུག་པར་བྱའོ།། དེ་ནས་དེ་བཞིན་ཕྱག་རྒྱ་བཅིངས་པ་བསླབས། ་ལ་མནའ་བསྒྲགས་ནས་གསང་བ་བརྗོད་པར་བྱའོ།། སེམས་ཅན་དོན་ལ་གང་ཞུགས་པ།། གང་དུ་དཀྱིལ་འཁོར་སྟོན་པ་རྣམས།། གལ་ཏེ་གསང་བ་མི་སྲུང་ན།། ཁྱོད་ཀྱིས་དེ་དག་གསང་བ ་ཡིན། འདོད་ཆགས་ཞེ་སྡང་གཏི་མུག་དང་།། དེ་བཞིན་ཟས་དང་སྐོམ་དང་རོ།། ཆོས་ཀྱིས་བརྟེན་པས་བདེ་བ་དང་།། ཆོས་མིན་པས་ནི་སྡུག་བསྔལ་ཏེ།། ཕྱག་རྒྱ་གར་གྱི་མཆོད་པ་ཡིས།། ་ཅི་འདོད་པར་ནི་མཆོད་པར་བྱ།། ཇི་སྙེད་པ་དང་ཅི་འདོད་བཞིན།། ཡུལ་རྣམས་ལ་ནི་བརྟེན་པར་བྱ།། དེ་ནས་ལྷ་མ་ཡིན་ཐམས་ཅད་ཀྱིས་རང་གི་སྙིང་པོ་ཕུལ་ལོ།། ཨོཾ་སརྦ་མ་ཧཱ་ཙ་ཀྲྀ་པྲ་བརྡ་ཡ ་དཪྴ་ཡ་བཾ་ཧཱུཾ་ཕཊ། ཟུར་བཞི་པ་ཡི་དཀྱིལ་འཁོར་ནི།། ཁྲུ་གང་ཙམ་དུ་བརྐོས་བྱས་ནས།། གྱེན་དུ་ཁ་བལྟས་སྒོ་བྲི་བར།། བདེ་མཆོག་ལ་སོགས་བྲི་བར་བྱ།། འཁོར་ལོ་རབ་ཏུ་ཞུགས་བྱས་ལ། ་ཡང་དག་དགུག་པར་དགུག་པར་བྱ།། མེ་ཏོག་ལ་སོགས་གཏོར་བར་བྱ།། ཤ་ལ་སོགས་པའི་གཏོར་མ་བྱས།། ཨོཾ་བིཥྞུ་ཙཀྲ་ཨཱ་ན་ཡ། ཤ་བརྩི་མ་ཙི་ཏ་ཏྲ་སུ་ར་ཨ་དྷི་པ་ཧེ་ཤོ་ཧཾ། སརྦྦ་མཱ་ཡཱ་གྷཱ་ཏཾ་དྷ་པ ་མེ་སིད་དྷྱ་ཧཱ་ཧཱ་སྭཱ་ཧཱ། དེ་ནས་ཡིད་ཀྱི་འདོད་པའི་སྒྱུ་མ་ཐམས་ཅད་གྲུབ་པ་ཡིན་ནོ།། སློབ་མ་གཞུག་པའང་དེ་བཞིན་དུ་བྱའོ།། དེ་ནས་ཀླུ་རིགས་བཞིས་སྙིང་པོ་ཕུལ་ལོ།། ཕུཿདེ་ནས་དཀྱིལ་འཁོར་བྲི་བ་ནི།། ་ཟུར་བཞི་པ་ལ་སྒོ་བཞི་པ།། སྦྲུལ་གྱི་ཐིག་གིས་ཀུན་ཏུ་བྲི།། ཀླུ་ཡི་གདེངས་ཀའི་བཙུན་མོས་འཁྱུད།། མཚམས་ཀྱི་ཆར་ནི་མཇུག་རྩེ་འདུད།། དེ་ཡི་དབུས་སུ་ས་འཛིན་པ།། ཀླུ་ཡི ་རྒྱལ་པོ་ཤེ་ཥ་བྲི།། ཤེ་རབ་ཅན་གྱིས་ཀླུ་ཆེན་གྱི།། རིགས་རྣམས་ཐམས་ཅད་བྲི་བར་བྱ།། དེ་ནས་ས་འཛིན་ཤུགས་ཀྱིས་ནི།། ཁྲོས་ཤིང་དྲུག་པས་འཇུག་པར་བྱ།། དཀྱིལ་འཁོར་དེར་ནི་རབ་ཞུགས་ནས།། ་གདེངས་ཀའི་ཕྱག་རྒྱ་དགུག་པར་བྱ།། ཨོཾ་ཧྲཱིཿ་ནཱི་ལ་ཛ་བ་བེ་ག་པྲི་ཐི་བྷིནྡ་དྷ་ར་ཥེ་ཥ་ཎ། ཨཱ་ཡ་ཧྲིཿཕུ་སརྦ་ནཱ་ག་ཀུ་ལ་ཨ་ན་ཡ་ཧཱུཾ་ཕུ། ས་མ་ཡ་པྲ་བེ་ཤ་ཡ་ཕུ། སརྦྦཾ་སྭ་དྷཱ་ཡ་ཕུཿཔུཿཕུཿཕུཿ། དེ་ནས་ཀླུ ་ཐམས་ཅད་ཕུ་ཞེས་བྱ་བ་ཟློས་ཤིང་དཀྱིལ་འཁོར་དུ་ཞུགས་ནས་བབས་པར་འགྱུར་ཞིང་འཐོབ་བོ།། དེ་ནས་སློབ་དཔོན་གྱིས་རི་མོའི་ཕྱག་རྒྱས་དུག་མེད་པར་བྱའོ།། དེ་ནས་བརྩམས་ཏེ་ཐམས་ཅད་ཟོས་ནའང ་བདུད་རྩི་བཞིན་དུ་འཇུ་བར་བྱེད་དོ།། འདི་རྣམས་ལྷན་ཅིག་ཏུ་གར་བྱེད་པ་དང་། དུག་ཐམས་ཅད་སྲེག་པ་དང་། འཇིག་པ་དང་། ཟ་བར་ནུས་པར་འགྱུར་རོ།། དེ་ནས་ཅི་འདོད་པའི་དམ་ཚིག་སྦྱིན་པར་བྱ་སྟེ ་འདོད་ཆགས་ཞེ་སྡང་གཏི་མུག་སྟེ།། འདི་དག་འཇིག་རྟེན་དུག་གསུམ་མོ།། གལ་ཏེ་བདེན་ལས་འདས་གྱུར་ན།། འཆི་བའི་འཇིག་རྟེན་འདི་རྟག་ནས།། གལ་ཏེ་དངོས་གྲུབ་ཐོབ་འདོད་ན།། གློ་བརྙས་པར ་ཡང་མི་བྱ་ཞིང་།། སེར་བ་བཟློག་པར་མི་བྱའོ།། སྦྲུལ་ནི་གང་ཡང་གསད་མི་བྱ།། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་རྟོག་པའི་རྒྱལ་པོ་ལས།། བདེ་བ་ཆེན་པོའི་དམ་ཚིག་ཆེན་པོའི་རྡོ་རྗེ་གསང་བ་ལ་སོགས་པའི་ཆོ་ག ་ནུས་པའོ།། ། དེ་ནུས་རྡོ་རྗེ་ཆེན་པོ་ཡེ།། རི་རབའི་ཡི་རྩེ་མོ་ནི།། རྡོ་རྗེ་རིན་ཆེན་འོད་གསལ་བ།། དྲི་མེད་གཟི་བརྗིད་མཛེས་པ་ལ།། ཟུར་བཞི་པ་ལ་སྒོ་བཞི་པ།། སྒོ་ཁྲུད་ཀྱིས་ནི་རྣམ་པར། ་མཛེས།། ཁ་ཁྱེར་རྣམས་ལ་གནས་པའོ།། རྡོ་རྗེ་ལྷ་མེ་ཚོགས་ཀྱི་མཆོད།། ཟླ་བ་ཕྱེད་ལ་གནས་པ་ཡི།། རྡོ་རྗེ་རིན་ཆེན་རྣམས་ཀྱིས་མཛེས།། རླུང་གིས་བསྐྱོད་པའི་དར་བཟངས་ཀྱིས།། བ་དན་དྲིལ་བུའི་སྒྲ ་སྒྲོགས་པ།། དྲ་བ་མེ་ལོང་མེ་ཏོག་གི། འཕྲེང་བ་ཆེན་པོ་བཏགས་པས་བརྒྱདན།། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། རྡོ་རྗེ་ཀུན་གྱི་མངོན་འདུས་བྱས།། རྡོ་རྗེ་སེམས་དཔའ་གནས་ཆེན་པོ།། སངས་རྒྱས་ཀུན་གྱིས་ངེས ་བསྟེན་པ།། བྱང་ཆུབ་སེམས་དཔའི་གནས་པ་མཆོག། རྡོ་རྗེ་འཆང་བ་ཀུན་གྱི་གནས།། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། ནོར་བུ་ཆེན་པོ་མཆོག་ཅེས་བྱ།། རྡོ་རྗེ་ཆེན་པོའི་ཁང་པ་ན།། བདེ་བ་ཆེན་པོ་བཞུགས་གནས་ཡིན། ་ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག། སེམས་ཅན་ཀུན་གྱི་སེམས་གང་ཡིན།། བརྟན ་ཕྱིར་སེམས་དཔར་བཤད་པ་ཡིན།། མཉམ་པར་གཞག་པས་ཏིང་འཛིན་ཏེ།། ངེས་པའི་ཕྱིར་ནི་རྡོ་རྗེར་འགྱུར།། སེམས་དཔའ་བྱིན་རླབས་སྦྱོར་བ་ཡིས།། སླར་ཡང་རྡོ་རྗེ་སེམས་དཔར་འགྱུར།། ་ཉིད་རྟག་པ་བཅོམ་ལྡན་འདས།། བྱང་ཆུབ་སྤྱོད་པའི་རྗེས་འགྲོ་ཡིན།། རང་སེམས་སོ་སོར་རྟོགས་སོགས་ན།། སངས་རྒྱས་བྱང་ཆུབ་ཆོ་ག་བཞིན།། བདུད་ནི་སངས་རྒྱས་རྡོ་རྗེ་ཅན།། རྡོ་རྗེ་འཆང་ཆེན་དེ ་ཉིད་ཡིན།། དེ་ཉིད་དེ་བཞིན་གཤེགས་པའི་རིགས།། དེ་ཉིད་རྡོ་རྗེ་རིགས་ཆེན་པོ།། དེ་ཉིད་པདྨའི་རིགས་དག་པ།། དེ་ཉིད་ནོར་བུའི་རིགས་དམ་པ།། དེ་ཉིད་འདོད་ཆགས་བྲལ་བ་ཡིས། ་འདོད་དང་ཐར་པ་ཉིད་ཡིན་ཏེ།། དུས་གསུམ་སྲིད་གསུམ་མཆོག་གསུམ་དང་།། འཇིག་རྟེན་གསུམ་དང་ཁམས་གསུམ་པ།། མི་གཡོ་ཐམས་ཅད་མཆོག་དེ་ཉིད།། བརྟན་ཞིང་སྙིང་པོ་ནོར་བུ་ཆེ།། རྒྱུབ་སེམས ་ཀྱི་འདུ་བྱེད་ཐབས།། ཐམས་ཅད་བྱེད་པ་ཐམས་ཅད་ཉིད།། དང་པོའི་སེམས་དཔའ་སེམས་དཔའ་ཆེ། བྱང་ཆུབ་སེམས་དཔའ་བདེ་རབ་སྩོལ།། སེམས་དཔའ་སྐྱིལ་མོ་ཀྲུང་བཅས་ནས།། པདྨའི་ལྟེ ་བར་ཞུགས་པ་ཡིན།། བཙུན་མོའི་ཚོགས་བཅས་སྣ་ཚོགས་པའི།། རྡོ་རྗེ་ལྷ་མོ་རྣམས་ཀྱིས་བསྐོར།། བདེ་བ་ཆེན་པོ་རབ་གྲུབ་དང་།། ཆགས་པ་ཆེན་པོ་རྣམ་དག་ཕྱིར།། མ་ལུས་གདུལ་བྱའི་དོན ་དང་ནི།། དངོས་གྲུབ་ཐམས་ཅད་རབ་གྲུབ་ཕྱིར།། བདག་ཉིད་ལ་སོགས་སེམས་དཔའ་ཆེ།། དངོས་གྲུབ་ཐམས་ཅད་རབ་གྲུབ་ཕྱིར།། དམ་ཚིག་ཆེན་པོ་དམ་ཚིག་རྣམས།། རྒྱལ་བས་ཀྱང་ནི་སྲུང ་བར་མཛད།། སྙེམས་བཅས་རྡོ་རྗེ་གསོར་བ་དང་།། རྡོ་རྗེ་བསྙེམས་བཅས་ཡང་དག་ལྡན།། ཕྱག་རྒྱ་ཐམས་ཅད་རྣམ་དག་དང་།། རྡོ་རྗེ་སེམས་དཔའ་མཆོག་གྲུབ་ཕྱིར།། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། དངོས ་གྲུབ་ཐམས་ཅད་སྒྲུབ་པ་ལ།། ཡེ་ཤེས་ཕྱག་རྒྱར་ཡང་དག་ལྡན།། སྙིང་པོ་ཆེན་པོར་དམ་པ་ཡིན།། གང་གི་བསོད་ནམས་མི་ལྡན་དང་།། དེ་བཞིན་དཀྱིལ་འཁོར་མ་ལུས་ཞུགས།། དོན་ཡོད་ཐོགས་མེད། ་ཉིད་མཆོག་གི། དངོས་གྲུང་ཐམས་ཅད་རྙེད་མི་དཀའ། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། གསང་བའི་མཆོག་དེ་དམ་ཆོག་བསྟན། དངོས་གྲུབ་ཐམས་ཅད་སྒྲུབ་པ་ཡིན།། རྟོག་པ་ཐམས་ཅད་མྱུར་འགྲུབ་བྱེད ་ཐོག་མཐའ་མེད་པར་དང་པོ་འབྱུང་།། བསོད་ནམས་ཐམས་ཅད་ཆེར་མཐོག། གརི་ཅན་རྣམས་དང་བདེ་མཆོག་དང་།། འདོད་ཆགས་ཆེན་པོ་རྣམ་དག་ཕྱིར།། རྗེས་སུ་ཆགས་པ་སྒོམ་པ་ཞེས།། ཇི་བཞིན ་ཡེ་ཤེས་རབ་འཇུག་པ།། ཉེ་བའི་སྙིང་པོ་བཅས་སྙིང་པོ།། བསྐུལ་ཐོབ་བཅོམ་ལྡན་འདས་ཀྱིས་གསུངས།། ཧཱུཾ། དེ་ནས་འདི་ནི་གསུང་ཙམ་གྱིས།། སངས་རྒྱས་སྲས་དང་བཅས་པ་རྣམས།། ཉེ་བར་འཛིན ་པ་མཛད་ནས་ནི།། འགྲོ་བ་ཐམས་ཅད་བསྐྱེད་པར་མཛད།། སྣ་ཚོགས་འགྲོ་བ་ཀུན་བསྐྱེད་ནས།། གཙོ་བོས་དངོས་གྲུབ་དྲིས་གྱུར་པས།། ཇི་ལྟར་སྐད་ཅིག་གིས་འདི་འགྲུབ།། སེམས་དཔའ་ཆེན་པོ་མྱུར ་དུ་སྤྲོས།། དེ་ནས་དཀྱིལ་འཁོར་ཆེན་པོ་ནི།། ཐོག་མར་དཀྱིལ་འཁོར་བྱིན་རླབས་ནི།། རྡོ་རྗེ་ཀུན་མཆོག་དམ་ཚིག་ནི།། ཆོ་ག་བཞིན་དུ་བསྒྲུབས་ནས་ནི།། དེ་ལ་ཕན་ཆད་སེམས་ཅན་འབྱུང་། ་ཇི་བཞིན་ལས་ཀྱི་རྗེས་འགྲོ་བ།། རྟག་པར་སྡིག་པ་ཀུན་སྤྱོད་དང་།། ངན་སེམས་དང་ནི་ལེ་ལོ་ཅན།། ད་ནི་སྐྱེ་བོ་གསུམ་གཟིགས་ནས།། འཇིག་རྟེན་གཙོ་བོ་རྣམས་ཀྱི་གཟིགས།། བཅོམ་ལྡན ་ཇི་ལྟར་བོ་ན་ནི།། བྱིས་པ་དགེ་བ་ཀུན་ཏུ་བསྐྱེད།། དེ་རྣམས་ཀྱི་ནི་ཚིག་གསན་ནས།། ཚིག་ནི་འདི་སྐད་གསུངས་པ་ཡིན།། རྡོ་རྗེ་འཛིན་ཀུན་བྱེད་པ་པོས།། ལས་ཀྱི་འཆི་བ་ལྟོས་གྱུར་པ།། ད ་ཡི་ཚིག་དེ་ཐོས་ནས་ནི།། སྲས་བཅས་སངས་རྒྱས་ཐམས་ཅད་ཀྱིས།། ཐུགས་རྗེ་ཆེན་པོས་འདི་སྐད་གསུངས།། བདེ་བ་ཆེན་པོ་རབ་གྲུབ་དང་།། ཤིན་ཏུ་ཆགས་པ་རྣམ་དག ་ཕྱིར།། ཀུན་མཆོག་ཆོ་ག་རྒྱས་པ་ཡིས།། སྙིང་པོ་འདི་ནི་བཤད་དུ་གསོལ།། དེ་ནས་སྟོན་པ་རྡོ་རྗེ་འཛིན།། དངོས་གྲུབ་ཐམས་ཅད་སྩོལ་བ་ཡིན།། རྟོག་པ་ཀུན་གྱི་བདེ་བ་ཆེ།། རྡོ་རྗེ་གསང་བ་དང་པོ ་མཆོག། གཞན་ཡང་སྙིང་པོ་བསྟན་པ་དང་།། དཀྱིལ་འཁོར་ལ་སོགས་ཆོ་ག་ཆེ།། སྣ་ཚོགས་ཕྱི་མའི་རྒྱུད་དང་བཅས།། དངོས་གྲུབ་ཐམས་ཅད་རབ་གྲུབ་བྱེད།། འཇིག་རྟེན་ཐམས་ཅད་ཁམས་ཆེན་པོ།། ཕྲ ་རབ་རྡུལ་རྣམས་དང་མཉམ་པ།། སྙིང་པོ་ཆེན་པོ་འདི་ཉིད་ཀྱིས།། གྲུབ་པའི་བདེན་པ་དམ་པར་འགྱུར།། དེ་ནས་བདེ་གཤེགས་དེ་རྣམས་ནི།། དེ་ཡི་ཚིག་མཆོག་གསན་གྱུར་ནས།། དང་པོའི་དཀྱིལ་འཁོར ་གྲུབ་སྩོལ་བ།། དེ་ཚེ་དེ་ལ་གསོལ་བ་བཏབ།། ཆགས་པ་དང་བྲལ་འདུལ་བའི་ཕྱིར།། ཆགས་བྲལ་བསྟན་པ་བྱ་བ་འམ།། འདོད་ཆགས་ཐམས་ཅད་རྣམ་དག་ཕྱིར།། ཉིད་ཀྱི་ཐུགས་ཀྱིས་ཆོག ་གསུངས།། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་གླུ་ཆེན་པོ་གསུང་ཞིང་དཀྱིལ་འཁོར་བརྟག་པར་མཛད་དོ།། ཐམས་ཅད་རྗེས་སུ་ཆགས་པ་བདེ་བ་དམ་པའི་ཐུགས།། རྡོ་རྗེ་སེམས་དཔའ་ཁྱོད་ནི་རབ་ཏུ་བྱུང་བ ་ཡིན།། རབ་ཏུ་དགའ་བ་འགྲོ་བ་ཀུན་གྱི་བདེ་ཆེན་པོ།། བརྟན་མཐོ་དེ་རིང་བདག་ལ་མྱུར་འགྲུབ་མངོན་ཕྱོགས་མཛོད།། ཅེས་བྱ་བའི་དཀྱིལ་འཁོར་གླུ་ལེན་ཅིང་བརྟགས་པར་མཛད་དོ།། དཀྱིལ་འཁོར་ཆེན་པོའི་སྦྱོར ་བ་ཡིས།། དང་པོའི་དཀྱིལ་འཁོར་བརྟག་པར་བྱ།། ཕྱག་ན་རྡོ་རྗེ་ཐམས་ཅད་དུ།། རྡོ་རྗེ་ལྷ་མོ་ལ་སོགས་ཚོགས།། ཇི་ལྟར་ཆོ་ག་བཞིན་དུ་ནི།། བརྒྱན་པར་བྱས་ཏེ་རབ་འཇུག་བྱ།། གཡོན་དུ་བུ་མོ་རྡོ་རྗེ་འཛིན། ་བསྡུས་ཏེ་རྣལ་འབྱོར་བཅའ་བར་བྱ།། རྡོ་རྗེ་དང་བཅས་བསྟིམས་པ་ཡི།། ཕྱག་རྒྱ་མཆོག་གིས་རང་ཉིད་འཇུག། དཀྱིལ་འཁོར་དེ་རུ་ཞུགས་ནས་ཀྱང་།། ལན་གསུམ་དུ་ནི་བསྐོར་བར་བྱ།། ་སེམས་དཔའི་མདུན་འདུག་སྟེ།། དེ་ཉིད་གསང་བའང་བརྗོད་པར་བྱ།། ཧཱུཾ་ཧཱུཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོ། ས་མ་ཡ་སྟྭཾ་ཨ་ནུ་རཀྟོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། དྲི་ཌྷོ་མེ་བྷ་བ། ཨ་དྷི་ཏི། ཥྛ ་བྷ་ག་བཾ། ཨ་ན་དི་ནི་དྷེ་ན་སྭཱ་ཧཱ། མ་ཧཱ་སུ་ཁ་བཛྲ་སཏྭ་ས་མ་ཡ་གུ་ཧྱ་ས་མ་སིདྡྷི་མྨེ་པྲ་ཡ་ཙྪ་ཨོཾ་ཧ་ཧ་ཧ་ཧ་ཨ། དེ་ནས་རབ་ཏུ་དགའ་བས་རྡོ་རྗེ་ལྷ་མོ་དགའ་བའི་གཏམ་བྱའོ།། ཨོཾ་བཛྲ་དྲྀཥྚི་ས་མ་ཡ ་ཀཾ་མཊ། བཛྲ་ཀཱི་ལི་ཀཱི་ལི་ཧ~ཾ། ཧཱུཾ་སྥ་ར་བཛྲ་ཎི་བི་དྷ་ཧཱུཾ་ཧཱུཾ་ཏུཥྚ་བཛྲི་ཎི་ཧཱུཾ། དེ་ནས་བཅོམ་ལྡན་འདས་ཀྱི་མདུན་དུ་ཉེ་བར་འདུག་སྟེ། དེ་བཞིན་དུ་བཅོམ་ལྡན་འདས་བདག་ལ་འགྲུབ་པར་མཛོད་ཅིག་ཅེས ་བཅོམ་ལྡན་འདས་ལ་གསོལ་བ་བརྗོད་པར་བྱའོ།། མྱུར་དུ་ཐམས་ཅད་རྗེས་ཆགས་པར།། ཀི་ལི་ཀི་ལས་ཐམས་ཅད་ནུས།། ཐམས་ཅད་རྗེས་སུ་ཆགས་དྲན་དང་།། རྟག་ཏུ་ལེགས་པར་མཉེས ་གྱུར་བདག། ཨོཾ་མ་ཧཱ་སུ་ཁ་སིདྡྷ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོ། སིདྡྷ་ས་མ་ཡ་སྟྭཾ་སིདྡྷི་ཧཱུ~ཾ། དེ་ནས་ཆེན་པོའི་རྡོ་རྗེ་ཆུས་དབང་བསྐུར་ཞིང་འཐུངས་ལ་རྡོ་རྗེ་རྩེ་ལྔ་པ་བཟུང་སྟེ། བདག་རྡོ་རྗེ་སེམས་དཔའ་ཡིན་ཞེས་རང་གི་རྩ ་བརྗོད་པ་ལ་སྔ་མ་བཞིན་དུ་གར་གྱི་མཆོད་པས་མཆོད་པ་བྱ་སྟེ། ཇི་ལྟར་རྙེད་པའི་ཡུལ་དང་ལྡན་པས་སློབ་མ་དང་ལྷན་ཅིག་མཆོད་པ་བྱས་ནས་བྱུང་བར་བྱའོ།། སློབ་མ་གཞུག་པར་བྱ ་ཞིང་རང་ཉིད་ཀྱང་དེར་ཞུགས་པས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ།། རྡོ་རྗེ་སློབ་དཔོན་ཐམས་ཅད་ཕྱག་རྒྱ་ཐམས་ཅད་ཀྱི་བདག་པོ་དམ་ཚིག་ཐམས་ཅད་ཤེས་པ་ཐམས་ཅད་ལ་ཚར ་གཅོད་པ་དང་ཕན་འདོགས་པར་ནུས་པ་། དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས་པའི་ཡེ་ཤེས་ཀྱི་ལས་བྱེད་པ། རང་ཉིད་འཇུག་པ་ཙམ་ཉིད་ཀྱིས་སློབ་དཔོན་མ་ཡིན་པ་དང་དཀྱིལ་འཁོར་དུ་མ་ཞུགས་པར ་སྐད་ཅིག་ཉིད་ཀྱིས་བཅོམ་ལྡན་འདས་ཀྱིས་བྱིན་གྱི་རློབ་པར་འགྱུར་རོ།། དེ་ཏཱིའི་ཕྱིར་ཞེ་ན། འདི་ལྟར་བཅོམ་ལྡན་འདས་ཉིད་ངེས་པར་རང་ཉིད་རང་གི་དམ་ཚིག་གི་རྡོ་རྗེ་སློབ་དཔོན་དུ་གྱུར་ནས་འཇུག་པར་མཛད་དོ།། ་ལས་ཐམས་ཅད་ཀྱི་ཆོ་ག་རྒྱས་པར་ཡང་མཛད་པ་ཡིན་ནོ།། སྙིང་པོ་འདིའི་བྱིན་རླབས་ཀྱིས་དཀྱིལ་འཁོར་དུ་མ་ཞུགས་ནའང་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པ་དང་། ཐམས་ཅད་ཀྱི་སློབ་དཔོན ་དུ་འགྱུར་རོ།། ལན་ཅིག་བཟླས་པས་མི་སོད་པ་དང་། མི་ཚུགས་པ་དང་། ཐམས་ཅད་དུ་སྣ་ཚོགས་པའི་ཡི་གེ་རྣམས་ཀྱིས་མཐོང་བ་དང་།། ཐོས་པ་དང་། རིག་པ་དང་། ཤེས་པ་ཡིན་ནོ།། ་རྡོ་རྗེ་འཆང་ཆེན་པོ་དང་བཅས་པའི་དེ་བཞིན་གཤེགས་པའི་ཐམས་ཅད་མ་ལུས་པར་མཛད་ནས། དངོས་གྲུབ་ཐམས་ཅད་དེ་ལ་སྩོལ་བ་ཡིན་ནོ།། ཡོངས་སུ་སྦྱང་བ་དང་རྟེན་པའི་དོན་དུ་མ་ཡིན་ནོ།། བགེགས། ་བྱེད་པ་རྣམས་ཀྱང་བསྡུག་བསྔལ་བར་གྱུར་པ་མ་ཡིན་ནོ།། བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་འཆང་ཆེན་ཤིན་ཏུ་བརྟན་ཞིང་ཤིན་ཏུ་དགྱེས་པ་རྗེས་ས་ཆགས་པ་ཤིན་ཏུ་རྒྱས་པ་དངོས་གྲུབ་ཐམས་ཅད། ་དང་ཕུན་སུམ་ཚོགས་པ་ཐམས་ཅད་དང་། ཡེ་ཤེས་ཐམས་ཅད་ལས་ཐམས་ཅད་གདོན་མི་ཟ་བའི་གྲུབ་པས་མྱུར་དུ་སྒྲུབ་པར་མཛད་པ་ཡིན་ནོ།། འོན་ཀྱང་གང་གིས་དྲིས་སམ། འདྲིར་འཇུག་གམ་ལན ་ཅིག་བརྗོད་པ་འམ། འཛིན་པ་དེས་མ་བསྒྲུབས་ཤིང་དཀྱིལ་འཁོར་དུ་མ་ཞུགས་ནའང་ཚེ་འདི་ཉིད་ལ་ཇི་ལྟར་མངོན་པར་འདོད་པའི་མཆོག་གི་དངོས་གྲུབ་ཐམས་ཅད་གྲུབ་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི ་ལྟ་སྟེ། དོན་ཡོད་ཅིང་ཐོགས་པ་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོའི་བདག་པོའི་བདག་དང་།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་བར་ཆད་བྱེད་པར་མི་ནུས་སོ།། ཐམས ་ཅད་རྗེས་སུ་ཆགས་པ་ཉིད་ཀྱི་ཕྱིར་རོ།། སངས་རྒྱས་ཀྱི་བྱང་ཆུབ་ཀྱང་རྗེས་སུ་ཆགས་པ་ལས་བྱུང་བ་ཡིན་ནོ།། འདོད་པ་བརྟན་པས་རྗེས་སུ་ཆགས་ཏེ། དེ་མི་འདོད་པ་ཇི་ལྟར་མཆོག་གི་བདེ་བ་ཆེན་པོ་ལ་སོགས ་པའི་གོ་འཕང་ཐམས་ཅད་དུ་འགྱུར་རོ།། ཞེས་བྱ་བར་ཐོགས་པ་མེད་པའི་བཅོམ་ལྡན་འདས་ཆགས་པ་ཆེན་པོའི་བདེ་བ་ཆེན་པོས་གསུངས་སོ།། གྲུབ་ན་བདེ་བ་ཆེན་པོ་ནི།། རྡོ་རྗེ་ཆགས་པས་སྐད་ཅིག་སྟེར། ་གྲུབ་པའི་དམ་ཚིག་འདི་ཡིན་ཏེ།། འདི་ནི་ཀུན་གྱི་འདའ་བར་དཀའ།། སྡིག་པ་ཆེན་པོ་བྱེད་པ་འམ།། དེ་བཞིན་དཀྱིལ་འཁོར་མ་མཐོང་བ།། ལན་ཅིག་བཟླས་པས་སྡིག་སྦྱངས་པས།། མཆོག་གྲུབ ་པས་ནི་གྲུབ་པར་འགྱུར།། རྟོག་པར་གསུངས་པ་འམ་འདོད་པ་ཡིས།། གཟུགས་བརྙན་རྗེས་སུ་དྲན་བསྒོམས་ན།། སྙིང་པོ་ཡང་ན་གླེགས་བམ་དུ།། ཐམས་ཅད་ཉིད་ཕྱིར་བདག་པོ ་གྲུབ། གང་ལ་གཟུགས་བརྙན་མེད་པ་དང་།། གླེགས་བམ་མེད་པར་འགྱུར་ན་ཡང་།། ཡི་གེ་ཧཱུཾ་ནི་ཐམས་ཅད་དུ།། བྲིས་ཏེ་བདག་སྒྲུབ་བསྒྲུབ་པར་བྱ།། ཞེས་བྱ་བ་དོན་ཡོད་པའི་ཐོགས་པ་མེད་པའི ་དངོས་གྲུབ་ཅན་རྡོ་རྗེ་འཆང་ཆེན་པོས་གསུངས་སོ།། དེ་ནས་རྟོག་པའི་རྒྱལ་པོ་འདིའི།། ལས་ཀུན་སྒྲུབ་པར་འདོད་ན་ནི།། དཀྱིལ་འཁོར་ཐམས་ཅད་ཐོག་བཏབ་ནས།། མཚན་མའི་ཕྱག་རྒྱ་བྲི་བར་བྱ། ་དང་པོའི་རྡོ་རྗེས་ཞུགས་ནས་ནི།། བརྗོད་པར་བྱ་སྟེ། ཆགས་པ་ཆེ་ལས་ཐོགས་པ་ཆེ།། ཐོགས་པ་ཆེ་ལས་བདེ་བ་ཆེ།། བདེ་བ་ཆེ་ལས་རྡོ་རྗེ་བརྟན།། རྡོ་རྗེ་ལས་ནི་ཕྱག་རྒྱ་འབྱུང་།། སྐུ་གསུང་ཐུགས་ཀྱི ་རྡོརྗེ་ཡི།། གཟུགས་བརྙན་རབ་ཏུ་སྦྱོར་བ་ཡིས།། ཕྱག་རྒྱ་ཐམས་ཅད་བཤད་པ་སྟེ།། དམ་ཚིག་འདབ་བར་དཀའ་བའོ།། ཕྱག་རྒྱ་བཅིངས་པ་ཙམ་གྱིས་ནི།། སངས་རྒྱས་རྡོ་རྗེ་འཆང་ལ་སོགས།། ་ཡང་དག་བསྡུས་པར་གྱུར་ནས་ནི།། མཉམ་པའི་འཇིག་རྟེན་གྲུབ་པར་འགྱུར།། ཇི་ལྟར་རྒྱལ་བའི་ཕྱག་རྒྱ་ཡིས།། བཀའ་ནི་འདའ་བར་དཀའ་བ་སྟེ།། དེ་བཞིན་རྒྱལ་བ་ཀུན་གྱིས་ནི།། ཕྱག ་རྒྱ་འདའ་བར་ནུས་པ་མིན།། སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་།། དེ་ལྟར་བསྐལ་པ་བྱེ་བ་ཡིས།། ཐོབ་མིན་ཇི་ལྟར་ཕྱག་རྒྱ་མཆོག། བསྡུས་པ་ཚེ་འདི་ཉིད་ལ་ཐོབ།། ཇི་ལྟར་གདུལ་བའི་འཇིག་རྟེན ་ནི། དེ་བཞིན་དངོས་པོ་གསུངས་པ་ཡིན།། དེ་ཡི་ཐུབས་ནི་ཕྱག་རྒྱ་སྟེ།། དངོས་གྲུབ་ཐམས་ཅད་བྱེད་པ་ཆོ་ག། དེ་བཞིན་ཆོ་ག་རྒྱས་པ་དང་།། དངོས་གྲུབ་ཐམས་ཅད་གདོན་མི་ཟའོ།། དེ་ནས་དང ་པོའི་དཀྱིལ་འཁོར་གྱི།། གསང་བའི་དམ་ཚིག་འདི་ཡིན་ཏེ།། སོར་མོ་ཐམས་ཅད་ཀུན་སྦྱར་ནས།། རྡོ་རྗེ་ཐལ་མོ་ཞེས་བརྗོད་དོ།། སོར་མོ་ནང་དུ་བཅིངས་པ་ལས།། རྡོ་རྗེ་བསྡམས་པ་དག་ཏུ་བཤད།། ་རྡོ་རྗེ་བསྡམས་པའི་ནང་དུ་ནི།། མཛུབ་མོ་མཐེ་བོང་ཡང་དག་སྦྱར།། གཡས་པ་ཡི་ནི་མཐེ་བོང་སྟེ།། བཅུག་སྟེ་བཙིར་བའི་ལྕགས་ཀྱུ་འཛིན།། མདའ་ལྔ་བསྡུས་པ་བཅིངས་པ་ནང་དུ་གནས། ་མཐེ་བོང་བསྙེམས་པའི་མཐའ་རྡོ་རྗེ།། དང་པོའི་བདེ་བ་དམ་པ་སྟེ།། མཐེབ་མཛུབ་རྩེ་སྦྱར་དབུས་མའི་རྩེ།། མིག་འབྲས་ལྟར་སྦྱར་འཛིན་པའོ།། དབུས་མའི་རྡོ་རྗེའི་འོག་ཏུ་ནི། མཐེ་བོང ་གིས་མནན་བིཙི་ར་བར་བྱའོ།། རྡོ་རྗེ་འདྲེན་མ་དང་འདྲེན་པ།། སྲིན་ལག་མཐེ་ཆུང་ཁ་ཕྱེ་བ།། བསྐོར་ནས་པུས་མོར་གཞག་པ་ནི།། དང་པོ་རྡོ་རྗེ་ལས་བྱུང་བའོ།། གྱེན་དུ་གཏོར་དང་ཟུར་དུ་བླུགས།། ་མཐེ་དོང་སྦྱར་ནས་བསྐོར་བ་དང་།། རབ་ཏུ་བརྐྱང་ཞིང་བྱུགས་པ་དང་།། བསྐོར་ཞིང་སྤྱི་བོར་གནས་པ་དང་།། བསྐོར་ནས་སྙིང་ཁར་གཞག་པ་དང་།། ཡོངས་སུ་བསྐོར་ཞིང་དགོད་པའོ།། ་ལས་གྱེན་དུ་འབྱུང་བ་དང་།། དེ་བཞིན་གར་གྱིས་བསྐོར་བ་དང་།། མཛུབ་མོའི་སོར་མོ་གཉིས་ཀྱི་དང་།། གཡོན་པའི་མཛུབ་མོ་གཡས་ཀྱི་གཟུང་།། མཛུབ་མོའི་མཐེ་བོང་བཅིང་བ་དང་།། མཐེ་བོང ་མཐའ་མའི་ནང་དུ་གཞག། ཁུ་ཚུར་གྱི་ཕྱག་རྒྱ་རྣམས་སོ།། དེ་ནས་དོན་ཡོད་ཅིང་ཐོགས་པ་མེད་པ་འདི་རྣམས་ཁོ་ནའི་ལས་ཀྱི་ཕྱག་རྒྱ་བཅིང་བ་མཆོག་ཏུ་གསང་བ་བླ་ན་མེད་ཅིང ་བླ་མའི་ལས་ཀྱི་ཚོགས་སྒྲུབ་པར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་དང་བཅས་པའི་བདག་གིས་ཀྱང་གནོན་པར་མི་ནུས་སོ།། དེ་ལ་བདེ་བ་ཆེན་པོའི་རྡོ་རྗེ་དབུས་མའི་ལས་རྡོ་རྗེ་སེན་མོའི་རྩེ་མོ ་མཆུ་ལ་སོགས་པར་གཞག་པ་དང་། འཁོར་ལོ་རབ་ཏུ་བསྐོར་བ་དང་། རྡོ་རྗེ་ནོར་བུ་དང་ཇི་ལྟར་འདོད་པའི་དངོས་གྲུབ་ཀུན་ཏུ་བྱེད་པ་རྣམས་ཀྱིས་རྡོ་རྗེ་འཆང་ཆེན་པོ་དང་། སངས་རྒྱས་དང་། བྱང་ཆུབ ་སེམས་དཔའ་རྣམས་དང་། རྡོ་རྗེ་རིན་པོ་ཆེ་དང་། མཆོག་གི་དངོས་གྲུབ་བོ།། རྡོ་རྗེ་འདྲེན་མས་ནི་མིག་འབྲས་ཀྱི་ལས་སོ།། གཡས་པ་དང་གཡོན་པའི་མིག་གིས་བལྟས་པས་ཐམས་ཅད་རྗེས་སུ ་ཆགས་པས་སོ།། མིག་འབྲས་ཚུར་འདྲེན་པས་ནི་དགུག་པའོ།། གཞུག་པས་ཐམས་ཅད་གཞུག་པའོ།། བཙིར་བས་འཆིང་བའོ།། བཙུན་པ་མེད་པས་དབང་དུ་བྱ་བའོ།། རྡོ་རྗེ་ཀི་ལི་ཀི་ལི་ལས ་དབུས་མ་ལ་ཛུམ་པ་ན་དང་། འཁྱུད་པ་དང་། རོལ་པ་དང་། དབུས་མ་དང་མཐེ་བོའི་རྩེ་མོར་བདེ་བར་རྡེག་པས་མཐོང་བ་དང་། རོལ་པ་དང་། བཙིར་བ་རྣམས་ཀྱིས་ཐམས་ཅད་ལ་རོལ་པ་སྟེ། ཆུ ་བདང་མི་རཱུབ་ཐམས་ཅད་དུ་ལྷའི་གཟུགས་ཀྱིས་བུད་མེད་རྣམས་འབྱུང་བ་ཡིན་ནོ།། ཇི་སྲིད་འདི་རྣམས་དང་རོལ་ཅིང་རྡོ་རྗེ་སེམས་དཔའི་བཙུན་མོ་ལའང་རོལ་བར་བྱེད་དོ།། རྡོ་རྗེ་ཆུ་སྲིན་མས་བཙིར ་བ་དང་། གྱེན་དུ་བཏེག་པ་དང་། མྱང་བ་དང་། དྲུང་དུ་འགྲོ་བ་དང་། མྱུར་དུ་ཟ་བ་རྣམས་ཀྱིས་བརྟན་པའི་ཆགས་པས་བཅིང་བ་དང་། ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་། ཆུའི་ནང་དུ་གནས་པ ་དང་འཆག་པ་དང་། ཐམས་ཅད་ཟ་བ་གྲུབ་པའོ།། རྡོ་རྗེ་བསྐོར་བས་གཡོ་ཞིང་གཡོ་བ་དང་། ལྷོད་པར་བྱེད་པ་དང་། བཙིར་བ་དང་། དབུས་མ་ཕན་ཚུན་ལྷན་ཅིག་དགུག་པ་དང་། མགྱོགས ་པར་དབུས་མའི་རྡོ་རྗེ་དྲལ་བ་རྣམས་ཀྱིས་ཁྲོ་བ་ཐམས་ཅད་འབར་བ་དང་། རབ་ཏུ་ཞི་བ་དང་། ཐམས་ཅད་ལ་རྒྱས་བཏབ་པ་དང་། ལྟུང་བ་དང་།། གསོད་པ་རྣམས་མྱུར་དུ་འགྲུབ་བོ།། མཐེ་བོང་རྡོ ་རྗེའི་ནང་དུ་ཞུགས་པའི་མཆོད་པ་རྣམས་ཀྱིས་མཆོད་ན་རྡོ་རྗེ་འཆང་ཆེན་པོས་ཀྱང་མཆོད་པར་འགྱུར་རོ།། དེ་བཞིན་དུ་ལྷའི་བུ་མོ་རྣམས་ཀྱིས་མཐེ་བོང་རྡོ་རྗེའི་ནང་དུ་ཞུགས་པའི་ལས་རྣམས་ཀྱི་ལྷའི ་བུ་མོ་ཐམས་ཅད་ཀྱང་བཀུག་ནས་རོལ་པ་ལ་སོགས་པའི་ལས་ཐམས་ཅད་ཉེ་བར་སྦྱར་བའོ།། རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་ནང་གི་ཁུ་ཚུར་གྱི་ས་ལས་རྣམས་ཀྱིས་ཡིད་ཀྱིས་འདོད་པའི་དངོས ་གྲུབ་ཐམས་ཅད་དོ།། དེ་ནས་དངོས་གྲུབ་ཐམས་ཅད་ཀྱི་རྒྱུད་ནི་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེན་པོས་དངོས་གྲུབ་དང་། དམ་ཚིག་དང་། ཡེ་ཤེས་དང་། ལས་ཀྱི་དངོས་གྲུབ་གྲུབ་པའོ།། དོན་ཡོད་པས་གྲུབ ་པ་མྱུར་དུ་ཐམས་ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པས་ཡིད་ཀྱིས་འདོད་པ་གྲུབ་པའོ།། རབ་ཏུ་དགའ་བའི་རྡོ་རྗེ་སེམས་མྱི་གཡོ་བར་བྱེད་པས་ལས་ཐམས་ཅད་སྒྲུབ་པར་བྱས ་ན་ཐོགས་པ་མེད་པའི་དངོས་གྲུབ་ཀྱི་གྲུབ་པར་འགྱུར་རོ།། དེ་བཞིན་དུ་རང་གི་ཕྱག་མཚན་རྣམས་ཀྱིས་དངོས་གྲུབ་ཐམས་ཅད་གྲུབ་པར་འགྱུར་རོ།། དང་པོ་ཉིན་རེ་ལན་ཅིག་ཏུ། ཕྱག་རྒྱ ་ཆེན་པོས་སྙིང་པོ་བཟླ།། རྡོ་རྗེ་ཉེ་བའི་སྙིང་པོ་ཡིས།། ཕྱག་རྒྱ་ཐམས་ཅད་ངེས་སྦྱར་བྱ།། ཐམས་ཅད་དོན་ཡོད་པར་སྒྲུབ་པའོ།། བདེ་ཆེན་པོ་རྡོ་རྗེ་ཆེ།། གསང་བའི་རྟོག་པ་མཆོག་ཕྱི་མ།། སྒྲུབ་པ་དོན་ཡོད་དམ ་ཚིག་ནི།། སྙིང་པོས་སྐད་ཅིག་དངོས་གྲུབ་སྟེར།། རྩ་རྒྱུད་ཕྱི་མའི་རྒྱུད་དང་བཅས།། ཕྱག་རྒྱའི་རྒྱུད་ནི་བླ་ན་མེད།། དངོས་གྲུབ་མཆོག་ནི་དེ་བཞིན་དུ།། བླ་ན་མེད་པའི་ཡེ་ཤེས་གྲུབ།། དེ་ནས་དང་པོའི་དཀྱིལ་འཁོར ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་ཀྱི་རྒྱུད་ཀྱི་ཆོ་ག་རྒྱས་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་ཆེན་པོའི་རྒྱུད་ནི། པང་པ་གཡོན་དུ་དགོད་བྱ་བ།། ཞབས་ཀྱི་པདྨ་ཅི་བདེར་བྲི།། རྡོ་རྗེ། ་སྐྱིལ་མོ་ཀྲུང་བཅས་ནས།། སྐུ་ནི་དྲང་པོར་འཛིན་པ་བདེ།། བསྙེམས་བཅས་རྡོ་རྗེ་གསོར་ནས་ནི།། རྡོ་རྗེ་བསྙེམས་པ་ཡང་དག་འཆང་།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར། ་དིས་ནི་རྡོ་རྗེ་སེམས་དཔའ་ཉིད།། སངས་རྒྱས་ཉིད་དམ་སྲས་ཉིད་དམ།། དངོས་གྲུབ་ཀུན་གྱི་དབང་ཕྱུག་ཉིད།། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། ཇི་བཞིན་ཕྱག་རྒྱའི ་རྗེས་འབྲངས་ནས།། མཚན་མའི་ཕྱག་རྒྱར་ལྡན་པ་ཡིས།། སེམས་དཔའ་ཆེན་པོ་རང་ཉིད་འགྱུར།། ཕྱག་རྒྱ་ཆེན་པོའོ།། དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིང་བ་ནི་བདེ་བ་ཆེན་པོའི་རྡོ་རྗེར་བཤད་དོ།། རྡོ་རྗེ ་མདཔ་ལ་སོགས་པའི་བཞི་པོ་འདི་ལས་བྱུང་ངོ་།། མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུའི་ཕྱི་རོལ་ཏུ་མངོན་པར་ཕྱོགས་པའོ།། མཐེ་བོས་འཁྱུད་པའོ།། མཐེ་བོང་གཉིས་ཁ་ཕྱེ་ལ་མཛུབ་མོ་གཉིས་དབུས་མའི ་མོ་འདྲེན་ཅིང་སྲིན་ལག་དང་མཐེའུ་ཆུང་མཉམ་པར་སྦྱར་ལ་རྩེ་མོ་སོ་སོར་ཕྱེ་བས་ཆུ་སྲིན་གྱི་རྒྱལ་མཚན་གྱིས་སྒྲེང་བའོ།། བརླ་གཉིས་ལ་བསྐོར་ཞིང་གནས་པའོ།། དེ་བཞིན་དུ་མཚམས་རྣམས་ལ་རྡོ་རྗེ ་ཐལ་མོས་བསྐོར་བས་སོ།། སྒོའི་ཕྱག་རྒྱ་རྣམས་ནི་རྡོ་རྗེ་བསྙེམས་པའི་ཁུ་ཚུར་གྱིས་སོ།། བདེ་ཆེན་མཆོག་གི་ཕྱག་རྒྱ་ཆེ།། དེ་བཞིན་དངོས་གྲུབ་རབ་སྩོལ་བ།། མདའ་སོགས་དམ་ཚིག་སྣ་ཚོག་པའི། དངོས ་གྲུབ་ཆེན་པོ་མཆོག་སྟེར་བའོ།། དེ་ནས་ཆོས་ཀྱི་ཕྱག་རྒྱ་ནི།། ཧོ་བིད་ཧཱུཾ་དྷི་ཀ་ཧཱུཾ། དེ་རྣམས་ཀྱང་དངོས་གྲུབ་ཐམས་ཅད་སྩོལ་བའོ།། དེ་ནས་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་མེད་པ་རྣམས་ཀྱིས་རྟོགས་པར་བྱའོ།། ་གཡོན་པའི་རྡོ་རྗེ་བསྙེམས་པ་གཡས་པའི་ཁུ་ཚུར་བསྟོད་པའི་ཚུལ་གྱིས་སྙིང་ཁར་བཟུང་བར་བྱས་པ་སྟེ། རབ་ཏུ་དགའ་བ་བསྟན་པར་བྱེད་ཅིང་དངོས་གྲུབ་ཐམས་ཅད་སྩོལ་བའོ།། མདའ་གཞུ་གཏོད་པའི ་རྡོ་རྗེ་མཚོན་ཆ་མའོ།། འོག་ཏུ་འཁྱུད་པའོ།། རྒྱལ་མཚན་གྱེན་དུ་བསྒྲེང་བའོ།། བསྙེམས་པ་གཉིས་གཏོད་པའོ།། སྒེག་པ་དང་བཅས་མཐའ་ལ་སོགས་པས་བཀྲོལ་བས་ཀློག་འགྱུར་པའི་གར་ཡོངས་སུ་བསྐོར ་བས་མེ་ཏོག་ལ་སོགས་པའི་ཀ་པུ་ཏིའི་ཐལ་མོ་སྤྱི་བོ་ནས་ཕག་རྡོ་རྗེ་ཐལ་མོ་བཀྲོལ་བས་དེ་བཞིན་དུ་སྒེག་པ་དང་བཅས་པས་མཆོད་པ་དོར་བར་བྱའོ།། རྡོ་རྗེ་གར་གྱི་ནང་གི་མཚམས་ཀྱི་ལའོ།། རྫོགས་པ་འམ་ནི་མ་ཚང་བ།། ཡང ་ན་ཇི་ལྟར་རྙེད་པ་བཞིན།། མེ་ཏོག་མཆོད་ལ་སོགས་མ་ཡིན།། དངོས་གྲུབ་མཆོག་སྩོལ་ཐུན་མོང་ཡིན།། དམ་ཚིག་གི་ཕྱག་རྒྱའི་སྦྱོར་མཚན་ཡོངས་སུ་བཟུང་བའོ།། འདི་རྣམས་ཀྱང ་དོན་ཡོད་པའི་ལས་སྒྲུབ་པ་རྣམས་སོ།། རྣམས་ཚུལ་གྱི་བདུད་རྩིའི་ཆུ་བཟླའོ།། འཇུག་པའི་ཆོ་གའི་ཕྱག་རྒྱ་བཤད་པ་ནི། དཀྱིལ་འཁོར་ཆེན་པོ་ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན་གྱིས་བྱིན་གྱིས་བརླབས་པའི ་གསང་བའི་དམ་ཚིག་ཅེས་བྱ་བའི་འཇུག་པའི་ཕྱག་རྒྱ་གཉིས་པ་ནི། གཡོན་མཐབ་མཛུབ་མོའི་སྐྱེ་གནས་སོ།། གཡས་པའི་མཐེ་བོའི་ལྷག་བཅུག་ལ།། བཙིར་བ་བདེ་བ་སྟེར་བའོ།། མཛུབ་མོ་ལྕགས་ཀྱུ་བཅིངས ་པ་སྟེ།། དཀྱིལ་འཁོར་མཆོག་ཏུ་འཇུག་པར་བྱ།། ཡང་ན་སེམས་དཔའ་གང་ལ་འཇུག། དེ་དེར་མྱུར་དུ་འགྲུབ་པར་འགྱུར།། རབ་ཏུ་དགའ་བའི་རྡོ་རྗེ་མའོ།། རང་གི་ཁུ་ཚུར་གྱིས་རྡོ་རྗེའི་བདུད་རྩིའི་ཆུ་བླངས ་ནས་ཆུའི་རྒྱུན་དེས་དབང་བསྐུར་ཏེ་བཐུང་ངུ་བཅུག་ན་དབང་བསྐུར་བར་འགྱུར་རོ།། དབང་བསྐུར་བ་ཐམས་ཅད་ཀྱིས་ན་ཚོད་དར་ལ་བབ་པ་དང་ནད་མེད་པ་དང་། དངོས་གྲུབ་ཐམས་ཅད་དང་ལྡན་པར་འགྱུར ་རོ།། འདི་ལ་རིམས་དང་། གདོན་དང་། དུག་དང་། སྦྱར་དུག་དང་།། མཁའ་འགྲོ་མ་དང་། ཕྱག་རྒྱ་ལ་སོགས་པས་གནོད་པ་བྱེད་པར་མི་ནུས་སོ།། སྐྱིལ་མོ་ཀྲུང་གིས་ནི་གར་དང་མཆོད་པ་དབུལ་བར ་བྱའོ།། དེ་ནས་མཆོད་པ་ནི་རྡོ་རྗེ་གར་གྱིས་སོ།། རྡོ་རྗེ་གླུ་བླངས་པས་རྡོ་རྗེ་གར་དབུལ་བ་ནི་འཁོར་ལོ་སྒྱུར་བའི་གར་གྱིས་སོ།། རྡོ་རྗེ་ཁུ་ཚུར་ཡོངས་སུ་བཟུང་བ་རྡོ་རྗེ་གཏོད་པས་རྡོ་རྗེ་མཚོན་ཆ་ལ་སོགས ་པར་བསྒྲེང་བར་བྱ་སྟེ། མཐར་སྒེག་མོ་དགའ་བའི་རྡོ་རྗེ་གསང་བའི་བཞད་པ་དང་བཅས་པའི་ཞལ་དང་སྤྱན་གཡོ་བས་ཕྱག་འཚལ་ལོ།། བཅོམ་ལྡན་འདས་རྡོ་རྗེ་འཆང་དགྱེས་པས་དགའ་བ་ཐམས་ཅད་ལ ་སོགས་པའི་བདེ་བ་དང་ཡིད་བདེ་བ་ཐམ་ཅད་དངོས་གྲུབ་སྩོལ་བ་ཡིན་ནོ།། རྡོ་རྗེ་བསྡམས་པ་བཙིར་བ་རང་གི་སྙིང་ཁར་བདེ་བ་བཀྲོལ་ན་དཀྱིལ་འཁོར་བཀྲོལ་བ་ལ་རྡོ་རྗེ་སེམས་དཔའི་སྒོམ་པས་རེག་དང་རྡོ་རྗེ་ཡིད ་ཀྱིས་གྱེན་དུ་བཏེག་ལ། རིམ་པ་ནང་གི་དཀྱིལ་འཁོར་དུ་ཞུགས་ན་དམ་ཚིག་ཉམས་པར་མི་འགྱུར་རོ།། རྡོ་རྗེ་སེམས་དཔའི་སྒོམ་པས་དཀྱིལ་འཁོར་ཕྱགས་ན་དམ་ཚིག་ཉམས་པར་ཡང་མི་འགྱུར ་རོ།། དེ་ནས་ལས་ཀྱི་ཕྱག་རྒྱའི་རྒྱུད་ནི། བདེ་བ་ཆེན་པོ་རྡོ་རྗེ་སྤྱི་བོ་དང་། དཔྲལ་བ་དང་། སྙིང་ཁར་བཞག་པ་ཕབ་སྟེ། ཕྱོགས་ཐམས་ཅད་དུ་འབར་བའི་ར་བ་འབྱུང་བར་འགྱུར་ཏེ། རྡོ་རྗེ་ཁྲོ་བོའི ་རྒྱལ་པོ་ཆེན་པོ་རྣམས་ཀྱིས་ཀྱང་འཇུག་པར་མི་ནུས་སོ།། སྙིང་ཁོར་སྒོམ་པ་རྡོ་རྗེ་དང་བཅས་པའོ།། གྱེན་དུ་ཁ་ལྟ་བས་ལྷུང་བར་བྱའོ།། རང་གི་གདོང་ཡོངས་སུ་སྦྱངས་ནས་གདོང་པར་བཀྲོལ་བར་བྱའོ།། ་དབུས་མའི་རྡོ་རྗེ་བརྟག་པར་བྱའོ།། དཔུང་འོག་གཉིས་སུ་གཞག་ཅིང་སྙིང་ཁར་གཞག་པར་བྱའོ།། དར་དཔྱངས་ཀྱི་དབང་བསྐུར་བ་མཐོང་བའོ།། སྐྱེ་གནས་ལས་དོང་ཚེ་འབྱིན་པའོ།། སྤྱི་བོར་གཞག ་པར་བྱའོ།། ས་ལ་རེག་པར་བྱའོ།། རབ་ཏུ་དགའ་བའི་རྡོ་རྗེའི་རྟགས་ཀྱི་ལྕགས་ཀྱུས་སོ།། རྩེ་མོ་གཏོད་པའི་སྐྱེ་གནས་བཀྲོལ་བ་ལག་པ་གཡོན་པའི་མཐིལ་ཉེད་ཅིང་བསྣུན་པར་བྱའོ།། ་བཙིར་བར་བྱའོ།། མིག་བཙུམ་པར་བྱའོ།། བསྐོར་ཞིང་བཙིར་ནས་ཁྲོ་བོའི་ལྟ་བས་ཐལྟ་བར་བྱའོ།། ཡོངས་སུ་བསྐོར་ནས་ཁའི་མཐའ་མཆེ་བ་བསྟན་པའི་གཡས་པའི་མཛུབ ་མོས་སྡིགས་མཛུབ་བོ།། མཛུབ་མོས་བལྟ་བར་བྱའོ།། མཐེ་བོང་བཙིར་བར་བྱའོ།། ཡི་གེ་མུས་ཕྱག་རྒྱ་བཀྲོལ་བའོ།། དང་པོའི་མཐེའུ་ཆུང་གིས་རྡོ་རྗེ་བསྣུན་པར་བྱའོ།། དེ་ཉིད་རྣམ་འགྱུར་བའི ་གདོང་པས་སོ།། དེ་ཉིད་ཡོངས་སུ་བསྐོར་ནས་དཔྲལ་བར་གྱེན་དུ་ཁ་བལྟ་བས་གནས་པའོ།། དེ་ཉིད་ཀྱིས་ནམ་མཁའ་ལ་གདེག་པའོ།། གཡོ་ཞིང་བཙུམ་པའི་མིག་གིས་ཕྱག་རྒྱ་བཅིངས་པར ་དགྲོལ་བའོ།། མཐེའུ་ཆུང་གིས་ནོར་བུས་རེག་པར་བྱའོ།། མཛུབ་མོ་མཉམ་པོས་ཞབས་ཀྱི་སོར་མོ་རྗེ་བར་བྱ་སྟེ། བཟའ་བ་འམ་ཡིད་ཀྱིས་གཞག་པར་བྱའོ།། མཛུབ་མོས་སྦྱིན་སྲེག་བྱེད་པའོ།། ་རབ་ཏུ་དགའ་བའི་རྡོ་རྗེ་གདོང་པར་དགྲོལ་བར་བྱའོ།། སྦྱིན་སྲེག་བྱེད་པའོ།། མཐེའུ་ཆུང་གཉིས་སྐྱེ་གནས་ལ་སྦྱར་ཏེ་ཕྱག་རྒྱ་བྲལ་བར་བྱའོ།། སྲིན་ལག་དང་མཐའ་མ་མཉམ་པར་སྦྱར་སེར་མོ་བ་དན ་གྱི་ཚུལ་དུ་བསྒྲེང་བར་བྱའོ།། རྡོ་རྗེ་བསྡམས་པས་ལེགས་པར་བྱེད་པ་མཛུབ་མེའི་མཐེ་བོང་མཉམ་པོ་ཕྱེ་བ་དང་བཀུག་པོ་བསྐོར་ནས་དྲལ་བར་བྱའོ།། རྡོ་རྗེ་བསྡམས་རབ་ཏུ་བརྐྱང་བའི་མཐིལ་ལས་རེག ་པར་བྱའོ།། དང་པོའི་རྡོ་རྗེ་སྤྲིན་བསྐྱེད་པའོ།། མཛུབ་མོས་ཆར་བསྐྱེད་པར་བྱའོ།། མཛུབ་མོས་བཟློག་པར་བྱའོ།། རྡོ་རྗེ་ལྟ་བས་འཕྲོག་པར་བྱའོ།། རབ་ཏུ་དགའ་བའི་རྡོ་རྗེ་བཤད་དོ།། མཛུབ ་མོས་གཅིག་གི་ནོར་བུའོ།། མཐེའུ་ཆུང་རྡོ་རྗེ་སྡིགས་མཛུབ་བོ།། བཛུབ་མོས་ས་འོག་ནས་ཆུ་མིག་བཀུག་ལ་བསྟན་པའོ།། བདེ་བ་ཆེན་པོ་རྡོ་རྗེ་ས་ལ་བཟུང་ནས་གཡོ་བར་བྱའོ།། མཛུབ་མོ་གཉིས ་ཀྱིས་གདེངས་ཀའི་ཚུལ་བསྟན་པའོ།། མཛུབ་མོ་བཞིའི་འོད་ཟེར་གྱིས་མེ་སྟག་བསྟན་པའོ།། མཛུབ་མོ་རླུང་བསྐྱེད་པའོ།། རབ་ཏུ་དགའ་བའི་རྡོ་རྗེས་མཛུབ་མོ་མེ་ལོང་དང་། རོལ་པ་དང ་ནམ་མཁའ་རྡོ་རྗེ་ལྟ་བ་དང་། སྟེང་དུ་བསྐོར་བར་བྱའོ།། རྡོ་རྗེའི་མངས་ཤིང་དྲུང་ཐམས་ཅད་དང་། ནགས་དང་། སྐྱེད་མོས་ཚལ་དང་། འབྲུ་ཐམས་ཅད་ལ་གཞག་པར་བྱའོ།། རྣོན་པོས་ཀློག་པར་བྱའོ།། ་བདག་ཉིད་ཀྱིས་ཐམས་ཅད་ལ་དྲང་བར་བྱའོ།། ཕྱི་རོལ་གྱི་དཔུང་མདུན་དུ་བསྐོར་བར་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གློག་འགྱུ་བས་བསྐོར་བར་བྱའོ།། གློག་འགྱུ་བས་ནམ་མཁའ་ལ་བསྐོར་བར་བྱའོ།། ་གཡས་པས་གཡོན་པ་ལ་བརྡེག་པར་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་གཡོ་ཞིང་གཡོ་བ་མེད་ལ་གཞག་པར་བྱའོ།། མཛུབ་མོ་མཉམ་པའི་དཀྱིལ་འཁོར་ནི་ནོར་བུའོ།། མཛུབ་མོའི་རྡོ་རྗེ་གཡོན་པའི་མཐེ་བོང ་གི་བུ་གར་གཡས་པའི་མཛུབ་མོ་གཞུག་པར་བྱའོ།། རབ་ཏུ་དགའ་བའི་རྡོ་རྗེས་སྟེང་དུ་ནམ་མཁའ་ལ་བཀའ་བ་སྐྱོད་པ་དང་། སྐྱེ་གནས་གཡོ་བ་དང་། དབུས་མའི་རྡོ་རྗེ་བསྐྱོད་ཅིང་བཙིར་བའོ།། རྡོ་རྗེ་ཡིད་ལས ་བྱུང་བ་དང་། རྡོ་རྗེ་ཀི་ལི་ཀི་ལི་དང་།། རྡོ་རྗེ་ཆུ་སྲིན་དང་། རྡོ་རྗེ་བསྙེམས་མ་ནི་བཤད་པའོ།། རྡོ་རྗེ་བསྡམས་པའི་མཛུབ་མོས་གསོལ་བ་བདེབས་པར་བྱེད་པས་མཛུབ་མོ་གཉིས་ཀྱིས་རང་གི་མིག་བཀག་ལ་ཡིད་ཀྱིས་ཇི་ལྟར ་མངོན་པར་འདོད་པ་བསྒོམ་པར་བྱའོ།། སྦྱིན་སྲེག་བྱེད་པའོ།། མཛུབ་མོས་རང་མིག་བཙུམ་པར་བྱའོ།། སོས་གཟུང་བར་བྱའོ།། བཏུང་བར་བྱའོ།། རྩེ་མོ་བསྐྱོད་རྙིང་སྦྱིན་སྲེག་བྱའོ།། ་མཐེ་བོའི་འོག་ཏུ་རབ་ཏུ་བརྐྱང་ལ་སྦྱིན་པར་བྱའོ།། རྡོ་རྗེའི་སྐུའི་ཕྱག་རྒྱའི་མཆོག་ནི་མཐེ་བོང་སེམས་དཔའི་སྐྱིལ་མོ་ཀྲུང་གི་མཛུབ་མོ་རྡོ་རྗེ་ནི་རྡོ་རྗེའི་སྐུ་མཆོག་གོ།། དབུས་མའི་མཉམ་པའི་མགོ་ལྕོགས་ཀྱིས། ་ངག་འབྱིན་པའོ།། སྙིང་ཁར་གཞག་ནས།། ཨོཾ་བུ་དྷི་ཙིཏྟ། ཨུཏྤ་ད་ཡཱ་མི་ཞེས་བྱ་བ་སྒོམ་མོ།། མཐེ་བོའི་རྟགས་གཡོན་པའི་མཐེ་བོའི་བུ་གར་གཞུག་པའོ།། རྡོ་རྗེ་ཁུ་ཚུར་གཉིས་གློག་འགྱུ ་བ་ལྟར་བསྐོར་བས་རྡོ་རྗེ་འཁོར་ལེའོ།། རྡོ་རྗེ་བསྙེམས་མ་རྡོ་རྗེ་དང་བཅས་པའོ།། ཡི་གེ་ཧཱུཾ་གིས་སྡིགས་མཛུབ་བོ།། རབ་ཏུ་དགའ་བའི་རྡོ་རྗེ་གར་གྱི་ཁ་སྦྱོར་རོ།། རྡོ་རྗེ་བསྙེམས་མ་བཤད་དོ།། ་མཐེའུ་ཆུང་གི་ཟུར་གྱིས་མདུད་པའི་རྩེ་མོ་མཉམ་པ་ཡོངས་སུ་བསྐོར། འོག་ནས་བཏེག་པ་མཛུབ་མོ་མཉམ་པའི་རྩེ་མོ་དང་དབང་བསྐུར་བའི་གནས་སུ་གཞག་ནི་རྡོ་རྗེ་མཛོད་སྤུའོ།། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་ཁུ་ཚུར་ནི་འོག་ནས་བཤད་པར་བྱའོ།། རྡོ་རྗེ་གར་གྱི་བཤད་པ་ཡིན་ནོ།། མཛུབ་མོ་ཕྱིར་ཕྱོགས་པ་སླང་བའི་རྡོ་རྗེ་སྙིང་ཁར་བཛྲེ་ཧཾ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའོ།། དེ་བཞིན་དུ་སྙིང་ཁར ་རྡོ་རྗེ་སྒོམ་ཞིང་མ་ཧཱ་ས་ཧ་ཧཾ་ཞེས་བྱའོ།། ཡེ་ཤེས་ཀྱི་ཁུ་ཚུར་གྱིས་ཏ་ཐཱ་ག་ཏ་ཨ་ཧཾ། བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་ཆེན་པོ་བཤད་དོ།། དེ་ནས་རྡོ་རྗེ་ཁུ་ཚུར་གྱིས་བཅིང་བ་ནི། མཛུབ་མོ་རྡོ་རྗེ་བསྡམས་པ ་ཅིང་།། མཛུབ་མོ་བཀུག་པ་གཉིས་ཀྱིས་བརྒྱན།། མཐའ་བ་གཉིས་ཀྱི་ནང་དུ་ནི།། མན་བོང་གཉིས་ཀྱི་ཁ་སྦྱར་ན།། དམ་ཚིག་ཆེན་པོ་རྡོ་རྗེ་མཆོག། ཁུ་ཚུར་དངོས་གྲུབ་མཆོག་ཀུན་སྩོལ།། རྡོ་རྗེ་ཚུར། ་རབ་ཏུ་བརྟགས།། དེ་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱའི་རྒྱུད་ཆོ་ག་རྒྱས་པ་ནི་ཕྱག་རྒྱ་ཆེན་པོ་རྣམས་ཀྱི་ནི། ཏ་ཐཱ་ག་ཏོ་ཧཱུ~ཾ་ཞེས་བྱ་བས་བརླང་བར་བྱའོ།། དམ་ཚིག་ཆོ་ག་མཆོག་ནི་མཐེ་བོང ་མཐེའུ་ཆུང་མཉམ་པའོ།། རྡོ་རྗེ་སྣ་ཚོགས་རྡོ་རྗེའོ།། མདའ་ལ་སོགས་པའི་དེ་བཞིན་ནོ།། ལས་ཀྱི་ཕྱག་རྒྱ་རྣམས་ནི་དེ་ཉིད་དོ།། དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དེ་བཞིན་དུ་བཅིང་བའོ།། ལྕགས་ཀྱུ་མ ་བཞིན་ནོ།། ཁུ་ཚུར་གྱི་ཁྱད་པར་རྡོ་རྗེ་བསྡམས་པའི་ཁུ་ཚུར་མཐེ་བོང་གཉིས་ལ་གནས་པ་དམ་ཚིག་གི་ཁུ་ཚུར་ཏེ། དེ་གཉིས་སུ་བྱས་པ་དེ་བཞིན་གཤེགས་པའི་ཁུ་ཚུར་རོ།། དེ་བཞིན་གཤེགས་པའི་ཁུ ་ཚུར་གཉིས་དང་དཀྱིལ་འཁོར་ལྔས་ཕྱག་འཚལ་ཞིང་འཇུག་པར་བྱའོ།། འདི་དག་ཀྱང་དངོས་གྲུབ་ཐམས་ཅད་སྩོལ་བའོ།། དེ་ནས་ལས་ཀྱི་ཕྱག་རྒྱ་བཅིང་བ་ནི་རྡོ་རྗེ་སྐུ་མཆོག་གི་སྤྱི་གཙུག་དང་། མཛོད་སྤུ་དང་། ་སྙིང་ཁར་བཞག་སྟེ་བསྐོར་ཞིང་བསྐོར་བས་ཁུ་ཚུར་ཆོས་དང་གདུག་ཏོར་དུ་གཟུང་བར་བྱའོ།། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱི་མཛུ་མོ་གཉིས་ཀྱི་བུ་འཛུ་བྱ་བ་དང་སྦྱིན་པའི་ཚུལ་བྱའོ།། གཡོན ་བ་སྙིང་ཁར་བཟུང་སྟེ་གཡས་པའི་མཛུབ་མོ་གཅིག་གིས་ས་ལ་རེག་པའོ།། གཡོན་པའི་ཁྲོ་བོ་མཛུབ་མོ་གཡས་པའི་ཁུ་ཚུར་གྱི་ནང་དུ་མངོན་པར་ཕྱོགས་པས།། དེ་བཞིན་གཤེགས་པ་ཐམས་ཅད། ་ཀྱི་ཁུ་ཚུར་སངས་རྒྱས་ཉིད་དུ་མྱུར་དུ་འཐོབ་པའོ།། རྡོ་རྗེ་བསྡམས་པའི་འོག་ཏུ་བཅིངས་པས་བསྟན་པའི་སྐྱིལ་མོ་ཀྲུང་ངོ་།། དེ་ནས་རྡོ་རྗེ་རིགས་ཀྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་རྒྱུད་ནི ་འཇུག་པའི་ཕྱག་རྒྱ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་དགུག་པའི་ཕྱག་རྒྱ་དེ་ཉིད་དོ།། ཕྱག་རྒྱ་ཆེན་པོ་རྣམས་ཀྱང་དེ་བཞིན་ནོ།། དམ་ཚིག་ནི་ཐེག་ཏུ་རྡོ་རྗེ་བསྡམས་པའི་སོར་མོ་ཐམས་ཅད་འབར་བའི་ནང་དུ་མཐེ ་བོང་རྡོ་རྗེ་ནི་རྡོ་རྗེ་ཁྲོ་བོ་ཏི་རིན་ཏི་རི་སྟེ། རྡོ་རྗེ་འཆང་ཆེན་པོ་སྒྲུབ་པར་བྱེད་པའོ།། གཞན་དག་ཀྱང་དེ་བཞིན་ནོ།། ཆོས་ཀྱི་རྣམས་ནི་དེ་བཞིན་ཏེ། ལས་ཀྱི་ཕྱག་རྒྱ་རྣམས་ནི་དེ་བཞིན་ནོ།། ཁུ་ཚུར་གྱི་ཁྱད་པར། ་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་སྡིགས་མཛུབ་བོ།། དམ་ཚིག་ལས་བྱུང་བ་དེ་བཞིན་ནོ།། དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ནི་རྡོ་རྗེ་ཧཱུཾ་མཛད་ལས་བྱུང་བའོ།། ལག་པ་རྡོ་རྗེའི་མཐེའུ་ཆུང་གདུ་བུར་བཅིངས ་པའི་སྡིགས་མཛུབ་ནི། རྡོ་རྗེ་ཧཱུཾ་མཛད་དེ་གཡོན་བརྐྱང་བས་གནས་པའོ།། གཡོན་པའི་མཛུབ་མོའི་རྡོ་རྗེ་སྡིགས་མཛུབ་བོ།། སྣའི་དབུགས་དང་ཡི་གེ་ཧཱུ~ཾ་གིས་སོ།། ཁྲོས་པ་ཡི་གེ་ཨ་སྦྱར་བར་བྱའོ།། ་ཧར་དགོད་པ་བཞད་པར་བྱའོ།། སྙིང་ཁར་རྡོ་རྗེ་བསྒོམས་པས་རྡོ་རྗེའི་ཕྱག་རྒྱ་ཆེན་པོའོ།། དེ་ནས་པདྨའི་རིགས་ཀྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་རྒྱུད་ནི་དེ་བཞིན་གཤེགས་པའི་རྡོ་རྗེའི་མཛུབ་མོ་གཉིས་བཀུག ་ལ་དེའི་སྙིང་ཁར་གཞག་པ་ནི་རྡོ་རྗེ་པདྨའོ།། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་ནི་དེ་བཞིན་ནོ།། དམ་ཚིག་གི་ཁྱད་པར་དང་ཁུ་ཚུར་གྱི་ཁྱད་པར་རོ།། ཁ་འབུས་པའི་ཐལ་མོ་ལས་མཐ ་བོང་དང་མཐེའུ་ཆུང་ཁ་ཕྱེ་བས་འདབ་མ་བཞི་པའི་པདྨ་ཆེན་པོའོ།། ཐམས་ཅད་བཅིང་བ་ནི་ཇི་ལྟ་བ་བཞིན་ནོ།། ཁུ་ཚུར་གྱི་ཁྱད་པར་ནི་རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་བཀུག་ལ་མཐེ་བོང་མཉམ་པར ་བརྐྱང་ལ་དབུས་མ་གཉིས་ཕྱི་རོལ་ཏུ་གཤིབས་པ་དང་བཅས་པ་གཞག་པ་སྟེ་། དེ་གཉིས་སུ་བྱས་པ་པདྨའི་ཁུ་ཚུར་རོ།། དེ་ལས་ལས་ཀྱི་ཕྱག་རྒྱ་རྣམས་ནི་པདྨ་ཆེན་པོའི་བཤད་པའོ།། དེ་ཉིད་སྤྱི་བོ་འའོ། ་དེ་ཉིད་རྡོ་རྗེ་ལྟ་བས་བལྟ་བར་བྱའོ།། དེ་ཉིད་སོར་མོ་ཐམས་ཅད་ཁ་ཕྱེ་བས་སོ།། དེ་ཉིད་རྡོ་རྗེ་གཉིས་གཉིས་ཀྱི་མིག་གོ།། དེ་ཉིད་ལེགས་པར་བྱེད་པའོ།། དེ་ཉིད་དཔྲལ་བར་བྱས་ནས་གསོལ་བ་གདབ་པར ་བྱའོ། དེ་ཉིད་གཡོན་པའི་སྐྱེ་གནས་སུ་མཐེ་བོའི་རྟགས་བཅུག་པའོ།། དེ་ནས་ནོར་བུའི་རིགས་ཀྱི་ཕྱག་རྒྱའི་རྒྱུད་ཀྱི་ཆོ་ག་རྒྱས་པ་ནི་རྡོ་རྗེ་ཐལ་མོ་རབ་ཏུ་བརྐྱང་ཞིང་མཐེ་བོང་མཉམ་པོ་ལ་མཛུབ་མོ་བཀུག་པ ་བཞག་སྟེ། དཔྲལ་བའི་མཛད་སྤུའི་ཕྱོགས་སུ་བཞག་ན་དབང་བསྐུར་བ་ཐམས་ཅད་གསོལ་བའོ།། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བཅིང་བ་དེ་བཞིན་ནོ།། དམ་ཚིག་གི་རྡོ་རྗེའི ་བསྡམས་པ་ནི་མཛུབ་མོ་བཀུག་པའི་སོར་མོ་མཉམ་པའི་ནོར་བུ་མཐེ་བོང་རྡོ་རྗེས་བཀབ་པ་རྡོ་རྗེ་ནོར་བུའོ།། གཞན་རྣམས་ནི་དེ་ལས་བྱུང་བའི་རྡོ་རྗེ་རིན་པོ་ཆེའི་ཁུ་ཚུར་རོ།། དེ་གཉིས་སུ་བྱས་རིན་པོ ་ཆེའི་ཁུ་ཚུར་རོ།། དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ནི་རྡོ་རྗེ་རིན་པོ་ཆེ་བསྒྲེང་བ་བསྒྲུབ་པར་བྱ་བའི་མྱུ་གུའོ།། ཁ་སྦྱར་ནས་སྲིན་ལག་དང་མཐེའུ་ཆུང་མཉམ་པོ་ཁ་ཕྱེ་བས་མཆོག་གི་དར་དཔྱངས་འཛིན་པའོ།། ་དབུས་མའི་ནོར་བུའོ།། མཐེའུ་ཆུང་གི་རྩེ་མོའོ།། འོག་ཏུ་གཏོར་བའོ།། རྡོ་རྗེ་བསྡུམས་པ་ལས་ནི་མཛུབ་མོའི་ནོར་བུའི་བརྐྱང་བའི་འཕྲེང་བའོ།། རྡོ་རྗེ་རིན་པོ་ཆེའི་གསུམ་མདུད་དང ་ལོགས་གཉིས་སུ་བཅིང་བར་བྱའོ།། རྡོ་རྗེ་རིན་པོ་ཆེའི་མཛོད་སྤུའི་ཕྱོགས་སུ་གཞག་སྟེ་མཛུབ་མོའི་རྩེ་མོས་སྟེང་དུ་འདུད་པ་དང་དཔྱངས་ཀྱི་ཚུལ་བྱའོ།། མཐེ་བོང་གཉིས་བརྟན་པའི་སྐྱིལ་མོ་ཀྲུང་བྱས་ལ ་མཛུབ་མོ་གཉིས་བཀུག་ནས་མཉམ་པའི་ཁ་འབུས་པའི་མཆོག་གཽ་ལུས་ཅན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་གོ། དེས་སྤྱི་བོ་ནས་བརྩམས་ཏེ། མདུན་དང་། གཡས་དང་། རྒྱབ ་དང་གཡོན་དུ་བྱ་བ་བྱས་ནས། དེ་བཞིན་དུ་མདུན་དང་། རྒྱབ་དང་། ལོགས་གཉིས་སུ་སྒེག་པ་དང་བཅས་པས་མཐའ་མ་ལ་སོགས་པ་བཀྲོལ་བ་བྱས་ནས། འཕྲེང་བ་བཅིངས་པའི་མདུད ་པ་བྱ་ཞིང་དར་དཔྱངས་ཀྱི་ཚུལ་དུ་བྱ་སྟེ།། རྡོ་རྗེ་སེམས་དཔའི་དབང་བསྐུར་བ་དང་སྲིད་པ་གསུམ་གྱི་དབང་ཕྱུག་ཐམས་ཅད་ཀྱི་མཆོག་རྡོ་རྗེ་སེམས་དཔའ་ཉིད་ཐེབ་པ་ཡིན་ནོ།། རྡོ་རྗེ་ཐམས་ཅད་ཀྱི ་རྟོགས་པ་ཐམས་ཅད་ནི་གོང་དུ་ཇི་ལྟ་བ་བཞིན་ནོ།། དེ་ནས་ཕྱིའི་ཕྱག་རྒྱ་ཤེས་པར་བྱ་བ་ནི་འདི་ཡིན་ཏེ། ཕྱག་རྒྱ་ཆེན་པོ་ནི་གཡོན་པར་ཁམ་ཕོར་དང་གཡས་སུ་མདའ་གཏོད་པའི་ཕྱག་རྒྱའོ།། ་དམ་ཚིག་གི་འཇུག་པ་ནི་མཛུབ་མོ་དང་། གུང་མོ་དང་། སྲིན་ལག་མཉམ་པར་ལེགས་པར་སྦྱར་ལ།། རྩེ་གསུམ་པར་བྱས་ལ་མཐེ་བོང་དང་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་ནི་མགོན་པོ་རྣམས་ཀྱིའོ།། ་ཅི་ནས་ལྟར་བཟུང་བ་བཞིན་དུ་ལྷ་མོ་རྣམས་ཀྱི་ཕྱག་རྒྱའོ།། དམ་ཚིག་ནི་གུང་མོ་དང་སྲིན་ལག་རྡོ་རྗེ་བསྡམས་པས་མཛུབ་མོ་དང་། གུང་མོ་དང་། མཐེའུ་ཆུང་དང་། སྲིན་ལག་མཐེ་བོའི་སོར་མོའི་རྩ་བར་བསྡུས ་པ་ནི་སྲིང་མོ་བཞིའི་དཀྱིལ་འཁོར་གྱི་ཕྱག་རྒྱའོ།། གལ་ཏེ་དཀྱིལ་འཁོར་བརྟག་པར་མི་ནུས་ན་དེའི་ཚེ་འདི་བཅིངས་པས་དཀྱིལ་འཁོར་ཤིན་ཏུ་བརྟག་པར་འགྱུར་ཏེ་དངོས་གྲུབ་ཀྱང་ཤིན་ཏུ་གསོལ་བ་ཡིན་ནོ།། ་ལྷ་མོ་རྣམས་འདི་ཉིད་ཀྱིས་སྤྱན་དྲངས་པར་རང་འཇུག་པར་བྱའོ།། དེ་ནས་སྒྱུ་མའི་འཁོར་ལོ་ནི་གཡོན་པའི་སྟེང་དུ་སོར་མོ་ཐམས་ཅད་ཤིན་བརྐྱང་། དམ་ཚིག་དཀྱིལ་འཁོར་གྱི་འཁོར་ལོ་སྟེ། ལྷ ་མ་ཡིན་ཐམས་ཅད་ཀྱི་སྒྱུ་མ་ཐམས་ཅད་དོན་ཡོད་པར་སྒྲུབ་པའོ།། ག་དང་ཀ་ཅན་གྱི་དབང་པོའི་མཐེ་བོང་གཉིས་པ་རྩེ་མོའི་ཕྱི་རོལ་ཏུ་ཕྱོགས་པའི་སོར་མོ་བརྒྱད་ཀྱིས་ཀླུ་ཐམས་ཅད་དགུག་པ་དང ་གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའི་དམ་ཚིག་སྟེ། ལྟོ་འཕྱེ་ཆེན་པོའི་ལག་པའོ།། གལ་ཏེ་བདབ་པར་བྱེད་ན་འཆི་བར་འགྱུར་རོ།། གུང་མོ་དང་སྲིན་ལག་བཞི་པོས་མདུད་པ་བྱ ་ལ་མགུ་བའི་ཚུལ་གྱིས་སྟེང་དུ་སྒྲེང་སྟེ་བསྡུས་ནས་མཐེའུ་ཆུང་གཉིས་ཀྱི་རྩེ་མོས་བཏེག་པར་བྱས་ན་དུག་ཐམས་ཅད་འབར་བ་དང་། དུག་ཐམས་ཅད་བཅིང་བ་དང་། ཀུན་ལས་བསྡུས་ཏེ་བཏེག་པས ་དུག་ཐམས་ཅད་འཇིག་པའོ།། བདེ་ཉིད་ཀྱི་དུག་ཐམས་ཅད་ཟ་བ་དང་། འཕོ་བདུག་མེད་པར་བྱའོ།། ཕྱི་རོལ་གྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་རྒྱུད་དོ།། དེ་ནས་རྟོག་པ་ཐམས་ཅད་སྒྲུབ་པའི་ཕྱག་རྒྱ་རྗིད་ཀྱི ་ཆོ་ག་རྒྱས་པའོ་ཞེས་བཅོམ་ལྡན་འདས་བདེ་བ་ཆེན་པོའི་རྡོ་རྗེའི་གསང་བའི་དམ་ཚིག་ཆེན་པོ་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལ་སྐུའི་ཕྱག་རྒྱ་ལྔ་ནི་ཕྱག་རྒྱ་ཆེན་པོ་རྡོ་རྗེ་འཆང་། ་ཆེན་པོའི་རིགས་ལའོ།། དམ་ཚིག་གི་ཕྱག་རྒྱ་དེ་བཞིན་གཤེགས་པའི་རིགས་ལའོ།། རྡོ་རྗེ་ཧཱུཾ་མཛད་ནི་རྡོ་རྗེའི་རིགས་ལའོ།། པདྨ་ཆེན་པོ་ནི་པདྨའི་རིགས་ལའོ།། རྡོ་རྗེ་ནོར་བུ་ཆེན་པོ་ནི་ནོར་བུའི་རིག ་ལའོ།། དེ་ནས་གསུང་གི་ཕྱག་རྒྱ་ལྔ་ནི་སྙན་པའི་གླུའི་ཡུལ་ཐམས་ཅད་ཀྱི་ཚུལ་རྣམས་ནུས་པ་ཇི་ལྟ་བའི་གླུའི་ང་རྒྱན་ཐམས་ཅད་ནི་གླུ་བླངས་ཏེ་བཟླས་པ་ནི་རྡོ་རྗེ་སེམས་དཔའི་རིགས་ལ་རབ་ཏུ་དགའ ་བའི་རྡོ་རྗེའི་ངག་གོ།། ལྕེ་དང་མཆུ་གཉིས་ཤིན་ཏུ་གཡོ་བ་མེད་ཅིང་ངོས་ཤིན་ཏུ་མ་འབྱར་བ་དབྱངས་དང་བྲལ་བའི་རྡོ་རྗེའི་དེ་ནི་དེ་བཞིན་གཤེགས་པའི་རིགས་ལ་སྟེ་རིགས་ཐམས་ཅད་དགོད་པའོ།། སྤྲིན་གྱི ་འབྲུག་སྒྲ་ཡི་གེ་ཧཱུཾ་གྲི་སྒྲ་ཕྲ་མོ་དང་ལྡན་པ་ནི་རྡོ་རྗེ་ཞེས་བྱ་བའི་ངག་རྡོ་རྗེའི་རིགས་སོ།། ཏིང་ངེ་འཛིན་གྱི་ངག་པདྨའི་རིགས་ལ་སྟེ་ཐམས་ཅད་དག་པའི་པདྨ་ཞེས་བྱའོ།། ཆོས་ཀྱི་ངག་ནོར་བུའི་རིགས་ལ་སྟེ། ་མཆོད་པའི་ནོར་བུའོ།། དེ་ནས་ཐུགས་ཀྱི་ཕྱག་རྒྱ་ལྔ་སྟེ། ཐམས་ཅད་བསྒྲུབ་པར་བྱ་བ་ལ་ནི་རྡོ་རྗེ་སེམས་དཔའི་དངོས་པོས་སོ།། སངས་རྒྱས་རྗེས་སུ་དྲན་པས་དེ་བཞིན་གཤེགས་པའི་རིགས་ལའོ།། བདག་གམ། ་བདག་གི་མདུན་དུ་གསད་པར་བྱའོ་ཞེས་བྱ་བ་ནི་རྡོ་རྗེའི་རིགས་ལའོ།། སྦྱང་བར་བྱའོ་ཞེས་བྱ་བ་ནི་པདྨའི་རིགས་ལའོ།། ནམ་མཁའ་ཐམས་ཅད་བསྒོམ་པས་ནོར་བུའི་རིགས་ལའོ།། དེ་ནས་རྡོ་རྗེའི་ཕྱག་རྒྱ་ལྔ ་ནི་རྡོ་རྗེ་རྩེ་མོ་ལྔ་འོད་ཟེར་གྱི་འཕྲེང་བས་རྩེ་མོ་ཡོངས་སུ་ཁྱབ་པ་དང་བདེ་བ་ཆེན་པོའི་རྡོ་རྗེའི་ཁུ་ཚུར་གྱིས་རྡོ་རྗེ་སེམས་དཔའི་རིགས་ལའོ།། རྡོ་རྗེ་རྩེ་ལྔ་པ་འོད་ཟེར་དང་བཅས་པ་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དེ། ་བཞིན་གཤེགས་པའི་རིགས་ལའོ།། འབར་བའི་རང་བཞིན་རྡོ་རྗེ་རྩེ་བཞི་པ་རྡོ་རྗེ་ཁྲོ་བོ་ཁུ་ཚུར་གྱིས་རྡོ་རྗེའི་རིགས་ལའོ།། པདྨའི་སྟེང་གི་དེ་བཞིན་གཤེགས་པའི་རྡོ་རྗེའི་པདྨའི་ཁུ་ཚུར་གྱིས་པདྨའི་རིགས ་ལའོ།། རྡོ་རྗེ་ཕྱེད་པས་རྡོ་རྗེ་རིན་པོ་ཆེ་ནོར་བུ་ཁུ་ཚུར་གྱིས་ནོར་བུའི་རིགས་ལའོ།། དེ་ནས་རིགས་ཐམས་ཅད་རྟོགས་པའི་གསང་བ་ཐོགས་པ་མེད་ཅིང་གདོན་མི་ཟ་བའི་དེ་ཁོ་ན་ཉིད་ཀྱིས་བདེན་པ ་མྱུར་དུ་མཆོག་གི་དངོས་གྲུབ་ཀྱི་ཚིག་རྒྱས་པ་སྒྲུབ་པ་ཐམས་ཅད་ཀྱི་རྒྱུད་བཤད་པར་བྱའོ།། ཞེས་བཅོམ་ལྡན་འདས་དོན་ཡོད་ཅིང་ཐོགས་པ་མེད་པར་མྱུར་བ་མཆོག་གི་དངོས་གྲུབ་ཅན་རྡོ་རྗེ་སེམས ་དབུས་གསུངས་སོ།། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ནི་བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་དམ་ཚིག་གོ།། གསུང་གི་ཕྱག་རྒྱ་ནི་སྙིང་པོའོ།། ཐུགས་ཀྱི་ཕྱག་རྒྱ་ནི་ཉེ་བའི་སྙིང་པོའོ།། རྡོ་རྗེའི་ཕྱག། ་རྒྱ་ནི་རྡོ་རྗེ་བསྙམས་མའོ།། དེ་ནས་ཕྲ་མའི་ལས་ཀྱི་ཕྱག་རྒྱའི་རྒྱུད་དོན་ཡོད་ཅིང་ཐོགས་པ་མེད་པ་འདི་ཡིན་ཏེ། མ་མཆུའི་སྒྲོས་སོ་རྣམས་ཀྱིས་བཟུང་ནས་རྡོ་རྗེའི་ལྟ་བས་བལྟ་ཞིང་ཐམས་ཅད་རྗེས ་སུ་ཆགས་པ་དང་། དབང་དུ་བྱེད་པ་དང་། རོལ་པ་དང་།། བརྟན་པར་བྱེད་པའི་དངོས་གྲུབ་སྐད་ཅིག་གིས་སོ་སོར་ཉམས་སུ་མྱོང་བ་ནི་རྡོ་རྗེ་སེམས་དཔའི་རིགས་ལའོ།། རྡོ་རྗེ་ཕྲ་མོའི་བྱིན་གྱིས ་བརླབས་ཏེ། དམ་ཚིག་ཙམ་དུ་བལྟ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་པ་དང་། རྣམ་པར་གྲོལ ་བའི་ཡེ་ཤེས་མཐོང་བའི་དངོས་གྲུབ་ཐོབ་པར་འགྱུར་བ་ནི་དེ་བཞིན་གཤེགས་པའི་རིགས་ལས་བྱུང་ངོ་།། ཁྲོ་གཉེར་དང་བཅས་པའི་ཁྲོ་བོས་མི་བཟད་པའི་ལྟ་བ་བྱ་བ་ཤིན་ཏུ་མ་འགལ་བསྡམས ་ནས་ཐམས་ཅད་ལྟུང་བ་དང་། དབབ་པ་དང་། རེངས་པ་དང་། ཉལ་དུ་བཅུག་པ་དང་། རྒྱས་བཏབ་པ་དང་། གསོད་པ་དང་། གཞན་གྱི་དཔུང་རྨུགས་པ་དང་། ཐམས་ཅད་ལས ་རྣམ་པར་རྒྱལ་བའི་དངོས་གྲུབ་སྐད་ཅིག་མས་འབྱུང་བར་འགྱུར་བ།། ཁྲོ་བོའི་རྡོ་རྗེ་ཁུ་ཚུར་རིགས་ལའོ།། བཙུམས་པ་མེད་པས་རྡོ་རྗེ་བལྟ་བས་མཆུ་མཉམ་པ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱང་བ ་དང་སྲུང་བ་དང་། ཏིང་ངེ་འཛིན་མངོན་དུ་གྱུར་པའི་དངོས་གྲུབ་འབྱུང་བ་ནི་པདྨའི་རིགས་ལའོ།། འབར་ངའི་ལྟ་བས་ཞལ་རྣམ་པར་བཞད་པས་དབང་བསྐུར་བ་ཐམས་ཅད་དང་། ཕུན་སུམ་ཚོགས ་པ་ཐམས་ཅད་དང་། མཆོད་པའི་ཆོ་ག་རྒྱས་པའི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ།། དེ་ནས་ཕྱག་རྒྱ་ཐམས་ཅད་བཅིང་བ་བསྒྲུབ་པ་ནི། ཉིན་རེ་མངོན་དུ་ལན་ཅིག་ཏུ།། སྙིང་པོ་རང་ཉིད་སྒྲུབ་པ ་སྟེ། རང་གིས་བཅིངས་ནས་མདོར་བསྡུས་པ།། ཕྱག་རྒྱ་ཐམས་ཅད་གྲུབ་པར་འགྱུར།། དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་གསང་བ་གྲུབ་པ་ནི། སྙིང་པོ་ཕྱག་རྒྱ་སྔགས་རིག་པའི།། སྒྲུབ་པ་འདི་ནི་རྨེད ་དུ་བྱུང་།། ཅི་ནུས་ཅི་འདོད་བཟླས་པ་ཡིས།། ཉེ་བའི་སྙིང་པོ་གསང་བའོ།། དོན་ཡོད་ཐོགས་མེད་གསང་བ་དང་།། རང་བཞིན་གྲུབ་པ་དེ་བཞིན་དུ།། བསོད་ནམས་མེད་པ་རྣམས་ལ་ཡང་།། དངོས ་གྲུབ་ཀུན་ལ་གྲུབ་པར་འགྱུར།། དཀྱིལ་འཁོར་མ་ཞུགས་པ་རྣམས་ལ།། སྙིང་པོ་མཆོག་འདི་སྦྱིན་མི་བྱ།། གསང་བའམ་གསང་རྒྱུད་དམ་པ་ནི།། གལ་ཏེ་དངོས་གྲུབ་ཡིད་བོང་འདོད།། གང་གི་ཁྱིམ ་དུ་གནས་གྱུར་པའི།། ཕྱག་རྒྱ་སྔགས་འདི་དགེ་བ་སྟེ།། གཞན་གྱིས་མི་ཐུབ་མི་སོད་ཅིང་།། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར།། སེམས་ཅན་ཐམས་ཅད་བདེ་དོན་དང་།། སྒྲུབ་པ་ཐམས་ཅད ་སྒྲུབ་པའི་ཕྱིར།། སྲས་བཅས་སངས་རྒྱས་ཐམས་ཅད་ཀྱིས།། རྡོ་རྗེ་མཆོག་འཛིན་ད་ལ་ཞུས།། བདེ་བ་ཆེན་པོ་རབ་བསྒྲུབ་དང་།། ཆགས་པ་ཆེན་པོ་རྣམ་དག་ཕྱིར།། རྟོགས་པ་ཐམས་ཅད་བསྡུས ་པའི་རྒྱུད།། སེམས་དཔའ་ཆེན་པོ་བཤད་དུ་གསོལ།། རྣམ་རྟོག་མེད་པའི་ཆོས་རྣམས་ལ།། འདིར་ནི་རྟོག་པ་གང་ཞིག་མཛོད།། སྙིང་པོ་ཞེས་ནི་གང་བཤད་པའི།། ཡེ་ཤེས་རྒྱུད་ནི་ཇི་ལྟར་ཡིན།། ་དཀྱིལ་འཁོར་ཞེས་ནི་བརྗོད་པ་ཅི།། དེར་འཇུག་ཡོན་ཏན་ཅི་དང་ལྡན།། རིགས་ཀྱི་འཁོར་ལོའི་ཁྱད་པར་དང་།། གཞན་ཡང་སྒྲུབ་པ་ཇི་ལྟ་བུ།། རྡོ་རྗེ་སེམས་དཔའ་སེམས་དཔའ་ཉིད།། འདི་ཡང ་ཇི་ལྟར་དེ་ཉིད་གང་།། ཐོག་མ་མཐའ་མ་མེད་ཉིད་དང་།། རབ་ཏུ་དགའ་པ་ཇི་ལྟར་འགྱུར།། དང་པོ་སྙིང་པོ་འདི་ཡི་ཡིན།། དེ་བཞིན་ཉིད་ནི་གང་ཞིག་ཡིན།། ཧཱུཾ་གི་གླུ་ནི་གང་གིས་གསུངས། ་འདི་ཡི་དོན་ནི་ཇི་ལྟར་བརྗོད།། སེམས་ནི་རྡོ་རྗེ་ཉིད་དང་ནི།། དེ་བཞིན་ཕྱག་རྒྱ་རྡོ་རྗེ་ཉིད།། སངས་རྒྱས་རྣམས་ནི་འབྱུང་བ་དང་།། རིགས་རྣམས་ཀྱང་ནི་དེ་བཞིན་དུ།། སངས ་རྒྱས་བྱང་ཆུབ་སྒྲུབ་པ་དང་།། སངས་རྒྱས་བདུད་དུ་ཇི་ལྟར་འགྱུར།། རྟོགས་པ་རྣམས་ཀྱང་སྲུབ་པ་དེ།། དང་པོའི་སྙིང་པོ་འདི་ཉིད་དང་།། སྙིང་པོ་ཕྱག་རྒྱ་སྔགས་རིག་པའོ།། སྒྲུབ་པ ་བཞིན་དངོས་གྲུབ་རྣམས།། བསོད་ནམས་མེད་པས་ཇི་ལྟར་འགྲུབ།། སློབ་དཔོན་ཉིད་དུ་ཇི་ལྟར་གྲུབ།། མེ་ཏོག་སྤོས་དང་མར་མེ་དང་།། དྲི་རྣམས་ཅི་ཡིན་ཇི་ལྟར་འགྱུར།། མཆོད་པ ་ཡང་ནི་ཇི་ལྟར་བྱ།། གསང་བའི་མཆོད་པ་ཇི་ལྟར་ཡིན།། ཀུན་བྱེད་ཀུན་ཟ་སྡིག་པ་ཅན།། ཤིན་ཏུ་སྡིག་ཅན་ཇི་ལྟར་གྲུབ།། དོན་ཡོད་ཐོགས་མེད་དངོས་གྲུབ་ཀྱིས།། དེ་རྣམས་ཇི་ལྟར་འགྲུབ། ་པར་འགྱུར།། གསང་བ་དེ་ཡང་གང་ཞིག་ཡིན།། འདི་ཉིད་དུ་ནི་གང་གིས་གྲུབ།། བདེ་བ་ཆེན་པོ་རབ་གྲུབ་དང་།། ཆགས་པ་ཆེན་པོ་རྣམ་དག་ཕྱིར།། གསང་བའི་དེ་ཉིད་གསང་བ་ནི།། བདགེ། ་ཅག་རྣམས་ལ་ཀུན་བཤད་གསོལ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པོའི་ཚིག་གསན་ནས་ཞལ་རབ་ཏུ་བཞད་དེ། བཞད ་པ་ཆེན་པོའི་དམ་ཚིག་ཆེན་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་ཞེས་བྱ་བའི་རྣམ་པར་གནོན་པར་མཛད་ནས་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མ་འདི་གསུངས་སོ།། དེ་ལ་རྣམ་པར་མི་རྟོག་པ་ཁྱབ་པའི་རླུད་ནི།། ་རྣམ་རྟོག་མེད་པའི་ཏིང་འཛིན་ལས།། སེམས་ཅན་དོན་ནི་ཡོངས་སུ་བརྟག། དེས་ན་བརྟག་པར་བཤད་བྱ་སྟེ།། རྟོག་པ་ཡོངས་སུ་དག་ཕྱིར་རོ།། དེ་ལ་བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་དཀྱིལ་འཁོར་གྱི་རྒྱུད་ནི ་འདི་ཡིན་ཏེ། ས་ལ་ཡི་གེའི་གནས་བྲིས་ནས།། བདེ་བ་ཆེན་པོ་ཞེས་བརྗོད་པ།། དེ་ཡི་དམ་ཚིག་རྡོ་རྗེ་སྟེ།། སྙིང་པོ་ཐམས་ཅད་སྒྲུབ་བྱེད་པའོ།། དེ་ལ་དཀྱིལ་འཁོར་གྱི་བཤད་པའི་རྒྱུད་ནི། ཇི་ལྟར་གནས ་དང་ཇི་ལྟར་དུས།། ཇི་ལྟར་འཇིག་རྟེན་ཇི་ལྟ་བུ།། འཁོར་ནི་དགོད་པར་བྱ་བ་སྟེ།། དེ་ལྟ་བུ་ཡི་དཀྱིལ་འཁོར་བྲི།། དེ་ནས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པའི་རྣམ་པར་སྨིན་པའི་རྒྱུད་ནི། རྡོ་རྗེ་སེམས ་སོགས་སེམས་དཔའ་ཡི།། འཁོར་བཅས་དེ་ཚེ་དཀྱིལ་འཁོར་དུ།། ཞུགས་པའི་བསོད་ནམས་ཅི་འདྲ་བ།། དེ་ལྟར་བྲིས་པའང་དེ་དང་འདྲ།། དེ་ནས་རིགས་ཐམས་ཀྱི་འཁོར་ལོའི་ཁྱད་པར་གྱི་རྒྱུད་ནི། རྡོ་རྗེ་འཁོར ་ལོར་བརྟན་པ་བཞིན།། ལྕགས་ཀྱི་འཁོར་ལོ་དམ་པ་སྟེ།། འབར་བའི་འཁོར་ལོ་དེ་བཞིན་དུ།། པདྨ་འདབ་བརྒྱད་ནོར་བུ་ཆེ།། དེ་ནས་དཀྱིལ་འཁོར་ཐམས་ཅད་སྒྲུབ་པའི་རྒྱུད་ནི། དཀྱིལ་འཁོར་བརྟག་པར ་བྱས་ནས་ནི།། ནང་གི་རིམ་པར་ཞུགས་བྱ་སྟེ།། དཀྱིལ་འཁོར་བདག་ལ་ཛཿཧཱུཾ་བཾ།། ཧེ་པྲད་སིད་དྷི་བ་བརྗོད་བྱ།། དེ་ནས་རྡོ་རྗེ་སེམས་དཔའ་དྲ་ཉིད་ནི།། སངས་རྒྱས་ལ་སོགས་འགྲོ་ཀུན་གྱིས།། ཐམས ་ཅི་དང་དག་ཉིད་བཅོམ་ལྡན་མཆོག། སེམས་ཅན་འབྱུང་ཕྱིར་སེམས་དཔའ་ཆེ།། རྡོ་རྗེ་སེམས་དཔའ་རབ་ཏུ་གྲགས།། དེ་ནས་དམ་ཆོག་ཆེན་པོའི་དེ་ཁོ་ན་ཉིད་བཤད་པའི་རྒྱུད་ནི། ཐོག་མཐའ་མེད ་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། འཁོར་བ་མྱ་ངན་འདས་དེ་བཞིན།། དེ་ནས་ཐོག་མ་དང་མཐའ་མ་མེད་པའི་དེ ་ཁོ་ན་ཉིད་བཤད་པའི་རྒྱུད་ནི། ཐོག་མཐའ་མེད་པ་ཐམས་ཅད་ནི།། ནམ་མཁའ་འབྱུང་བ་ཆེན་པོའི་གནས།། ནམ་མཁའ་སྐྱེ་བ་སྐྱེ་མེད་ཕྱིར།། རྡོ་རྗེ་སེམས་དཔའ་དེ་བཞིན་ནོ།། དེ་ནས ་བཅོམ་ལྡན་འདས་རབ་ཏུ་དགའ་བའི་བཤད་པའི་རྒྱུད་ནི། རབ་ཏུ་དགའ་ཕྱིར་ཉོན་མོངས་ཏེ།། འདོད་པ་ཐམས་ཅད་བདེ་འདོད་པ། དེ་ལ་བདེ་པ་རྣམ་དག་ཕྱིར།། སྲིད་གསུམ་སྔ་རོལ་བཅོམ་ལྡན་འབྱུང་། ་དེ་ནས་དང་པོའི་སྙིང་པོའི་དེ་ཁོ་ན་ཉིད་བཤད་པའི་རྒྱུད་ནི། ཆགས་པ་ཀུན་ལས་ཆགས་པ་ཆེ།། འདོད་ལྡན་ཐམས་ཅད་སད་པར་བྱེད།། འདོད་ཆགས་འབར་བ་དྲི་ཟ་ཡི།། སྙིང་པོའི་ཕྱག་རྒྱ་རྡོ་རྗེ་ག ་དེ་ནས་ཡི་གེ་ཧཱུཾ་ག་གླུ་བླང་བའི་རྒྱུད་ནི། གླུ་ལུས་ཆགས་པ་དགའ་ལས་འདོད།། རབ་ཏུ་དགའ་ལས་ཐམས་ཅད་འབྱུང་།། ཐམས་འབྱུང་བར་གྲུབ་པའི་ཕྱིར།། བསྐལ་པ་དྲང་པོར་བཅོམ་ལྡན ་གསུངས།། དེ་ནས་ཡི་གེ་ཧཱུཾ་གིས་བཟླས་པའི་དོན་གྱི་རྒྱུ་བཤད་པའི་རྒྱུད་ནི། མྱུར་དུ་ཐམས་ཅད་རྗེས་ཆགས་པས།། རྗེས་སུ་ཆགས་པར་བྱེད་མཆོག་ནི།། སྙིང་པོ་བཟླས་པའི་དོན་ཡིན་ནོ།། ་ནས་རྡོ་རྗེ་སེམས་རྒྱུད་ནི།། གླུ་རྣམས་ཇི་ལྟར་ཁྲོ་བོ་ནོ།། བསྡུས་ནས་ཀུན་ཏུ་འཇུག་པ་ན།། རྡོ་རྗེ་ཐོགས་ནི་བརྟན་གྱུར་པ།། དེ་བཞིན་རྡོ་རྗེ་བསྡུས་པའོ།། དེ་ནས་རྡོ་རྗེ་སེམས་དཔའ་འབྱུང་བ་ཤེས་པའི་རྒྱུད ་ནི། ཐམས་ཅད་དེ་ཉིད་སེམས་དཔའ་ནི།། བདག་གིས་བདག་ཉིད་ལ་ཡང་གནས།། རྡོ་རྗེ་སེམས་དཔའ་དངོས་སུ་ནི།། མུར་དུ་ཐམས་ཅད་དུ་ཡང་ཞུགས།། དེ་ནས་དེ་བཞིན་གཤེགས་པ་འབྱུང་བ་ཤེས ་པའི་རྒྱུད་ནི། འདོད་ཆགས་པས་ནི་དགའ་ལས་བདེ།། དདེ་ལས་སྡིག་པ་སྡིག་པ་སྡུག། སྡུག་ལས་ཏིང་འཛིན་ཤིན་ཏུ་བརྟན།། རྡོ་རྗེ་ཉིད་ལས་སངས་རྒྱས་འབྱུང་།། དེ་ནས་དེ་བཞིན་གཤེགས་པའི ་རིགས་ལ་སོགས་པ་འབྱུང་བའི་རྒྱུད་ནི། དེ་བཞིན་གཤེགས་པའི་རིགས་ཉིད་དང་།། དེ་ཉིད་རྡོ་རྗེ་རིགས་ཆེན་པོ།། དེ་ཉིད་པདྨའི་རིགས་དག་པ།། དེ་ཉིད་ནོར་བུའི་རིགས་མཆོག་བཤད།། ་ནས་མངོན་པར་བྱང་ཆུབ་པའི་རྒྱུད་ནི། རང་སེམས་སོ་སོར་རྟོག་པ་ནི།། བྱང་ཆུབ་སེམས་ནི་ཡང་དགེ་འབྱུང་།། རྡོ་རྗེ་ཉིད་ཕྱིར་སངས་རྒྱས་ཉིད།། བདག་ཉིད་སངས་རྒྱས་རབ་ཏུ་སྒོམ། ་བཞིན་གཤེགས་པ་བདུད་ཉིད་དུ་ཤེས་པའི་རྒྱུད་ནི། རང་སེམས་ཉིད་ནི་བདུད་ཉིད་དེ།། སེམས་ཉིད་དེ་བཞིན་གྲ་ཤེགས་པ་ཡིན།། རང་གི་སེམས་ནི་གདུལ་བའི་ཕྱིར།། སངས་རྒྱས་བདུད།། ་ཉིད་དུ་ནི་འགྱུར།། དེ་ནས་རྟོགས་པ་ཐམས་ཅད་སྒྲུབ་པར་ཤེས་པའི་རྒྱུད་ནི། རྟོག་པ་ཀུན་ལ་གྲུབ་བྱ་གང་།། རྒྱུ་བ་དང་ནི་མི་རྒྱུ་ཡིན།། རང་གི་ལྷ་ཡི་རྣལ་འབྱོར་གྱིས།། དེ་དག་ཐམས་ཅད་བསྒྲུབ་པར་བྷ། ་ད་ནས་དང་པོའི་སྙིང་པོ་སྒྲུབ་པ་ཤེས་པའི་རྒྱུད་ནི། བཟླས་པའི་དོན་ཤེས་ནུས་པ་ཡིས།། རྡོ་རྗེ་སེམས་དཔའ་རབ་སྒྲུབ་སྟེ།། ཇི་སྲིད་འདོད་པའི་བཟླས་པའི་མཆོག། དངོས་གྲུབ་ཆེན་པོའི་བདེ་བ་སྟེ། ་ནས་སྙིང་པོ་དང་། ཕྱག་རྒྱ་དང་། སྔགས་དང་། རིག་པ་སྒྲུབ་པ་ཤེས་པའི་རྒྱུད་ནི། སེམས་དཔའ་གང་གི་སྙིང་པོ་དང་།། ཕྱག་རྒྱ་སྔགས་དང་རིག་པ་དང་།། བཟླས་པའི་དོན་དུ་སེམས་དཔའ ་ཆེ།། བདག་ཉིད་དང་ནི་བསྒྲུབ་བྱ་སྟེ།། དེ་ནས་དངོས་གྲུབ་ཤེས་པའི་རྒྱུད་ནི། རྡོ་རྗེ་སེམས་དཔའི་དངོས་གྲུབ་ཆེ།། དེ་བཞིན་དེ་བཞིན་གཤེགས་ཀུན་གྱིས།། བྱང་ཆུབ་རྡོ་རྗེ་སེམས་དཔའ་ཉིད།། ལས ་ཀུན་མཆོག་གི་དངོས་གྲུབ་ཕྱིར།། དེ་ནས་བསོད་ནམས་མེད་པ་རྣམས་ཀྱིས་གྲུབ་པར་ཤེས་པའི་རྒྱུད་ནི། ཅི་འདོད་འཁོར་ལོ་བྲིས་ནས་ནི།། ཅི་ཡང་རུང་བའང་ཐལ་བས་ཀྱང་།། སེམས་དཔའ་ཆེན ་པོ་བཞག་བྱས་ནས།། ཉི་ནི་ཞག་བཞི་ནི་བསྒྲུབ་པར་བྱ།། དེ་ནས་སློབ་དཔོན་ཉིད་ཀྱི་དངོས་གྲུབ་ཤེས་པའི་རྒྱུད་ནི། བདེ་བ་ཆེན་པོ་རྡོ་རྗེ་ཡི།། གསང་མཆོག་དམ་ཚིག་གྲོང་ཁྱེར་རོ།། ཇི་བཞིན་རང་ཉིད ་རབ་ཞུགས་ཏེ། བདུད་རྩི་ཆུ་ཡི་དབང་བསྐུར་བྱ།། དེ་ནས་མེ་ཏོག་ལ་སོགས་པའི་མཆོད་པ་འབུལ་བའི་ཤེས་པའི་རྒྱུད་ནི། རྡོ་རྗེ་ཅན་ལ་མཆོད་པ་ཀུན།། དེ་བཞིན་གཤེགས་པའི་རིགས ་ལ་དཀར།། རྡོ་རྗེ་བདག་ཉིད་ནག་པོ་སྟེ།། དམར་པོ་པདྨ་ནོར་བུ་སེར།། དེ་ནས་འབུལ་བ་ཤེས་པའི་རླུད་ནི། རྫོགས་པ་འམ་ནི་མ་ཚང་བ།། ཡང་ནི་ཇི་ལྟར་རྙེད་པ་ནི།། རྡོ་རྗེ་གར་སོགས་མཆོད་པ ་ཡི།། རྟག་ཏུ་ཐམས་ཅད་འགྲུབ་པར་འགྱུར།། དེ་ནས་བདུད་ཀྱི་མཆོད་པ་ཤེས་པའི་རྒྱུད་ནི། དྲུག་ལྡན་ལ་སོགས་སྙན་པའི་གླུ།། གླུ་ནི་ཐམས་ཅད་ནི་འདོད་པས།། རྡོ་རྗེ་འབྱེད་པ་ལ་སོགས ་འགྲོ་ག།། མཆོད་པ་དག་ནི་རབ་ཏུ་བྱ།། དེ་ནས་གསུང་བའི་མཆོད་པ་ཤེས་པའི་རྒྱུད་ནི། རྡོ་རྗེ་སྔར་བཅས་མཆོད་པ་ནི།། གོ་རིམས་ཇི་ལྟ་བ་བཞིན་དུ།། བཟླས་པའི་དོན་གྱིས་མ་བརྗོད་ཀྱང་། ་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར།། དེ་ནས་སྡིག་པ་ཆེན་པོ་བྱེད་པའང་གྲུབ་པ་ཤེས་པའི་རྒྱུད་ནི། དཀྱིལ་འཁོར་ལ་ནི་མ་ཞུགས་ཀྱང་།། ཚུལ་ཁྲིམས་འཆལ་པ་ལ་སོགས་པ།། ཏིང ་འཛིན་གྱི་སྟོབས་ཀྱིས་ནི།། སྡིག་པ་ཀུན་ལས་གྲོལ་བར་འགྱུར།། དེ་ནས་དངོས་གྲུབ་མི་འཐོབ་པའི་རྒྱུ་ཤེས་པའི་རྒྱུད་ནི། ཆགས་པ་སྨད་པར་མི་བྱ་སྟེ།། རྣམ་དག་དེ་བཞིན་བདེ་བ་སྟེར། ་ལྡན་འདས་ཀྱང་ཆགས་པ་ཆེ།། འདི་མ་དག་པས་འགྲུབ་མི་འགྱུར།། དེ་ནས་མཆོག་གི་དངོས་གྲུབ་ཤེས་པའི་རྒྱུད་ནི།། ཇི་བཞིན་ཡུལ་དང་ལྡན་གྱུར་ནས།། མཆོག་གི་དངོས་གྲུབ་འགྲུབ་པར་བྱ།། རྟོག ་བ་ཀུན་ལས་རྣལ་འབྱོར་འདི།། ཚེ་འདི་ཉིད་ལ་སྒྲུབ་པར་བྱེད།། བདེ་པ་ཆེན་པོ་རྡོ་རྗེ་གསང་བའི་རྟོག་པའི་རྒྱལ་པོ་ཆེན་པོའི་རྡོ་རྗེ་རིན་པོ་ཆེ་ཆེན་པོ་ལས། རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མཐོ་ཆོ་ག ་རྒྱས་པའོ།། ། དེ་ནས་བཅོམ་ལྡན་འདས་རྟོག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་རྡོ་རྗེ་རིན་པོ་ཆེ། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོ་ག་གཟིགས་པའི་ཡེ་ཤེས་ཀྱི་དབང་ཕྱུག་གི་རྡོ་རྗེའི་པདྨ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་མཛད་པས་འཕྲིན་ལས་དམ་པའི་ཚེ་ག་རྒྱས་པའི ་རྡོ་རྗེས་ཐམས་ཅད་ལ་ཁྱབ་པ། མ་ལུས་ཤིང་ལུས་པ་མེད་པའི་རྡོ་རྗེའི་ཁམས་བརྟན་པའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པ་ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་ཆོས་ཀྱི་དབྱིངས་སྤྲོ་བ ་ཐམས་ཅད་ཁྱབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་མངོན་པར་མཁྱེན་པ་མཛད་ནས། དང་པོའི་སྙིང་པོའི་གསང་བའི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེའི་སྒྲུབ་པའི་རྒྱུད་འདི་གསུངས་སོ།། ཇི ་སྲིད་འཁོར་བའི་གནས་ལ་ཞུགས།། དེ་སྲིད་སེམས་ཅན་གདོན་པར་མཛད།། མྱ་ངན་འདས་བཞུགས་གཟི་བརྗིད་ཅན།། སེམས་ཅན་དོན་ནི་ནུས་པ་མིན།། དེ་ཕྱིར་སེམས་དཔའ་དམ་པ་རྣམས།། ་འཁོར་བའི་སྲིད་དུ་འཁོར་བར་བཞུགས།། སེམས་ཅན་དོན་ནི་མངོན་པར་ཞེན།། ཐམས་ཅད་དག་པའི་མཆོག་ཆོས་ཅན།། དེ་བཞིན་གཤེགས་པས་མི་འདུལ་བས།། སེམས་ཅན་དོན ་མི་མཛད་པ་དེ།། འདིར་ནི་རབ་གྲུབ་དངོས་གྲུབ་མཆོག། དུས་ཀུན་ཏུ་ནི་ཐམས་ཅད་དུ།། རྡོ་རྗེ་འཆང་ཆེན་ལ་སོགས་པ།། འདི་ལྟར་བསོད་ནམས་རྣམ་སྨིན་གྱིས།། ཀུན་ལ་མཐོང་བ་ལ ་སོགས་ཀྱང་།། རང་གི་ས་ལས་ཀྱིས་མཛད་མི་སྤྱོད།། དཀྱིལ་འཁོར་ལ་ནི་མ་ཞུགས་ཀྱང་།། སྲིད་པ་འདི་ལ་མྱུར་འགྲུབ་འགྱུར།། ཤིན་ཏུ་མཐོང་བ་ལ་སོགས་ཀུན།། སེམས་ཅན་ཐམས ་ཅད་རབ་སྩལ་མཛད།། ཀུན་ནས་དུས་ཀུན་ཐམས་ཅད་ལ།། དངོས་གྲུབ་ཐམས་ཅད་རབ་སྩོལ་འགྱུར།། རྒྱལ་པོ་རྡོ་རྗེ་འཆང་ཆེན་པོ།། སྲིད་པའི་དབང་ཕྱུག་ཀུན་གྱིས་སོ།། དེ་ཕྱིར་བསྒྲུབ ་བྱ་བདི་བཤད་བྱ།། དངོས་གྲུབ་ཤིན་ཏུ་རྟག་པའོ།། གང་གིས་སྲིད་པ་འདི་ཉིད་དུ།། ཤིན་ཏུ་རྟག་པའི་དངོས་གྲུབ་ཐོབ།། ལུགས་མ་འམ་ནི་བརྡུང་མ་འམ།། རི་མོ་བྲིས་པའམ་འདུས་བྱས་དའི ་ཕྱག་ན་རྡོ་རྗེའི་སྐུ་གཟུགས་ནི།། ཇི་བཞིན་བཤད་པར་རབ་ཞུག་བྱ།། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་དེ་ཁོ་ན་ཉིད་སྒྲུབ་པའི་དངོས་གྲུབ་ཀྱི་ཚི་ག་རྒྱས་པའོ།། དེ་ནས་བཅོམ་ལྡན་འདས་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་རྒྱའི་ཡེ་ཤེས་ཀྱིས་སླར་ཡང་ཕྱག་རྒྱ་ཐམས་ཅད་སྒྲུབ་པའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ།། ཉི་ནི་སྔ་རོལ་དུས་ཇི་བཞིན།། དང་པོའི་རྡོ་རྗེ་བདེ་བ་ཆེ།། འདི ་ནི་རྟག་པ་ཐམས་ཅད་ལ།། ཕྱག་རྒྱ་ཐམས་ཅད་མདོར་བསྡུས་པས།། དམ་ཚིག་ཡང་དག་བཅིངས་ནས་གྲུབ།། ཕྱི་ནས་མ་བསྒྲུབས་ཀྱང་གྲུབ་འགྱུར།། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཆོས་ཀྱི་དེ་ཁོ་ན ་ཉིད་ཀྱི་གསང་བའི་སྔགས་གྲུབ་པ་འདི་གསུངས་སོ།། ལོངས་པ་འམ་ནི་འདུག་པ་འམ།། གང་དང་དར་ནི་གནས་པའོ།། ཐམས་ཅད་རྗེས་ཆགས་རྣལ་འབྱོར་གྱིས།། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། ་དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཀྱི་གསང་བའི་དེ་ཁོ་ན་ཉིད་ཀྱི་རྒྱུད་འདི་གསུངས་སོ།། གསང་བའི་གར་མཆོད་མཆོད་པ་འམ།། ཡང་ན་མཆོད་པ་ཅི་བདེ་བར།། བྱས་ཏེ་མགོན་པོ་བསྒྲུབས་བྱས་ནས། ་མཆོག་གི་དངོས་གྲུབ་མྱུར་དུ་འཐོབ།། དེ་ནས་རང་གི་ཕྱག་རྒྱས་བདག་ཉིད་སྒྲུབ་པའི་རྒྱུད་ནི། ཕྱག་རྒྱ་ཆེན་པོ་མཉམ་བཞག་སྟེ།། རང་གི་སྙིང་པོས་ལན་ཅིག་སྒྲུབ།། བརྟན་ཞིང་ཤིན་ཏུ་དགྱེས ་ཀུན་ཆགས།། ཤིན་ཏུ་དགྱེས་མྱུར་བདག་པོ་གྲུབ།། དེ་ནས་ཡི་གེ་ཧཱུཾ་གི་གླུ་བླངས་པའི་གྲུབ་པའི་རྒྱུད་ནི། རི་བྷིད་སོགས་རྒྱན་དང་ལྡན།། ཅི་ནུས་པ་དང་ཅི་འདོད་པ།། དྲི་ཟ ་དང་པོ་བླངས་ནས་ནི།། ཡི་གེ་ཧཱུཾ་གིས་གྲུབ་པར་འགྱུར།། ཞེས་བཅོམ་ལྡན་འདས་ཆགས་པ་ཆེན་པོ་དང་པོའི་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ཁོ་ན་ཉིད་ཆེན་པོའི་གསང་བའི་དངོས་གྲུབ ་སྒྲུབ་པའི་རྒྱུད་དོ།། རྟོག་པ་ཐམས་ཅད་ཀྱི་ལས་ཀྱི་ཕྱག་རྒྱ་བཤད་པར་བྱའོ།། ཞེས་བྱ་བ་བཅོམ་ལྡན་འདས་ཐོག་མ་དང་མཐའ་མ་མེད་པའི་འཕྲིན་ལས་ཀྱི་རྡོ་རྗེ་སེམས་དཔས་གསུངས་སོ།། ་ཤིན་ཏུ་རུང་བའི་ཚེ་འཕེལ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེའི་ཆོས་སོ།། ཤིན་ཏུ་གཞོན་པའི་ན་ཚོད་འཕེལ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེའི་བཅུད་ཀྱིས་ལེན་གྱིས་སོ།། གཟུགས་ཆེན་པོ་དང་གཟི་བརྗིད ་ཆེན་པོ་འཕེལ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེའི་གཟུགས་ཀྱི་གཟི་བརྗིད་ཀྱིས་སོ།། འདུ་བྱེད་ཆེན་པོ་ཐམས་ཅད་འཕེལ་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་འདུ་བྱེད་ཆེན་པོས་སོ།། སེམས་ཅན་ཐམས་ཅད་ཀྱི་བདག ་ཉིད་ཐམས་ཅད་སྲུང་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་སྲུང་བས་སོ།། ཕྱོགས་ཐམས་ཅད་དང་། མཚམས་དང་། དཀྱིལ་འཁོར་བཅིངས་པ་ནི་བདེ་བ་ཆེན་པོ་རྡོ་རྗེ་བསྐོར་བས་ཏེ། ཐམས་ཅད་རྡོ་རྗེ་ཆེན་པོའི ་ངོ་བོ་ཉིད་ཁྲོ་བོའི་རྒྱལ་པོ་ཆེན་པོ་རྡོ་རྗེས་ཀྱང་འཇུག་པར་མི་ནུས་ཤིང་མི་བྱེད་པར་འགྱུར་རོ།། སྲིད་པ་ཐམས་ཅད་སྲུང་བ་ནི་བདེ་བ་ཆེན་པོའི་རྡོ་རྗེའི་བྱིན་གྱིས་བརླབས་པས་སོ།། བདག་ཉིད་ཀྱི་དངོས ་གྲུབ་ཐམས་ཅད་དམ་གཞན་དག་རྡོ་རྗེ་བྱེད་པ་ནི་བདེ་བ་ཆེན་པོའི་གོ་ཆས་སོ།། འཐབ་མོ་ཐམས་ཅད་ལས་རྣམ་པར་རྒྱལ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་རྒྱལ་མཚན་མཆོག་གི་དཔུང་རྒྱན་གྱིས་སོ།། འཐབ ་མོ་སྲུང་བ་ནི་བདེ་བ་ཆེན་པོའི་གཞན་གྱིས་མི་ཐུབ་པས་སོ།། གཞན་གྱི་དཔུང་ཐམས་ཅད་གཤིག་པ་ནི་རྡོ་རྗེ་བདེ་བ་ཆེན་པོའི་རྡོ་རྗེ་འཛིན་པས་སོ།། གཞན་གྱི་དཔུང་མ་ཉམས་པ་དང་། ལྡང་བ་དང་། ་ལྟུང་བ་དང་། གསོད་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་གློག་བསྐོར་བས་སོ།། རིམས་ཐམས་ཅད་ལ་སོགས་པའི་ནད་ཐམས་ཅད་དང་ནད་ཆེན་པོ་ཞི་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་འཕྲོགས་པས་སོ།། དུག་ཐམས ་ཅད་གཞིག་པ་དང་དུག་མེད་པར་བྱ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་འཕྲོགས་པས་སོ།། ཕྱག་རྒྱ་གདོན་ཐམས་ཅད་ལས་དགྲེལ་པ་ནི་བདེ་བ་ཆེན་པོའི་འབྱུང་པོ་བསྐྲད་པས་སོ།། མ་མོ་མཁའ་འགྲོ་དང་། གདོན ་ཐམས་ཅད་དགྲོལ་བ་ཆེན་པོ་དང་། གཞོམ་པ་དང་། སྙིང་གཞན་དབྱུང་བ་དང་། ཤི་བ་གསོ་བ་དང་།། ཚེ་འཕེལ་བ་དེ་ཤིན་ཏུ་སྲུང་བ་རྣམས་ནི་བདེ་བ་ཆེན་པོའི་རྡོ་རྗེའི་ཕྱག་རྒྱའི་ལན་གྱིས་སོ།། ་ཐམས་ཅད་དབབ་པ་དང་ག་གཡོ་བ་དང་། འཆིང་བ་དང་། གར་བྱེད་དུ་གཞུག་པ་དང་། གླུ་ལེན་དུ་གཞུག་པ་དང་། སྔ་མ་འབྱུང་བ་སོ་སོར་བསྟན་པ་དང་། རྨད་དུ་བྱུང་བ་དང་། ཆོ་འཕྲུལ་བསྟན ་པ་དང་། བདེ་ཆེན་ཐམས་ཅད་པ་ཐམས་ཅད་སླར་གཞུག་པ་དང་། དགྲོལ་བ་དང་། སྲུང་བ་དང་། སོས་སུ་བཅུག་པ་རྣམས་ནི་བདེ་བ་ཆེན་པོའི་རྡོ་རྗེ་དབབ་པས་སོ།། ཆུ་བ་དང་མི་རྒྱུ་བའི ་དངོས་པོ་ཐམས་ཅད་ལ་ཡིད་ཀྱིས་འདོད་པའི་ཕྲ་དབབ་པ་ཐམས་ཅད་གྲུབ་པ་ནི་བདེ་བ་ཆེན་པོ་རྡོ་རྗེ་པྲ་དབབ་པས་སོ།། རང་གི་ལུས་དང་། ངག་དང་། ཡིད་རྡོ་རྗེས་མཐོང ་བ་དང་། ཐོས་པ་དང་། སྨྲ་བ་དང་། སྟོན་པའི་ཤེས་པ་གྲུབ་པ་ནི་བདེ་བ་ཆེན་པོ་རྡོ་རྗེའི་བདག་ཉིད་བསྒོམས་པའོ།། ཐམས་ཅད་ལས་འདས་པ་དང་། མ་འོངས་པ་དང་། ད་ལྟར ་བྱུང་བ་ཐམས་ཅད་ཀྱི་བཀའ་མཐོང་བའི་ཡི་གེ་སྣ་ཚོགས་པ་འམ། དངོས་པོ་སྣ་ཚོགས་པ་ཐམས་ཅད་ཀྱིས་རྣ་བའི་ཤེས་པ་རབ་ཏུ་འཇུག་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཐམས་ཅད་མཁྱེན་པས་སོ།། ་གློག་དང་། ཆར་དང་། ཐོག་དབབ་པ་ཐམས་ཅད་བཟློག་པ་དང་། སྤྲིན་གཞིག་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཁྲོ་བོའི་ལྟ་བས་སོ།། སའི་འོག་ཐམས་ཅད་ལས་སྔར་མ་བྱུང་བའི་འབྲུ་ལ་སོགས ་པའི་འབྲས་བུ་འབྱུང་བ་དང་། ཉེ་བར་ལེན་པ་དང་། ཆུ་མེད་པའི་གནས་ལས་ཆུའི་དངོས་པོ་འབྱུང་བ་དང་།། ཉེ་བར་ལེན་པ་དང་། མུན་པ་ཆེན་པོར་སྣང་བ་ཆེན་པོ་བསྐྱེད་པ་དང་། ཉེ་བར ་ལེན་པ་དང་། རླུང་ཐམས་ཅད་ལ་བཀའ་བསྒོ་བ་དང་། ཉེ་བར་ལེན་པ་དང་། ནམ་མཁའ་ཐམས་ཅད་ལས་ཡིད་ཀྱིས་འདོད་པའི་དངོས་པོ་ཐམས་ཅད་མཐོང་བ་དང་། ཉེ་བར་ལེན་པ་ནི ་བདེ་བ་ཆེན་པོའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་སོ།། ཐམས་ཅད་གཞོམ་པ་དང་། རེངས་པ་དང་། དྲལ་བ་དང་། རྨུགས་པ་དང་། གཉིད་ལོག་པར་བྱ་བ་དང་། རྒྱས་གདབ་པ་དང་། ལྟུང་བ ་དང་། རྨོངས་པ་དང་། གསད་པ་དང་། ཕྱིར་ལྡོག་པ་ནི་བདེ་བ་ཆེན་པོའི་གདུག་པའི་རྡོ་རྗེའི་ཕྱག་རྒྱས་སོ།། ཐམས་ཅད་རྗེས་སུ་ཆགས་པ་དང་། དགུག་པ་དང་། གཞུག་པ་དང་། དབབ་པ་དང་། ་བཅིང་བ་དང་། བཀྲོལ་བ་དང་། དྲལ་བ་དང་། ལྷུང་བ་དང་། ལྟུང་བ་བསླང་བ་དང་། འདྲེན་པ་དང་། བྲན་དུ་བྱེད་པ་དང་། མངག་གཞུག་བཀའ་བསྒོ་བ་བྱེད་པ་དང་། ཐམས་ཅད་ཚུར་དྲང ་བ་དང་། ཕར་གཏང་བ་དང་། གསད་པ་དང་། སླར་གསོ་བ་ལ་སོགས་པའི་ལས་ཐམས་ཅད་བྱེད་པ་དང་། དབང་དུ་བྱེད་པའི་སྒྲུབ་པ་ནི་བདེ་བ་ཆེན་པོ་རྡོ་རྗེ་ཐམས་ཅད་སྒྲུབ་པ་ནི་བདེ་བ ་ཆེན་པོ་རྡོ་རྗེའི་ཐམས་ཅད་སྒྲུབ་པས་སོ།། རིགས་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ལ་སོགས་པའི་མཆོག་གི་དངོས་གྲུབ་ཐམས་ཅད་དང་། མཆོག་གི་དབང་བསྐུར་བ་ལ་སོགས་པའི། ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་། ཐམས་ཅད་རྗེས་སུ་ཆགས་པ་ལ་སོགས་པའི་བདེ་བ་དང་། ཡིད་བདེ་བ་ཐམས་ཅད་རབ་ཏུ་གཞུག་པ་དང་། མཆོད་པ་ཆེན་པོ་ཐམ ་ཅད་ལ་སོགས་པའི་ལས་ཐམས་ཅད་མྱུར་དུ་གྲུབ་པའི་ཆོ་ག་རྣས་པ་ནི་བདྲེ་བ་ཆེན་པོའི་རྡོ་རྗེའི་མཆོག་གི་དངོས་གྲུབ་ཀྱིས་སོ།། དེ་ལ་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་དང་པོའི་མཆོག ་གི་དམ་ཚིག་གི་ལས་ཀྱི་ཕྱག་རྒྱའི་རྒྱུད་ནི་འདི་ཡོན་ཏེ། བདེ་བ་ཆེན་པོའི་རྡོ་རྗེའི་ནི་རྡོ་རྗེ་སེམས་དཔའ་ཚེ་སྟེར་བའོ།། འདིའི་ལས་ཀྱི་ཕྱག་རྒྱ་ཐམས་ཅད་བཅིང་བའོ།། དབུས་མའི་རྡོ་རྗེ་བཏུང་བར ་བྱས། རྩེ་མོ་འོད་ཟེར་བྱས་ནས་གདོང་པ་ཡོངས་སུ་སྦྱངས་ཏེ་གདོང་པར་དགྲོལ་བར་བྱའོ།། བདག་ཀུན་ཏུ་བསྐོར་ནས་སྙིང་ཁར་དགྲོལ་བར་བྱའོ།། གཙུག་ཏོར་དང ་ཕྱོགས་ཐམས་ཅད་དང་། དཀྱིལ་འཁོར་བསྐོར་བའོ།། སྙིང་ཁར་དང་། ཡིད་ཀྱིས་རྒྱབ་དང་། ཕྲག་པ་དང་། སྤྱི་བོ་དང་། དཔྲལ་བར་བཞག་ལ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་འཕྲེང་བ ་བཅིངས་ལ་གོ་ཆ་བྱས་ཏེ། མདུད་པ་བྱས་ནས་རྡོ་རྗེའི་གནས་རྣམས་སུ་སླར་ཡང་འཕྲེང་བ་བྱས་པས་རྒྱབ་ཏུ་མདུད་པ་བྱ་སྟེ་དར་དཔྱངས་བྱའོ།། སྙིང་ཁར་དང་། དཔྲལ་བ་དང་། མགྲིན་པ ་དང་སྤྱི་བོར་གཞག་པར་བྱའོ།། དབུས་མའི་དང་མཆོག་གོ། བྱབ་པའི་གྱེན་དུ་ཁ་བལྟས་པའི་དབུགས་པ་དང་འཇིགས་པའི་གདོང་གིས་བལྟ་བས་སོ།། འབར་བ་བཞིའི་ཚུལ་གྱིས་འདོར ་ཞིང་ཁྲོས་པའོ།། རང་གཽ་སྙིང་ཁར་བཅིངས་ཏེ་ཞི་བའི་ལྟ་བས་རྩེ་མོ་འཕྲོག་པར་བྱའོ།། བལྟ་བས་འཕྲོག་པར་བྱའོ།། དབབ་པས་མྱུར་དུ་དགྲོལ་བར་བྱའོ།། ཡོངས་སུ་བསྐོར་ནས ་དཔྲལ་བར་གཞག་སྟེ་དབུས་མའོ་རྡོ་རྗེ་སོར་མོའི་རྩེ་མོ་གཉིས་བསྐྱོད་པར་བྱས་ན་ཅི་ལི་བཞིན་དུ་ལས་བྱེད་པའི་སྙིང་ཁར་གཞག་སྟེ། དབུས་མ་རྡོ་རྗེའི་ལས་ནི། འདི་ལྟ་སྟེ། སྙིང་ཁར ་སྟོད་པ་དང་། བསྐྱེད་པ་དང་། བཅིང་བ་དང་། གར་བྱེད་དུ་བཅུག་པ་དང་། མགྲིན་པ་བསལ་བ་དང་། རྩེ་མོ་བཙིར་བ་དང་། ཁ་འབུས་པ་དང་། མགྲིན་པ་བསལ་བ་དང ་བཅིངས་པ་མྱུར་དུ་དགྲོལ་བ་དང་། སྲུང་བ་དང་། བྱབ་པའི་ལས་སོ།། སྙིང་ཁ་ཁ་སྦྱོར་བསྐྱོད་པའོ།། ཉིན་རེ་བཞིན་སྔ་རོལ་དུ་ལན་ཅིག་ལུས་ཡོངས་སུ་སྣང་བ་དང་། མགྲིན་པ་བསལ ་བའི་ངག་དང་། སྙིང་ཁར་གཞག་པ་དང་། ཕྱག་རྒྱ་ལྟ་བ་སྟེ། ཉིན་རེ་སྔ་རོལ་ཏུ་ལན་ཅིག་དབང་པོ་ཐམས་ཅད་ཀུན་ཏུ་བསྐོར་བར་བྱའོ།། དབུས་མ་རྡོ་རྗེས་བྱེད་པ་ནི་ཁྲོ་དིའི་རྡོ་རྗེའི་ལྟ་བས་སོ།། ་དབུས་མ་རྡོ་རྗེ་ལསྲ་ནི་འོག་ནས་འབྱུང་སྟེ། ཉེ་བར་ལོངས་སྤྱོད་པ་དང་། ཐམས་ཅད་ལ་དགུག་པར་བྱེད་པ་དང་། དབབ་པོ་སྦྱིན་པ་དང་། འབར་བའི་མེ་རྟག་བྱེད་པ་དང་། ཉེ་བར་ལེན ་པ་དང་། རླུང་གི་ཚུལ་དང་། ནམ་མཁར་བསྒོམས་པ་ལས་དུས་མའོ།། དབུས་མའི་རྡོ་རྗེའི་ལུས་ནི་ཕྱག་རྒྱས་གཞོམ་པ་དྲང་། རྩེ་མོ་གཉིས་སྙིང་ཁར་བཙོར་བ་དང་། སེན་མོ་དྲུད་པ ་དང་མིག་ལ་རེག་པ་དང་། བཙུམ་པ་དང་། སེན་མོ་མཉམ་པོས་སྙིང་ཁར་བཏེག་པ་དང་། ལྟུང་བ་དང་། གློད་པར་བྱེད་པ་དང་། ཕན་ཚུན་རྡེག་པ་དང་། རང་གི་སྙིང་ཁར་རང ་བཞིན་དུ་གཞུག་པའི་ལས་སོ།། དབུས་མའི་རྡོ་རྗེ་ལུས་ནི་མདའ་གཏོད་པ་དང་། ལྕགས་སྒྲོག་གཉིས་ཀྱིས་དགུག་པ་དང་། གཡོན་པ་ལ་གཡས་པ་བཅུག་པ་དང་། རྩེ་མོ་བསྐྱོད་པ་དང་། ་གདུ་བུར་བཅིང་བ་དང་། མྱུར་དུ་དགྲོལ་བ་དང་། སེར་མོ་མཉམ་པོར་མྱུར་དུ་དྲལ་བ་དང་། ལྟུང་བ་དང་།། འོག་ནས་བཏེག་པ་དང་། གཡོན་པ་གཡས་པས་དྲང་བ་དང་། ལས་ཐམས་ཅད་ལ་སྦྱར་བར། ་བྱ་བ་དང་། འོག་ནུས་བསྐྱོད་ཅིང་གྱེན་དུ་དྲང་བ་དང་། ཚུར་འདྲེན་པ་དང་། པར་གཏད་པ་དང་། གཡོན་དང་གཡས་ཀྱིས་དྲག་པོར་འདེགས་པ་དང་། རང་གི་སྙིང་ཁར་རྩེ་མོ་འདྲན ་པ་དང་། ལས་ཐམས་ཅད་ལ་ངེས་པར་སྦྱོང་བར་བྱེད་པའི་ལས་དང་། སྙིང་ཁར་འཁོར་ལོ་གཞུག་པ་དང་། དབང་བསྐུར་བའི་འཕྲེང་བ་དང་། དར་དཔྱངས་འཆིང་བར་བྱེད་པ་དང་། སྙིང་ཁར་ལས་དྲང ་ཏེ་བདེ་བ་ཚུར་འདྲེན་པ་ཐམས་ཅད་ཡོངས་སུ་སྦྱང་བ་དང་། གར་གྱིས་བླངས་ཏེ་སྤྱི་བོར་དགྲོལ་བའི་ལས་སོ།། བདེ་བ་ཆེན་པོ་རབ་གྲུབ་དང་།། ཆག་པ་ཆེན་པོ་རྣམ་དག་ཕྱིར།། དོན་ཡོད་ཐོགས་མད་སྣ ་ཚོགས་པའི།། ཕྱག་རྒྱའི་རྒྱུད་ནི་རབ་ཏུ་བཤད།། རྡོ་རྗེ་འཛིན་པ་ཆེན་པོ་ཡིས།། སངས་རྒྱས་སྲས་བཅས་བདག་ཉིད་ཀུན།། སེམས་ཅན་ཐམས་ཅད་མྱུར་གྲུབ་དང་།། དོན་ཡོད་དངོས་གྲུབ་ཀུན ་སྩོལ་བའི།། དཀྱིལ་འཁོར་དག་ཏུ་མ་ཞུགས་པ།། སྡིག་པའི་ལས་ནི་ཀུན་དང་ལྡན།། དེ་དག་ཀྱང་ནི་སྒྲུབ་འགྱུར་ཏེ།། བཅིངས་པ་ཙམ་གྱིས་སྡིག་བྱུང་ཕྱིར།། གང་ཞིག་ལེ་ལོ་ཉིད་ཀྱིས་སམ།། ་བརྩོན་འགྲུས་ལྡན་པ་ཡང་ཚང་བ།། དཀྱིལ་འཁོར་མེད་པའི་སེམས་ཅན་གང་།། སླེབ་དཔོན་ཉིད་བྱིན་མ་བརླབས་དང་།། དེ་དག་གྲུབ་མཆོག་རྡོ་རྗེ་ཆེ།། རྡོ་རྗེ་སློབ་དཔོན་ཉིད་དུ་འགྱུར།། དོན་ཡོད་མཆོག་དང ་ཚོགས་པའི།། བཅིངས་པ་ཙམ་གྱིས་མྱུར་གྲུབ་བྱེད།། བསམ་པ་ཐམས་ཅད་ཡོངས་རྫོགས་པའི།། མཆོག་གི་དངོས་གྲུབ་ཀུན་ལ་འཇུག། དང་པོ་འབྱུང་བའི་རྡོ་རྗེ་མཆོག། བདེ་བ་ཆེ་ལ་ཡང་དག་འབྱུང་། ་དག་ཅིང་ཤིན་ཏུ་གྲུབ་པ་དང་།། འགྲོལ་བ་ཐམས་ཅད་ལ་ཡང་ངོ་།། དེ་ནས་ཕྱག་རྒྱ་ཐམས་ཅད་སྒྲུབ་པའི་གསང་བའི་རྒྱུད་ནི། ལས་འདོད་ཐོག་མར་ཕྱག་རྒྱ་ནི།། སྐལ་བ་ཇི་བཞིན་སྙིང་པོས་སྒྲུབ ་རང་གི་བདག་ཉིད་ངེས་སྦྱར་བྱ།། བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་རྟོག་པའི་རྒྱལ་པོ་ལས། བདེ་བ་ཆེན་པོའི་ཐམས་ཅད་ཀྱི་དམ་ཚིག་དོན་ཡོད་པའི་དངོས་གྲུབ་ཀྱི་མཆོག་ཅེས་བྱ་བའི་རྒྱུད་ཕྱི་མའི ་ཆོ་ག་རྒྱས་པ་ཡོངས་སུ་རྫོགས་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོངས་སུ་མཐར་ཐུག་པ་མེད་པའི་སྐུ་དང་། གསུང་དང ་ཐུགས་རྡོ་རྗེ་ཐམས་ཅད་ཀྱི་ལས་ཀྱི་སྦྱོར་བ། རྡོ་རྗེ་འཆང་བ་དང་བཅས་པ་རྣམས་ཀྱིས་བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་དམ་ཚིག་རྟོག་པའི་རྒྱལ་པོ་ཆེན་པོ་འདི་སེམས་ཅན་གྱི་ཁམས་མ་ལུས་པ ་ཀུན་ཁྱབ་ཅིང་སྤྲོ་བ་དང་། དངོས་གྲུབ་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་སྲིད་པ་ཐམས་ཅད་ཀྱི་རྩེ་མོའི་ཡོངས་སུ་མཐར་མཐུག་པའི་གསུང་རབ་ཡོངས་སུ་མཐར་ཐུག་པའི་དོན་དུ། ཐོག་མ་དང་མཐའ ་མ་མེད་པའི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་པ་ཡིན་ནོ།། རྡོ་རྗེ་ནམ་མཁའ་ཆེན་པོ་ཡི།། ཆོས་ཀྱི་དབྱིངས་ནི་སྤྲོ་བ་མཆོག། རྡོ་རྗེ་ནམ་མཁའ་ཆེན་པོ་ཡི།། ཆོས་དབྱིངས་སྤྲོ་བའི་དངོས་གྲུབ་སྟེར། ་རྟག་ཏུ་སངས་རྒྱས་ཐམས་ཅད་ནི།། རྡོ་རྗེ་འཆང་ཆེན་བཅས་པ་དང་།། རྡོ་རྗེ་འཆང་གི་ཐེག་པ་ནི།། ཡོངས་སུ་མཐར་ཐུག་ནུས་པ་མིན།། ཨེ་མའོ་མངོན་ཞེན་སེམས་ཅན་དང་།། ལ་ལོ་ཅན་དང་ལས་ཀུན་དང་། ་ཐུགས་རྗེ་དམ་པའི་རྡོ་རྗེ་ཁྱོད།། བྱང་ཆུབ་སེམས་ནི་བླ་ན་མེད།། བདེ་བ་ཆེན་པོ་རབ་སྒྲུབ་དང་།། ཆགས་པ་ཆེན་པོ་རྣམ་དག་ཕྱིར།། རྟོག་པ་འདི་ནི་མཐར་ཐུག་པ།། རབ་ཏུ་སྒྲུབ་ཕྱིར་མཐར་ཐུག་བརྗེད། ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་ཚིག་གསད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཏིང་ངེ་འཛིན་རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབ་པ་ཞེས་བྱ་བའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ།། བདེ་བ་ཆེན་པོ་རབ་སྒྲུབ་དང་།། ཆགས་པ་ཆེན་པོ་རྣམ་དག་ཕྱིར།། ཐམས་ཅད་དགོངས་གྲུབ་དོན་དུ་ནི།། ཡོངས་སུ་མཐར་ཐུག་བྱིན་བརླབས་པའོ།། གང་གིས་ཚུལ ་མཆོག་འདི་ནི་ཉན་འགྱུར་དང་།། གང་གི་ཁྱིམ་ན་གསང་བ་ཐམས་ཅད་གནས།། བདེ་ཆེན་མཆོག་གི་རྡོ་རྗེ་མཆོག་གསང་བའོ།། དངོས་གྲུབ་ཚེ་འདིར་དེ་དག་རྣམས་ལ་བརྟན།། བརྟན་པ་ཉིད་ཕྱིར་འདུལ་བར་རང ་མི་བྱེད།། སེམས་ཅན་དོན་དུ་རྒྱལ་བ་ལས་དག་ཕྱིར།། རྣམ་པར་སྦྱར་བར་མཛད་པ་འདི་ཡིན་ཏེ།། རྟོག་པ་འདི་ནི་བགེགས་མེད་བདུད་རྣམས་མེད།། དངོས་གྲུབ་འཕེལ་མེད་མིན་པར་བྱིན་གྱིས་བརླབས།། ། ་བདུད་དང་བརྟན་མེད་ཉིད་ནི་བདག་མི་བྱེད།། བརྟན་པ་ཉིད་ཕྱིར་འདུལ་བ་ང་མི་བྱེད།། རྟོག་པ་ཆེན་པོའི་མཆོག་འདི་གང་གྲུབ་པ།། མྱུར་དུ་དངོས་གྲུབ་མཆོག་ཕྱིར་བདག་བརྟན་འགྱུར།། བརྟན ་ཞིང་རབ་དགྱེས་བརྟན་པས་རྗེས་སུ་ཚོགས།། བདེ་བ་ཆེན་པོ་བྱེད་ཅིང་ཤིན་ཏུ་རྒྱས།། ང་ཡི་དང་པོ་སྙིང་པོ་གང་སྒྲུབ་པ།། དེ་ལ་ང་ནི་རྟག་ཏུ་དངོས་གྲུབ་སྟེར།། དེ་ནས་དེ་བཞིན་གཤེགས་པ་ཐམས ་ཅད་འདུས་ནས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། བདེ་བ་ཆེན་པོ་རྡོ་རྗེ་གསང་བ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་ཞེས་མཆོག་ཏུ་གྲུབ་པ་ཡོངས། ་སུ་རྫོགས་སོ།། ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་འདི་ཉིད་སླར་ཡང་སྟོན་པར་མཛད་ཅིང་ཞལ་རབ་ཏུ་འཛུམ་པ་དང་། མཆོག་དང་། ་པོའི་རྡོ་རྗེ་བདེ་བ་ཆེན་པོ་རྡོ་རྗེ་བསྙེམས་པས་གསྔོར་ནས་རང་གི་ཐུགས་ཀར་སྟོད་པའི་ཚུལ་དུ་འཛིན་ཅིང་མཆོག་ཏུ་གསང་ཞིང་མཆོག་ཏུ་གྲུབ་པ་དོན་ཡོད་ཅིང་ཐོགས་པ་མེད་པ་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད ་པའི་དམ་ཚིག་འདི་རྟོགས་པ་ཐམས་ཅད་ཀྱི་སྡིག་པ་དང་། སྒྲིབ་པ་དང་། བདུད་ཐམས་ཅད་འདུལ་བར་བྱིན་གྱིས་བརླབས་པའི་དབང་གིས་མ་གྲུབ་པ་རྣམས་ཀྱང་མཆོག་དམ་པར་གྲུབ་པར་བྱེད་པ་དང་།། ་མཆོག་ཏུ་གསང་བ་ཐོག་མ་དང་མཐའ་མ་མེད་པའི་མཚོན་ཆ་མཆོག་དྲང་པོ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་དབང་ཕྱུག་ཚོན་པོའི་ཆེན་པོ་རྒྱུད་ཕྱི་མ་གསུངས་པ་དེ་ནས་ཐོག་མའི་གནས་ཉམས་དགའ།། ནམ་མཁའ་ཀུན ་ལ་རབ་ཏུ་གནས།། རིན་ཆེན་འོད་འབར་རབ་ཏུ་གསལ།། དྲི་མ་མེད་པའི་མདངས་ཀྱིས་བརྒྱན།། ཟུར་བཞི་པ་ལ་སྒོ་བཞི་པ།། སྒོ་ཁྱུད་རྣམས་ཀྱིས་རབ་ཏུ་བརྒྱན།། ཁ་ཁྱེར་གྱིས་ནི་ཡོངས་སུ་བསྐོར།། རྡོ་རྗེ་ལྷ ་མེ་ཚོགས་ཀྱིས་མཆོད།། ཟླ་བ་ཕྱེད་ནི་རབ་ཏུ་གནས།། རྡོ་རྗེ་རིན་ཆེན་འབར་བྱེད་པ།། རླུང་གིས་བསྐྱོད་པའི་རྩེ་མོ་མཆོག། དར་འཕན་དྲིལ་བུ་སྒྲ་སྒྲོགས་པ།། དྲ་བ་མེ་ལོང་རྟག་མེ་ལོང་།། མེ་ཏོག་ཆུན་པོའི ་བརྒྱན་གྱིས་བསྐོར།། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། རྡོ་རྗེ་ཀུན་གྱིས་ལེགས་སྦྱར་བ།། རྡོ་རྗེ་སེམས་དཔའི་བཞུགས་གནས་ཆེ།། སངས་རྒྱས་ཀུན་གྱིས་རྗེས་བརྟེན་པ།། བྱང་ཆུབ ་སེམས་དཔའི་གནས་ཀྱི་མཆོག། རྡོ་རྗེ་འཛིན་པ་ཀུན་གྱི་གནས།། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། རྡོ་རྗེ་རིན་ཆེན་མཆོག་ཅེས་བྱ།། རྡོ་རྗེ་འཆང་ཆེན་བཞུགས་ནས་ནི།། བདེ་བ་ཆེན་པོ་རྣམ་པར་བཞུགས།། ཐོག། ་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་བསྙེམས་ཚུལ་བདག་གིས་བདག། སེམས་ཅན་ཀུན་གྱིས་སེམས་གང་ཡིན།། བརྟན་པའི ་ཕྱིར་ནི་དཔའ་ཞེས་བྱ།། བརྟན་པར་བཞག་པས་ཏིང་འཛིན་ཏེ།། ངེས་པ་ལས་ནི་རྡོ་རྗེར་གྱུར།། སེམས་དཔའ་བྱིན་རླབས་སྦྱོར་བ་ཡིས།། རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར།། དེ་ཉིད་བཅོམ་ལྡན་སྣ ་ཚོགས་པ།། བྱང་ཆུབ་སྤྱོད་པའི་རྗེས་བཐུན་པ།། བདུད་དང་བདུད་ལས་རྒྱལ་བ་ཉིད།། བྱང་ཆུབ་སེམས་རྒྱས་དེ་ཉིད་དོ།། རྡོ་རྗེ་དྲག་པོ་མཐར་བྱེད་ཉིད།། ཕྱག་ན་རྡོ་རྗེ་ཉིད་ཀྱང་དེ།། དེ་ཉིད་དེ་བཞིན ་གཤེགས་པའི་རིགས།། དེ་ཉིད་རྡོ་རྗེ་རིགས་ཆེན་མོ།། དེ་ཉིད་པདྨའི་རིགས་དག་པ།། དེ་ཉིད་ནོར་བུའི་རིགས་བཟང་བཤད།། དེ་ཉིད་འདོད་ཆགས་བྲལ་བ་ཉིད།། འདོད་དང་གྲོལ་བ་དེ་ཉིད་ནི།། དུས་གསུམ། ་སྲིད་གསུམ་མཆོག་གསུམ་སྟེ།། འཇིག་རྟེན་གསུམ་མཆོག་ཁམས་གསུམ་པ།། མི་གཡོ་ཐམས་ཅད་མཆོག་དེ་ཉིད།། བརྟན་པ་སྲ་བ་ནོར་ཆེན་པོ།། རྒྱུ་བ་སེམས་ཀྱི་འདུས་བྱས་པ།། ཐམས་ཅད་བྱེད་པ་ཐམས ་ཅད་ཉིད།། དང་པོའི་སེམས་དཔའ་སེམས་དཔའ་ཆེ།། བྱང་ཆུབ་སེམས་དཔའ་བདེ་བར་སྩོལ།། སེམས་དཔའི་སྐྱིལ་ཀྲུང་བཅས་ནས་ནི།། པདྨའི་སྟེང་དུ་བཞུགས་པ་དང་།། བཙུན་མོའི་ཚོགས་བཅས། ་སྣ་ཚོགས་པ།། རྡོ་རྗེ་ལྷ་མོས་ཡོངས་སུ་བསྐོར།། བདེ་བ་ཆེན་པོ་གྲུབ་དོན་དུ།། འདོད་ཆགས་ཆེན་པོ་རྣམ་དག་ཕྱིར།། མ་ལུས་གདུལ་བྱའི་དོན་དུ་ནི།། དངོས་གྲུབ་ཐམས་ཅད་རབ་གྲུབ་ཕྱིར།། ་དམ་ཚིག་མཆོག་ནི་མ་ལུས་པ།། རྒྱལ་བས་ཀྱང་ནི་བསྲུང་བར་བྱ།། བསྙེམས་བཅས་རྡོ་རྗེ་གསོར་བ་དང་།། རྡོ་རྗེ་བསྙེམས་པའི་ཚུལ་འཆང་ཞིང་།། ཕྱག་རྒྱ་ཀུན་མྱུར་གྲུབ་མངོན་དུ།། རྡོ་རྗེ ་སེམས་དཔའ་མཆོག་གྲུབ་ཕྱིར།། དངོས་གྲུབ་ཀུན་གྱི་ཐབས་ཆེན་པོ།། བསོད་ནམས་ཀུན་གྱིས་ཆེར་མཐོང་བ།། ཡེ་ཤེས་ཕྱག་རྒྱ་ཡང་དག་ལྡན།། སྙིང་པོ་ཆེན་པོ་དམ་ཡིན་ཏེ། གང་གིས ་བསོད་ནམས་མི་ལྡན་པ།། དེ་བཞིན་དཀྱིལ་འཁོར་མ་ཞུགས་པ།། དོན་ཡོད་ཐོགས་པ་མེད་མཆོག་འགྱུར།། དངོས་གྲུབ་ཐམས་ཅད་རྙེད་དཀའ་མིན།། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། གསང་བ་མཆོག་གི ་དམ་ཚིག་བརྟན།། དངོས་པོ་ཐམས་ཅད་སྒྲུབ་པ་སྟེར།། རྟག་པ་ཐམས་ཅད་མྱུར་སྒྲུབ་བྱེད།། ཐོག་མཐའ་མེད་ཕྱིར་དང་པོར་འབྱུང་།། མཆོག་དང་པོ་ཞེས་བྱ་བར་བཤད།། ཚིག་ཀུན་གྱི་ནི་ཅི་འདོད་པ། ་ཆགས་པ་ཀུན་གྱི་ཅི་དགའ་བར།། རྗེས་སུ་ཆགས་པར་བགྱིའོ་ཞེས།། ཇི་བཞིན་འབབ་པའི་ཡེ་ཤེས་འཇུག། ཉེ་བའི་སྙིང་པོ་བཅས་སྙིང་པོ།། བསྐལ་པ་དང་པོར་བཅོམ་ལྡན་གསུངས།། ་ཧཱུ~ཾ་དེ་ནས་འདི་ནི་གསུངས་ཙམ་གྱིས།། སངས་རྒྱས་ཐམས་ཅད་སྲས་བཅས་པ།། རྡོ་རྗེ་འཛིན་པནས་སྣ་ཚོགས་པ།། སྐད་ཅིག་གིས་ནི་འདུས་པར་འདུས།། རྡོ་རྗེ་འཛིན་གྱིས ་ཐོག་མར་ནི།། ཡུད་ཀྱི་འཇིག་རྟེན་གསུམ་པོ་འབྱུང་།། ཇི་ལྟར་འགྲོ་བ་རབ་སྒྲུབ་ཅེས།། བདེ་གཤེགས་རྣམས་ཀྱིས་དངོས་གྲུབ་དྲིས།། དེ་རྣམས་ཀྱིས་ནི་བཀའ་གསན་ནས།། རྡོ་རྗེ་འཛིན་རང ་གྲོལ་བ་ནི།། འབྱིན་དང་སྩོལ་བ་སྟོན་པ་པོ།། བྱེད་པས་ཚིག་ནི་འདི་སྐད་གསོལ།། ཆགས་བྲལ་གྱིས་འདུལ་འཇིག་རྟེན་རྣམས།། ཆགས་བྲལ་ཉིད་ཀྱིས་དག་པར་འགྱུར།། འདོད་ཆགས་ཆེན ་པོ་བདེ་བ་ཆེ།། འདི་ནི་ཇི་ལྟར་འགྲུབ་པར་འགྱུར།། དེ་ཡི་ཚིག་དེ་གསན་ནས་ནི།། རྒྱལ་བ་རང་ཉིད་ཀྱིས་གསུངས་པ།། བྱང་ཆུབ་སེམས་དེ་ཐོག་མའི་ལྷ།། ཁྱོད་ནི་ཐབས་ཆེན་ཉིད་ཡིན་ནོ།། ཇི་སྲ། ་འཁོར་བའི་གནས་སུ་ནི།། མཁས་མཆོག་འདུག་པར་གྱུར་པའི་ཚེ།། དེ་སྲིད་མཚུངས་མེད་སེམས་ཅན་དོན།། མྱ་ངན་མི་འདའ་བྱེད་པར་ནུས།། ཇི་སྲིད་སེམས་ཅན་རྣམ་རྟོག་པ།། དེ་སྲིད་བྱང་ཆུབ་སྲིད་པ ་ཆེ། བྱང་ཆུབ་སེམས་ཅན་ལ་ཕན་ཕྱིར།། རྡོ་རྗེ་ཅན་གྱིས་ཅི་བདེར་གྱིས།། དེ་ནས་ཐོག་མ་དང་དཀྱིལ་འཁོར།། དང་པོ་དཀྱིལ་འཁོར་བྱིན་གྱིས་བརླབ།། རྡོ་རྗེ་ཀུན་གྱི་དམ་ཚིག་མཆོག། ཇི་བཞིན་ཚེ ་གས་སྒྲུབ་པ་ཉིད།། དེ་ནས་བཅོམ་ལྡན་འདས་དེ་ནི།། བདེ་བ་ཆེན་པོ་གྲུབ་ཕྱིར་དང་།། འདོད་ཆགས་ཆེན་པོ་རྣམ་དག་ཕྱིར།། གཙོ་བོ་མགོན་ལ་གསོལ་བ་བཏབ།། བཅོམ་ལྡན་འདས་ལ་གསོལ་བ་ནི། ་འདོད་ཆགས་ཆེན་པོ་བདེ་བ་ཆེ།། སྙིང་པོ་འདི་ནི་རྟོག་པ་མཆོག། བདེ་ཆེན་མྱུར་དུ་ཐུབ་པའོ།། དེ་རྣམས་ཀྱི་ནི་བཀའ་གསན་ནས།། རྡོ་རྗེ་སེམས་དཔའ་བདེ་ཆེན་པོ།། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། དཀྱིལ་འཁོར་ཆེན་པོ།། ་བཀའ་སྩལ་ཏོ།། དེ་ནས་རབ་ཏུ་བཤད་བྱ་བ།། དཀྱིལ་འཁོར་ཆེན་པོ་དམ་པ་སྟེ།། བདེ་བ་ཆེན་པོ་རྡོ་རྗེ་མཆོག། གསང་བ་དམ་པ་ཞེས་བཤད་དོ།། ཐོག་མ་དམ་ཚིག་གསུམ་ཐོབ་པའི།། རྡོ་རྗེ་སློབ་དཔོན་རང་བྱས། ་རྒྱས་འཁོར་ལོ་ཀུརན་གྱི་ཆོ་ག་ལ། རྟག་ཏུ་རྡོ་རྗེ་དྲིལ་འཆང་བྱ།། རྟོག་པ་ཐམས་ཅད་ཡང་དག་འབེབས།། དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱེད་ཡིན།། དམ་ཚིག་ཆེ་གསུམ་ཞེས་བྱ་བའི།། རྒྱ་འདི་ཐམས་ཅད ་སྐྱབ་བྱེད་ཡིན།། དངོས་གྲུབ་ཆོ་ག་ཐམས་ཅད་ལ།། རྡོ་རྗེ་དྲིལ་བུ་རབ་བསྐུལ་བ།། ཆོ་ག་ལྷག་གམ་མ་ཚང་ཡང་།། འགྲུབ་འགྱུར་སྤད་པར་མི་བྱའོ།། ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས། ་ཨོཾ་མཆོག་གི་དང་པོ་མཐའ་ཡས་མཆོག། བླ་ན་མེད་ཅིང་མཉམ་མེད་པ།། ནམ་མཁའ་ཀུན་ལ་རབ་ཏུ་གནས།། མཆོག་སྟེ་ཡི་གེ་དམ་པ་ཡིན།། དཀྱིལ་འཁོར་གནས་ནི་སྦྱང་བྱས་ལ།། དེ་འི་དངུས ་སུ་ཆོ་ག་བཞིན།། དངོས་གྲུབ་བྱིན་རླབས་ཆོ་ག་ཡིས།། དཀྱིལ་འཁོར་དེ་ནི་གྲུབ་པར་བྱ།། ཀླུ་དང་རོལ་མོའི་ཆོ་ག་དང་།། མེ་ཏོག་སྤོས་སོགས་མཆོད་པ་ཡི།། ཅི་རྙེད་པ་དང་ཅི་འདོད་པར།། མཆོག་དང་པོར ་ནིབརྟག་པར་བྱ།། མཆོག་གི་དང་པོར་མཐའ་ཡས་མཆོག། བླ་ན་མེད་ཅིང་དཔེ་མེད་པ།། ནམ་མཁའ་ཀུན་ལ་རབ་ཏུ་གནས།། གྲོང་ཁྱེར་དག་ནི་མི་འགྱུར་མཆོག། ཐོག་མ་མེད་མཆོག་བརྟག་པའི་ཕྱིར། ་སངས་རྒྱས་འབྱུང་བའང་རབ་ཏུ་བཞུགས།། ཀུན་མཆོག་མཉམ་པ་ཉིད་རྟེན་པས།། ལྷག་དང་མ་ཚང་མེད་ཀུན་གང་།། མཐའ་དང་དབུས་མེད་ནམ་མཁའ་ནི།། འདི་ནི། ་དབུ་མར་རྣམ་བརྟག་པས།། ཕྱག་རྒྱ་སྦྱོར་བའི་ཏིང་འཛིན་གྱིས།། དེ་ཡི་དབུ་མར་རྣམ་དག་ཉིད།། དེ་ཡི་དབུས་སུ་པདྨའི་གཟུགས།། ཡུ་བར་བཅས་པ་རབ་ཏུ་བཞག། སྣ་ཚོགས་པདྨས་ཡང ་དག་ཁེངས།། ཐམས་ཅད་དག་པའི་གདན་དེ་ཡིན།། དེ་ནས་སྲང་བུ་ཉིས་འགྱུར་དུ།། བྱས་པའི་ཐིག་ནི་གདབ་བྱ་སྟེ།། ནམ་མཁའ་ཀུན་གྱི་ཚད་ཡིན་ཕྱིར།། གདུལ་བྱའི་བློ་ནི་མཐའ་ཡས་པས། ་ཚད་ནི་ཚད་མེད་པ་ཡིན་ནོ།། མི་མཉམ་མེང་པས་ཟུར་བཞི་པ།། དྲན་དང་དབང་པོའི་སྒོ་བཞི་སྟེ།། བསམ་གཏན་རྣམས་ཀྱི་རྟ་བབས་བཞི།། ཏིང་འཛིན་ཁམས་སུ་བཤད་པ་ཡིན།། ཁྱམས ་ལ་རྟེན་པའི་རྡོ་རྗེརྫི་བདག། གཟུགས་རྣམས་ལྔ་མོས་མཆོད་པའོ།། རྒྱུན་རྣམས་ཀུན་གྱིས་བཀྲ་བ་ནི།། བསམ་པ་ཐམས་ཅད་རྫོགས་བྱེད་པ།། གདུལ་བས་སྤྱོད་པ་སྣ་ཚོགས་མཆོག། དམ་ཆོས ་མཆོག་སྟེ་ཀུན་ཏུ་འགྲོ།། རླུང་གིས་སྤྱོད་པ་སྣ་ཚོགས་པའི།། བ་དྲན་རྩིར་བརྟགས་དྲིལ་སྒྲ་སྒྲོགས།། མེ་ལོང་ཡེ་ཤེས་རྟག་མེ་རྟོག། བྱང་ཆུབ་ཡན་ལག་མེ་ཏིག་འཕྲེང་།། དྲ་བ་མེ་ལོང་མེ་ཏོག ་། མེ་ཏོག་འཕྲེང་བའི་རྒྱན་གྱིས་བསྐོར།། ཀུན་གྲུབ་མི་འགྱུར་བདེ་བ་ནི།། བདེ་ཆེན་པོ་ཞེས་བཤད་དོ།། བདེ་བ་ཆེན་པོཔོ་གཞལ་ཡས་ཁང་།། དང་པོའི་གནས་དེ་བྲི་བར་བྱ།། ཐར་པ་ཆེན་པོའི་གྲོང་ཁྱེར ་མཆོག། ཀུན་མཆོག་དེ་ནི་ལེགས་བྲིས་ནས།། ཐོག་མ་མཐའ་མ་མེད་པའི་དབྱིངས།། ཕྱོགས་ཀུན་མཉམ་པ་ཉིད་དུ་བསམ།། ཕྱི་ཡི་དཀྱིལ་འཁོར་རོ།། དེ་ཡི་ནང་གི་འཁོར་ལོ་ནི།། དཀྱིལ་འཁོར ་བརྒྱུད་པ་ལྟ་བུ་ཡིན།། འདི་ནི་རྣམ་ཐར་བརྒྱད་པོ་སྟེ།། དངོས་གྲུབ་ཀུན་གྱི་བདེ་བ་སྟེར།། བྱང་སེམས་ཐེག་པ་ཆེན་པོ་ཡི།། མདོ་སྡེའི་འཁོར་ལོ་རབ་བསྐོར་བ།། རྡོ་རྗེ་ཐིག་གིས་ཡོངས་བསྐོར་བ། ་རྡོ་རྗེ་འཁོར་ལོ་ཡང་དག་བྲི།། དེ་ནི་སྣ་ཚོགས་པདྨ་ཆེར།། རྡོ་རྗེ་སེམས་དང་བ་དགོད་པར་བྱ།། ལུགས་མ་འམ་ཡང་ན་བརྐོས་པ་འམ།། བྱས་པའམ་ཡང་ན་བྲིས་པ་སྟེ།། འཛུམ་བཅས་ཟླ་བའི ་མདོག་ཅན་ལ།། དམར་ཞིང་སྣ་ཚོག་འོད་འབར་བ།། ས་མ་རྒྱས་ཀུན་གྱི་དབང་སོགས་དང་།། རྒྱན་དང་ན་བཟའ་སྣ་ཚོགས་པ།། སེམས་པའི་སྐྱིལ་ཀྲུང་དག་གིས་བཞུགས།། རྡོ་རྗེ་བསྙེམས་ཚུལ་འཆང་བའི ་མཆོག། སུ་ར་ཎ་སྟྭཾ་ཞེས་བརྗོད་ཅིང་།། རང་སྙིང་པོས་ཀྱང་གཞག་པར་བྱ།། དེ་ཡི་ཕྱོགས་ནི་ཐམས་ཅད་དུ།། ཚོན་ནམ་དེ་བཞིན་བྱ་མ་ཡིས།། གོ་རིམས་དག་ནི་ཇི་བཞིན་དུ།། རྡོ་རྗེ་ལྷ་མོ་ཡང་དག་བྲིས། རྡོརྗེ ་མཆོད་བསྟོད་ལ་བརྩོན་བྱ།། རྡོ་རྗེ་ཆགས་མ་མདུན་དུ་བྲི།། ལྷ་མོ་རྡོ་རྗེ་རོལ་པ་ནི།། རྡོ་རྗེ་ཅན་ལ་རབ་ཏུ་འཁྱུད།། རྒྱབ་ཏུ་རྡོ་རྗེ་དྲན་མ་ནི།། ཆུ་སྲིན་རྒྱལ་མཚན་འཛིན་པའོ།། རྡོ་རྗེ་འདོད་པའི་དབང་ཕྱུག་མ།། རྡོ་རྗེ་ཁུ་ཚུར ་གཉིས་བསྙེམས་བྲི།། དེ་ནས་འདི་རྣམས་དགོད་པའི་ཕྱག་རྒྱ་ནི། ཛ་བཛྲ་དྲིཥྚི་ས་མ་ཀེ་མ་ཊ་ཧཱུཾ། ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཧཱུཾ། བཾ་བཛྲི་ཎི་སཱ་ར་རཊ། ཧོ་བཛྲ་ཀཱ་མེ་ཤྭ་རི་སྟྭཾ། མཚམས་སུ་རྡོ་རྗེ་སེམས་མ་སོགས། ་དུས་ཀྱི་མཆོད་པ་ཡང་དག་བྲི།། རྡོ་རྗེ་སྦྲང་རྩི་མ་དང་སྤྲིན།། སྔོན་དང་དགུན་ནི་རྡོ་རྗེ་མ།། མེ་ཏོག་བདུག་པ་མར་མེ་ཆེ།། དྲི་དེ་སྤྱི་བོར་ཐལ་སྦྱར་བ།། རྡོ་རྗེ་རྒྱལ་པོའི་ལྷ་མེ་སྟེ།། དེ་ནས། ་ཕྱག་རྒྱ་རབ་བཤང་བྱ།། ཨོཾ་མ་དྲུ་བཛྲེ་གྷ~ཾ་གྷྲཾ། ཨོཾ་བཛྲཱི་མེ་གྷེ་གུ་ལུ་གུ་རུ། ཨོཾ་ཤཾ་རང་བཛྲེ་ཨོཾ་ཨོཾ། ཨོཾ་བཛྲ་ཤཾ་བཱི་རི་ཧཱུཾ་ཧཱུཾ། སྒེག་མོ་བནད་མ་གྲུ་ཆེན་མོ།། གར་མཛད་པ་ཡི་ལྷ་མའི་ཚིག། རྡོ་རྗེ་རལ་མོ་འདི ་དོག་ནཽ།། ཕྱི་རོལ་གྱི་ནི་མཚམས་སུ་བྱ།། ཧེ་ར་ཏི་བཛྲ་མཻ་གྷ་བི་ལ་སི་ནི། ཏྲ་ཧ། ཧེ་ར་ཏི་བཛྲ་ནརི་ཏྱེ་བེ་བ་བེ། སྒོ་ཡི་གེ་ནས་ནི་ཐམས་ཅད་དུ།། གསོལ་ཀ་བ་ནི་བཞི་པོ་སྟེ།། རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང་། ་ལྕགས་སྨྲིག་དེ་བཞིན་དྲིལ་བུ་མའི།། བཛྲ་ཨཾ་ཀུ་ཤ་ཛཿབཛྲ་པཱ་ཥེ་ཧཱུཾ། བཛྲ་ཤྲི་ཁ་ལེ་བི། བཛྲ་གྷཎྚེ་ཧོ། དམ་ཚིག་མཆོག་ནི་ཐམས་ཅད་ཀྱི།། དགོངས་ཤི་བརྟག་པ་ཉིད་དུ་འགྱུར།། རྡོ་རྗེ་ལྷ ་མེ་ལ་སོགས་པ།། དངོས་གྲུབ་ཀུན་ལ་འབྱུང་བར་འགྱུར།། གསོལ་ཀ་བ་ནི་གཡོག་མོ་ཡི།། གཙོ་མོ་དང་། པོ་ཉ་དང་། བྲན་མོ་དང་། དེ་ནས་སྐུ་མཆོག་ལ་སོགས་པ།། མངོན་བྲིས་ཡང་དག ་བསྒྲུབ་པར་བྱ།། དམ་ཚིག་མཆོག་ནི་བཅིངས་ནས་སུ།། ཛཿཧཱུཾ་བཾ་ཧོ་ཞེས་བརྗོད་བྱ།། སེམས་དཔའི་སྐྱིལ་ཀྲུང་བཅས་ནས་ནི།། རྡོ་རྗེ་སྤྱན་གྱི་སྤྱན་སྔར་འདུག། བདེ་བ་ཆེན་པོ་རྡོ་རྗེ་མཆོག། བདག ་པོ་ལན་ཅིག་ཡང་དག་དགུག། ཧཱུཾ་མ་ཧཱ་སུ་ཁ་བཛྲ་སཏྭ། ཡ་ཧི་ཤཱི་གྷྲ~ཾ། མ་ཧཱ་སུ་ཁ་བཛྲས་མོ་གྷཱ་ཡ། ཨ་ནུ་པཱ་ལཱ་ཡ། པྲ་བུདྡྷ་སུ་ར་ཏི་ཏྲཾ་མ་ནུ་རཀྟོ་མེ་བྷ་བཾ། སུ་ཏོ་ཥྱོ་མེ་བྷ་ག། སུ་པ~ཾ་ཥཱ་ཡེ་མེ་བྷ་ཝ། \ུ0f7f། ་གདྷན་ན་ད་ནི་ས་སཏྭ། སརྦ་སིདྡྷིམྨེ་པྲ་ཡཙྪ། ཨ་ཤེ་ཏ་མ་ཏྲི་ཥ་ཨཱ་བེ་ཤ་ཡ་ས་མ་ཡེར་བདྷཱུ། བ་ཤྲཱི་ཀ་རོ་མ། ཡི་མེ་མུ་དྲ་པཱ་དེ་ཛཿཧཱུཾ་བ~ཾ་ཧོ།། འདི་ཡིས་བཅོམ་ལྡན་འདས་རྣས་པར།། དཀྱིལ་འཁོར་དུ་ནི། ་རང་ཉིད་གཤེགས།། བཀུག་ཅིང་བདྲུག་ལ་ཤིན་ཏུ་བརྟན།། དབང་དུ་གྱུར་ནས་རབ་ཏུ་ཐུབ།། ཅེས་བཅོམ་ལྡན་འདས་དམ་ཚིག་ཆེན་པོས་གསུངས་སོ།། རྡོ་རྗེ་སློབ་དཔོན་རང་ལྷ་ནི།། འོད་ཟེར་ཀུན་ཏུ ་སྟོན་ལ་སོགས།། མཚན་མ་རྣམ་པ་མང་པོ་ནི།། ངོ་མཚར་གྱུར་པ་མཐིང་བར་འགྱུར།། དེ་ནས་རྡོ་རྗེ་མཆོད་ཡིན་ནོ།། རྡོ་རྗེ་ཐལ་མོ་ཁ་དབྱེ་དབུལ།། བུམ་པ་གང་དག་ཇི་སྙེད་པའི།། མེ་ཏོག་སོགས ་ཀྱིས་ཡང་དག་མཆོད།། བ་དན་རྩེ་མོར་དྲིལ་བཏགས་པ།། མཚམས་ཀྱི་ཆར་ནི་གཞག་པར་བྱ།། བུམ་པ་སྤོས་ཆུ་གང་བ་ལ།། དེ་ནས་རྡོ་རྗེ་མཆོད་ཡོན་ནི།། ལྕུག་མ་ལ་ནི་ཡོངས་སུ་བཟླས། ་དེ་ལ་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་ཆུར་སྒྲུབ་པ་ནི་འདི་ཡིན་ཏེ། ཧཱུཾ་མཧཱ་སུ་ཁཾ་བཛྲ་ཨ་མོ་གྷ་ས་མ་ཡོ་ད་ས་དང་ཨ་བྷི་ཥིཉྩ། སརྦ་སུ་ཁ་སཽ་མ་ན་སྱཱ་ནྱ་ད་ད་ཀུ་རུ་ཀུ་རུ། ཛཿཧཱུཾ་བཾ ་འདི་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ལ་བདག་ཉིད་ལ་རྡོ་རྗེས་དབང་བསྐུར་བྱའོ།། བསང་གཏོར་བྱ་བ་དང་། འཐུངས་པས་ཀྱང་སྡུག་བསྔལ་ཐམས་ཅད་བསལ་བ་དང་། བདེ་བ་ཐམས ་ཅད་འཕེལ་བར་འགྱུར་རོ།། ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ནས་འཁོར་ལོ་མ་ཞུགས་ཀྱང་།། རང་ཉིད་ཐོག་མར་བྱུང་ཞུགས་ཤིང་།། རྡོ་རྗེ་ཀུན་གྱི་སློབ་དཔོར་ཆེ། ་རྡོ་རྗེ་ཅན་གྱིས་རང་བྱིན་རློབ།། དེ་ནས་རྡོ་རྗེ་འཛིན་སློབ་དཔོན།། རང་ཉིད་ཁྲུས་བྱས་དྲིས་ལེགས་བྱུགས།། ཅི་རྙེད་པ་ཡི་རྒྱན་གྱིས་བརྒྱན།། ཤིན་ཏུ་དམར་པོའི་གོས་བགོ ་ཞིང་།། མེ་ཏོག་འབྲིང་བཏགས་ཁ་དྲིས་བསྒོ།། རྣམ་སྒེག་དགའ་བའི་རྡོ་རྗེ་དང་།། རྡོ་རྗེ་གར་གྱིས་སྦྱོར་བ་ཡིས།། སྤྱི་བོར་མེ་ཏོག་ཐལ་སྦྱར་ནས།། གནས་དེ་མགོན་ལ་ཕྱག་བྱའོ།། ཞུགས ་ནས་དཀྱིལ་འཁོར་དེ་ལ་ནི།། བསྐོར་བ་བདག་ནི་ལན་གསུམ་བྱ།། དེ་ནས་མདུན་དུ་འདུག་ནས་ནི།། དེ་ཁོ་ན་ཉིད་ལན་ཅིག་བརྗོད།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། རྡོ་རྗེ་ཆེན་པོ་ནོར་ཆེ་བ ་ཡེ་ཤེས་ཆེན་པོ་ལས་ཆེན་པོ།། དེ་དག་རྡོ་རྗེ་སེམས་གྲུབ་བརྗོད།། དེ་ནས་མེ་ཏོག་སིལ་མ་ནི།། མགོན་ལ་གཏོར་ཏེ་ཆོ་ག་བཞིན།། དང་པོ་ཥ་ཊ་བ་ལ་སོགས།། བསྟོད་པའི་གླུ་རུ་ལན་ཅིག་བླངས། ་དེ་ནས་བཅོམ་ལྡན་འདས་ཀྱིས་བསྟོད་པའི་རྒྱལ་པོ་མཚན་བརྒྱ་རྩ་བརྒྱད་པོ་དེ་ཁོ་ན་ཉིད་ཆེན་པོ་ནི་འདི་ཡིན་ཏེ། དཔལ་མཆོག་དང་པོ་སེམས་དཔའ་ཆེ།། དགའ་བ་ཆེན་པོ་དགའ་བ་ཆེ།། ཀུན་ཏུ་བཟང ་པོའི་ཀུན་བདག་ཉིད།། རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག། སེམས་དང་སེམས་དཔའི་ཏིང་འཛིན་མཆོག། རྡོ་རྗེ་རྡོ་རྗེ་མཆོག་ཆེན་པོ།། ཀུན་ཏུ་བཟང་པོའི་སྤྱོད་པ་མཆོག། བདུད་དང་བདུད་ནི ་རབ་འཇོམས་པ།། ཐམས་ཅད་དུ་ནི་བྱང་ཆུབ་ཆེ།། སངས་རྒྱས་སངས་རྒྱས་སྐྱེས་མཆོག་སྐྱེས།། རྡོ་རྗེ་ཧཱུཾ་མཛད་ཡི་གེ་ཧཱུཾ།། འཇིག་རྟེན་དབང་ཕྱུག་ནོར་རབ་གསལ།། འདོད་ཆགས་ཆེན་པོ་བདེབ ་ཉིད།། འདོད་དང་ཐར་པ་ནོར་ཆེ་བ།། དུས་གསུམ་སྲིད་གསུམ་མཆོག་གསུམ་པ།། འཇིག་རྟེན་གསུམ་མཆོག་ཁམས་གསུམ་པ།། བརྟན་པར་རང་བྱུང་གསལ་བ་སྟེ།། རབ་བླ་སྦོམ་དང་ལེགས ་བསགས་པ།། རྒྱུ་བ་རབ་མཆོག་ཐོབ་མཛད་པ།། སྲིད་པ་འཁོར་བར་སྤྱོད་མཛད་པ།། ཐེག་མཐའ་མེད་ཅིང་ཐོག་མཐའ་ཅན།། མདངས་ལྡན་དང་པོར་ཐམས་ཅད་གནས།། སྙིང་པོ་ཕྱག་རྒྱ་སྦྱོར་དམ ་ཚིག། དེ་ཉིད་བདེན་པ་མཆོག་པ་སྟེ།། དེ་བཞིན་གཤེགས་པའི་དངོས་གྲུབ་ཆེ།། ཆོས་དང་ལས་ནི་ཁམས་ཆེན་པོ།། དམ་པའི་ཆོས་ཏེ་ལས་མཆོག་བདག། བྱང་ཆུབ་སེམས་ནི་རབ་སྐྱོང་མཛད།། རྡོ་རྗེ་ཁྲོ་བོ། ་ཁྲོ་བོ་ཆེ།། དུས་མཐའ་ལྟར་འབར་འདུལ་བ་པོ།། འདུལ་མཛད་ཆེན་པོ་གདུག་པའི་མཆོག། དྲག་པོ་དྲག་ཉིད་ཟད་མཛད་པ།། ཐམས་ཅད་དག་པ་པདྨ་ཆེ།། ཤེས་རབ་ཐབས་ཏེ་ཚུལ་ཆེན་པོ། ་འདོད་ཆགས་དག་པ་ཏིང་འཛིན་མཆོག། སྣ་ཚོགས་ཆགས་པ་དབང་ཕྱུག་ཆེ།། ནམ་མཁའ་མཐའ་ཡས་བརྟག་པའི་དོན།། འབྱུང་པོ་ཐམས་ཅད་གནས་ཆེན་པོ།། འབྱོར་པ་པོ་ནི་ཐམས་ཅད་གན། ་འབྱོར་པ་དཔལ་དང་གཙེ་བ་རྒྱལ།། བསམ་པ་ཐམས་ཅད་རྫོགས་མཛད་པ།། ཕྱག་འཚལ་ཁྱེད་ལ་ཕྱག་འཚལ་ལོ།། ཕྱག་འཚལ་འདུད་ཅིང་ཕྱག་འཚལ་ལོ།། དད་པས་ཁྱེད་ལ་བདག་རྟེན་བགྱིད།། ་རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད།། གང་ཞིག་བསྟོད་པའི་རྒྱལ་པོ་འདི།། ཉིན་རོ་ནང་པར་རྗོད་བྱེད་དམ།། ཆོས་ཀྱི་ཚིག་གིས་ལན་ཅིག་བརྗོད།། དངོས་གྲུབ་གི་ས་རྒྱང་དུ་བ་ཅུས་གལ་ཏེ་འདིར་གྲུབ་མི་འདོད། ་ན། དང་པོར་ཉིན་རེ་དུས་གསུམ་དུ།། བསྟོད་ན་སྡིག་པ་ལས་ངེས་གྲོལ།། ཞིང་དག་པ་ནི་གྲུབ་པར་བྱེད།། རྟག་ཏུ་སྡུག་བསྔལ་ཐམས་ཅད་སེལ།། ལན་ཅིག་རབ་ཏུ་བརྗོད་པ། ་ཡིས།། དངོས་གྲུབ་ཐམས་ཅད་སྐལ་བཟང་བྱེད།། ཕུན་སུམ་ཚོགས་དཔལ་འཕེལ་བར་བྱེད།། ཀུན་གྲུབ་དོན་ཡོད་ཡོན་ཏན་ཅན།། མཚན་བརྒྱ་རྩ་བརྒྱད་དམ་པའོ།། དེ་ནས་གསང་བའི་མཆོད་པས་ནི།། ་རབ་ཏུ་དགའ་བས་མགོན་ལ་མཆོད།། རང་གི་ཕྱག་རྒྱ་ལན་ཅིག་ནི།། རང་གི་ཕྱག་རྒྱས་བཅིངས་ཏེ་གྲུབ།། དེ་ནས་ལྷ་ཡི་ཆུ་དང་ནི།། དེ་བཞིན་སྐུ་མཆོག་གིས་དབང་བསྐུར།། རང་གི་སྙིང་པོ་རྡོ་རྗེ་ཕྲག། ་སྙིང་པོ་བདི་ནི་བླང་བར་བྱ།། དེ་ལ་རྡོ་རྗེ་སེམས་དཔར་དབང་བསྐུར་བུའི་སྙིང་པོ་འདི་ཡིན་ཏེ། ཧཱུཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥེ་ཀ་ནཱ་ཧྲིཿ་བྷི་ཥིཉྩ་མཱི། སརྦ་བཛྲ་མ་དྷི་པ་ཏི་སྠོ་དྲྀ་ཌྷེ་མེ་དྷ་བ་མི ་དྷ་ནཱ་མ་མ་སྟེ་བྷ་ག་བཱ་ན། མ་ཧཱ་བཛྲ་དྷཱ་ར་སུ་ར་ཏ་སྟྭཾ། མཱ་ཧཱ་བཛྲ་སཏྭ། ཨོཾ་བྷུརྞྞ་བ་སྭ། དེ་ནས་རྡོ་རྗེ་དབང་བསྐུར་བ།། ཕྱག་ན་རྡོ་རྗེ་མི་འཛིན་པ།། རྡོ་རྗེ་འཛིན་ཆེན་སློབ་དཔོན་དུ།། འདི་ཉིད་དུ་ནི ་རབ་གྲུབ་འགྱུར།། དེ་ནས་ཀྱང་ནི་ཅི་འདོད་པར།། ཚེ་གའི་དམ་པ་བསྒྲུབས་ནས་ནི།། རྡོ་རྗེ་གར་གྱིས་མཆོད་པ་ཡིས།། ལེགས་པར་མཆོད་ལ་ཕྱིར་ཕུང་བྱ།། དེ་ནས་བརྩམས་ཏེ་རྡོ་རྗེའི་བདག། རྡོ་རྗེ་ཀུན ་གྱིས་གསང་རབ་འཛིན།། རྡོ་རྗེ་ཐམས་ཅད་འཛིན་སློབ་དཔོན།། དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར།། རྡོ་རྗེ་སེམས་དཔའི་དངོས་གྲུབ་ཚེ།། ཕྱག་རྒྱ་ཀུན་བདག་དབང་ཕྱུག་ཆེ། དྷིཿཐམས་ཅད ་མཁྱེན་པའི་རྡོ་རྗེ་ཆེ།། ལས་རྣམས་ཐམས་ཅད་ནུས་ལ་བརྟག། མི་ཚུགས་པ་དང་མི་སོད་པ།། ཀུན་བྱེད་དངོས་གྲུབ་ཐམས་ཅད་སྟེར།། སེམས་ཅན་ཀུན་གྱི་རྒྱལ་པོ་ཉིད། ཚར་གཅོད་པ་དང་པན ་བདོགས་ནུས།། ཐམས་ཅད་རྗེས་ཆགས་བྱེད་ཀུན་མཆོག། ཀུན་རིགས་པ་དང་ཀུན་གྱི་བདག། འདོད་པ་ཐམས་ཅད་ལ་རབ་སྦྱོར།། ཕུན་ཚོགས་ཀུན་གྱི་དབང་ཕྱུག་ཆེ།། ལྷ་ལ་སོགས་པའི་སེམས ་ཅན་ཀུན།། བསྒོ་བ་ཐམས་ཅད་རྟག་ཏུ་བྱེད།། རྡོ་རྗེ་སེམས་དཔའ་རྟག་ཏུ་མཐོང་།། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། དེ་ཉིད་ཀྱིས་ནི་འདོད་པར་ལྡན།། དགའ་ཞིང་རང་ཉིད་དེ་བདག་པོར།། རྡོ་རྗེ ་སློབ་དཔོན་འགྱུར་བ་ཡིན།། ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། བདེ་བ་ཆེན་པོ་རྡོ་རྗེ་སློབ་དཔོན་བྱིན་གྱིས་རློབ་ཅིང་འཇུག་པའི་ཆོ་ག་རྒྱས་པའི་རྒྱུད་དོ།། ་སློབ་མ་འཇུག་པའི་ཆོ་ག་རྒྱས་པའི་རྒྱུད་རྗེས་སུ་བཤད་པར་བྱའོ།། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། རྡོ་རྗེ་མཆོད་ཡོན་སྙིང་ཁུར་བསྐོར།། བཅིངས་ནས་བསམ་གཡོས་བཞིན་གྱིས ་ནི།། མགོ་བོས་ཡང་དག་ཕྱག་བྱ་བ།། དངོས་གྲུབ་ཐམས་སྒྲུབ་བྱེད་ཡིན།། དཀྱིལ་འཁོར་དུ་ནི་རབ་ཞུགས་ལ།། སྐོར་བ་ལན་གསུམ་བྱས་ནས་ནི།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། འགྲོ་བ་ཀུན་ལས་གྲུབ ་མཛད་བརྗོད།། དེ་ནས་དུས་ཀྱི་མཆོད་པ་ཡིས།། བདེ་བ་ཆེན་པོ་ཡང་དག་མཆོད།། དེ་བཞིན་དུ་ནི་དབང་བསྐུར་བར།། རྡོ་རྗེ་གསང་བའི་སློབ་མ་གཞུག། དེ་ནས་ཇི་བཞིན་བརྒྱན་ནས་ནི།། རྡོ་རྗེ་སློབ་དཔོན ་གྱིས་རབ་གཞུག། སློབ་མའི་ཚོགས་རྣམས་བཅུག་ནས་ནི།། ཅི་འདོད་པ་ཡི་དངོས་གྲུབ་ཐོབ།། དེ་ནས་སློབ་མ་བཅུག་ནས་ནི།། དགའ་ཆེན་པོ་ནི་བརྗོད་པར་བྱ།། རབ་གྱེས་རབ ་བདེ་བསྟན་པ་ཡི།། རྡོ་རྗེ་སེམས་བདག་འདི་གྲུབ་མཛོད།། དེ་ནས་མེ་ཏོག་འཕྲེང་བ་ནི།། སྤྱི་བོ་ནས་ནི་མྱུར་དུ་དོར།། གང་དུ་མེ་ཏོག་བབས་གྱུར་དེ།། ལྷག་པའི་ལྷར་ནི་རབ་གྲུབ་འགྱུར།། དེ་ནས་ལྷ་ཡི་ཆུ ་ཡིས་ནི།། རྡོ་རྗེ་འཛིན་པ་རང་དབང་བསྐུར།། རྡོ་རྗེ་ཆེན་པོ་རྡོ་རྗེ་ལྔ།། བྱིན་ལ་རྡོ་རྗེ་བོ་དྷི་བརྗོད།། ཨོཾ་མཧཱ་སུ་ཁ་བཛྲ། བཛྲ་ཨ་བྷི་ཥེ་ཀེ་ན་སྟྭ~ཾ། ཨ་བྷི་ཥཉྩ་མི། མ་ཧཱ་བཛྲ་དྷ་ར། ཧེ་བཛྲ་ནཱ་མ་སིདྡྷི་ན་མཿག་། ་ལ་རྡོ་རྗེ་མིང་གང་ཞིག་ཡིན་པ་དེ་ལ་ཀྱེ་ཞེས་བྱ་བའི་སྒྲ་དང་སྦྱར་བར་བྱའོ།། དེ་ནས་སྙིང་པོ་བྱིན་ལ། ཕྱག་རྒྱ་བཅིང་བ་བརླབས་ནས་ཇི་ལྟར་མངོན་པར་འདོད་པ་གྲུབ་པར་བྱའོ།། རྡོ་རྗེ་སེམས་དཔའི་ཆོ་ག ་འམ།། གང་འདེད་རང་གི་གྲུབ་པ་ལ།། དེ་ཉིད་ཀྱིས་ནི་དམ་ཚིག་ཉིད།། འཇུག་ལ་སོགས་པའི་ཆོ་ག་བཤད།། འཇིག་རྟེན་པ་ནི་སྣ་ཚོགས་དང་།། དེ་བཞིན་འཇིག་རྟེན་འདས་པ་ཡང་།། ཐམས་ཅད་རང་གི ་ངོ་བོ་ནི།། རྒྱས་པར་བསྒྲུབས་ན་རབ་ཏུ་གྲུབ།། འདི་ལ་རབ་ཏུ་འཇུག་ཙམ་གྱིས།། མི་ཚུགས་པ་དང་མི་ལྡོག་པ།། ཉིད་དུ་རྒྱལ་བའི་སྲས་འགྱུར་ཞིང་།། བདེ་ཆེན་རབ་ཏུ་གྲུབ་པ་སྟེར།། དེ་ནས ་རྡོ་རྗེ་འཛིན་སློབ་དཔོན།། མན་པ་ནི་མང་དུ་བསྒྲགས་ནས་ཀྱང་།། དེ་ཉིད་ཆོས་དང་དམ་ཚིག་ནི།། རང་ཉིད་དང་ནི་གཞན་གྱིས་བརློབ།། དེ་ལ་འདི་ནི་མནའ་གྲུབ་པའི་རྡོ་རྗེ་ཆུས་དབང་བསྲུང་ནས་བརྗོད ་པར་བྱའོ།། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམཆོག་འདས་ན་སྲེག་པར་བྱེད།། དམ་ཚིག་སྲུང་ན་འགྲུབ་པར་འགྱུར།། དངོས་གྲུབ་རྡོ་རྗེ་བདུད་རྩི་ཆུ།། དེ་ཉིད་ཆོས་དང་དམ་ཚིག་ནི།། གལ་ཏེ་དཀྱིལ་འཁོར ་མ་མཐོང་སྦྲ།། ཀྱེ་བོ་འདུག་ན་གནས་པ་འམ།། དད་པ་མེད་པས་བགད་པར་འགྱུར།། དེ་ལ་འདི་ནི་དེ་ཁོ་ན་ཉིད་དང་དམ་ཚིག་གི་གསང་བའི་ཚི་ག་རབ་ཏུ་སྦྱིན་པ་ཡིན་ཏེ། ཐེག་མཐའ་མེད་པའི་སེམས ་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག། དེ་ཁོ་ན་ཉིད་མཆོག་གི་གསང་བའི་ལྔའི་དེ་ཁོ་ན་ཉིད་ཆེན་པོར་བཤད་པར་བརྗོད ་པར་བྱའོ།། བཅོམ་ལྡན་དེ་ཉིད་ཆོས་ཀྱི་མཆོག་བཀའ་སྩལ་པར་མཛད། སྲིད་པ་ངོ་བོ་ཉིད་ཀྱིས་དག། ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས།། རང་བཞིན་དག་པའི་སེམས་དཔའ་མཆོག། སྲིད་པ་མཆོག་ནི་བྱེད ་པ་ཡིན།། དེ་ལ་སྲིད་པ་རྣམ་པར་དག་པའི་ཐབས་རྟོགས་པ་ཐམས་ཅད་ཀྱི་གསང་བའི་མཆོག་དམ་ཚིག་ཆེན་པོ་བསྟན་པར་བྱ་བ་ནི་འདི་ཡིན་ཏེ། སྲིད་པའི་བདེ་བ་ཤིན་ཏུ་ཆུང་།། སྡུག ་བསྔལ་ཆེན་པོ་དག་བྱའི་ཕྱིར།། ཤིན་ཏུ་བདེ་བ་དམ་པའི་ཐབས།། དམ་ཚིག་རྟག་ཏུ་བརྟེན་པར་བྱ།། འདོད་པའི་ལོངས་སྤྱོད་ཐམས་ཅད་ནི།། ཅི་འདོད་པར་ནི་བསྟེན་བཞིན་དུ།། རང་གི་ལྷག ་པའི་ལྷར་སྦྱོར་བས།། བདག་དང་གཞན་ལ་མཆོད་པར་བྱ།། དེ་ལ་རྟོག་པ་ཐམས་ཀྱིས་གསང་བའི་མཆོག་གི་དམ་ཚིག་ཆེན་པོ་འདི་བརྗོད་པར་བྱ་སྟེ། ཇི་སྲིད་འཁོར་བའི་གནས་སུ་ནི།། མཁས ་མཆོག་འདུག་པར་གྱུར་པའི་ཚེ།། དེ་སྲིད་མཚུངས་མེད་སེམས་ཅན་དོན།། མྱ་ངན་མི་འདའ་བྱེད་པར་ནུས།། གསང་བ་མཆོག་གི་དམ་ཚིག་ཐབས།། བསོད་ནམས་བྱིན་རླབས་སྒྲུབ་བྱེད། ་པ།། དངོས་གྲུབ་ཀུན་གྱི་དབང་ཕྱུག་མཆོག། རྒྱུན་དུ་སེམས་ཅན་དོན་བྱེད་པའོ།། དེ་ལྟར་སེམས་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས།། རང་གི་དམ་ཚིག་མི་བཟད་བདེ་བསྐྱེད་སྟེན་པར་གྱིས།། དེ་ནི་འགྲོ་ལ་མྱུར་དུ ་བདེ་བ་སངས་རྒྱས་ཐམས་ཅད་དང་།། རབ་ཏུ་མཚུངས་ཤིང་རྟག་པ་ཉིད་དུ་རྟོགས་པར་འགྱུར།། དེ་ནས་ཁྱེད་ཀྱིས་བཅུད་དང་། ཁ་ཟས་དང་། གནས་པ་དང་། གྲུ་དང་། རོལ་མོ་ལ་སོགས ་པའི་མཆོད་པ་རྣམས་ལེགས་པར་སྟོབས་པས་བདག་ཉིད་གང་ལ་སྲེད་པས་ཀྱང་རྡོ་རྗེ་སླེབ་དཔོན་ཆེན་པོ་མཆོད་པར་བྱའོ།། རྡོ་རྗེ་སློབ་དཔོན་མེ་ཏོག་སོགས།། ཅི་འདོད་པར་ནི་ལེགས་མཆོད་ཅིང་།། རྡོ་རྗེ ་གར་གྱི་མཆོད་པ་ཡིས།། ཡང་དག་པར་ནི་མཆོད་དེ་བྱུང་།། དེ་ནས་རྡོ་རྗེ་འཛིན་སློབ་དཔོན།། གར་གྱིས་མཆོད་པས་མཆོད་ནས་ནི།། རྡོ་རྗེ་ཐལ་མོ་སྦྱོར་བ་ཡིས།། སློབ་མ་ཀུན་གྱིས་རབ་ཏུ་མཆོད། ་རེ་དང་ཁ་ཟས་གནས་པ་དང་།། གྲུ་དང་རོལ་མོ་ཅི་འདོད་པ།། རྡོ་རྗེ་སེམས་དཔའ་དེ་བཞིན་བདག། ཡང་དག་མཆོད་ནས་ཕྱིར་བྱུང་བྱ།། དཔལ་མཆོག་དང་པོ་ཞེས་བྱ་བའི་དཀྱིལ་འཁོར་མཆོག་ཏུ ་གསང་བའོ།། དེ་ནས་སྒྲུབ་པ་བཤད་བྱ་བ།། དངོས་གྲུབ་ཤིན་ཏུ་རྟག་པ་སྟེ།། གང་གི་སྲིད་པའི་འདི་ཉིད་ལ།། དངོས་གྲུབ་རྟག་པ་ཐོབ་བྱེད་པའོ།། འདི་ཡིས་བྱང་ཆུབ་སེམས་དཔའ་ནི།། སྲིད ་པར་གནས་ཤིང་སྲིད་པར་སངས།། དངོས་གྲུབ་ཀུན་གྱི་དབང་ཕྱུག་གྲུབ།། རྟག་ཏུ་སེམས་ཅན་ཀུན་དོན་བྱེད།། མི་ཡིས་ཇི་ལྟར་མཆོག་གྲུབ་པ།། དེ་ལྟར་བྱང་ཆུབ་སྤྱོད་སོགས་པས།། དགེ ་བའི་ཚུལ་གྱིས་གཞན་གྱིས་ཀྱང་།། སངས་རྒྱས་ཀུན་སོགས་ཐོབ་མི་འགྱུར།། གདུལ་བྱ་མིན་པ་བསོད་ནམས་མེད།། སངས་རྒྱས་རྡོ་རྗེ་འཛིན་པ་ནི།། རྣམ་པ་ཀུན་ཏུ་མཐོང་སོགས་ཀྱིས།། ་སེམས་ཅན་དོན་བྱེད་མི་ནུས་སོ།། དྲེ་བས་རྒྱུད་ཆེན་ལས་གྲུབ་པ།། སངས་རྒྱས་སམ་ནི་རྡོ་རྗེ་འཛིན།། མཐོང་ལ་སོགས་པས་སེམས་ཅན་དེ་ན།། ནམ་མཁའ་མཉམ་པར་བྱེད་པ་ཡིན།། ་འདོད་ཆགས་ཆེན་པོ་བདེ་བ་ཆེ།། སྲིད་པའི་ངེས་པ་དྲི་མ་མེད།། ནམ་མཁའ་མཐའ་ཡས་སེམས་ཅན་དོན།། མྱ་ངན་མི་འདའ་བྱེད་པ་ཡིན།། དཀྱིལ་འཁོར་དག་ཏུ་མ་ཞུགས་པ།། བསོད ་ནམས་མེད་པ་འམ་ལེ་ལོ་ཅན།། དེ་ཡང་ཀུན་མཆོག་གྲུབ་པ་ཡི།། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། ཞེས་བཅོམ་ལྡན་འདས་དོན་ཡིད་གྲུབ་པ་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ནས ་དེ་ནི་ཡོད་པ་ཐོགས་པ་མེད་པ་མྱུར་དུ་སྒྲུབ་པའི་མཆོག་རྗེས་སུ་བཤད་པར་བྱའོ།། ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། ལུགས་མ་འམ་ནི་བརྐོས་པ་འམ།། བྱས་པ་འམ་ནི་བྲིས ་པ་ཡི།། དང་བའི་སེམས་པའི་རྟགས་ནས་ནི།། མདུན་དུ་དེ་ནི་བསྒྲུབ་པར་བྱ།། ཉིན་རེ་ཞིང་ནི་དང་པོ་རུ།། དེ་བཞིན་ཡུལ་དང་ལྡན་གྱུར་པས།། དང་པོའི་གསང་མཆོག་གིས་བཀུག་སྟེ།། ཕྱག་རྒྱ་ཆེན་པོར ་རབ་བྱིན་བརླབ།། རྡོ་རྗེ་མིག་གིས་དེ་བཞིན་བལྟས།། རྡོ་རྗེ་བསྙེམས་ཚུལ་བདག་པོ་རང་།། རྡོ་རྗེ་ཧཱུ~ཾ་ནི་གླུ་བླངས་པས།། རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ།། དེར་རྗེས་ཆ་ལུགས་ཇི ་བཞིན་དུ།། མཆོག་གི་དང་པོར་རབ་དགྱེས་པས།། གཟུགས་བརྙན་ལ་སོགས་དང་པོར་ནི།། ཅི་འདོད་པར་ནི་རབ་ཏུ་སྒྲུབ།། འདི་ཡིས་འདོད་པ་ཀུན་དབང་ཕྱུག། འདོད་པ་ཙམ་གྱིས་འགྲོ་འོང་ལྡིང་།། ་དངོས་གྲུབ་ཀུན་གྱི་དབང་ཕྱུག་གྲུབ།། ཀུན་མཆོག་དང་པོའི་དབང་ཕྱུག་ཡིན།། ཕུན་ཚོགས་ཀུན་བདག་ཐམས་ཅད་པ།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། ཐམས་ཅད་ཀུན་མཛད་སྣ་ཚོགས་པ།། ་རྟག་པར་ཀུན་ཏུ་འདུལ་བ་པོ།། དངོས་གྲུབ་ཀུན་གྱི་བདེ་བ་མཆོག། ཕྱག་རྒྱ་ཀུན་བདག་དབང་ཕྱུག་ཡིན།། རྡོ་རྗེ་ཀུན་གྱི་དངོས་གྲུབ་ཆེ།། ཐམས་ཅད་མཁྱེན་པའི་འབྱུང་གནས་ཆེ།། མི་ཚུགས་པ་དང ་མི་སོད་པ།། ཐམས་ཅད་བྱེད་ཅིང་ཀུན་གྱིས་གནས།། ཁམས་གསུམ་ལས་རྒྱལ་སྣ་ཚོགས་པ།། ཚར་གཅོད་པ་དང་ཕན་འདོགས་པ།། ཀུན་ལ་རྗེས་ཆགས་ཀུན་གྱི་མཆོག། ཀུན་རིགས་དངོས་གྲུབ ་ཐམས་ཅད་སྟེར།། རང་གི་རྣམ་འཕྲུལ་རབ་སྟོན་བྱེད།། ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ།། དབང་ཕྱུག་ཆེན་པོས་དབང་ཕྱུག་ཆེ།། གཟུགས་དང་ཚེ་སྟོབས་རྡོ་རྗེ་མཆོག། རྡོ་རྗེ་སེམས་དཔའ ་གཉིས་པ་བཞིན།། འགྲོ་བ་རྣམས་ཀྱིས་མཆོད་ཅིང་རྗེད།། རང་གི་གཉེན་རྣམས་ཀྱིས་བརྟེན་པ།། རྒྱལ་པོ་རྡོ་རྗེ་འཆང་ཆེན་ལྟར།། རྒ་དང་འཆི་བ་མེད་པར་འགྱུར།། གལ་ཏེ་རྡོ་རྗེ་སེམས ་དཔའ་བམ།། སངས་རྒྱས་བྱང་ཆུབ་སེམས་ཉིད་འདོད།། དངོས་གྲུབ་ཇི་ལྟར་འདོད་པ་ཉིད།། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། ཕྱི་མ་འམ་ནི་འཇིག་རྟེན་པའམ།། རྟོག་པ་ཀུན་བཤད་ཆོ་ག་འམ།། ་རང་ཉིད་ཀྱིས་མཛད་ཀྱིས་རྟག་ཏུ།། དངོས་གྲུབ་ཐམས་ཅད་གྲུབ་འགྱུར་ཞེས།། བཅོམ་ལྡན་རྡོ་རྗེ་དངོས་གྲུབ་ཀྱིས།། དབང་ཕྱུག་བདེ་བ་ཆེན་པོ་ནི།། རྡོ་རྗེ་འཆང་བ་ཆེན་རྒྱལ་པོ།། ཀུན་མཆོག་ས་ཡི་དང ་པོས་གསུངས།། དེ་ལ་ཇི་ལྟར་ན་རང་གི་ཕྱག་རྒྱ་སྒྲུབ་པའི་རྒྱུད་ཡིན་ཞེ་ན། ཕྱག་རྒྱ་ཆེན་པོ་མཉམ་བཞག་ལ།། རང་གི་སྙིང་པོ་ལན་ཅིག་སྒྲུབ།། དྲྀ་བྷཱ་སུ་ཏོ་ཥྱ་སན་རཀྟ་ཀ་སུ་པོ་སིདྡྷ་ཏ་ལ་གུ། དེ་ལ ་ཇི་ལྟར་ཡི་གེ་ཧཱུཾ།། གླུ་བླང་བ་ཡི་རྒྱུད་ཡིན་ཞེ་ན། རི་དྷི་ཏ་སོགས་ཀྱིས་བརྒྱན་ལྡན།། ཅི་ནུས་པ་དང་ཅི་དགའ་དང་།། གྷཎྜེ་ལ་སོགས་གླུ་བླངས་པའི།། ཡི་གེ་ཧཱུཾ་གིས་འགྲུབ་པར་འགྱུར།། དེ་ནས ་ཕྱག་རྒྱ་ཐམས་ཅད་ཀྱི།། མཆོག་དེ་སྒྲུབ་པའི་རྒྱུད་བཤད་དེ།། གལ་ཏེ་བྱ་རྒྱ་སྒྲུབ་འདོད་ན།། དེ་བཞིན་ཡུལ་དང་ལྡན་གྱུར་པས།། རང་ཉིད་ཀྱིས་ནི་རྒྱ་བཅིངས་ལ།། ཡོངས་སུ་མི་སྐྱོའི་བར་དུ ་བསྒྲུབ།། དེ་ལ་ཇི་ལྟར་ན་དམ་ཚིག་ཐམས་ཅད་གྲུབ་པའི་རྒྱུད་ཡིན་ཞེ་ན། དམ་ཚིག་ཕྱག་རྒྱ་བཅིངས་ནས་ནི།། ས་མ་ཡ་སྟྭཾ་ཞེས་བརྗོད་ལ།། རང་གི་སྙིང་ཁར་རིམ་བཞིན་དུ།། ཕྱག་རྒྱའི ་མཆོག་དེ་བསྒྲུབ་པར་བྱ།། དེ་ནས་ལས་ཀྱི་ཕྱག་རྒྱ་ཡི།། མཆོག་སྒྲུབ་པ་ནི་རྒྱུད་དུ་ནི།། རྡོ་རྗེ་གར་གྱིས་མཆོད་པ་ཡིས།། ཡོངས་སུ་མི་སྐྱོ་བས་བསྒྲུབས་ན།། མཆོད་པ་ཀུན་སོགས ་ལས་རྣམས་ནི།། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། རྡོ་རྗེ་འཆང་ཆེན་ཉིད་དང་ནི།། སངས་རྒྱས་བྱང་ཆུབ་སེམས་ཉིད་དང་།། གཞན་ཡང་དངོས་གྲུབ་ཐམས་ཅད་ནི།། ་དམ་པར་མྱུར་དུ་འགྲུབ་པར་འགྱུར།། རྟོག་པ་ཐམས་ཅད་སྒྲུབ་པ་ཆེན་པོ་དོན་ཡོད་པར་གྲུབ་པའི་ཆོ་ག་རྒྱས་པའི་རྒྱུད་དེ།། དེ་ནས་རྟོགས་པ་ཐམས་ཅད་གྲུབ་པའི་དངོས་གྲུབ་ཀྱི་རྒྱུད ་ནི་ཉིན་རེ་ཞིང་དང་པོར་ལན་ཅིག་ཕྱག་རྒྱ་སྒྲུབ་པ་དོན་ཡོད་པ་དངོས་གྲུབ་ཐོགས་པ་མེད་པ་བཤད་པར་བྱའོ།། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ།། ཐམས་ཅད་རྗེས་སུ་མཉེས་པར་བྱ་བ་དང་། ་དགུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་བསྒྲུབ་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་ལྟ་བས་སོ།། བདེ་བ་དང་ཡིད་བདེ་བ་དང་ཀ་ཕུན་སུམ་ཚོགས་པ་དང་། དངོས་གྲུབ་ཐམས་ཅད་མངོན་པར་འཕེལ། ་བར་བྱ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེས་སོ།། ཚེ་དང་། ལང་ཚེ་དང་། གཟུགས་དང་། གཟི་བརྗིད་ཆེན་པོ་མངོན་པར་འཕེལ་བར་བྱ་བ་ལ་ནི་དང་པོའི་རྡོ་རྗེ་བཅུད་ཀྱིས་ལེན་གྱིས་སེ། ་དཔལ་ཆེན་པོ་དང་། སྐལ་བ་བཟང་པོ་དང་། གྲགས་པ་དང་། སྙན་པ་འཕེལ་བར་བྱ་བ་ལ་ནི་དང་པོའི་རྡོ་རྗེ་གྲུབ་པས་སོ།། སྟོབས་ཆེན་པོ་དང་།། ཡེ་ཤེས་དང་། ཆོས་དང་། ལས ་བསྒྲུབ་པར་བྱ་བ་ལ་ནི་དང་པོའི་རྡོ་རྗེ་སྙིང་སྟོབས་ཆེ་བས་སོ།། རྫུ་འཕྲུལ་དང་། ཆོ་འཕྲུལ་དང་། རྨད་དུ་བྱུང་བ་དང་། རྣམ་པར་འཕྲུལ་པ་ཐམས་ཅད་སྟོན་པ་ལ་ནི་དང་པོའི་རྡོ་རྗེའི་རྣམ་པར ་འཕྲུལ་པས་སོ།། ཐམས་ཅད་དུ་ཡི་གེ་དང་། གཟུགས་ཀྱིས་བདེན་པ་ཐམས་ཅད་མཐོང་བ་དང་། ཐོས་པ་དང་། སྨྲ་བ་དང་། འདྲི་བ་གྲུབ་པར་བྱ་བ་ལ་ནི་དང་པོའི་རྡོ་རྗེ་དོན་ཡོད་པའི་བདེན་པས་སོ།། ་དབང་པོ་ཐམས་ཅད་ཀྱིས་བདེན་པ་ཐམས་ཅད་མཐོང་བ་དང་། ཟོས་པ་དང་། སྨྲ་བ་དང་། ཟིལ་གྱིས་གནོན་པར་བྱེ་བ་ལ་ནི་དང་པོའི་རྡོ་རྗེ་དོན་ཡོད་པའི་བདེན་པས་སོ།། སྒྱུ་མ་ཐམས་ཅད་དང ་བདེ་བའི་མཆོག་དང་། ལུང་བསྒོ་བ་དང་། ལན་ཐོབ་པ་གྲུབ་པ་ལ་ནི་དང་པོའི་རྡོ་རྗེ་རྨད་དུ་བྱུང་བས་སོ།། གཏེར་ཐམས་ཅད་དབྱུང་བ་དང་། ནོར་དབྲེག་པ་དང་། རྒྱལ་སྲིད་ཐོབ་པ་དང་། ས་ལ་ཉེ ་བར་ལོངས་སྤྱོད་པ་ལ་ནི་དང་པོའི་རྡོ་རྗེ་དབང་བསྐུར་བས་སོ།། ཡུལ་ཐམས་ཅད་དང་། སྐྱེ་བོ་དང་། གྲོང་ཁྱེར་དང་། ནགས་དང་། ཆུ་བོར་ཉེ་བར་ལོངས་སྤྱོད་སྤྲུལ་པ་ལ་ནི་དང་པོའི་རྡོ ་གྲུབ་པས་སོ།། ཐམས་ཅད་ལས་མངོན་མོ་བྱུང་བའི་ལྷ་ཡུལ་དང་། རིན་པོ་ཆེ་དང་། ཁ་ཟས་དང་། བཏུང་བ་དང་། གཡོག་འཁོར་ཤིན་ཏུ་བབང་པོ་ལ་སོགས་པ་ཡུལ་དེ་ཉེ་བར་ལོངས་སྤྱོད ་པ་ལ་ནི་དང་པོའི་རྡོ་རྗེ་སྤྲུལ་པས་སོ།། སྐད་ཅིག་གིས་ས་གཞི་ཐམས་ཅད་འབྲུ་ལ་སོགས་པ་སྦྱིན་པར་བསྐྱེད་པ་དང་། ཆུའི་ཕུང་པོ་ཆེན་པོ་འབྱུང་བ་དང་སྣང་བ་ཆེན་པོ་བསྐྱེད་པ་དང་། རླུང ་ཐམས་ཅད་དབང་དུ་བྱ་བ་ལ་ནི་དང་པོའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་གིས་སོ།། རྒྱུ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་བཟའ་བ་དང་། བཏུང་བ་དང་། རང་རྩེར་གཞུག་པ་དང་། ལས་ཐམས་ཅད ་ལ་སྦྱར་བ་ལ་ནི་དང་པོའི་རྡོ་རྗེ་དོན་ཡོད་པའི་ཐམས་ཅད་དབང་བྱེད་པས་སོ།། དངོས་གྲུབ་ཐམས་ཅད་ལས་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་།། རྡོ་རྗེ་འཛིན་པ ་དང་རྡོ་རྗེ་ལ་སོགས་མཐོང་བ་ལ་ནི་དང་པོའི་རྡོ་རྗེ་བསྙེམས་པས་སོ།། རང་གི་བདག་ཉིད་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་ཐམས་ཅད་སྤྲུལ་ཅིང་སྟོན་པ་མི་སྣང་བ་དང་། ནམ་མཁར་འགྲོ། ་བ་གྲུབ་པ་དང་། ཤིན་ཏུ་ཕྲ་བ་དང་། སྒོམ་པ་དང་། དུ་མར་སྟོན་པ་ལ་ནི་དང་པོའི་རྡོ་རྗེ་གཟུགས་སྣ་ཚོགས་པས་སོ།། འཇིག་རྟེན་གསུམ་གྱི་བདག་པོར་གྱུར་པ་ཐམས་ཅད་དབབ་པ ་དང་དབང་དུ་བྱ་བ་དང་། ལས་ཐམས་ཅད་ལ་སྦྱར་བ་ལ་ནི་དང་པོའི་རྡོ་རྗེ་ཧཱུཾ་མཛད་ཀྱིས་སོ།། ལྷ་ཐམས་ཅད་དབབ་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། ལས་ཐམས་ཅད་ལ ་ངེས་པར་སྦྱར་བ་ལ་ནི་དང་པོའི་རྡོ་རྗེ་ལྷའི་བདག་པོས་སོ།། ཀླུ་ཐམས་ཅད་གདོན་པ་དང་། འདུལ་བ་དང་། དབང་དུ་བྱ་བ་དང་། ལས་ཐམས་ཅད་ལ་ངེས་པར་སྦྱར་བ་ལ་ནི་དང་པོའི་རྡོ་རྗེ་འབར་བའི ་རྡོ་རྗེས་སོ།། གནོད་སྦྱིན་ལ་སོགས་པ་ཐམས་ཅད་དགུག་པ་དང་། དབང་དུ་བྱ་བ་དང་། ལས་ཐམས་ཅད་ལ་ངེས་པར་སྦྱར་བར་བྱ་བ་དང་། སྐྲག་པར་བྱ་བ་ལ་ནི་དྲང་པོའི་རྡོ་རྗེ་གདོན་འདུལ་བས ་སོ།། དཀྱིལ་འཁོར་ཐམས་ཅད་བརྟག་པ་དང་། འཇུག་པ་དང་། མཆོད་པ་དང་། སྒྲུབ་པ་དང་། ལས་ཐམས་ཅད་ལ་ངེས་པར་སྦྱར་བར་བྱ་བ་ལ་ནི་དང་པོའི་རྡོ་རྗེ་འཁོར་ལས་སོ།། ་ཕྱག་རྒྱ་ཐམས་ཅད་དགུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། བརྟན་པར་བྱ་བ་སྒྲུབ་པ་ལ་ནི་དང་པོའི་རྡོ་རྗེ་ཕྱག་རྒྱས་གྲུབ་པས་སོ།། དམ་ཚིག་ཐམས་ཅད་དགུག་པ་དང་། གཞུག་པ་དང་། ་བཅིང་བ་དང་། སྒྲུབ་པ་ལ་ནི་དང་པོའི་རྡོ་རྗེ་དམ་ཚིག་གི་མཆོག་གིས་སོ།། ལས་ཐམས་ཅད་རབ་ཏུ་སྒྲུབ་པ་ལ། རྣམ་པར་མི་འཇིགས་པར་བྱ་བ་དང་། བརྟན་པར་བྱ་བ་དང་། གྲགས་པ་ཆེན ་པོ་རབ་ཏུ་བསྔགས་པ་ལ་ནི་དང་པོའི་རྡོ་རྗེ་ལས་ཀྱིས་སོ།། རྡོ་རྗེ་ཐམས་ཅད་དགུག་པ་དང་།། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་སྒྲུབ་པ་ལ་ནི་དང་པོའི་རྡོ་རྗེས་སོ།། སེམས་དཔའ་ཆེན ་པོ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་སྒྲུབ་པ་ལ་ནི་དང་པོའི་རྡོ་རྗེ་སེམས་དཔས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་དགུག་པ་དང་། གཞུག་པ་དང ་བཅིང་བ་དང་། དབང་དུ་བྱ་བ་སྒྲུབ་པ་ལ་ནི་དང་པོའི་དེ་བཞིན་གཤེགས་པས་སོ།། རྡོ་རྗེ་འཛིན་པ་ཆེན་པོ་དགུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་ལ་ནི་དང་པོའི་རྡོ་རྗེ་འཛིན་པས་སོ་ཞེས་ཀྱང ་གསུངས་སོ།། དཀྱིལ་འཁོར་དག་ཏུ་མ་ཞུགས་པ་འམ། སྡིག་པ་ཐམས་ཅད་བྱས་པ་འམ། རང་གི་སྙིང་པོ་མ་བསྒྲུབས་པའང་དངོས་གྲུབ་ཐམས་ཅད་གྲུབ་པར་འགྱུར།། མ་བསྒྲུབས་པར་ཐམས་ཅད ་འགྲུབ་པ། དོན་ཡོད་པར་གྲུབ་པ། ཕྱག་རྒྱ་མཆོག་ཏུ་གྲུབ་པའོ།། དེ་ནས་དང་པོའི་སྙིང་པོ་མ་བསྒྲུབས་པའི་ཐམས་ཅད་དོན་ཡོད་པ། ཐོགས་པ་མེད་པ། ལས་ཐམས་ཅད་ཀྱི་རྒྱུ་སྐད་ཅིག ་གྲུབ་པ་རྗེས་སུ་བཤད་པར་བྱའོ།། ཞེས་བཅོམ་ལྡན་འདས་རྡོ་རྗེ་ཐམས་ཅད་ཀྱི་སྣ་ཚོགས་པའི་འཕྲིན་ལས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ།། དོན་ཡོད་པ་ཐོགས་པ་མེད་པ། ་བདག་ཀྱང་བདེར་གཤེགས་ལྷན་ཅིག་ཏུ།། ལས་ཀྱི་རབ་འབྱམས་འདི་དག་ནི།། དངོས་གྲུབ་སྐད་ཅིག་གིས་སྒྲུབ་བྱེད།། འདི་ལྟ་སྟེ། ཐམས་ཅད་ཤིན་ཏུ་བསྲུང་བ་དང་། ཡོངས་སུ་བསྐྱང་བ་དང ་ཞི་བ་དང་། བདེ་ལེགས་སུ་བྱ་བ་དང་། ཚེ་འཕེལ་བར་བྱ་བ་ལ་ནི་རྡོ་རྗེ་གར་གྱི་སེམས་དཔའི་ཚུལ་གཙུག་ཏོར་གྱི་ཕྱག་རྒྱས་སོ།། དཀྱིལ་འཁོར་ཐམས་ཅད་མཚམས་དང་། ཕྱོགས་དང་། དམ ་ཚིག་དང་དངོས་གྲུབ་བཙོང་ཞིང་སྲུང་བ་ལ་ནི་རྡོ་རྗེ་གར་གྱི་སོ་སོར་འབྲང་བ་ཆེན་པོས་སོ།། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། སླར་ཟློས་པ་དང་། རྟག་པ་ཅན་དང་། ཁྱབ་འཇུག་གི་རིགས ་ཐམས་ཅད་གསལ་བ་ལ་ནི་རྡོ་རྗེ་གར་གྱི་ནད་མེད་པས་སོ།། གདུང་བ་ཐམས་ཅད་དང་། གནོད་བྱེད་དང་། ནད་དང་། མྱ་ངན་དང་། སྡུག་བསྔལ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་གར་གྱི་སྡུག་བསྔལ་ཏེ། ་བར་ཞི་བའོ།། དུག་དང་སྦྱར་བའི་དུག་ལ་སོགས་ཉེ་བར་ཐར་པ་དང་། དབབ་པ་དང་། བཅིང་བ་དང་། བཟའ་བ་དང་། བདུད་རྩིར་བྱ་བ་ལ་ནི་རྡོ་རྗེ་གར་གྱི་ཉེ་བའི་དུག་གིས་སོ།། གདོན་ཐམས་ཅད་དབབ་པ ་དང་། བཅིང་བ་དང་། དམ་ཚིག་འཛིན་དུ་གཞུག་པ་དང་། རབ་ཏུ་གདུལ་བ་དང་། སྲུང་བ་ལ་ནི་རྡོ་རྗེ་གར་གྱི་གདོན་ལས་ཐར་པའོ།། ཐམས་ཅད་ལ་བཅིང་བ་དང་། ཐར་པ་དང་། དྲལ་བ་དང་། ལྟུང་བ ་དང་། ལྡང་བ་ལ་ནི་རྡོ་རྗེ་གར་གྱི་རྡོ་རྗེ་ཆེན་པོའི་ཁྲོ་བོས་སོ།། མཁའ་འགྲོ་མ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པ་དང་། གདོན་ལས་ཐར་པར་བྱ་བ་དང་། ཤི་བ་བསླང་བ་དང་། ཚེ་མངོན་པར་འཕེལ་བ་དང ་ཤིན་ཏུ་སྲུང་བ་ལ་ནི་རྡོ་རྗེ་གར་གྱི་ཕྱག་རྒྱའི་ལན་གྱིས་སོ།། སྒྲིབ་པ་ཐམས་ཅད་དང་།། སྡིག་པ་ཐམས་ཅད་དང་། རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། བྷུར་གཞིག་པ་ལ་ནི་རྡོ་རྗེ་གར་གྱི་ཞི་བས་སོ།། ་ཐམས་ཅད་དབབ་པ་དང་། བསྐྱོད་པ་དང་། གར་བྱེད་དུ་གཞུག་པ་དང་། ཐམས་ཅད་བདེན་པར་སྦྱར་གཞུག་པ་དང་། པྲ་སེ་ན་ཐམས་ཅད་སྒྲུབ་པ་ལ་ནི་རྡོ་རྗེ་གར་གྱི་ཐམས་ཅད་འབེབས་པའི་ཕྱག་རྒྱས་སོ།། ་ཐམས་ཅད་རྒྱས་གདབ་པ་དང་། གསད་པ་དང་། ལྟུང་བར་བྱ་བ་དང་། བསླང་བ་དང་། སླར་གསོ་བ་ལ་ནི་དོན་ཡོད་གྲུབ་པའི་རྡོ་རྗེ་གར་གྱི་མཁའ་འགྲོ་མ་ཆེན་མོས་སོ།། ཐམས་ཅད་རེངས་པར་བྱ་བ་དང་། ་རྨོངས་པར་བྱ་བ་དང་། གཉིད་ལོག་པར་བྱ་བ་དང་། གསད་པ་དང་། བཟའ་བར་བྱ་བ་ལ་ནི་རྡོ་རྗེ་གར་གྱི་གདུག་པའི་སྲིན་པོས་སོ།། གཞན་གྱི་དཔུང་ཐམས་ཅད་སྐྲག་པར་བྱ་བ་དང་། གཞིག་པར་བྱ་བ་དང་། ་དབང་དུ་བྱ་བ་དང་། ལྟུང་བར་བྱ་བ་དང་། གསད་པར་བྱ་བ་ལ་ནི་རྡོ་རྗེ་གར་གྱི་གཤེད་བྱེད་ཀྱིས་སོ།། ཁྲོ་བོ་ཐམས་ཅད་བསལ་བ་དང་། བཞིན་རས་དང་བར་བྱ་བ་དང་། རྩོད་པ་ལས་རྒྱལ་བ་དང་། ་འཇིགས་པ་ལས་ཐར་པ་དང་། གཡུལ་འགྱེད་པ་ལ་སོགས་པའི་རྒྱལ་བ་སྒྲུབ་པ་ལ་ནི་རྡོ་རྗེ་གར་གྱི་རྒྱལ་མཚན་མཆོག་གི་དཔུང་རྒྱན་གྱིས་སོ།། སྤྲིན་ཐམས་ཅད་ཡང་དག་པར་གཟུང་ཞིང་མི་གཡོ ་བར་བྱ་བ་དང་། ཆར་ཆེན་པོ་དབབ་པ་དང་། རླུང་དང་།། ཆར་དང་། གློག་དང་། སེར་བ་བཟློག་པ་དང་། དྲོ་བ་དང་། གྲང་བ་བསལ་བ་ལ་ནི་རྡོ་རྗེ་གར་གྱི་དབང་པོའི་རྡོ་རྗེས་སོ།། ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ཐམས་ཅད་ཤིན་ཏུ་གྲུབ་པ་ལ་ནི་རྡོ་རྗེ་གར་གྱི་འདོད་པའི་དབང་ཕྱུག་གིས་སོ།། རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རྗེས་སུ་ཆགས་པ་དང་། དགུག་པ་དང་། ་དབང་དུ་བྱ་བ་དང་། རྩེ་བ་དང་། ལས་ཐམས་ཅད་ལ་ངེས་པར་སྦྱར་བ་ལ་ནི་རྡོ་རྗེ་གར་གྱི་དངོས་གྲུབ་ཐམས་ཅད་ཀྱིས་སོ།། ལྷ་ཐམས་ཅད་དབབ་པ་དང་། ཀླུ་ཐམས་ཅད་དབང་དུ་བྱ་བ་དང་། གནོད་སྦྱིན་དང་། ་འབྱུང་པོ་དང་། མ་མོ་ཐམས་ཅད་ལས་ལ་ངེས་པར་སྦྱར་བ་ལ་ནི་རྡོ་རྗེ་གར་གྱི་རྡོ་རྗེ་གླུའི་མཆོག་གིས་སོ།། རྣམ་ཐོས་སྲས་མནན་ནས་དཔལ་དྲང་བ་དང་། ལྷའི་བུ་མོ་ཐམས་ཅད་རབ་ཏུ་དབྲོག་པ་དང་། ་ལྷ་དང་ལྷ་མ་ཡིན་གྱི་བུད་མེད་ཐམས་ཅད་རྩེ་བ་དང་།། འཇིག་རྟེན་གསུམ་མ་ལུས་པ་ལས་རྒྱལ་བ་དང་། འདོད་པའི་དབང་ཕྱུག་ཐམས་ཅད་ལས་རྒྱལ་བ་དང་། དབང་ཕྱུག་ཆེན་པོ་ཐམས་ཅད་དབྲོག་པ ་ལ་ནི་རྡོ་རྗེ་གར་གྱི་སྐྱེ་བུ་བྱེད་པ་ཆེན་པོས་སོ།། མཆོད་པ་ཐམས་ཅད་སྒྲུབ་པ་དང་། ཐམས་ཅད་རྡོ་རྗེར་བྱ་བ་དང་། བདུད་ལ་སོགས་པ་ཐམས་ཅད་རབ་ཏུ་གནོམ་པ་དང་།། ཕྱག་རྒྱ་ཐམས་ཅད་བཅིང་། ་བ་དང་། དངོས་གྲུབ་ཀྱི་མཆོག་ལ་སོགས་པ་མ་ལུས་ཤིང་ལུས་པ་མེད་པའི་དངོས་གྲུབ་ཐམས་ཅད་ལས་ཀྱི་རྒྱུ་མྱུར་དུ་གྲུབ་པར་བྱ་བ་ལ་ནི་རྡོ་རྗེ་གར་གྱི་དོན་ཡོད་ཅིང་ཐོགས་པ་མེད་པའི་མྱུར་བའི་ལས། ་སྣ་ཚོགས་ཀྱི་དངོས་གྲུབ་ཀྱིས་སོ།། དེ་ནས་ཕྱག་རྒྱ་ཐམས་ཅད་སྒྲུབ་པའི་ཆོ་ག་རྒྱས་པའི་རྒྱུད་དོ།། ཉིན་རེ་དང་པོ་ལན་ཅིག་ནི།། ཕྱག་རྒྱས་ཐམས་ཅད་རབ་སྒྲུབ་བྱེད།། སྙིང་མཆོག་ལན་ཅིག་བཟླས ་ནས་ནི།། ཕྱག་རྒྱ་ཆེན་པོ་རབ་གྲུབ་བྱ།། དེ་ཡི་རྗེས་ལ་ཉེ་སྙིང་པོ།། ལས་རྣམས་ཀུན་ལ་ངེས་སྦྱར་བས།། དོར་ཡོད་གྲུབ་པས་ལས་རྣམས་ནི།། ཀུན་ལ་ཤིན་ཏུ་གྲུབ་པར་འགྱུར།། ཕྱག་རྒྱ་ཐམས ་ཅད་རབ་བྱིན་རློབ།། ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ནི།། དཀྱིལ་འཁོར་དྲག་ཀྱང་མཐོང་བ་ལ།། མ་བཤད་པ་ལའང་རབ་གྲུབ་འགྱུར།། རྟོག་འདིར་འཇིག་པ་ཡོད་མིན་ཏེ།། འཁོར་ལོ་མེད་པའི་བརྒྱ་བྱིན་ལ། ་གང་ཕྱིར་བདག་ལ་བྱིན་རློབ་པས།། རང་སྲས་རྒྱུ་ནི་འགྱུར་བ་ཡིན། སྡིག་པ་ཆེན་པོ་བྱེད་པ་ལའང་།། བསམ་པ་ཤེས་ནས་སྦྱིན་པར་བྱ།། འདི་དག་བཅིངས་ཙམ་ཉིད་དག་བྱེད།། དངོས་གྲུབ ་ཐམས་ཅད་འགྲུབ་པར་འགྱུར།། དཔལ་མཆོག་དང་པོའི་རྟོག་པ་ཆེན་པོའི་རྒྱལ་པོ་བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་ཆོ་ག་རྒྱས་པའི་རྟོག་པའོ།། །། དེ་ནས་སྟོན ་པ་རྡོ་རྗེ་འཛིན།། འབྱིན་པ་བྱེད་པ་བདེ་བ་ཆེ།། བདེ་ཆེན་ཅན་དུ་བསྟན་ཕྱིར་དང་།། སེམས་ཅན་ཐམས་ཅད་རྣམ་དག་ཕྱིར།། ཁམས་ཀུན་དང་མཉམ་ཟད་པ་མེད།། ཀུན་གྱི་བདག་ཉིད་ལ ་ཞུགས་ཏེ།། མཉམ་པའི་དངོས་གྲུབ་མཆོག་སྤྲོས་ནས།། དེ་བཞིན་གཤེགས་པའི་རིགས་བྱུང་ངོ་།། མཐའ་ཡས་པ་ཡི་ཞིང་ཐམས་ཅད།། འཇིག་རྟེན་ཀུན་གྱི་ཁམས་བཅས་པས། ་དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས།། ཏིལ་གྱི་གང་བུ་བཞིན་མྱུར་གང་།། འཇིག་རྟེན་ཁམས་ནི་ཐམས་ཅད་དུ།། སེམས་ཅན་ཀུན་མདུན་ཡང་དག་བཞུགས།། སེམས་ཅན་ཐམས ་ཅད་པ་དག་པས།། རང་རིག་ལས་ཀྱིས་དག་མ་གྱུར།། དེ་ཚེ་སེམས་ཅན་ཁམས་རྣམས་ནི།། རང་བཞིན་གྱིས་ནི་གསོ་དཀའ་ཕྱིར།། རང་གི་ལས་ནི་སྦྱང་དོན་དུ།། བཏང་སྙོམས་ཆེན་པོ་མཛད་པ ་ཡིན།། དེ་ནས་བཅོམ་ལྡན་རྡོ་རྗེ་ཅན།། སེམས་དཔའ་ཆེན་པོ་བདེ་བ་ཆེ།། བྱང་ཆུབ་ཆེན་པོར་ཐུགས་བརྟན་པས།། སྐད་ཅིག་གིས་ནི་ཡང་དག་བསྐུལ།། སེམས་ཅན་ལ་ཕན་བསོད་ནམས ་ཚོགས།། བྱང་ཆུབ་སེམས་ནི་བརྟན་པ་དག། སེམས་ཅན་ཁམས་ནི་རྒུད་འགྱུར་བས།། ཤིན་ཏུ་བཏང་སྙོམས་མ་མཛད་ཅིག། དེ་ནས་སངས་རྒྱས་ཀྱིས་གསུངས་པ།། སྐུ་གསུང་ཐུགས་ཀྱི ་རྡོ་རྗེ་ཅན།། ཐུགས་རྗེའི་བདག་ཉིད་ཅན་གྱི་ཐབས།། བྱང་ཆུབ་སེམས་མཆོག་ཁྱོད་སྤྲོས་ཤིག། དེ་ནས་སྟོན་པ་རྡོ་རྗེ་འཛིན།། དེ་ཚེ་ཀུན་ནས་བྱིན་གྱིས་བརླབས།། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། དཀྱིལ ་འཁོར་ཆེན་པོ་དམ་པ་ཡིན།། ཁམས་གསུམ་འཁོར་བའི་རྒྱ་ཁྱོན་གྱི།། འཁོར་ལོ་ཆེན་པོ་གདོད་ནས་བྱུང་།། དེ་ཡིས་ཁམས་གསུམ་གནས་པ་ཡིས།། སེམས་ཅན་ཐམས་ཅད་ཡང་དག ་བསྒྲུབས།། སངས་རྒྱས་ཀུན་སོགས་དངོས་གྲུབ་ལ།། དེ་ཚེ་དག་པ་འགྲུབ་པར་འགྱུར།། དེ་ནས་སངས་རྒྱས་ཐམས་ཅད་ལ།། འདུས་ནས་གསོལ་བ་འདེབས་མཛད་པ།། དེ་བཞིན་གཤེགས། ་པའི་རིན་པོ་ཆེ།། སངས་རྒྱས་ཀུན་མཆོག་བཤད་དུ་གསོལ།། དེ་ནས་སངས་རྒྱས་ཐམས་ཅད་ཀྱིས།། སྐུ་གསུང་ཐུགས་ལ་ཡང་དག་གནས།། སྐུ་གསུང་ཐུགས་ནི་རྡོ་རྗེ་ལ།། ཡང་དག་སྤྲོས་ཏེ ་འདི་གསུངས་སོ།། ཨོཾ་བྷྲཱུཾ་ཁཾ། དེ་ནས་འདི་ནི་གསུངས་ཙམ་གྱིས།། སངས་རྒྱས་ཐམས་ཅད་འདུས་ནས་ནི།། བདུད་བཅོམ་ལ་སོགས་མཛད་ནས་ནི།། བྱང་ཆུབ་སྙིང་པོར་བྱིན་གྱིས་བརླབས།། ་ནས་སྟོན་པ་རྡོ་རྗེ་འཛིན།། དཀྱིལ་འཁོར་གྱི་ནི་མཆོག་གསུངས་པ།། སེམས་ཅན་ལ་ནི་བདེ་དོན་ཕྱིར།། རྟོག་པ་ཀུན་གྱི་བདེ་བ་ཆེ།། དེ་ནས་ཡང་དག་བཤད་བྱ་བ།། དཀྱིལ་འཁོར་ཆེན་པོ ་དམ་པ་སྟེ།། དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་མཆོག། རྡོ་རྗེ་འཁོར་ལོ་ཡང་དག་བྲི།། འཁོར་ལོ་ལྟེ་བར་སངས་རྒྱས་ཉིད།། འཛུམ་པའི་ཚེམས་ནི་མི་སྣང་བ།། སུ་ར་ཏ་ས་མ་ཡ་སྟྭཾ།། ཨོཾ་སིདྡྷ་མཱ། ་ཞེས་བརྗོད་དགོད།། མདུན་དུ་བདུད་ལས་རྣམ་པར་རྒྱལ།། མཛད་པའི་སངས་རྒྱས་ཡང་དག་བྲི།། གཡས་སུ་བྱང་ཆུབ་སེམས་དཔའ་ཡི།། ནོར་ཆེན་པོས་ནི་དབང་བསྐུར་བ།། རྒྱབ་ཏུ་བྱང ་ཆུབ་སེམས་དཔའ་དང་།། མཉམ་དུ་ཆོས་ཀྱི་འཁོར་ལོ་བསྐོར།། གཡོན་དུ་ལོག་པར་རྣམས་དྲེགས་པ།། སྡིག་པ་བསྡུས་པར་འབྱིན་པའོ།། དེ་ནས་འདི་རྣམས་ཀྱི་སྙིང་པོ།། བཛྲ་སཏྭ། ་བཛྲ་རཏྣ། བཛྲ་དྷརྨ། བཛྲ་ཀརྨ། དེ་ནས་ཕྱག་རྒྱ་རྣམས་ཏེ། སཏྭ་བཛྲ། བཛྲ་རཏྣེ། བཛྲ་པདྨེ། བི་ཤྭ་བཛྲ། མཚམས་ཀྱི་ཆར་ནི་རྡོ་རྗེ་དང་།། རིན་ཆེན་སྡོང་བུ་ནོར་བུ་བྲིའོ།། མཚམས་རྣམས ་སུ་ནི་ལྷ་མོ་སྟེ།། ལྕགས་ཀྱུ་ལ་སོགས་སྒོ་རྣམས་སུ།། དེ་བཞིན་སྔ་མ་ཇི་ལྟ་བར།། འཁོར་ལོ་དེ་ནི་རྟག་པར་བྱ།། མཆོད་པའི་ཐལ་མོ་སྙིང་ཁར་བཅིངས།། གཡོན་དུ་དེ ་བཞིན་བསྐོར་བར་བྱ།། མེ་ཏོག་དང་བཅས་ཕྱག་རྒྱ་འདི།། སངས་རྒྱས་ཀུན་གྱི་དམ་ཚིག་རིམ།། མེ་ཏོག་བཅས་ཏེ་སྙིང་ཁར་བཅིང་།། བསམ་པ་གཡོས་པས་གདུད་པར་བྱ།། མགོན་ལ་མགོ་བོས། ་ཕྱག་བྱས་ལ།། སྐོར་བ་ལན་གསུམ་བྱས་ནས་ནི།། ཞུགས་ནས་མེ་ཏོག་དོར་བར་བྱ།། ཤིན་ཏུ་གསང་བ་ཡང་དག་དགུག། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བ་དང་། དབང་དུ་བྱ་བ ་དང་། དགུག་པ་དང་། བསྒྲུབ་པར་བྱ་བའི་སྙིང་པོ་འདི་ཡིན་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱ་དྱ་ནུཏ་པན་ན་ཏཱཏ། དེ་ནས་ཆོ་ག་ཇི་བཞིན་དུ།། སྟོན་ལ་མེ་ཏོག་སིལ་མ་དོར།། སངས་རྒྱས་བྱང ་ཆུབ་རང་གྲུབ་ཕྱིར།། འགྲོ་བའི་མགོན་ལ་དེ་ཉིད་བརྗོད།། དེ་ཡི་ཀུན་ནས་སངས་རྒྱས་ནི།། ཐམས་ཅད་འདུས་པ་ཉིད་དུ་འགྱུར།། ཐམས་ཅད་མི་དམིགས་སྦྱོར་བ་ཡིས།། དངོས་གྲུབ་ཐམས་ཅད་སྩོལ ་བར་མཛད།། དཀྱིལ་འཁོར་དེར་ཞུགས་པ་ལ་ནི།། དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར།། དགའ་བ་ལ་སོགས་མཚན་མ་མཆོག། སྣ་ཚོགས་པ་ནི་འབྱུང་བར་འགྱུར།། དེ་ནས་དེ་བཞིན་ཆོ ་ག་ནི། རྒྱས་པས་སློབ་མ་མཆོག་ཏུ་ཞུགས།། མཆོད་པའི་ཐལ་མོས་འཁོར་ལོ་ཆེ།། མཆོད་ནས་སླར་ནི་དབྱུང་བར་བྱ།། སྒྲུབ་པ་བྱས་ནས་དངོས་གྲུབ་ཀྱང་།། ཆོ་ག་ཇི་བཞིནི་རབ་བཤད་བྱ།། ་རས་ལ་བཅོམ་ལྡན་བདུད་ལ་སོགས།། རྣམ་པར་རྒྱལ་བ་མཉེས་པར་བྲི།། སྒྲུབ་འདི་ལན་ཅིག་ཙམ་གྱིས་ནི།། དེ་འདྲའི་སྒྲུབ་པས་འགྲུབ་པར་འགྱུར།། སྐུ་གཟུགས་སོགས་མདུན་ཡང་དག། ་པར།། ཡེ་ཤེས་ཁུ་ཚུར་ཡོངས་བཟུང་ལ།། རྡོ་རྗེའི་ཚིག་གི་ཆོ་ག་བཞིན།། བཟླས་བརྗོད་སྟོང་ཕྲག་བརྒྱ་བྱའོ།། མདོར་ན་འབུམ་ནི་རྫོགས་པ་ན།། ཅི་འདོད་དངོས་གྲུབ་ཐམས་ཅད་དུ།། ཚེ་མཆོག་འདི་ལ ་སངས་རྒྱས་ཉིད།། ཐོབ་འགྱུར་འདི་ལ་ཐེ་ཙོམ་མེད།། དེ་ནས་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོའི་རྒྱུད་ནི། ཕྱག་རྒྱ་གང་རུང་གཅིག་བཅིངས་ནས།། བདག་ནི་སངས་རྒྱས་ཡིན་བསྒོམས་ན། ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཆེ།། བརྟན་པར་མྱུར་དུ་ཐོབ་པར་འགྱུར།། དེ་ནས་དམ་ཚིག་སྒྲུབ་པའི་རྒྱུད་ནི།། སྙིང་ཁར་རྡོ་རྗེ་གཟུགས་བཞག་སྟེ།། ས་མ་ཡ་སྟྭཾ་ཞེས་བརྗོད་ལ།། བཟླས ་བརྗོད་འབུམ་གྱིས་བསྒྲུབས་ནས་ནི།། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར།། དེ་ནས་ལས་ཀྱི་ཕྱག་རྒྱ་ཐམས་ཅད་སྒྲུབ་པའི་རྒྱུད་ནི། བདུད་ལས་རྒྱལ་བའི་མཆོག་བཅིངས་ཏེ།། ཆོས་ཀྱི་འཁོར་ལོ་རབ ་ཏུ་བསྐོར།། མཚུངས་མེད་སེམས་ཅན་དོན་བྱས་ལ།། ལས་ཀྱི་ཕྱག་རྒྱ་རྟག་ཏུ་འགྲུབ།། ཅེས་བཅོམ་ལྡན་འདས་ཀྱིས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་མཆོག་སྒྲུབ ་པའི་ཆོ་ག་རྒྱས་པའི་རྒྱུད་དོ།། ། དེ་ནས་མ་བསྒྲུབས་དངོས་གྲུབ་མཆོག། ལས་རྣམས་རབ་འབྱམས་དག་པ་སྟེ།། སྡིག་པ་ཀུན་སེལ་སྣ་ཚོགས་པ།། གོ་རིམས་བཞིན་དུ་རབ་བཤད ་བྱ།། འདི་ལྟ་སྟེ། ནང་ཐམས་ཅད་དང་། མྱ་ངན་དང་། གནོད་པ་དང་། གནོད་བྱེད་དང་། དུག་ཐམས་ཅད་དང་། སྦྱར་བའི་དུག་དང་། གཤེད་བྱེད་དང་། གཡེང་བྱེད། ་དང་རོ་ལངས་དང་། སྔགས་དང་། སྨན་དང་། བགེགས་དང་། ལོག་འདྲེན་དང་། སྡིག་པ་དང་། རྨི་ལམ་ངན་པ་དང་། དུས་མ་ཡིན་པར་འཆི་བ་དྲང་། རིམས་དྲང་། གདོན་དང་། མཁའ་འགྲོ ་མ་དང་། ཉེ་བར་འཚེ་བ་དང་། འགོ་བའི་ནད་དང་། ཉོན་མོངས་པ་དང་། ལུས་དང་། ངག་དང་། སེམས་ཀྱི་སྡུག་བསྔལ་ཐ་མས་རྣམ་པར་བཤིག་པ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྡུག ་བསྔལ་འཕྲོག་པར་བྱེད་པས་སོ།། ཚེ་དང་། ལང་ཚེ་དང་། གཟུགས་དང་། ཁ་དོག་དང་། གཟི་བྱིན་ཆེན་པོ་དང་། མདངས་དང་། སྟོབས་དང་། སྤྲོ་བ་དང་། བརྩོན་འགྲུས་དང་། དཔལ་དང་། སྐལ་པ ་བཟང་པོ་དང་། བསོད་ནམས་དང་། མིང་དང་། སྙན་པ་དང་། གྲགས་པ་དང་། དྲན་པ་དང་། བློ་གྲོས་དང་། བརྟན་པ་དང་། རྟོགས་པ་དང་། སྟོབས་དང་། ཏིང་ངེ་འཛིན་དང་། ཕུང་པོ་དང་། འདུ་བྱེད། ་དང་། སྐུ་དང་། གསུང་དང་། ཐུགས་འཕེལ་བ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ། ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཡེ་ཤེས་དང་། སྟོབས་དང་། ཐབས་དང་། རྡོ་རྗེ་དང་། སྒྲུབ་པ་དང་། གཟུངས་དང་། ས་དང་། སྤྱོད་པ་དང་། སོ་སོ་ཡང་དག་པར་རིག ་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། ཆོས་དང་། ལས་དང་། སྣ་ཚོགས་པའི་བྱ་བ་དང་། སེམས་ཅན་གྱི་དོན་དང་། སངས་རྒྱས་ཀྱི་མཛད་པའི་དོན་དང་། སྐུ་དང་། གསུང་དང་། ཐུགས ་གྲུབ་པ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་ཀྱིས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་དང་། ཀུན་ཏུ་བཟང་པོའི་ཆོ་ག་སྤྱོད ་པ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དང་། འཕོ་བ་དང་། སྐྱེ་བའི་ས་དང་གཞོན་ནུའི་རོལ་པ་སྟོན་པ་དང་ག་མངོན་པར་བྱུང་བ་དང་། དཀའ་བ་སྤྱོད་པ་སྟོན་པ་དང་། བྱང་ཆུབ ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་ཐམས་ཅད་འདུལ་བ་དང་། བྱང་ཆུབ་ཆེན་པོར་མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མུ་སྟེགས་ཐམས་ཅད་ཚར་གཅོད་པ་དང་། འཇིག ་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། ལྷ་ལས་བབས་པ་དང་། འདུས་པ་ཆེན་པོའི་བྱིན་གྱིས་བརླབས་པ་དང་། གདུག་པ་ཐམ་སྐུ་འདུལ་བ་དང་། འདུལ་བ་ལ་རབ་ཏུ་གཞག་པ་དང་། ངན་འགྲོ ་ཐམས་ཅད་ལས་འདོན་པ་དང་། མདོ་སྡེ་ཐམས་ཅད་སྟོན་པར་མཛད་པ་དང་། རྟོག་པ་ཐམས་ཅད་བྱིན་གྱིས་བརླབས་པ་དང་། དངོས་གྲུབ་ཐམས་ཅད་སྦྱིན་པ་དང་། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ལས་དམིགས་པའི་རྫུ་འཕྲུལ་དང་ཆོ་འཕྲུལ་སྒྲུབ་པ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྣ་ཚོགས་ཀྱི་རྡོ་རྗེས་སོ།། ཇི་ལྟར་ཕྱག་རྒྱ་འདི་དག་གིས།། བྱང ་ཆུབ་སེམས་ལ་མངོན་རྟེན་པ།། དེ་ལྟར་བྱང་ཆུབ་སྤྱོད་ཚོགས་ཀྱིས།། བྱང་ཆུབ་དམ་པ་ཐོབ་མི་འགྱུར།། དོན་ཡོད་བསོད་ནམས་དམ་པ་ཡིས།། ལས་ཀྱི་རབ་འབྱམས ་སྒྲུབ་བྱེད་པ།། ཆོ་ག་མ་གྲུབ་པ་རྣམས་གྲུབ།། སངས་རྒྱས་ཆོས་ནི་རབ་སྡེར་བྱིད།། རྣམ་པ་ཀུན་ཏུ་དང་ལྡན་པའི།། སེམས་ཅན་ཀུན་ལ་སྦྱིན་པར་བྱ།། དཀྱིལ་འཁོར་དག་ཏུ་མ་ཞུགས་པ།། སྐད ་ཅག་གིས་ནི་སྦྱོར་བར་བྱེད།། དཔལ་མཆོག་དང་པོ་རྟོག་པའི་རྒྱལ་པོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་རྡོ་རྗེ་བྱིན་གྱིས་བརླབ་པའི་རྡོ་རྗེ་རྟོག་པ་རྒྱས་པའོ།། དེ་ནས། ་སྣ་ཚོགས་ལས་ཆེན་པོ།། ཁྱབ་བདག་རྡོ་རྗེ་འཛིན་ཆེན་པོ།། གདུག་པ་ཐམས་ཅད་འདུལ་བའི་མཆོག། སེམས་ཅན་ཀུན་ལ་རྗེས་སྟོན་མཛད།། དེ་བཞིན་གཤེགས་པའི་རིགས་བསྐྱེད་ཅིང་།། གང་། ་ཕྱིར་ཉེས་བྱས་ཀྱིས་གདུག་པའི།། རང་གི་རང་སེམས་སྤྱོད་པ་ཡིས།། ཞི་བས་སེམས་ཅན་ཀུན་གྱི་དོན།། གདུལ་བར་རབ་ཏུ་སྒྲུབ་མི་ནུས།། སངས་རྒྱས་ཀུན་གྱི་བསྒྲུབ་བྱ་བའི།། འགྲོ་བ་འདི་དག ་ཐམས་ཅད་ཡིན།། གང་ཚེ་བདེར་གཤེགས་སེམས་ཅན་དོན།། དམ་པ་མཛད་པར་མི་སྤྱོད་པ།། དེ་ཚེ་ཉིད་ཀྱིས་དངོས་པོ་ཀུན།། གཙོ་བོས་རྡོ་རྗེ་གསོལ་བ་བཏབ།། སེམས་ཅན་ཐམས་ཅད་འདུལ ་མཛད་པ།། བཅོམ་ལྡན་འདས་ལ་གསོལ་བ་བཏབ།། ཨུདྷིཥྛ་ས་མ་ཡ་ཀྲོ་དྷ་ནི་སུམྦྷ་ཛྭ་ལ་བཛྲ་ཧཱུ~ཾ། དེ་ནས་འདི་ནི་གསུངས་ཙམ་གྱིས།། ཕྱག་ན་རྡོ་རྗེ་རང་ཉིད་གཙོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། ་སླར་བྱུང་ནས་ནི་མདུན་ན་གནས།། ཁྲོ་ཆེན་རྒྱལ་པོའི་སྐུ་ཡིས་ནི།། སེམས་དཔའི་སྐྱིལ་ཀྲུང་གིས་ལེགས་བཞུགས།། འབར་བའི་འཕྲེང་འོད་ཀྱིས་གསལ་བས།། སྲེག་པའི་བསྐུལ་པ་བཞིན་འདྲ། ་བ། གཡོན་པའི་རྡོ་རྗེ་བསྙེམས་པ་ཆེ།། དྲག་ཏུ་གསོར་བས་བསྐྱོད་མཛད་ཅིང་།། འབར་བའི་རྡོ་རྗེ་ཆེར་འབར་བ།། རྣམ་པར་འཕྲོས་པས་སྲེག་པ་ཡང་།། འབར་བ་ཆེན་པོས་གསོད་པ་ནི། ་བསྐལ་པའི་མེ་ཡི་ཕུང་པོ་འདྲ།། དང་པོའི་རྡོ་རྗེ་ཁྲོ་གཉེར་བཅས།། རྡོ་རྗེ་མཆོག་འཛིན་པས་གསུངས་པ།། དེ་ལ་རྡོ་རྗེ་མེ་དང་ཉི་མ་ལྟར།། འབར་བ་ཞེས་བྱའི་སྙིང་པོ་འདི་ཡིན་ཏེ།། ཧཱུཾ་ཊ་དེ་ནས ་འདིར་གསུངས་ཙམ་གྱིས།། སྡིག་པ་ཀུན་གྱི་བུད་ཤིང་ཟད།། འཇིག་རྟེན་ཁམས་ཀྱི་འཇིག་རྟེར་གསུམ།། ཐམས་ཅད་གཡོས་ཤིང་འདུལ་བར་འགྱུར།། ལྷ་ཆེན་ལ་སོགས་ལྷ་རྣམས་ནི། ་གཡོ་བ་མེད་ཅིང་རྨོངས་པར་འགྱུར།། རྡོ་རྗེ་འབར་བ་ཁྲུག་པ་ཀུན།། དེ་བཞིན་འཇིག་པ་ལྟ་བུར་འགྱུར།། ཉན་ཐོས་དང་ནི་རང་རྒྱལ་རྣམས།། མྱ་ངན་འདས་པ་ཉེ་བར་འགྲོ།། ལྷ་ལ་སོགས ་པའི་སྲིད་གསུམ་ཀུན།། དེ་ཚེ་ཀུན་ཏུ་རྨོངས་པར་འགྱུར།། སངས་རྒྱས་ཐམས་ཅད་འདུས་པ་ཡིན།། སངས་རྒྱས་བྱང་ཆུབ་ཡང་བསྟན་མཛད།། སེམས་དཔའ་ཀུན་གྱི་ཐབས་ཆེན་པོ།། དམ ་པ་ཡང་ནི་ཐུགས་སུ་ཆུད།། དེ་ནས་རྡོ་རྗེ་འབར་བའི་མཆོག། འབར་བའི་འཕྲེང་བ་འཁྲུག་པའི་འོད།། རྡོ་རྗེ་མཆེ་བ་གཅིག་པའི་ཞལ།། ཞལ་རས་ཁྲོ་དང་བཅས་པ་ཡིས།། གཡོན་བརྐྱང་བས ་ནི་ལེགས་པར་བཞུགས།། སྤྱན་འབར་འཇིགས་སུ་རུང་བ་སྟེ།། དབུ་སྐྲ་གྱེན་དུ་བརྫེས་ཤིང་གཡོ།། ཀུན་ནས་འཁྱིལ་ཅིང་འབར་བ་ཆེ།། རྡོ་རྗེ་གསང་བའི་རྣལ་འབྱོར་ཆེ། ་མཁའ་འགྲོའི་ཚོགས་ཀྱི་ཡུལ་ཅན་རྣམས།། ཕྱུང་ནས་ཀུན་ཏུ་འགྲོ་བ་རྣམས།། ཐམས་ཅད་དུ་ནི་འབར་བ་འཁྲུག། རླུང་བསྐྱོད་བསྐལ་པའི་མེ་ལྟར་བུར།། འབར་བའི་འཕྲེང་བ་ཀུན་ཏུ་འཁྲུགས། ་འཇིག་རྟེན་ཁམས་ནི་མ་ལུས་ན།། སངས་རྒྱས་ཐམས་ཅད་སྲས་བཅས་པ།། ཡང་དག་བཞུགས་པ་ལེགས་བསྐུལ་ཏེ།། འཇིག་རྟེན་ཐམས་ཅད་ཡོངས་སུ་བསྐོར།། བཀུག་ནས་སེམས་ཅན ་ཀུན་དོན་དང་།། བརྟན་པ་ཐམས་ཅད་འགྲུབ་པའི་ཕྱིར།། འཇིག་རྟེན་གསུམ་དག་དེ་རྣམས་དང་།། རྒྱུ་དང་མི་རྒྱུའི་སེམས་མེད་བྱས།། དེ་ནས་རྡོ་རྗེ་འཛིན་རྒྱལ་པོས།། ཀུན་མཆོག་ལྷ་ཡི་དབང་པོ་ནི།། དེ་རྣམས།། ་ལ་ནི་ཐུགས་རྗེ་ཡིས།། འཆི་བར་སླར་གསོ་བརྟན་པོར་གསུངས།། ཨོཾ་ཨུཏྟིཥྛ་མ་ཧཱ་ཨ་དྷི་པ་ཏི་བཛྲི་ཎི་ཤཱི་གྷྲཾ་ཨུད་ཐཱ་པཱ་ཡ་ཧཱུཾ་། རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་བསླང་བར་བྱའོ།། དེ་ནས་ས་གསུམ་བླང་བ་ན། ་ཐམས་ཅད་དུ་ནི་ཤི་བ་གསོ།། སངས་རྒྱས་དཔའ་བོས་བཏུལ་གྱུར་ཅིང་།། རྡོ་རྗེ་ཅན་གྱིས་ཀྱང་རྗེས་བཏུལ།། དེ་ནས་རྡོ་རྗེ་འཛིན་ཁྲོ་བས།། འབར་བའི་རྡོ་རྗེ་གསོར་བྱེད་ཅིང་།། ང་ཡི་དམ་ཚིག་ལ་གནས་ཞེས། ་སྣ་ཚོགས་པ་ལ་བཀའ་རབ་བསྒོ།། དེ་རྣམས་ཀྱིས་གསོལ་པ། འདི་སུ་ཞིག་ལགས་བཅོམ་ལྡན་སྐུ་ནི་ཞི་བ་ལ།། གནོད་སྦྱིན་གཟུགས་ཅན་གང་ལགས་གསུངས།། ཁྱེད་ཀྱི་དམ་ཚིག་རྩི་འདྲ ་ག་ཞུས་པ་བདེ་བའི་ཚིག་ཏུ་གསུངས།། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ།། འདི་ནི་སངས་རྒྱས་རྣམ་གྲོལ་བ།། གདོད་སྐྱེས་རྡོ་རྗེ་གནོད་སྦྱིན་ཆེ།། དཀོན་མཆོག་གསུམ་པ་དེ་བཞིན་དུ། ་ང་ལ་སྐྱབས་སུ་འགྲོ་བར་གྱིས།། འཇིག་རྟེན་གསུམ་གྱིས་འདི་ཐོས་ནས།། ཚོགས་བདག་ཚོགས་ཀྱི་དབང་ཕྱུག་བཅས།། བསྐལ་པའི་མེ་དཔུང་ལྟ་བུ་ཡི།། འབར་བའི་མཚོན་གྱིས་འཐབ་པར ་བརྩམས།། དེ་རྣམས་ཀྱིས་སྨྲས་པ། བདག་ཅག་གིས་ནི་སངས་རྒྱས་རིགས།། རྡོ་རྗེ་གནོད་སྦྱིན་ཤེས་མ་ཡིན།། བདག་ཅག་འཇིག་རྟེན་གསུམ་པོ་གཅིག། གནོད་སྦྱིན་བསྒོ་བས་ཅི་ཞིག་བྱ། ་དེ་ནས་རྡོ་རྗེ་འཛིན་ཁྲོས་ནས།། ཁྲོ་གཉེར་དཔྲལ་བར་བསྡུས་ཏེ་གནས།། དེ་ནས་ཁྲོག་ཉེར་ཐམས་ཅད་ནི།། རྡོ་རྗེ་འཛིན་པའི་རྗེས་སུ་སྤྱོད།། གཡོན་པ་བསྙེམས་པརྒྱ་བཅས་པས།། སྲིན་མོ་སྤྱན ་བསྡུས་པས་རྒོད་ཅིང་།། ནམ་མཁའ་ཁྱབ་པའི་དབྱངས་ཀྱིས་ནི།། རྟག་ཏུ་ཁྲོས་བཅས་པས་སྨྲས་སོ།། དེ་ལ་ཁམས་གསུམ་རྣམ་པར་རྒྱལ་བའི་ཉེ་བའི་སྙིང་པོ་སེམས་ཅན་མ་ལུས་རྒྱལ་པོ་ལ ་ནི་འོད་ཡིན་ཏེ། ཧི། དེ་ནས་སྙིང་པོ་འདི་ཕྱུང་བྱས།། ངེས་རྒྱལ་བཅུ་གཅིག་བཅིངས་པ་དང་།། དམ་ཚིག་བརྟན་པ་འཛིན་དུ་བཅུག། རྡོ་རྗེ་མིང་གིས་དབང་བསྐུར་ནས།། ལག་ན་རྡོ་རྗེ་འཛིན་མཆོག་བྱས། ་རྡོ་རྗེ་མིང་ནི་བྱིན་ནས་སུ།། འཇིག་རྟེན་གསུམ་པོ་ཏིང་འཛིན་བཞག། དེ་ནས་རྡོ་རྗེ་ཆེན་པོ་མཆོག་མགོན་པོ་ཡིས་ནི་གསོལ་བཏབ་པ།། སེམས་ཅན་ཀུན་ལ་རྗེས་སྟོན་པས།། རྟོག་པ་འདི་ནི་བཤད་དུ ་གསོལ།། རྡོ་རྗེ་འཛིན་པས་གསུངས་པ་ཡི།། དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་དུ།། འབར་བའི་འཁོར་ལོ་ཡང་དག་བྲི།། དེ་ཡི་དབུས་སུ་གཞག་བྱ་བ།། སྔོན་པོ་འབྱར ་པ་གཟུགས་བཟང་བ།། ཞལ་གྱི་མཆེ་བ་ཅུང་ཟད་གཙིགས།། ཞལ་ནི་ཁྲོ་དང་བཅས་པས་བཞད།། སེམས་དཔའི་སྐྱིལ་ཀྲུང་གིས་ལེགས་བཞུགས།། བསྙེམས་བཅས་ཤས་ཆེ་རབབར་བ་ལ།། འོད ་ཟེར་འབར་བ་འཁྲུགས་པ་ཡི།། རྡོ་རྗེ་གསོར་བ་མཛད་ལ་བརྩོན།། དེ་ཡི་ངོས་ནི་ཐམས་ཅད་དུ།། རྡོ་རྗེ་རྣལ་འབྱོར་མ་ཡི་གཟུགས།། རྡོ་རྗེ་མཚོན་ཆ་མདུང་ཆེན་དང་།། རལ་གྲི་ཞགས་པ་མཚོན་འཛིན ་པ། མཚམས་སུ་མདའ་དང་ཁ་ཊྭཱཾ་ག། འཁོར་ལོ་བདན་སྣ་ཚོགས་འཛིན།། རྡོ་རྗེ་རིགས་ནི་སྣ་ཚོགས་པ།། འབར་བའི་འཁོར་ལོས་ཡོངས་སུ་བསྐོར།། དཀྱིལ་འཁོར་དགོད་པར་བྱ་བ་ནི།། ཐིག ་བདུན་གྱིས་ནི་ཡང་དག་ཏུ།། དང་པོ་རྡོ་རྗེ་ཕྱག་རྒྱ་གདབ།། གཉིས་པ་སྔགས་ཀྱི་ལྷ་མོ་སྟེ།། གསུམ་པ་རྡོརྗེ་རྒྱལ་པོ་ནི།། རྡོ་རྗེ་ལྷ་མོས་ཡང་དག་བསྐོར།། རྡོ་རྗེ་ཆེན་མོ་སྒེག་མོ་ཆེ།། བཞི་པ་གླུ་མཁན ་མ་ལ་སོགས།། རྒྱལ་རིགས་གསོལ་ཀེ་དྲན་རྣམས་ཀྱིས།། ཁྲོ་བ་རྣམས་ནཱི་ལྔ་པ་ལས།། དྲུག་པར་རྡོ་རྗེ་པོ་ཉ་མཆོག། གནོད་སྦྱིན་སྲིན་པོ་གང་ཀར།། དབང་དྲུག་དམ་པ་དྲག་པོ་སོགས།། ་པོ་ཆེན་པོ་འདུལ་བར་མཛད།། ཕྱི་ཡི་དཀྱིལ་འཁོར་དབྱིབས་རྣམས་སུ།། མདོར་ན་མང་པོ་གསུམ་ལ་སོགས།། ལྷ་ལ་སོགས་པའི་ཚོགས་ཐམས་ཅད།། ལེགས་པར་བྲི་འམ་གཞག་པར་བྱ། ་མཚམས་སུ་ལྷ་མོ་རབ་བཤད་པ།། དེ་རྣམས་ཀྱི་ནི་སྒོ་དབུས་སུའང་།། ལྕགས་ཀྱུ་ལ་སོགས་དེ་བཞིན་དུ།། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི།། གོ་རིམས་དག་ནི་ཇི་བཞིན་དུ།། ཆོ་ག་རྒྱས་པ་ཇི ་བཞིར་བྱ།། ཁྲོས་པས་རྡོ་རྗེ་གསོར་བ་དང་།། ཁྲོ་གཉེར་འཛུམ་དང་བཅས་པས་འདུད།། དེ་ནས་ཁྲོ་ཞིང་སློབ་དཔོན་ཆེ།། རྡོ་རྗེ་ཅན་མཆོག་རབ་ཞུགས་ལ།། རྡོ་རྗེ་ཧཱུཾ་མཛད་ཀྱིས་སྡིགས་མཛུབ།། ཧཱུཾ་མཛད ་རབ་ཏུ་སྦྱར་བར་བྱ།། སྙེམས་དང་བཅས་པས་རྒྱས་བཏབ་ཉིད།། དེ་བཞིན་ཁྲོ་བས་གདུལ་བ་ལ།། རྡོ་རྗེ་འཆང་ཆེན་རྒྱས་པ་ཡིས།། གདུག་པ་ཉིད་ལ་རབ་ཏུ་དགྱེས།། དེ་ནས་མེ་ཏོག་བླངས་ནས་ནི།། ་ཁྲོས་པས་བདག་པོ་ཆེ་ལ་གཏོར།། རྡོ་རྗེ་འབར་བའི་ལྕགས་ཀྱུ་ཆེས།། ཡང་དག་པར་ཡང་དགུག་པར་བྱ།། ཨོཾ་མ་ཧཱ་བཛྲ་ཛྭ་ལ་ཡཱ་ན་ལཱརྐ་ཡ་ཧི་ཛཿསརྦ་བཛྲ་ཀུ་ལ་པྲ་བེ་ཤ་ཡ་ཧཱུཾ། སརྦ་མུ་དཱཾ་གཱ་ནཱ་ན་བན ་ན་ཏྲཊ། སརྦ་ས་མ་ཡཾ་སཱ་དྷ་ཡ་ཕཊ། སརྦ་དུཥྚཱ་ན་ད་ཧ་པ་ཙ་བྷསྨི་ཀུ་རུ་མཧཱ་ཀྲོ་དྷ་ཨིགྣི་བཛྲེ་ཎ་ཧཱུཾ་ཕཊ། ཨ་ཨ་ཨ་ཨ། དེ་ནས་བཅོམ་ལྡན་ཁྲོ་བོ་ཡིས།། རྒྱལ་པོ་བསྟན་པ་ཆེ་བྱིན་འགྱུར། ་རྡོ་རྗེ་རིགས་ལ་སོགས་པ་ཀུན།། དངོས་གྲུབ་ཐམཅ་གསོལ་བར་མཛད།། དེ་ནས་ཧཱུཾ་མཛད་ལ་སོགས་སྦས།། མཚན་མ་རྣམས་ཀྱང་འབྱུང་བར་འགྱུར།། གལ་ཏེ་སློབ་མ་ལ་སོགས་ལ།། སྙིང ་ཁར་དབབ་པ་ཕྲ་བ་སྐྱེད།། དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱིས།། ཕྱག་རྒྱས་སློབ་མ་གཞུག་པར་བྱ།། བཅུག་ནས་དང་པོའི་སེམས་དཔའ་ཡི།། རང་གི་སྙིང་པོ་བརྗོད་པར་བྱ།། ཧཱུཾ་ཧཱུཾ་བཛྲ་པྲ་ཧ་ར་ཎི་ཕཊ་ཧཱུཾ ་བཛྲ་ཤཱུ་ལ་ཡཱ་གྲྀ་ནི་ཏྲི་ཏ། མ་ཏ། སརྦྦ་བཛྲ་ཀེ་ཥེ་ཙྪིནྡ་ཧཾ། ཨོཾ་བཛྲ་མ་མ་ལ་པཱ་ཤེ་མཊ། རྡོ་རྗེ་འགུགས་པ་དང་། རྡོ་རྗེ་མདུང་དཔ།། རྡོ་རྗེ་རལ་གྲི་དང་།། རྡོ་རྗེ་ཞགས་པ་སྟེ། རྡོ་རྗེ ་ཁྲོ་བོའི་སྲུང་བའོ།། དེ་ནས་འདི་རྣམས་ཀྱི་ཕྱག་རྒྱ་རྡོ་རྗེ་དོན་ཡོད་ཐོགས་པ་མེད་པ་ཤིན་ཏུ་གྲུབ་པ། སྟོབས་དང་ཕ་རོལ་གནོན་པ་རྣམས་སེམས་ཅན་མངོན་པར་རྒྱུས་གདབ་པ་ནུས་པ་རྣམས་བསྐུལ་བར ་བྱའོ།། ཨོཾ་བཛྲ་གུ་ཧྱེ་སཾདྦི་པ་ར་མི་ཡོ་གི་ཤྭ་རི་ཧི། ཧཱུཾ་བཛྲ་ཙཏྟ་ཧོ་ཁ་ཊྭཱཾ་ག་མ་ཧཱ་བཛྲ་ཀ་པཱ་ལ་ཡ་མ་ཀུ་སྟེ། རུ་ལུ་རུ་ལུདྡྷི་ཧཱུཾ་བཛྲ་ནཱ་ར་ཡ་ནི་ཛི། ཧཱུཾ་བཛྲ་ཕཊ་ཀེ་ཛི། རྡོ་རྗེ་ཁྲོ་བོའི་མཁའ་འགྲོ་མ་ལན་ཅིག ་བཟླས་ཏེ་དགོད་པ་འོམ་བྲི་བར་བྱའོ།། བཅོམ་ལྡན་འདས་དེ་ཁོ་ན་ཉིད་ཀྱི་སྙིང་པོས་བཞུགས་སུ་གསོལ་ན། དངོས་གྲུབ་ཐམས་ཅད་ལ་དོན་ཡོད་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ།། དེ་ནས་དམ་ཚིག ་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་བདེ་ཕྱིར་དང་།། བསྟན་པ་ཐམས་ཅད་འགྲུབ་པའི་ཕྱིར།། གདུག་པ་འདུལ་བ་བསོད་ནམས་ནི།། འགྱུར་ཞེས་རྡོ་རྗེ་འཛིན་གྱིས་གསུངས།། དེ་ནས་བཅོམ། ་ལྡན་འདས་ཧཱུ~ཾ་མཛད་ཀྱིས་ཕྱག་རྒྱ་དང་བཅས་པའི་མཛུབ་མོ་སྦྱར་བར་བྱའོ།། དེ་ནས་བཅོམ་ལྡན་འདས་གདུག་པ་ཐམས་ཅད་དང་། བདུད་ཐམས་ཅད་དང་། འཇིག་རྟེན་གསུམ་པོ་ཐམས་ཅད་ཡང་དག ་པར་འདུལ་བ་ཉིད་དུ་བྱིན་གྱིས་རློབ་པར་མཛད་དོ།། དེ་ནས་དབང་བསྐུར་བ་རྒྱས་པ་ལ་སོགས་པ་དེ་བཞིན་དུ་བྱས་ལ་རྡོ་རྗེ་ཁྲོ་བོའི་ལས་བཞི་པ་བསླབ་པར་བྱ་སྟེ། ཕྱག་རྒྱ་རྣམས་ཀྱིས་སེམས ་ཅན་རྣམས་རྒྱས་གདབ་པ་དང་ག་ཕྱག་རྒྱ་གཞིག་པ་དང་། གསད་པ་དང་། སླར་འཚོ་བར་བྱའོ།། གང་ལ་ཕྱག་རྒྱ་སྦྱར་བ་ནི་འཆི་བར་འགྱུར་བ་དེ་ནི་གདུག་པ་ཡིན་པར་ཤེས་པར་བྱའོ།། དེ་ནས ་འཚེ་བར་བྱེད་པའི་ཕྱག་རྒྱས་འཚོ་བར་བྱས་ལ་ཤིན་ཏུ་སྲུང་བ་རབ་ཏུ་སྦྱར་བ་བྱས་ན་ཤིན་ཏུ་སྲུང་བ་ཡིན་པའི་ཕྱིར་གདུག་པ་རྣམས་སླར་ཡང་གནོད་པ་མི་བྱེད་དོ།། དེ་ནས་བརྩམས་ཏེ་སློབ་མ་བཟང ་ཀྱིལ་འཁོར་ཚོགས་ནི་ཀུན་གྱིས་ཀྱང་།། མི་ཚུགས་པ་དང་མི་སོང་པོར།། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། དེ་ནས་འདི་སྒྲུབ་བཤད་བྱ་སྟེ།། ཇི་བཞིན་སྤུ་ནི་དགེ་འདུན་དུ།། རྡོ་རྗེ་གསོར་ཞིང་དང ་པོར་ནི།། བཟླས་བརྗོད་སྟོང་ཕྲག་བརྒྱ་བྱའོ།། འབུམ་ཚང་ནས་ནི་སེམས་དཔའ་ཆེ།། རྡོ་རྗེ་སེམས་དཔའ་དང་མཉམ་མཆོག། རྡོ་རྗེ་ཁྲོ་བོ་རྒྱལ་པོ་མཆོག། རྒས་དང་འཆི་བ་མེད་པར་འགྱུར།། གདུག ་པ་རྣམས་ནི་རྗེས་འདུལ་ཞིང་།། སངས་རྒྱས་ཀུན་ལ་རབ་མཆོད་པར།། འཇིག་རྟེན་གསུམ་དུ་ལེགས་སྣང་ཞིང་།། ཅིས་ཀྱང་འཇིགས་པ་མེད་པར་འགྱུར།། དེ་ནས་དེ་ཁོ་ན་ཉིད་ཀྱི་སྙིང་པོ ་སྒྲུབ་པ་ནི། བགྲེང་ངམ་ཡང་ན་འདུག་པ་འམ།། འགྲོ་འམ་ཉལ་བར་བྱེད་པ་ན།། ཇི་ལྟར་དེ་ལྟར་འབུམ་བཟླས་ན།། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། འདི་ཡིས་འདོད་པའི་དབང ་བྱུག་ཀུན།། འདོད་པ་ཙམ་གྱིས་འགྲོ་འོང་ལྡིང་།། དངོས་གྲུབ་ཀུན་གྱིས་དབང་ཕྱུག་གྲུབ།། རྒས་དང་འཆི་བ་མེད་པར་འགྱུར།། འགྲོ་བ་རྣམས་ཀྱིས་མཆོད་པ་དང་།། རང་གི་ཉེ་དུ་རྣམས ་ཀྱིས་བརྟེན།། གདུག་པ་ཐམས་ཅད་རྗེས་འདུལ་ཞིང་།། གང་ལ་འཇིགས་པ་མེད་པར་འགྱུར།། བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཆེན་པོས་གསུངས་སོ།། དེ་ནས་ཕྱག་རྒྱའི ་དམ་པ་སྒྲུབ་པ་ཡིན།། ཇི་བཞིན་དུས་སུ་ཕྱག་རྒྱ་བཅིངས།། བདག་ཉིད་ཉེ་བར་བསྲེགས་ནས་ནི།། སྲིད་འདི་ཉིད་དུ་ཁྲོ་ཆེན་པོའི།། དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར།། དེ་ནས་དམ་ཚིག་སྒྲུབ་པ་ནི།། ་བདག་ནི་ཐམས་ཅད་གསད་བྱ་ཞེས།། བརྗོད་མི་ཕྱག་ན་རྡོ་རྗེ་ཡིས།། དམ་ཚིག་ཕྱག་རྒྱ་བཅིངས་ནས་ནི།། བཟླས་ན་རྡོ་རྗེ་འཛིན་འགྲུབ་འགྱུར།། དེ་ནས་ལས་རྣམས་སྒྲུབ་པ་ནི།། ལས་རྣམས་དམ་པ ་སྒྲུབ་པ་ནི།། རྣམ་པ་བཞི་ནི་རབ་བྱེད་ཅིང་།། ཐམས་ཅད་བདེ་བའི་ཕྱིར་ཟོས་ན།། རྡོ་རྗེ་ལས་ཉིད་ཐོབ་པར་འགྱུར།། སྒྲུབ་པ་ཆེན་པོའི་ཆོ་ག་རྒྱས་པའི་རྒྱུད་དོ།། ། དེ་ནས་དངོས་གྲུབ་སྒྲུབ ་པ་ནི། རྡོ་རྗེ་ཁྲོ་མཆོག་རྒྱལ་པོ་ཡི།། ལས་ཀྱི་རྒྱུན་ནི་དམ་པ་རྣམས།། གོ་རིམས་བཞིན་དུ་བཤད་པར་བྱ།། འདི་ལྟ་སྟེགཐམས་ཅད་སྲེག་པ་དང་། བསྐྲད་པ་དང་གཞིག་པ་དང་། རེངས་པར་བྱེད་པ ་དང་། གཉིད་ལོག་པར་བྱ་བ་དང་། རྒྱས་གྲདབ་པ་དང་། རྨོངས་པ་དང་། གཞིག་པ་དང་། བཅིང་བ་དང་། གཟིར་བ་དང་། དྲལ་བ་དང་། རྡེག་པ་དང་། འབར་བ་དང་། བསྒྱེལ་བ་དང་། བཙོ་བ ་དང་། གཅད་པ་དང་། དབུག་པ་དང་། ཕྱེ་མར་བྱ་བ་དང་། གཏོར་བ་དང་། རྣམ་པར་གཞོམ་པ་དང་། རིམས་དང་། དུག་དང་། གདོན་གྱིས་ཟིན་དུ་གཞུག་པ་དང་། སྦྱོར་བར་བྱ་བ་དང་། གསད་པར་བྱ་བ་ལ་ནི་རྣ ་རྗེ་ཧཱུཾ་མཛད་ཀྱིས་སོ།། ཐམས་ཅད་འདུག་པར་བྱ་བ་དང་། ངེས་པར་བཀོད་པ་དང་། བསྐྱོད་པ་དང་། གར་བྱེད་དུ་གཞུག་པ་དང་། གླུ་ལེན་དུ་གཞུག་པ་དང་། བརྒྱལ་དུ་གཞུག་པ་དང་། རྩེར་གཞུག་པ་དང་། ་ཧ་ཧཾ་ཞེས་དགོད་དུ་གཞུག་པ་དང་། འཁོར་བ་དང་། དྲང་བ་དང་། བོང་དུ་གཞུག་པ་དང་། སྐོམ་པ་དང་། ནུབ་པར་བྱ་བ་དང་། དབྱུང་བ་དང་། འཕང་བ་དང་། ཉེ་བར་ལྡེག་པར་བྱ་བ་དང་། བསྐུར་བ ་དང་རང་རོ་འདོན་པར་བྱ་བ་དང་། ངུར་གཞུག་པར་བྱ་བ་དང་། རང་ཉིད་བརྡེག་པར་བྱ་བ་དང་། འཆིང་བར་བྱ་བ་དང་། སྐྲ་འབལ་བར་བྱ་བ་དང་། ཞེ་འགྲས་པར་བྱ་བ་དང་། གོས་བཤུ་བ་དང་། ཁྲོ་བ་འབར་བར་བྱ་བ་ལ ་ནི་ཁྲོ་བོའི་གདན་གྱི་ཕྱག་རྒྱས་སོ།། ཐམས་ཅད་དགུག་པ་དང་། གཞུག་པ་དང་། དབབ་པ་དང་ཀ་པྲ་སེ་ན་སྒྲུབ་པ་དང་། བདེན་པ་སྨྲ་བར་བརྗོད་པ་དང་། སྒྱུ་མ་སྟོན་ཅིང་ལན་སྟོན་པ་དང་དུས་ཚིགས་ཀྱི་འཁོར། ་ལོ་ཡོངས་སུ་བཟློག་པ་དང་། དུས་མ་ཡིན་པར་ཤིང་ལས་མེ་ཏོག་འབྲས་བུ་སྨིན་པར་བྱེད་པར་སྟོན་པ་དང་། འབྲུ་ཐམས་ཅད་ཡང་དག་པར་སྟོན་པ་དང་། རིམས་དང་། སྦྱར་བའི་དུག་དང་། གདོན་དང་། ་དུག་དང་། མཁའ་འགྲོ་མ་ལས་ཐར་པར་བྱ་བ་དང་།། གཡུལ་འགྱེད་པ་ཐམས་ཅད་ལས་ཐར་པར་བྱ་བ་དང་། གཞན་གྱི་དཔུང་གཞོམ་པ་དང་། ཕྱོགས་དང་། མཚམས་དང་། དཀྱིལ་འཁོར་བཅིང ་བ་དང་། ཤིན་དུ་སྲུང་བ་དང་། ཡོངས་སུ་སྐྱོབ་པར་བྱ་བ་དང་། ཐར་པར་བྱ་བ་དང་། བགྲང་བ་དང་ཀ་དབང་དུ་བྱ་བ་ལ་ནི་ཁྲོ་བ་ཆེན་པོ་སྣ་ཚོགས་གྲུབ་པས་སོ།། ལྷ་ལ་སོགས་པ་ཐམས་ཅད་སྲུང་བར་བྱ་བ། ་དང་། ཀླུ་འདོན་པར་བྱ་བ་དང་། གནོད་སྦྱིན་རྗེས་སུ་འབྲང་བར་བྱ་བ་དང་། སྲིན་པོ་སྐྲག་པ་དང་། མཁའ་འགྲོ་མ་ལ་སོགས་པའི་གདོན་ཐམས་ཅད་དང་། བདུད་ཀྱི་དཔུང་ཐམས། ་ཅད་གཞོམ་པ་དང་། མ་མོ་རྣམས་གདུལ་བ་དང་ག་གདུག་པའི་ཚེགས་རྣམ་པ་གཏོར་བ་དང་། གདུག་པ་རྣམས་ཚར་གཅོད་པ་དང་། འདུམ་པ་དང་། འཇིགས་པ་མེད་པར་ཡང་དག་པར་བསྐྱེད་པ་དང ་ནོར་བུ་བཟང་པོ་དབང་དུ་བྱ་བ་དང་། ནོར་སྦྱིན་ལས་ནོར་ཐམས་ཅད་དབྲོག་པ་དང་། རྣམ་ཐོས་སྲས་མནན་ནས་དཔལ་དྲང་བ་དང་། ལྷའི་བུ་མོ་གཞོན་ནུ་མ་ཐམས་ཅད་དང་རྩེ་འཇོབ་བ་དང་། བརྒྱ་བྱིན ་མནན་ནས་བདེ་ཅོག་མ་དབྲོག་པ་དང་། སྐོམ་བྱེད་ཚར་གཅད་པ་དང་། ཚངས་པ་ལྟུང་བར་བྱ་བ་དང་། ཁྱབ་འཇུག་འདུལ་བ་དང་། དབང་ཕྱུག་ཆེན་པོ་ལས་རྣམ་པར་རྒྱལ་བ་དང་། འདོད་པའི་དབང་ཕྱུག ་མནན་ནས་དགའ་བ་མོ་དབྲོག་པ་དང་། རྡོ་རྗེ་སྒྲུབ་པ་དང་། བྱང་ཆུབ་སེམས་དཔའ་སྒྲུབ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བ་དང་། དགུག་པ་དང་། གཞུག་པ་དང་།། དམ ་ཚིག་གི་བཅིང་བ་དང་། དབང་དུ་བྱ་བ་དང་། སྒྲུབ་པ་ལ་ནི་རྡོ་རྗེ་ཁྲོ་བོ་ཆེན་པོ་རྒྱལ་པོ་དང་པའི་དངོས་གྲུབ་ཀྱིས་སོ་ཞེས་ཀྱང་གསུངས་སོ།། ལན་ཅིག་བཟླས་པས་མཆོག་གྲུབ་པ།། ཐོག་མའི་རྩ་སྙིང་བཟང ་ལན་ཅིག། དེ་ཡི་འོག་ཏུ་ཁྲོ་གཉེར་གྱིས།། བསྒྲུབ་བྱ་ཐམས་ཅད་གྲུབ་པ་ཡིན།། དཔལ་མཆོག་དང་པོའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས། རྡོ་རྗེ་མེ་དང་ཉི་མ་ལྟར་རབ་ཏུ་འབར་བའི་རྟོག་པའི ་ཆོ་ག་རྒྱས་པའོ།། ། དེ་ནས་ཏིང་འཛིན་ཐམས་ཅད་ནི།། རྣམ་དག་མཆོག་གི་ཆོས་ཉིད་ལས།། སྤྱན་རས་གཟིགས་དབང་ཆེན་པོ་ནི།། རྡོ་རྗེ་སེམས་དཔའི་གཙོ་ཆེན་ཡིན།། གདུག་པ ་ཐམས་ཅད་འདུལ་དོན་དུ།། རང་རིགས་ཆེན་པོ་ཆེ་ནི་བསྐྱེད།། སངས་རྒྱས་ཀུན་གྱི་ཁྲོ་བོ་ཆེ།། ཐབས་མེད་པས་ནི་ཐབས་ཡིན་ནོ།། འདོད་ཆགས་ལ་སོགས་ཀུན་བསགས་པས།། མ་དག་སེམས ་ཅན་ཁམས་དག་ནི།། དེ་རྣམས་ལ་ནི་རབ་སྤྱོད་པར།། སྐྱེ་བུ་མཆོག་ནི་རྣམ་པར་མཁྱེན།། མཆོག་ཏུ་མི་འདུལ་བ་ཉིད་ཀྱིས།། སངས་རྒྱས་ཀྱང་ནི་མངའ་མི་མཛད།། འཇིག་རྟེན་ཀུན་ན་འཇིག ་རྟེན་མཆོག། རང་སྙིང་བཟང་བ་ལ་སྙོམས་ཞུགས།། དེ་ལ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་ཀྱི ་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། གང་ལ་གཟིགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཁམས་གསུམ་པ་ཐམས་ཅད་ཀྱི་དབང་ཕྱུག་ཐམས་ཅད་ཀྱི་ཐུགས་སུ་ཆུད་པར་གྱུར་པའོ།། ་བསྙེམས་པས་པདྨ་གཡོས་པ་ནི།། བཟུང་སྟེ་འདབ་མ་འབྱེད་མཛད་པས།། ཅི་ནུས་པ་ཡི་ཏིང་འཛིན་གྱིས།། རང་བཞིན་གྱིས་ནི་གཟིགས་པར་མཛད།། ཇི་ལྟར་པདྨ་དམར་པོ་འདི།། ཚོན་གྱིས ་ཉེས་པས་མི་གོས་པ།། གནས་ཀྱི་ཉེས་པ་སྣ་ཚོགས་པའི།། ཁམས་གསུམ་པ་ནི་དེ་བཞིན་དག། འདི་ལ་གཟིགས་པ་ལ་སོགས་པ།། རྒྱལ་བ་རྣམས་ནི་དབང་པོར་འགྱུར།། དེ་ཡིས་རྡོ། ་རྗེ་སེམས་དཔའ་ནི།། སྤྱན་རས་གཟིགས་ཀྱི་དབང་ཕྱུག་གྱུར།། དེ་བས་བསྒོམས་པའི་སྙིང་པོ་འདི།། དག་པར་བསྒོམས་པས་སྒོམ་པར་ནི།། རྡོ་རྗེ་འཆང་བ་ཆེན་པོ་ནི།། བཛྲ ་ཆེན་པོ་འཆང་བར་འགྱུར།། གསེར་སྦྱངས་རི་ཡི་དབང་པོ་སྟེ།། རྒྱལ་པོ་ཆེན་པོ་དང་མཉམ་པ། བསྙེམས་པ་གཡོན་པའི་བད་མཆོག་གིས།། ཚུལ་གྱིས་འདུལ་བ་མཛད་པ་ན།། པདྨའི་རིག ་མཆོག་སྟོན་པའི་ཕྱིར།། རྒྱལ་པོ་རྣམས་ཀྱིས་གསོལ་བ་བཏབ།། དེ་ནས་ཐམས་ཅད་འདུལ་མཛད་ཅིང་།། ཤིན་ཏུ་དཀར་བའི་ཆོས་འཛིན་པ།། རྡོ་རྗེ་ཆེས་ཏེ་རང་རྒྱལ་པོ།། འཇིག་རྟེན་དབང་པོས ་བཀའ་སྩལ་པ།། ཕྱི་ནི་དཀྱིལ་འཁོར་ཆེན་པོ་ལ།། པདྨ་འདབ་མ་བརྒྱད་པ་བྲི།། དེ་ཡི་དབུས་སུ་སྤྱན་འཛུམ་པ།། འཇིག་རྟེན་དབང་ཕྱུག་དགོད་པར་བྱ།། གསེར་སྦྱངས་ལྟ་བུའི་པདྨ་ནི།། གཡོན་བསྙེམ ་ཚུལ་གྱིས་གཟིགས་མཛད་པ།། རྒྱལ་མཚན་ཀུན་གྱིས་རྣམ་པར་སྤྲས།། སངས་རྒྱས་སྐུ་མཆོག་སྤྱི་བོར་བཞུགས།། དེ་ཡི་ངོས་ནི་ཐམས་ཅད་དུ།། སངས་རྒྱས་སྐུ་ནི་བརྒྱད་པོ་བྲི།། རང་གི་འཛིན་པ་པདྨ ་ཆེའི། ཏིང་ངེ་འཛིན་ལ་རྣམ་པར་གཟིགས།། འཇོག་རྟེན་དབང་པོའི་གཟུགས་ལོགས་སུ།། སངས་རྒྱས་ལ་སོགས་རིགས་ཀྱི་ལྷ།། ཞི་བ་སྲེད་མེད་བུ་ཚངས་པ།། འདོད་པའི་གཟུགས་ནི་པདྨ་ཅན།། ། ་སྤྱི་བོར་འཚེར་ཞིང་མགྲིན་འདེགས་པ།། རྟ་མགྲིན་ལྕགས་ཀྱུ་བཅིང་ནས་ནི།། ཆོས་ཀྱི་ཚིག་གིས་སྤྱན་དྲང་བྱ།། དེ་ནས་པདྨའི་སྙིང་པོ་ནི།། སརྦ་ཏ་ཐཱ་ག་ཏ་པདྨ་ཛ། ཧཱུཾ་བཛྲ་པདྨ་ཧེ་པདྨེ་ག་པདྨ ་ཊ། ཧོ་བདྲ་ནི་རཱང། དེ་ནས་མཚམས་རྣམས་སུ་ནི།། དྷཱུ་དྱེཿཏྟེ་ཤྭ་ར་ཧཱུ~ཾ། སེ་མརྦྦ་བི་ཤྭཱ་དདྷཱ་ཙཱ་ར་ཎེ་ས~ཾདྡྷི་ཛྫ། མན་གྱི་བདྨ་དྨོ། དྷྲྀ་མ་ཧོ་བདྨ་ཨཿ། ལ་མ་ཐ་མཛུ་། ཀྱིལ་འཁོར་ཆེན་པོའི་ཚུལ ་གྱིས་ནི།། ཚིག་རྒྱས་པར་བྱས་ནས་ནི།། པདྨ་ཆེན་པོ་མེ་ཏོག་བཅས།། མ་ཡེངས་ཡིད་ཀྱིས་ཕྱག་བྱའོ།། དཀྱིལ་འཁོར་ཞུགས་ནས་ཏིང་ངེ་འཛིན།། ལས་བྱུང་གཟུགས་འདི་བརྗོད་པར་བྱ། ་ཐོ་ཤོ་དྷ་ཡ། ས་ནུས་ནི་ཤུ་དྷྱ་ཧཱས་།། རྣམས་པ་མ།། དཱ་ག་དཱི་ཎྜ་ལེ། ཙཻ་ཏྟ་མེ་སརྦྦ་དྷ་མེཥྚ་བིཛྲི་ཎི་ཙཏྟ་མ~ཾ་སརྦྦ་དྷ་མེ་ཤྱ་ཛི་ནི།། གཟུངས་ཀྱི་ཕྱག་རྒྱ་གསན་ནས་ནི།། དགྱེས་པས་པདྨ་འཛིན་པ་ནི།། དེ་ནས ་མཛུབ་མོ་ལྗགས་ཀྱུ་བཅིང་།། ཆོས་ཀྱི་ཚིག་གིས་ལེགས་སྤྱན་དྲངས།། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀེ་ཤྭ་ར་པདྨཱ་ཧཿ། ཡ~ཾ་ཧི་ཤཱིགྷྲ་མ་མེ་བཛྲམྦ་དྲཱ་ཨ་གྲི་ཤྱཱ་ས་བེ་ས་མ་ཡེར་བ་དྲཱ་བི་ཤི་ཀོ་མ ་ཛཧཱུཾ་བཾ་ཧོ། གོ་དྷ་ཡ་སརྦ་སཱ་དྲཱ་ཡ་པ་མ་མྱེ། མཧཱ་བཛྲ་དྷར་སྷོ།། དེ་ནས། འཇིག་རྟེན་འཛིན་པ་རང་ཉིད་བྱོན།། འཇིག་རྟེན་ཀུན་མཆོག་གྲུབ་འགྱུར་བའོ།། ཏིང་འཛིན་ཆོ་ག་ངེས་པར་མཛད།། དེ་ནས། ་དེ་བཞིན་སློབ་མ་རྣམས།། གཞུག་པའི་ཆོ་ག་རྒྱས་པ་ནི།། དངོས་གྲུབ་ཐམས་ཅད་སྦྱིན་པ་ཡིས།། ཡེ་ཤེས་དག་ནི་བསླབ་པར་བྱ།། ཏིང་འཛིན་སྙིང་པོ་འདི་ཡི་ནི།། སྒྲུབ་པ་ཆེན་པོ་གདོད་ནས ་འབྱུང་།། འཇིག་རྟེན་ཀུན་གྱི་དབང་ཕྱུག་ཉིད།། གོ་རིམས་བཞིན་དུ་བཤད་པར་བྱ།། བུད་མེད་རྣམས་ཀྱི་ནང་ཞུགས་པའམ།། གདུག་པ་ཀུན་གྱི་ནང་ཆུད་པའམ།། གང་ཡང་རུང་བར་འདུག་ནས་ནི།། ཛྲ ་ཆེན་པོ་ཡོངས་སུ་གཟུང་།། དུས་དང་སྟོབས་ནི་ཇི་བཞིན་དུ།། ཉེ་རིང་ཅི་ནུས་བསྒྲུབ་པར་བྱ།། ཆོ་ག་འདི་ཡི་ཚེ་འདི་ལ།། མྱུར་དུ་མཆོག་ནི་འགྲུབ་པར་འགྱུར།། འདོད་ཆགས ་ཀུན་གྱིས་བདེ་མྱུར་བ།། འདོད་པ་ཙམ་གྱིས་འགྲོ་འོང་ལྡིང་།། འཇིག་རྟེན་ཀུན་གྱི་དབང་ཕྱུག་རྒྱལ།། རྒ་དང་འཆི་བ་མེད་པར་འགྱུར།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད།། ཕྱག་ན་རྡོ་རྗེ་ཉིད་དང་།། ་ནི། དངོས་གྲུབ་ཀུན་གྱིས་མཐའ་ཡས་མཆོག། ཚེ་འདི་ཉིད་ལ་ཐོབ་པར་འགྱུར།། དེ་ནས་ཕྱག་རྒྱ་སྒྲུབ་པ་ནི།། ཕྱག་རྒྱ་བཅིངས་ཏེ་ཏིང་འཛིན་གནས།། དངོས་གྲུབ་ཆེན་པོ་ཉིད་ཐོ་བོ།། དམ་ཚིག་དམ་ཚིག ་མཆོག་གིས་ཏེ།། ལས་ཀྱི་ལས་མཆོག་ཕྱག་རྒྱས་སོ།། སྒྲུབ་པ་ཆེན་པོའི་ཆོ་གའི་རྒྱུད་དོ།། ། དེ་ནས་དངོས་གྲུབ་མ་གྲུབ་པའི།། ཏིང་འཛིན་ལས་ནི་འདྲེས་པ་དག། དང་པོའི་ཏིང་འཛིན ་གྲུབ་པ་ནི།། གོ་རིམས་བཞིན་དུ་རབ་བཤད་བྱ།། འདི་ལྟ་སྟེ། སྒྲིབ་པ་ཐམས་ཅད་དང་། སྡིག་པ་ཐམས་ཅད་དང་། རྨི་ལམ་ངན་པ་དང་། ལྷས་ངན་པ་དང་། ཡམས་དང་། འཚེ་བ་དང་། ནད་འགྲོ ་བ་དང་། ཉོན་མོངས་པ་དང་། དུས་མ་ཡིན་པར་འཆི་བ་དང་། འཇིགས་པ་དང་། སྐྲག་པ་དང་། རྩོད་པ་དང་། འཐབ་པ་དང་། བྱིས་པའི་གདོན་དང་། དམུ་རྒོད་དང་། ཉོན་མོངས་པ་དང་། ངལ ་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། དབུལ་བ་དང་། རྒྱགས་པ་དང་། རེག་ན་མི་བདེ་བ་དང་། སྐལ་བ་ངན་པ་དང་། ནད་མེད་པ་མ་ཡིན་པ་དང་། ནོར་བརླག་པ་རྣམས་ལ་ནི་པདྨ་ཆེན ་པོ་ཞི་བས་སོ།། རླུང་དང་། མཁྲིས་པ་དང་། ཁྲག་དང་། བད་ཀན་དང་། འདུས་པ་དང་། མ་ཞུ་བ་དང་། རིམས་དང་། སྦྱར་བའི་དུག་དང་། དུག་དང་། མཛེ་དང་། འབྲུམ་བུ་ཕྲ་མོ་དང་། གཡན ་བ་དང་། རྐང་ཤུ་དང་། སྨན་དང་། ཆུའི་དམུ་རྫིང་དང་། མཚན་པར་རྡོལ་བ་དང་། ཤ་བཀྐུ་དང་། ཟད་བྱེད་དང་། ཁྲག་ཟད་པ་དང་། ཁུ་བ་ཟད་པ་དང་། ནད་ཐམས་ཅད་དང་། གནོད་པ་དང ་གནོད་བྱེད་དང་། གདོན་དང་ག་འཕྲ་མེན་རྣམས་གསོ་བ་ལ་ནི་པདྨ་ཆེན་པོ་སྨན་གྱི་ཕྱག་རྒྱ་འཛིན་པས་སོ།། ཐམས་ཅད་རྡོ་རྗེར་བྱས་པ་དང་། ཆོས་དང་། གོ་ཆ་དང་གཙུག་ཏོར་དང་། གཙུད་པུ་དང་། ་ཚམས་དང་། ཕྱོགས་དང་། དཀྱིལ་འཁོར་དང་། ས་དང་། ནམ་མཁའ་དང་། རྡོ་རྗེའི་གདོན་དང་། ཁང་པ་ཆེན་པོ་དང་། རྡོ་རྗེ་ར་བ་དང་། མེ་འབར་བ་དང་། ཐལ་བའི་ར་བ་དང་། རྡོ་རྗེ་དང ་རི་བེ་དོན་ཡོད་པ་ལ་སོགས་པ་དང་། སྲད་བུས་ཡོངས་སུ་བསྐོར་བ་དང་། ཕུར་བུས་གདབ་པ་དང་། ཟས་དང་། བཏུང་བ་དང་། གོས་དང་། རྒྱན་དང་། ཕྱག་རྒྱ་དང་། སྲུང་བ་ལ་ནི་པདྨ་ཆེན ་པོ་ཐམས་ཅད་སྲུང་བས་སོ།། ཚེ་ཐམས་ཅད་དང་། སྟོབས་དང་། ཁ་དོག་དང་ག་གཟི་བརྗིད་དང་། མདས་དང་། ལང་ཚོ་དང་། བརྩོན་འགྲུས་དང་། སྤྲོ་བ་དང་། ནད་མེད་པ་དང་། དཔལ་དང་། ་སྐལ་བ་བཟང་པོ་དང་། ནོར་དང་། འབྲུ་དང་། དབང་ཕྱུག་དང་། འབྱོར་པ་དང་། དངོས་གྲུབ་དང་། བླ་དང་། རྙེད་པ་དང་། བཀྲ་ཤིས་པ་དང་། མིང་དང་། གྲགས་པ་དང་། སྙན་པ་དང་ཏིང ་འཛིན་དང་། ཤེས་རབ་དམ་པ་འགྲུབ་པ་ལ་ནི་པདྨ་ཆེན་པོ་མཆོག་གྲུབ་པས་སོ།། དཔལ་མཆོག་དང་པོའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས། ཆོས་ཐམས་ཅད་སྒྲིབ་པ་མེད ་པའི་ཡེ་ཤེས་ཀྱི་རྡོ་རྗེའི་ཆོ་ག་རྒྱས་པའོ།། ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། ཐམས་ཅད་མི་འགྱུར་ནམ་མཁའ་ཆེ།། ཐམས་ཅད་དབང་བསྐུར་ཀུན་གྱི་དོན།། ཀུན་དབང་རིན་ཆེན་ཐམས ་ཅད་འཛིན།། ཏིང་ངེ་འཛིན་གྱིས་རབ་བྱིན་རླབ།། བདག་པོ་ཆེན་པོ་རབ་སད་མཛད།། ཆོས་རྣམས་ལ་ནི་རྣམ་གཟིགས་པས།། ཀུན་དོན་དབང་ཕྱུག་གདོད་ནས་བྱུང་།། ཉི་ཟླ་དང་ནི་གཟའ་སྐུར ་ཅན།། ནམ་མཁའ་ཉིད་དུ་འགྱུར་བ་ཡིན།། དེ་ནས་རིན་ཆེན་ཏིང་འཛིན་ནི།། ངེས་པར་རྡོ་རྗེ་ཅན་དུ་བརྗོད།། དེ་ནས་ནམ་མཁའ་རྡོ་རྗེ་ཉིད།། ལྗང་སྟོན་བཻ་ཌཱུཪྻ་མཉམ་མདངས།། རྡོ་རྗེ་རིན ་ཆེན་རྣམས་དགེ་བ།། ནམ་མཁའི་སྙིང་པོར་ཡང་དག་གྱུར།། དེ་ནས་བཅོམ་ལྡན་ཐོག་མ་ཉིད།། མཛད་སྤུ་ཀུན་གྱི་གནས་ན་བཞུགས།། ཏིང་ངེ་འཛིན་ལ་རྣམ་གཟིགས་པས།། འཇིག་རྟེན་དབང ་ཕྱུག་བདག་པོ་ཉིད།། སངས་རྒྱས་ཐམས་ཅད་སྲས་བཅས་དང་།། དེ་བཞིན་རྡོ་རྗེ་འཛིན་པ་མཆོག། རྡོ་རྗེ་རིན་ཆེན་དེ་ཡིས་ནི།། ཀུན་རིགས་ཀུན་གྱི་དབང་བསྐུར་ཕྱིར།། བསམ་པ་ཐམས་ཅད་རྫོགས ་བྱའི་ཕྱིར།། ཀུན་མཆོག་ཀུན་ལོ་དབང་བསྐུར་ནས།། ཤིས་པ་བརྗོད་པ་འདི་གསུངས་སོ།། ཨོཾ་སརྦ་བཛྲ་སཏྭ་ཨ་དྷི་པ་ཏི་ཏྭེ། ཨ་བྷི་ཥེ་འུ་མི་བྷུརྞྞ་བེ་སྭ། དེ་ནས་བཟང་པོས་འདི་གསུངས ་ཤིང་། ཀ་ལེགས་པར་ཤིས་བརྗོད་དབང་བསྐུར་བས།། རྡོ་རྗེ་རིན་ཆེན་ཆེ་དེ་ལས།། ཆོས་ཀྱི་གཙོ་བོར་བྱུང་བར་གྱུར།། བྱུང་ནས་འགྲོ་བ་ཐམས་ཅད་ནི།། ཅི་རིགས་པར་ནི་ཀུན་དབང་བསྒྱུར། རྡོ་རྗེ། ་ཀུན་གྱིས་དབང་བསྐུར་ནས།། སླར་ཡང་དཀྱིལ་འཁོར་ཚུལ་གྱིས་བཞུགས།། བདེ་གཤེགས་ཀུན་གྱིས་བྱིན་བརླབས་པ།། རྡོ་རྗེ་རིན་ཆེན་བླ་ན་མེད།། ཤིན་ཏུ་དབང་ཕྱུག་ཆེན་པོའི་མཆོག ་དངོས་གྲུབ་གསོལ་བའི་རྟོག་པ་གསུངས།། དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་ནི།། ནམ་མཁའི་འཁོར་ལོ་ནམ་མཁའི་མདོག། ཉི་མ་ཟླ་བ་སྐར་མ་དང་།། གཟའ་རྣམས་ཀྱི་ནི་བརྒྱན་པ་ནི།། དེ། ་དབུས་ནམ་མཁའི་སྙིང་པོ་ནི།། བདག་ཉིད་ཐམས་ཅད་དགྱེས་པར་གཞག། དག་པའི་བཻ་ནུཪྻ་མདོག་འདྲ།། འོད་ཟེར་འབར་བ་སྣ་ཚོགས་འཁྲུག། གཡོན་པ་རིན་ཆེན་ཐུགས་ཀར་བསྟོད།། གཡས ་བས་ནོར་ཆེན་རབ་སྩོལ་པ།། དེ་ཡི་ངོས་སུ་སེམས་དཔའ་མཆོག་བཞི་པོ་གཟུགས་བཅུས་དམ་པ་ཡིས།། དབང་བསྐུར་བ་དང་གཏེར་ཉིད་དང་།། ནོར་བུ་ཆེན་པོ་བླ་མེད་དང་།། འབྱོར ་དཔལ་ནི་ཕུན་སུམ་ཚོགས།། རང་ཉིད་མཁྱེན་མས་མཆོད་པ་ནི།། དེ་ལ་དེ་དག་གི་སྙིང་པོ་འདི་ཡིན་ཏེ། བཛྲ་སཏྭ་ཛཿབཛྲ་རཏྣ་ཧཱུཾ། བཛྲ་དྷརྨྨ་བཾ་བཛྲ་ཀརྨ་ཧོ།། དེ་ནས་གཟུངས་རྣམས་ཀྱི ་སྙིང་པོ་ཤད་དེ། ཨོཾ་པྲ་ཏི་བཛྲ་ཎི་ཕཊ། ཨེ་བཛྲ་པཱི་ཏི་ཧི་ཧི། ཨོཾ་ཙིནྡ་མ་ཎི་ཧེ། ཨོཾ་བཛྲ་མ་ཧཱ་མ་ཧེ་ཧཾ། དཀྱིལ་འཁོར་ཆེན་པོའི་ཁུ་ཚུར་གྱོས།། ཆོ་ག་རྒྱས་པ་ཇི་བཞིན་བྲི།། ནོར་བུའི་ཁུ་ཚུར་གྱིས་བཅུག ་ག། མཁའ་སྐྱེས་ལས་ནི་མགོས་ཕྱག་བྱ།། བཞུགས་ནས་ནམ་མཁའ་མཁས་པ་ཡི།། དམ་ཚིག་དམ་པ་བརྗོད་པར་བྱ།། ཁྱེད་ནི་ནམ་མཁའ་ལས་བྱུང་བའི།། ཐམས་ཅད ་ཀྱིས་ནི་ལྔ་པ་ཡིན།། ཨོཾ་ཨེ་སིདྡྷ་བྷུརཱུ་བ་སིདྡྷ་ཀ་སིདྡྷ་སྭ་ཀ་སིདྡྷི་མ་ཧཱུ~ཾ་རཏྣ། བེ་བཊ་ཊ་ཏྲུ་ག་འདི་ནི་བཟླས་པ་ཙམ་གྱིས་ནི།། མཁའ་སྙིང་དངོས་གྲུབ་ཐམས་ཅད་དང་།། པུན་ཚོགས་ཀུན་ལ་ཤིན་ཏུ་ནི། ་འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། ཅེས་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་བླ་ན་མེད་པས་གསུངས་སོ།། དེ་ནས་ནོར་བུ་ཁུ་ཚུར་ཅན་གྱིས་ལྕགས་ཀྱུས་དགུག་པར་བྱའོ།། ཨོཾ་བྷུ་རཱ་ཡ་ཧཱི་ཛ། བྷུ ་བ་པྲ་བེ་ཤཧཱུཾ་སྭ། གྲྀཧྞ་བཾ་བ་བཊ་ཊ་སིདྡྷ་ཧོ་ཏཾ། དེ་ནས་བཅོམ་ལྡན་མྱུར་དུ་ནི།། བྱོན་ནས་དངོས་གྲུབ་ཐམས་ཅད་ནི།། འབྱོར་པ་ཤིན་ཏུ་གཡོ་བ་ལ།། དོན་ནི་རབ་ཏུ་འགྲུབ་པར་འགྱུར། ་ནས་སློབ་མ་ཕྱག་རྒྱ་ནི།། མེ་ཏོག་བཅས་པ་མཆོག་གིས་གཞུག། བཅུག་ནས་དེ་ཉིད་མཆོག་སྙིང་པོ།། བདེན་པ་ལན་ཅིག་བརྗོད་དུ་གཞུག། དེ་ནས་འབྱོར་པའི་མཆོག་བརྟག་པ།། དཔལ་གྱི ་ཕུན་ཚོགས་མཆོད་པ་ཆེ།། འཇིག་རྟེན་མཆོག་གི་དངོས་གྲུབ་རྣམས།། བདེ་བར་གཤེགས་པ་བཞིན་དུ་འཐོབ།། དེ་ནས་དེ་ཕྱིར་སྒྲུབ་པ་བཤད།། དེ་ན་རྡོ་རྗེ་རིན་ཆེན་རྒྱལ་མཆོག་གིས།། དཔག ་མེད་ཟློས་པས་བསྒྲུབ་བྱ་ཞིང་།། འདི་ཡིས་སྐྱེས་མཆོག་འདི་ཉིད་ལ།། འདོད་ཆགས་འགྲོ་དང་འོང་བར་འགྱུར།། རིན་ཆེནི་ཀུན་གྱི་དབང་ཕྱུག་རྒྱལ།། རྒ་དང་འཆི་བ་མེད་པར་འགྱུར།། དངོས ་གྲུབ་ཀྱི་དམ་པ་ཐམས་ཅད་ཀྱང་དེ་བཞིན་ནོ།། ཕྱག་རྒྱ་སྒྲུབ་པ་ནི་དགའ་བ་ཉིད་ཀྱིས་སོ།། དམ་ཚིག་གི་ཕྱག་རྒྱ་སྒྲུབ་པ་ནི་དམ་ཚིག་གི་ཁུ་ཚུར་གྱིས་སོ།། དེ་བཞིན་དུ་ལས་སྒྲུབ་པ་ནི་དེངས་གྲུབ་བླ་ན་མེད། ་པ་ཡིན་ནོ།། ཕྱག་རྒྱ་ཆེན་པོ་སྒྲུབ་པ་ཉིད་དེའི་རྒྱུད་དོ།། ། དེ་ནས་དེ་ཕྱིར་ལས་རྣམས་ཀྱི།། རབ་འབྱམས་རྒྱུན་ནི་དམ་པ་དང་། དངོས་གྲུབ་ཆེན་པོ་ཀུན་བསྒྲུབས་པ།། གོ་རིམས ་བཞིན་རབ་བཤད་བྱ།། འདི་ལྟ་སྟེག་འབྱེར་པ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། དབྲོག་པ་དང་། བསགས་པ་དང་། ལེན་པ་དང་། འདྲེན་པ་དང་། ་འགུགས་པ་དང་། གཏོད་པ་དང་། གཞིག་པ་དང་། འཕེན་པ་དང་། འདེགས་པ་དང་། འབེབས་པ་དང་། བརྡེག་པ་དང་། སྦྱང་བ་དང་། རྙེད་པ་དང་། ཉོ་བ་དང་། བཙོང་བ་དང་། ཀུན་ཏུ་འགྱེད་པ་དང་། ཉེ་བར ་དགོད་པ་དང་། བརྟན་པར་བྱ་བ་དང་།། རྡོ་རྗེར་བྱ་བ་དང་། འབྱོར་པ་ཐམས་ཅད་སྒྲུབ་པ་དང་། འབྱོར་པ་ཐམས་ཅད་ཀྱི་མཆོག་སྒྲུབ་པ་ལ་ནི་རྡོ་རྗེ་རིན་ཆེན་གྱིས་དབང་བསྐུར་བས་སོ།། དཔལ་ཐམས་ཅད་དགུས ་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། དབྲོག་པ་དང་། བསགས་པ་དང་། ལེན་པ་དང་། འདྲེན་པ་དང་། འགུགས་པ་དང་། གཏོད་པ་དང་། གཞིག་པ་དང་། འཕེན་པ་དང་། ་འདེགས་པ་དང་། འབེབས་པ་དང་། བརྡེག་པ་དང་། སྦྱང་བ་དང་། རྙེད་པ་དང་། ཉོ་བ་དང་། བཙོང་བ་དང་། ཀུན་ཏུ་འགྱེད་པ་དང་། ཉེ་བར་དགོད་པ་དང་། བརྟན་པར་བྱ་བ་དང་། རྡོ་རྗེར་བྱ་བ་དང་། ་འབྱོར་པ་ཐམས་ཅད་སྒྲུབ་པ་དང་། འབྱོར་པ་ཐམས་ཅད་ཀྱི་མཆོག་སྒྲུབ་པ་ལ་ནི་རྡོ་རྗེ་རིན་ཆེན་དཔལ་གྱིས་སོ།། ཕུན་སུམ་ཚོགས་པ་ཐམས་ཅད་དགུག་པ་དང་། གཞུག ་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། དབྲོག་པ་དང་། བསགས་པ་དང་། ལེན་པ་དང་། འདྲེན་པ་དང་། འགུགས་པ་དང་། གཏོད་པ་དང་། གཞིག་པ་དང་། འཕེན་པ་དང་། འདེགས་པ ་དང་། འབེབས་པ་དང་། བརྡེག་པ་དང་། སྦྱང་བ་དང་། རྙེད་པ་དང་། ཉོ་བ་དང་། བཙོང་བ་དང་། ཀུན་ཏུ་འགྱེད་པ་དང་། ཉེ་བར་དགོད་པ་དང་། བརྟན་པར་བྱ་བ་དང་། རྡོ་རྗེར་བྱ་བ་དང་། ་འབྱོར་པ་ཐམས་ཅད་སྒྲུབ་པ་དང་། འབྱོར་པ་ཐམས་ཅད་ཀྱི་མཆོག་སྒྲུབ་པ་ལ་ནི་རྡོ་རྗེ་རིན་ཆེན་ཕུན་སུམ་ཚོགས་པས་སོ།། མཆོད་པ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཙོང་བ་དང་། ་དབང་དུ་བྱ་བ་དང་། དེ་བྲེག་པ་དང་། བསགས་པ་དང་། ལེན་པ་དང་། འདྲེན་པ་དང་། འགུགས་པ་དང་། གཏོད་པ་དང་། གཞིག་པ་དང་། འཕེན་པ་དང་། འདོགས་པ་དང་། འབེབས་པ་དང་། ་རྡེག་པོ་དང་། སྦྱང་བ་དང་། རྙེད་པ་དང་། ཉོ་བ་དང་། བརྐྱོང་བ་དང་། ཀུན་ཏུ་འགྱེད་པ་དང་། ཉེ་བར་དགོད་པ་དང་། བརྟན་པར་བྱ་བ་དང་། རྡོ་རྗེར་བྱ་བ་དང་། འབྱོར་པ་ཐམས་ཅད་སྒྲུབ་པ་དང་། འབྱོར། ་ཐམས་ཅད་ཀྱི་མཆོག་སྒྲུབ་པ་ལ་ནི་རྡོ་རྗེ་རིན་ཆེན་གྱི་མཆོད་པ་སྒྲུབས་པས་སོ་ཞེས་ཀྱང་གསུངས་སོ།། སེམས་ཅན་ཐམས་ཅད་པདེ་དོན་དུ།། རྡོ་རྗེ་སེམས་དཔའ་ནོར་ཆེག།། རང་གི་རྒྱལ་མཆོག ་ལན་ཅིག་སྒྲུབ།། ཡི་གེ་ཏྲ་ནི་སྦྱར་བར་བྱ།། དཔལ་མཆོག་དང་པོ་རྟོག་པའི་རྒྱལ་པོ་ཆེན་པོ་ལས། བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་རྡོ་རྗེ་རིན་ཆེན་གྱི་རྟོག་པའི་ཆོ་ག་རྒྱས་པའོ།། ་དེ་ནས་རྒྱལ་བ་རྡོ་རྗེ་འཛིན།། འཇིག་རྟེན་གསུམ་པོ་ཁམས་གསུམ་པ།། འཇིག་རྟེན་གསུམ་བདག་ཐམས་ཅད་ལ།། འཇོག་རྟེན་གསུམ་མཆོག་འདུལ་མཛད་པ།། ཆོ་ག་བཞིན་དུ་རྣམ ་འགྱུར་ཞིང་།། སེམས་ཅན་དོན་ཕྱིར་ཆགས་བཞུགས།། འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། རྟག་ཏུ་རྣམ་པར་གནས་པ་ཡིན།། མི་མཉམ་པ་ཡིས་རྣོན་གྱུར་ན།། དྲུག་ཉིད་དུ་ནི་ཉེ་བར་འགྲོ།། ་བདུད་རྩིའི་ཉིད་དུའང་འགྱུར་བ་ཡིན།། འདོད་ཆགས་ཚངས་པ་མཆོག་འབྱིན་པ།། ཞེ་སྡང་དྲག་པོའི་ཏིང་འཛིན་གྱིས།། གཏི་མུག་ཁྱབ་འཇུག་བརྟན་མཛད་ནས།། འཇིག་རྟེན་གསུམ་པོ་བྱིན་གྱིས་བརླབས།། ་འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། རྟག་ཏུ་གནས་པས་སྲིད་གསུམ་གནས།། ཆོས་ཀྱི་རྟེན་ནས་གསུམ་མཆོག་སྟེ།། ཆོས་མིན་རྟེན་པས་ངན་སོང་གསུམ།། འདོད་ཆགས་སྤོང་རྩིར་བྱེད་པར་བཤད། ་ཞེསྡང་རྒྱལ་བར་བྱེད་པར་བཤད།། གཏི་མུག་དོན་ནི་སྒྲུབ་བྱེད་ཅེས།། ཀུན་ཏུ་གསང་བའི་མིང་ཡིན་ནོ།། ང་ནི་འཇིག་རྟེན་གཅིག་པུ་ཉིད།། འཇིག་རྟེན་གསུམ་དུ་རབ་ཏུ་བཤད།། ང་ནི་འདོད་པ་གཅིག ་བུ་ཉིད།། ཚངས་པ་དྲག་པོ་གཡུང་དྲུང་ཡིན།། དེ་ནས་གསུམ་པོ་འདི་ཡིས་མཆོག། སྦྱང་ཕྱིར་རྡོ་རྗེ་སྦྱང་འཛིན་པ།། གཟུགས་ནི་གསུམ་པོ་འདི་དག་ཉིད།། བདག་ཉིད་ཁོ་ན་འབྱུང་བ་ཡིན།། ་གང་ཕྱིར་འཇིག་རྟེན་འདི་དག་ནི།། རྟག་ཏུ་ཡང་ནི་འདི་སྐད་སྨྲ།། ཚངས་སོགས་ཀྱིས་འདུལ་ཡང་དག་པའི།། སངས་རྒྱས་བྱང་ཆུབ་སྣོད་མ་ཡིན།། དེ་རྣམས་སྦྱ་། ་ཕྱིར་བཅོམ་ལྡན་འདས།། རྡོ་རྗེ་འཆང་ཆེན་རང་ཉིད་ནི།། གཟུགས་གསུམ་པ་འདི་མཛད་ནས་ནི།། ཕྱིས་ནི་སངས་རྒྱས་ཉིད་མ་འགྱུར།། དེ་ནས་ཚངས་པ་ལ་སོགས་ལྷ།། འཇིག་རྟེན་གསུམ ་མཆོག་དབང་ཕྱུག་ཆེ།། དཀྱིལ་འཁོར་དེར་ནི་གསང་སྙིང་པོའོ།། རང་གི་རང་གྲུབ་ཕྱིར་རབ་ཕུལ།། ཨོཾ་བྷུར་ཐུ་བ་སྭ། ཟུར་བཞི་པ་ལ་སྒྲོ་བཞི་པ།། སྒོ་སྲུངས་བཞིས་ནི་རབ་སྲུང་བ།། ཁ་ཁྱེར་གྱིས་ནི ་ལེགས་བསྐོར་བ།། ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ།། དེ་ཡི་ནང་མ་ཉིད་དང་ནི།། དཀྱིལ་འཁོར་གཞུ་ཡི་དབྱིབས་ཅན་ལ།། སྦྲང་རྩི་བྱེད་དང་རྒྱལ་ཉིད་བྱེད།། སྒྲུབ་པ་ཐམས་ཅད་སྒྲུབ་པ་ནི།། གོ ་རིམས་དག་ནི་ཇི་བཞིན་དུ།། ལེགས་པར་བྲི་བའམ་གཞག་པར་བྱ།། པུས་མོ་གཉིས་ཀྱིས་ཞུགས་ལ་དང་།། རྩེ་གསུམ་དམ་ཚིག་གིས་མཚན་པས།། ཞུགས་ཏེ་དམ་ཚིག་བཅིངས་ནས་ནི།། ་ཡང་དག་པར་ནི་དགུག་པར་བྱ།། ཨོཾ་བྷུརྞྞ་བ་སྭཿ། སྭསྟི་ནཱ་མ་སྭཱ་ཧཱུ~ཾ། ཉི་ཤུ་རྩ་གཅིག་བཟླས་པ་ཡིས།། ཐམས་ཅད་ཐམས་ཅད་ཀྱིས་བསྐོར་བ།། ཐམས་ཅད་གྲུབ་ཕྱིར་འོངས་པ་ལ།། དེ་ཉིད་པ་ཡི ་གཏོར་མ་སྦྱིན།། སློབ་དཔོན་རབ་ཏུ་ཞུགས་པ་ཡི།། སློབ་མ་ཐམས་ཅད་གཞུག་པར་བྱ།། དེ་ཉིད་གསང་བ་བརྗོད་ནས་ནི།། དམ་ཚིག་མཆོག་ནི་སྦྱིན་པར་བྱ།། གལ་ཏེ་ཁྱོད་ཀྱིས་རྩེ་གསུམ་བཅག ་སྙིང་པོ་སྣོད་མིན་ལ་སྨྲས་སམ།། ཇི་སྐད་སྨྲས་པའི་ཆོས་རྣམས་ནི།། གལ་ཏེ་འདིར་ནི་མ་སྤྱད་དམ།། སྙིང་སྟོབས་རྡུལ་དང་མུན་པ་ཉིད།། ཚངས་པ་དྲག་པོ་གསུ་དྲུང་སྟེ།། མིང་པོ་གསུམ་པོ ་འདི་ཉིད་ནི།། ནམ་ཡང་བསྐས་པར་མི་བྱའོ།། གང་ཞིག་འདི་རྣམས་སྐོམ་པ་སློབ།། ཡང་དང་ཡང་དུ་ཞུགས་ནས་ནི།། དཀྱིལ་འཁོར་མཆོད་པར་བྱེད་པ་དང་།། དངོས་གྲུབ་ཐམས་ཅད་ཐོབ་པར ་འགྱུར།། རང་གི་ཕྱག་རྒྱ་བསླབས་ནས་ནི།། དེ་ལ་གར་གྱི་མཆོད་པ་དང་།། འདོད་ཡོན་དམ་པ་ལྔ་རྣམས་ཀྱིས།། རྟག་ཏུ་དཀྱིལ་འཁོར་མཆོད་པར་བྱ།། འཇིག་རྟེན་གསུམ་འབྱིན་པའི་རྒྱུད་དོ།། ་དེ་ནས་སྟོན་པ་རྡོ་རྗེ་འཛིན།། སེམས་ཅན་ཀུན་རྗེ་སྟོན་མཛད་པ།། འཇིག་རྟེན་གསུམ་ཕྱུང་དོན་གྲུབ་ཏུ།། སླར་ཡང་སྲིན་མོ་རྣམས་འབྱིན་མཛད།། ཀུན་ཏུ་ཆགས་དང་ཞོ་སྡང་རྨོངས། ་བརྟན་པར་བྱེད་པའི་རྒྱུ་ཡིན་ནོ།། དགའ་དང་པ་དོག་བུད་མེད་ནི།། རབ་ཏུ་གྲགས་པའི་གྲུབ་ཀུན་སྟེར།། གང་ཞིག་འཇིག་རྟེན་ཀུན་ཏུ་བཤད།། ཚོགས་ཀུན་གྱིས་མཆོད་ལྷ་མོ་རྣམས།། ཞི་དང་འཇིགས་མ ་དེ་བཞིན་གསེར།། གྲུབ་པ་དང་ནི་ཞི་བར་བཤད།། ཕྱི་རོལ་སེམས་ཅན་ཕན་ཕྱིར་དང་།། རྟོགས་དོན་ཁོང་དུ་ཆུད་བྱའི་ཕྱིར།། དེ་རྣམས་ཀྱི་ནི་སྙིང་པོ་དང་།། དཀྱིལ་འཁོར་དེ་བཞིན་དམ་ཚིག་བཤད། ་ཧེ་ཧཱུཾ་ཤྲཱི་ཤྱ། དཀྱིལ་འཁོར་ཆེན་པོ་བཞི་པ་ནི།། སྲད་བུ་གསུམ་གྱི་དཀྱིལ་འཁོར་བྱ།། མཚམས་ཀྱི་ཐིག་ནི་ཀ་པ་ཆེ།། བཞི་པོ་དག་གི་རིམས་པ་བཞིན།། དེ་ཡི་དབུས་སུ་དཀྱིལ་འཁོར་ནི།། བཞི་པོ་དག ་གི་དེ་བཞིན་བྱ།། རང་གི་སྙིང་པོ་བཞི་པོ་ནི།། རང་གི་སྐོར་ནི་ཕྱོགས་པ་གཞག། སྐལ་བཟུང་ལུག་ན་རང་གི་མཚོན།། སྲིང་མོ་ཕྲ་བཞིན་ཞི་དམ།། ཕག་མོ་ལགན ་གཏེར་ཉིད་དོ།། གྲུབ་པ་མོ་ནི་བསྙེམས་དང་བཅས།། དེ་ནས་དང་པོའི་དཀྱིལ་འཁོར་དུ།། ཀུན་ནས་དེ་བཞིན་བཞུགས་ནས་ནི།། སྐྱིང་མ་རྣམས་ཀྱིས་རང་གི་རྒྱས།། གོ་རིམས་དག་ནི་ཇི་བཞིན་དུ།། ཞུགས་ནས ་དེ་བཞིན་ཆོ་ག་བྱ།། སྤོས་ལ་སོགས་པས་མཆོད་པར་བྱ།། དེ་ཉིད་གསང་བ་རབ་བསྒྲུབ་པས།། ཀུན་ནས་དགུག་པ་དག་ཏུ་བྱ།། ཨོཾ་སུཾ་བྷ་ག་ར་ཏིཥྛ་མ་ཡ་ཧཱི་བྷུ། རཀྵ་ས་མཱ་ཏིཥྛ་མ་ཡ་ཧཱི་བྷུར་བྷུ་ག་བ་ར་ཧཱ་ཨ་མིརྱ ་ཏཱ་མ་ཡ་སྭཱཧཱ། སིདྡྷི་ཀེ་སིདྡྷི་ས་མ་ཡ་ཧི་ཨཱི་མཱ་མྲི་མུ་དྲཱ་དྷིཿ། ཧྲཱིཿཧཱུཾ་ཤྲཱི་བྷྱོ། དེ་ནས་ལུས་ནི་ཐམས་ཅད་ཀྱིས།། དེ་བཞིན་དུ་ནི་ལེགས་བཞུགས་ལ།། དེ་ནས་ཕྱག་རྒྱ་བཅིངས་བརྟན་ཏེ།། གསང་བ་མཆོག་འདི་བརྗོད ་པར་བྱ།། གལ་ཏེ་གསང་ཉིད་མ་གསུངས་ན།། གང་ཞིག་སེམས་ཅན་དོན་བཞུགས་དང་།། གང་ཡང་དཀྱིལ་འཁོར་སྒྲུབ་བྱེད་པ།། དེ་རྣམས་ཁྱེད་ཀྱིས་བསད་པར་འགྱུར།། ཆོས་དང་ལྡན་ལ་བདུད ་རྩི་ཉིད།། ཆོས་མིན་པས་ནི་དུག་པས་ལྷག། ཅི་རྙེད་པ་དང་དུས་ཇི་བཞིན།། ཡུལ་རྣམས་ཉེ་བར་བསྟེན་པ་དང་།། ཕྱག་རྒྱ་གར་གྱིས་བཤད་པ་ཡིས།། ཅི་བདེ་བར་ནི་རྟག་ཏུ་མཆོད།། སྲིང་མོ་བཞིའི། ་རྒྱུད་དོ།། ། དེ་ནས་སྟེན་པ་རྡོ་རྗེ་འཛིན།། ས་ཡི་དབང་ཕྱུག་ཀུན་གྱི་མཆོག། འདོད་ཆགས་ཞེ་སྡང་གཏི་མུག་ཆེ།། སྒྲུབ་པ་དག་ནི་རབ་སྒྲུབ་ཉིད།། འདོད་ཆགས་སོགས་དུག་གཉིས ་ཕྱིར་དང་། ཀུན་ནས་བདུད་རྩི་ཉིད་བྱའི་ཕྱིར།། ཞེ་སྡང་ལས་བྱུང་ཀླུ་ཡི་ནི།། དཀྱིལ་འཁོར་དམ་པ་འབྱུང་བར་འགྱུར།། དེ་ལ་སྙིང་པོ་འདི་ཡིན་ཏེ།། ཕུ་ཟུར་བཞི་པ་ལ་སྒོ་བཞི་པ།། སྲད་བུ་ཐམས ་ཅད་ཡང་དག་བྲི།། སྒོ་ཁྱུད་ཀླུ་ཡི་གདེངས་ཀ་མཆོག། མཚམས་ཀྱི་རྩེ་མཆོག་མཇུག་མ་མདུད།། དེ་ཡི་དབུས་སུ་ཀླུ་རྒྱལ་ནི།། མཐའ་ཡས་གདེངས་ཀ་བཅས་པ་ནི། ཀླུ་ཡི་རིགས་ནི ་བརྒྱད་པོ་དག། ཤེས་རབ་ཅན་གྱིས་ཀུན་ཏུ་བྲི།། དེ་ནས་ཁྲོས་དང་ཞུགས་ནས་ནི།། ཀླུ་འཛིན་པ་ཡི་ཤུགས་ཀྱིས་ནི།། ཞུགས་ནས་དཀྱིལ་འཁོར་དེ་ཉིད་དུ།། སྦྲུལ་གྱི་གདེངས་ཀ་ས་དགུག་པར་བྱ།། ཨོཾ ་ཧྲཱིཿ་ནཱི་ལ་ཛ་བ་བེ་ག་པྲི་ཐི་བྷིན་ད་རི་ཥེ་ཤ་ཡ་ཧི་ཕུ་སརྦྦ་ནཱ་ག་ཀུ་ལཱ་ནྱཱ་ན་ཕུ། ས་མ་ཡ་པྲ་བེ་ཤ་ཡ་ཕུ་སརྦྦན་སཱ་དྷ་ཡ་ཕུ། ཏ་ཏ་ས་སརྦྦ་ན་ག་པུ་ཊ་ཀ་ཕུ། དེ་ལྟར་བྱས་ན་ལེགས་པར་བཞུགས་ཤིང ་དགའ་བར་འགྱུར་རོ།། དེ་ནས་སློབ་དཔོན་གྱིས་དུག་མེད་པར་བསམ་པར་བྱའོ།། དེ་ནས་བརྩམས་ཏེ་དུག་ཐམས་ཅད་ཟོས་པས་ཀྱང་བདུད་རྩིར་འགྱུར་རོ།། ནོར་རྒྱས་པར་བརྩེ་བར་བྱེད་དོ།། དུག་ཐམས་ཅད་སྦྱར། ་བ་དང་གཞིག་པ་ནུས་པར་འགྱུར་རོ།། དེ་ནས་མནའི་སྙིང་པོ་སྦྱིན་པར་བྱ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། འཇིག་རྟེན་ན་ནི་འདི་གསུམ་དུག། གལ་ཏེ་བདེན་པ་ལས་འདས་ནས།། འདི་དག་གིས ་ནི་རྟག་གསོད་འགྱུར།། ཁྱེད་ཀྱིས་གླེག་ལ་བསྡུས་མི་བྱ།། སེར་བའི་ཟློག་པར་མི་བྱ་ཞིང་།། གཡེ་དངོས་གྲུབ་ལ་དགའ་ན། ཅི་ནས་སྦྲུལ་ནི་གསེད་མི་བྱ།། ཀླུའི་དཀྱིལ་འཁོར་རོ།། ་དེ་ནས་སྟོན་པ་རྡོ་རྗེ་འཛིན།། སྡུག་བསྔལ་ཐམས་ཅད་སེལ་བའི་མཆོག། སེམས་ཅན་ཀུན་ལ་བདེ་བའི་ཕྱིར།། གདོན་གྱི་དཀྱིལ་འཁོར་བསྡུ་བ་ཡི།། འདོད་ཆགས་ཞེ་སྡང་གཏི ་མུག་རྣམས།། ཉེས་བྱས་ཀྱི་ནི་དུག་ཉིད་འགྱུར།། གདོན་དང་རིམས་དང་སྡིག་པ་དང་།། དམྱལ་བར་ཡང་ནི་འགྱུར་བ་ཡིན།། དེ་ནས་གདུག་པའི་སྙིང་པོ་ནི།། ཧཾ། ཟུར་བཞི་པ་ལ་སྒོ་བཞི་པར།། བདོན ་གྱི་དཀྱིལ་འཁོར་ཀུན་ཏུ་བྲི།། དེའི་དབུས་དང་པོར་གདོན་ལ་སོགས།། ཆོ་ག་རྒྱས་པར་དགོད་པར་བྱ།། དེ་ནས་བཤད་པ་བཞིན་ཞུགས་ནས།། དགོད་ཅིང་མྱུར་དུ་དཀྱིལ་འཁོར་དུ།། རྡོ་རྗེ་འཛིན་པ་ཞུགས ་ནས་ནི།། ཁྲོས་པས་རྐང་པ་གཡོན་པས་མཉེ།། དེ་ནས་གདོན་དང་རིམས་སྡིག་ཀུན།། དམྱལ་བ་ཐམས་ཅད་རྟག་ཏུ་ནི།། སྡིག་པ་ཆེན་པོ་བྱེད་པ་ཡང་།། རྡོ་རྗེས་རབ་ཏུ་འཇིགས་པར་འགྱུར།། ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། སྡུག་བསྔལ་ཐམས་ཅད་འདྲེན་པའི་རྒྱུད་དོ།། དེ་ནས་སྟོན་པ་རྡོ་རྗེ་འཛིན།། ཀུན་མཆོག་དབང་ཕྱུག་དམ་པ་ཡིས། ་སེམས་ཅན་ཀུན་དོན་རབ་བསྒྲུབ་ཕྱིར།། དཀྱིལ་འཁོར་ཐམས་ཅད་གསུངས་པ་ཡིན།། དེ་ལ་སྙིང་པོ་འདི་ཡིན་ཏེ། ཨོཾ་ཨཱཿཧཱུཾཿཧྲིཿཏཱཾ། དེ་ནས་འདི་ནི་གསུངས་ཙམ་གྱིས།། ཀུར་མཆོག ་དབང་ཕྱུག་དམ་པ་ཡི།། གཟུགས་ཀུན་གྱིས་ནི་ཀུན་མཆོག་ནི།། དབང་ཕྱུག་དམ་པ་མཛད་པ་ཡིན།། གསང་བ་ཆེན་པོ་ལྔ་ཡི་ནི།། གང་ཚེ་འདུལ་བར་མ་གྱུར་པ།། དེ་ཚེ་སྣ་ཚོགས་ཆེར་མཛད་པ། ་འགྲོ་བ་འདུལ་བའི་དམ་པ་ཡིན།། དམ་པ་ཡང་དག་བཤད་བྱ་སྟེ།། ཀུན་མཆོག་སྣ་ཚོགས་རྣམ་པར་རྒྱལ།། ཀུན་མཆོག་དབང་ཕྱུག་དམ་པ་ཡིན།། དཀྱིལ་འཁོར་ཆེན་པོ་བྲིས་ནས་ནི།། དེ་ཡི་དབུས ་སུ་ཆོ་ག་བཞིན།། རྡོ་རྗེ་སེམས་དཔའ་རབ་བཞག་ལ།། རྡོ་རྗེ་ལྷ་མོ་ཚོགས་དཀྱིལ་འཁོར།། དེ་ཡི་ངོས་ནི་ཐམས་ཅད་དུ།། ཀུན་མཆོག་བདག་པོ་སྐུ་རྣམས་སོ།། རྡོ་རྗེ་མཆོག་བཅས་མཚན ་མ་ནི། རང་གི་རིགས་ཀྱིས་བསྐོར་བ་གཞག། རྒྱལ་པོ་རྡོ་རྗེ་སྲེད་མེད་བུའི།། གཟུགས་འཛིན་འཁོར་ལོ་རྣམ་པར་བྲི།། ཁྱབ་བདག་རྡོ་རྗེ་ཅན་རྡོ་རྗེ།། གཏུམ་དབང་རྡོ་རྗེ་མདུང་བསྣམས་པ།། རྡོ་རྗེ ་བད་འབྱུང་པདྨ་འབྱུང་།། རྡོ་རྗེ་འཛིན་པ་ཚངས་པའི་གཟུགས།། ནམ་མཁའི་སྙིང་པོ་འདོད་པའི་གཟུགས།། རྡོ་རྗེ་དང་བཅས་མེ་ཏོག་མཚོན།། དཀྱིལ་འཁོར་གྱི་ནི་མཚམས་རྣམས་སུ།། རིགས ་ཀྱི་ལྷ་མ་བྲི་བར་བྱ།། རྡོ་རྗེ་དཔལ་མེ་དཀར་མོ་དང་།། རྡོརྗེ་སྤེལ་མ་མཁའ་རྡོ་རྗེ།། དེ་ནས་དཀྱིལ་འཁོར་གྱི་བདག་པོ་འདི་རྣམས་ཀྱི་སྙིང་པོ་བཤད་པར་བྱ་སྟེ།། ཨོཾ་བཛྲ་ནཱ་རཱ་ཡ་ཥ་དྷན་པྲ་ཏི་ག་ན་འཛུམ ་ཎ་ཧོ་བྷ་ག་བཱཾ་བཛྲེ་ཏ་ཐཱ་ག་ཏ། ཛཿཧཱུཾ་བཾ་ཧོཿ། བཛྲ་དྷ་ར་ཏཾ། བཛྲ་ཏ་ཐཱ་ག་ཏ་ཧཱུཾ་བཛྲ་ཀྲོ་དྷ་མ་ཧཱ་ཡོ་གི་ནཱི་ག་ཎེ་ཤྭ་ར། མ་ཧཱ་བཛྲ་ཀུ་ལེ་གྲ་པ་ནེ་ཧོ་བྷ་ག་བཱཾ་བཛྲ་ཙནྡེ་ཤྭ་རཱ་ཡ~ཾ་ཀ་ཧ་ཧ་ཧ་ཧ་ཧྲཱིཿབཛྲ་པདྨོ་བྷ་བ་ཧོ་བྷ་ག་བཾ ་བཛྲ་ལོ་ཀ་ཤྭ་རེ། མ་ཧཱ་པྲ་མེ་སིད་དྡྷེ། ཨོཾ་དྷཱ་ར་དྷུ་\ུ0f7fསྭཿས་སྦྱིན་མ། སྭཱཧཱ། ཧེ་བཛྲ་ཀུ་སུ་མཱ་ཡུ་དྷ། སརྦ་ཀཱ་མ་མེ་སཱ་དྷ་ཡ་ཧོ། བྷ་ག་བཱ་བཛྲ་ཨཱ་ཀཱ་ཤ་ག་རྡྷ། བ་པ་ཊཊ་ཛ། བཛྲ་ཨཱཀ་ཤ་གརྦྷ་ཨ་ཤེ ་། མུ་དྲཱ། ན་མོ་ཡེ་ནསྫ་དྷེ་ན། ཐཱ་ག་བ་ཏེ་པྲདྡྷ་པཱ་ར་མི་ཏཱ་ཡུདྷ། ཙྪནྣ་བཛྲ་ཎིཙྪཀྲེ་ཎཱ་ཏེ་ན་ས་ཏྱེ་ན་བཱ་པ་ཀན། ཨོཾདྷཱི་ཤྲཱི་ཤྲུ་ཏི་སྨྲྀ་ཏི་བི་ཛ་ཡེ་སྭཱ་ཧཱ། ན་མེ་ཡན། ཨེ་དདྲ་གཽ་རི ་མཧཱ་བི་དྱ་ཏྲེ་ལོ་ཀྱ་བི་ཛ་ཡེ་ཤྭ་རི་བཛྲ་ཀྲྀ་དྷ་ཨགྣི་ས་མ་ཡེ། བཛྲ་དྷ་རི་ན་མེ་སྟུ་སྟེ་ཀེ་ཏདྱ་ཐཱ། ཨོཾ་ཧ་ལི་མི་ལྀ། ལ་ལི་ཏཱ་ལི་བཛྲ་མུ་ཀ་ཡེ་སྭཱ་ཧཱ་། བཛྲ་ས་མ་ཡ། ནཱ་མོ་ཡེ་ན་སཱ་དྷེ་ན་བྷི་ག་བ་ཏེ། བུདྡྷ་དུདྡྷིདྷཱདྦྷ་དྷཱ་ར ་བཛྲདྷརྨྨ་པྲ་ཡོ་གེ་ན། ཏེ་ན་ས་ཏེ་ན་སིདྡྷ་མཱཾ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱརྠ། བཛྲ་དྷ་མོ་ཏ་། ཨོཾ་ཀཱ་མ་བཛྲཱ་ཎི་སིདྡྷ་བི་ཤུདྡྷ་སཱ་དྷ་བ་ཧ་ག་ག་མོདྡྷ་བེ་ཡོ་གེ་ན་སིདྷ་མཱཾ་པ་ར་མ་ཀ་རེ། ཏདྱ་ཐཱ་ཀ་ག་ག་ན་བི་ཤུད་དྷེ ་སརྦྦ་མ་བྷི་པྲ་ཡ་པ་རི་པཱུ་ནི་སྭཱ་ཧཱ། བྱི་ཡི་དཀྱིལ་འཁོར་གནས་རྣམས་སུ།། རྡོ་རྗེ་འཛིན་པ་རབ་སྤྱོད་གནས།། ལྷ་དབང་དང་ནི་མ་མོ་ཉིད།། འཇིག་རྟེན་སྐྱོང་རྣམས་དགོད་པར་བྱ།། ཚེགས་ཀྱི་དབང ་བྱུག་རྡོ་རྗེ་ཡི།། རོལ་མཚོ་བཅུ་རྫུ་བྱེད་པ།། ཕྱི་ཡི་དཀྱིལ་འཁོར་ཁ་ཁྱེར་ལ།། སྒོ་དང་མཚམས་སུའང་འདི་བྲིའོ།། སྒོ་རྣམས་ཀུན་ཏུ་འཇུག་པ་ནི།། རང་གི་ཕྱག་རྒྱས་རབ་ཏུ་གཞུག། དཀྱིལ ་འཁོར་དམ་པ་ལྔ་པར་ནི།། དང་པོའི་སྦྱོར་བས་འཇུག་པར་བྱའོ།། དེ་ནས་དབུས་སུ་འདུག་ནས་ནི།། དང་པོ་ལྕགས་ཀྱུ་ཆེ་བ་ཉིད།། སྙིང་པོ་འདི་ནི་རྗོད་བྱེད་ཅིང་།། འགུགས་པ་འདི་ནི་བརྗོད་པར་བྱ།། ཨོཾ་མ་ཧཱ ་སུ་ཁ་བཛྲ་སཏྭ་སིདྡྷི་ཧཱུཾ། སརྦྦ་ཏ་ཐཱ་ག་ཏཱ་ན་ཀ་ས་མ་ཡ་ཨཱ་ཀིཪྵ་ཡ་ཛཿབཛྲ་ཀུ་ལ་དཱི་པཾ་ད་མ་ཡེ་ཏཱ་པྲ་བེ་ཤ་ཡ་ཧཱུཾ་ཀསརྦྦ་ལོ་ཀེ་ཤྭ་ར་པྲ་བེ་ཤ་ཡ་ས་མ་ཡ་བནྡྷ་ན་བཾ། ས་མ་ཡ་སརྦྦ་རཏྣ་དཱི་བ~ཾ་མ་ཧཱ་མ་ཎི་རཱ་ཛཱ་ནཱ ་བཤྲཱི་ཀུ་རུ་ཧོ་ཧཱུཾ་ཨ། ཧཱུཾ་ཧྲིཿཏྲ། དེ་ནས་གསང་བ་ཆེན་པོ་ཡི།། སྙིང་པོ་བཟང་པོ་འདི་བརྗོད་པས། རྡོ་རྗེ་འཆང་ཆེན་རྒྱལ་པོ་ནི།། འཁོར་ལོ་ཐམས་ཅད་དང་བཅས་པ། བཀུག་ཅིང་རབ་ཏུ་བཅུག་པ་དང་། ་བདེན་པས་བཅིངས་ཏེ་དབང་དུ་བྱས།། དཀྱིལ་འཁོར་རྒྱལ་པོ་མཆོག་ཐམས་ཅད།། དངོས་གྲུབ་ཀུན་གྱི་སྒྲུབ་པར་འགྱུར།། དེ་ནས་གོ་རིམས་ཇི་བཞིན་དུ།། དཀྱིལ་འཁོར་ཐམས་ཅད་སྒྲུབ་པ་དང་།། དངོས ་གྲུབ་དེ་རྣམས་ཉིད་ཀྱང་ནི།། ཐམས་ཅད་ཀྱང་ནི་བསྒྲུབ་པར་བྱ།། བདེ་བ་ཐམས་ཅད་མི་འགྱུར་གནས།། བདེ་བ་ཆེན་པོ་ཞེས་བརྗོད་དོ།། རྡོ་རྗེ་འདི་ནི་སྒྲུབ་ལ་སོགས།། འདི་ནི་ཚེ་འདིར་འགྲུབ་པར་འགྱུར། ་དེ་ལྟར་སྣ་ཚོགས་པའི་དོན་སྦྱང་བའི་དོན་གྱིས་ཆོ་ག་འགྲོ་བ་དཔག་ཏུ་མེད་པ་འདུལ་བ་མཐའ་མེད་ཅིང་སྣ་ཚོགས་པས་མཉམ་པ་མེད་ཅིང་ཕུལ་དུ་ཕྱུང་བ། དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས ་ཅད་འཛིན་པའི་བདེ་བའི་མཆོག་བྱེད་པ་ག་རྒྱལ་བ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་སྲིད་པའི་བདེ་བའི་མཆོག་བྱེད་པ་གསུངས་པ་ཡིན་ནོ།། དཔལ་མཆོག་དང་པོའོ་རྟོག་པའི་རྒྱལ་པོ་ལ་ས། རྟོག་པ ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་རྩ་བའི་རྒྱུད་ཀུན་གྱི་མཆོག་དབང་ཕྱུག་དམ་པའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་རྫོགས་སོ།། ། སངས་རྒྱས་ཀུན་གྱི་གསང་བ་ཆེ།། དམ་ཚིག་མཆོག་གི ་སྒྲུབ་པ་དང་།། བད་པ་ཆེན་པོ་གཞལ་ཡས་ཁང་།། དངོས་གྲུབ་ཀུན་གྱི་ལུས་བྱས་པ།། དེ་བཞིན་གཤེགས་མཆོག་ཆེན་པོ་ཡི།། རིན་ཆེན་རྒྱལ་བ་སོགས་ཀྱི་ས་བརྒྱན།། བདེ་བ་ཆེན་པོའི་ཆགས་པ་ཆེ། ་#གླུ་དང་རོལ་མོ་རྗེས་ཆགས་པ།། བླ་མེད་དགའ་བ་ཆེན་པོ་ཡི།། མཆོད་པ་ཀུན་གྱིས་རབ་ཏུ་མཆོད།། དཔའ་བ་ཆེན་པོ་དཔལ་གྱི་གནས།། རང་གི་ཞུགས་གནས་མཆོག་དེ ་ལ།། རབ་ཏུ་དགའ་བའི་རྒྱལ་པོ་མཆོག། མི་འགྱུར་མཆོག་ཏུ་ཡང་དག་བཞུགས།། རྡོ་རྗེ་སེམས་དཔའ་བདག་རང་ཉིད།། རབ་ཏུ་དགའ་བ་མི་འགྱུར་མཆོག། ཀུན་ཏུ་དབང་པོ་འཁོར་བ་དང་།། བྱང་ཆུབ ་སེམས་དཔའ་དེ་བཞིན་གཤེགས།། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། རྡོ་རྗེ་བསྙེམས་པའི་བདག་པོའི་བདག། ཀུན་མཆོག་རྨུགས་པ་ཆེན་པོ་ཡི།། དངོས་གྲུབ་དབང་ཕྱུག་རྗེས་གྲུབ་པ།། གླུ་དང་རོལ་མོ ་ཐོག་མཐའ་མེད།། མཆོག་ནི་བཅོམ་ལྡན་འདས་ཀྱིས་གསུངས།། ཧཱུཾཿདེ་ནས་འདི་ནི་གསུངས་ཙམ་གྱིས།། རྡོ་རྗེ་ཐམས་ཅད་འཛིན་པ་ནི།། གསང་བ་ལྔ་ཡི་དེ་ཉིད་ཆེ།། ཕྱག་རྒྱའི་ལྷ་མོ་བྱུང་བར་གྱུར།། ་རྟག་ཏུ་ཆགས་དང་དངོས་གྲུབ་ཆེ།། རྣམ་རྒྱལ་དབང་ཕྱུག་ལྷག་པའི་ལྷ།། ཕྱག་རྒྱ་དམ་པ་བཞི་པ་སྟེ།། སེམས་དཔས་བྱིན་གྱིས་བརླབས་པའི་སྐུ།། དེ་ནས་དེ་རྣམས་ཀྱི་སྙིང་པོ་ནི་འདི་ཡིན་ཏེ། སྐུ ་མཆོག་སོ་སོར་རྟོག་པ་དང་།། དངོས་གྲུབ་ཀུན་གྱིས་བདེ་བའི་མཆོག། ཀུན་མཆོག་རྣམ་རྒྱལ་མཐོང་བ་དང་།། ཐམས་ཅད་དབང་ཕྱུག་མཆོད་པ་ཆེ།། དངོས་གྲུབ་རྣམས་དང་ཕུན་ཚོགས་དང་།། དགའ ་བདག་དང་བདག་པོ་རྣམས།། རྡོ་རྗེ་ལྷ་མོ་ཐོག་མཐའ་མེད།། རྡོ་རྗེ་སེམས་དཔའ་སྐུ་ཡི་མཆོག། ཅེས་བྱའོ།། དེ་ནས་མཆོག་ཏུ་གསང་བའི་མི་རྣམས་ནི་དགའ་བ་ཆེན་པོ་དཔལ་དོན་ཡོད་དགའ་བའི་དམ ་ཆེག་དོད་པའིདི་མ་དང་དགའ་བཆེན་པོ་དང་ལདོན་ཡོང་ལ་རྒྱགས་པའི་དམ་རྟག་ག་ཤུ་ཀ་ལི་ཀཱི་འི་དང་། དགའ་བ་ཆེན་པོ་དཔ་ལ་རྡོ་དོན་ཡོད་ལཆགས་པའིངམཚིག་རྣམ་པརའ་མྱུལ་བ་རྣམ ་དང་། དགའ་བ་ཆེན་པོ་དཔལ་རྡོ་རྗེ་དོན་ཡོད་ལ་ཆགས་པའི་དམ་ཚིག་རྡོ་རྗེ་འདོད་པའི་དབང་ཕྱུག་མའོ།། འདི་རྣམས་གསང་བའི་མཚན་དག་ནི།། མཁས་པས་གང་ཞིག་དད་པས་བརྗོད།། དེ་ནི ་ཕྱག་རྒྱ་ཐམས་ཅད་ཀྱི།། དངོས་པོ་ཀུན་བདག་བདག་པོར་འགྱུར།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་ཏུ་གསང་བས་གསུངས་པ་ཡིན་ནོ།། དེ་ནས་འདི་སྒྲུབ་བཤད་བྱ་བ།། དངོས ་གྲུབ་ཤིན་ཏུ་བརྟག་པ་སྟེ།། སྡིག་པ་ཆེ་ལས་དགའ་བ་དང་།། སྒྲུབ་པ་གང་ཞིག་མ་གྲུབ་ཀྱང་།། རྡོ་རྗེ་སེམས་དཔས་གསུངས་པ་བཞིན།། དེ་དག་ཀྱང་ནི་མྱུར་དུ་གྲུབ།། ཉིན་རེ་འམ་ནི་ཟླ་རེའམ།། དེ་བཞིན་ལོ།། ་ནི་རེ་རེ་ལ།། ཅི་མངོན་མངོན་འདོད་བསྒྲུབ་པར་བྱ།། ཅི་རྙེད་པ་དང་ཅི་བདེ་བས།། རས་ལ་བཅོམ་ལྡན་བྲི་བར་བྱ།། ཀུན་བདག་དམ་ཚིག་དབང་ཕྱུག་སྟེ།། གང་ཞིག་བྲིས་པར་གྱུར་ན་ནི།། མཆོག ་རྟག་པའི་ཐར་པ་ཐོབ།། བཞད་པ་དང་བཅས་ཟླ་བའི་འོད།། སྣ་ཚོགས་པདྨའི་འོད་འབར་བ།། སངས་རྒྱས་ཀུན་གྱི་དབང་བསྐུར་སོགས།། སྣ་ཚོགས་རྒྱན་དང་ན་བཟའ་ལྡན།། སེམས་དཔའ ་སྐྱིལ་མོ་ཀྲུང་གིས་བཞུགས།། རྡོ་རྗེ་བསྙེམས་པའི་མཆོག་འཆང་བ།། གཡོན་པ་དྲིལ་བུ་མཆོག་བསྙེམས་པ།། རྡོ་རྗེ་སེམས་དཔའ་རབ་ཏུ་བརྟག། དེ་ཡི་ལོགས་ན་བཞུགས་པ་རྣམས། ་དེ་ཡི་འོད་ཀྱི་དཀྱིལ་འཁོར་བརྟེན།། རབ་ཏུ་དགའ་བ་བདེ་བའི་སྐུ།། གསང་བ་ཆེན་པོ་དགོད་པར་བྱ།། དང་པོ་བདྨ་ལྟར་དཀར་དམར།། གཞན་ནི་བ་ལ་ཤ་ལྟར་དཀར། ་གཞན་ནི་ཨུཏྤལ་འདབ་ལྟར་སྔོ།། རྡོ་རྗེ་བསྙེམས་མ་སེར་པོ་འཛིན།། དང་པོ་དང་ནི་གཉིས་པ་དག། གཡས་ཀྱི་ལྕོགས་ལ་བརྟེན་པ་སྟེ།། གསུམ་པ་དང་ནི་བཞི་པ་དག། གཡོན་གྱི་ལོགས ་སུ་བཞི་པ་ཡིན།། རྡོ་རྗེ་ཀཱི་ལ་ཀཱི་ལ་མ།། དབུས་ཀྱི་རང་ལྷ་དགྱེས་པར་སྤྲོ།། དེ་ཡི་ལོགས་ལ་རྡོ་རྗེ་ཆེ།། མདའ་ནི་གསོར་བ་ལ་བརྩོན་པ།། བསྙེམས་པའི་ཕྱག་གིས་ཡོངས་འཁྱུད་པའི། ་ཆུ་སྲིན་རྒྱལ་མཚན་བསྒྲེང་དང་བཅས།། དེ་ཡི་ལོགས་ན་བཞད་དང་བཅས།། མཆོད་པས་བདག་པོ་ལ་བལྟ་བ།། སངས་རྒྱས་རིན་ཆེན་དབང་བསྐུར་མཚན།། ཐམས་ཅད་སྤྱན་གྱི་ཕྱག་རྒྱ་གཟིགས།། ་རང་ལ་བདག་གི་ཐུགས་གཏད་པ།། ཟུར་དུ་ལྟ་ཞིང་བཞུགས་པའོ།། རས་རིས་འདི་ནི་མཐོང་བ་ཡིས།། རྟག་པའི་བསོད་ནམས་ཐོབ་པར་འགྱུར།། མཆོད་པ་དང་ནི་བརྟག་པ་ཡིས།། མཆོག་ཏུ ་དགའ་བའི་ཐར་པ་ཐོབ།། ཅེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལྟར་མཆོག་ཏུ་དགའ་བ་རབ་ཏུ་འདོད་པ་ནི།། མཆོག་ཏུ་དགའ་བ་དམ་པའི་དངོས་གྲུབ་འགྱུར།། གས ་ཞིང་རྒྱལ་བའི་རས་རིས་ཆེན་པོ་འདི།། ཐམས་ཅད་གཟིགས་རྣམས་མཆོད་པ་ཆེན་པོའི་དཔལ་འདིས་རོལ།། འཁོར་ལོ་དེ་ནི་བརྟག་བྱས་ནས།། མཆོག་ཏུ་གསང་བའི་དཀྱིལ་འཁོར་ནི། ་རྣམ་པར་དབེན་པའི་ཁང་པར་རམ།། ཡང་ན་སྐྱེད་མོས་ཚལ་སོགས་སུ།། དེ་བཞིན་གཤེགས་མཆོག་ཆེན་པོ་ཡི།། རས་རིས་རྒྱལ་པོ་སོགས་ཀྱིས་བརྒྱན།། དྲིལ་བུ་དང་བཅས་ཡིད་དགའ ་བའི། བླ་རེ་ཕུལ་བས་མཆོག་གྱུར་པའི།། རྡོ་རྗེ་གླུ་ཡི་མཆོད་ཚོགས་དང་།། གླུ་དང་རོལ་མོ་རྣམ་འཕྲུལ་པ།། མེ་ཏོག་སྤོས་སོགས་རབ་སྦྱོར་བ།། མར་མེའི་སྦྱོར་བས་ཡང་དག ་མཆོད།། ཁང་པ་གསུམ་བརྩེགས་དཀྱིལ་འཁོར་དུ།། མཆོག་གི་གསང་བ་བསྒྲུབ་པར་བྱ།། ཡང་ན་བདག་ཉིད་ཁོ་ན་མཆོག། རང་གི་ལྷག་པའི་ལྷར་བསྒོམ་བྱ།། དེ་ནས་འཁོར་ལོར ་མཞུགས་ཀྱང་།། རང་ཉིད་ཀྱིས་ནི་རྟག་ཞུགས་ནས།། རྡོ་རྗེ་ཀུན་འཆང་སློབ་དཔོན་ནི།། དངོས་གྲུབ་ཀུན་ལ་གྲུབ་པར་འགྱུར།། རང་ཉིད་ཁྲུས་བྱས་དྲི་ཞིམ་བསྒོས།། ཅི་རྙེདུ་རྒྱུན་དང ་གོས་དང་ལྡན།། སྣ་ཚོགས་གོས་ཀྱིས་ཡང་དག་ཀླུངས།། འཕྲེང་བཅས་ཁ་ནི་དྲི་ཞིམ་པ།། རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས།། མེ་ཏོག་སྤོས་དང་དྲི་སྣོད་བཅས།། རྡོ་རྗེ་གླ་ནི་འདི་དག ་གིས། གར་བྱེད་གྲོང་ཁྱེར་འཇུག་པར་བྱ།། དེ་ལ་མཆོག་ཏུ་གསང་བའི་དཔལ་དམ་ཚིག་གསུམ་འཇུག་ལ་མཆོག་ཏུ་གསང་བའི་གླུའི་མཆོད་པ་མཆོག་ཏུ་གྲུབྱ་པ་འདི་ཡིན་ཏེ།། དངོས་གྲུབ ་ཀུན་གྱི་བདེ་བ་ཉམས་དགའ་བའི།། ཐར་བའི་གྲོང་དུ་བཅོམ་ལྡན་པདདེ་ཆེན་འཇུན། མཆོག་ཏུ་བ་བ་དམ་པའི་དངོས་གྲུབ་ཀྱིས།། པརྫི་བ་པོ་རབ་ཏུ་གྲུབ་པར་མཛོད། རབ་ཏུ་ཞུགས་ཏེ་གཟིན ་བ་ཡིས།། དེ་རྣ་མིག་གས་མགོན་འདུད།། གཡོན་པ་པཞེས་སུ་པཅུང་ད་ད།། བསྤྱོད་ཅིང་ངས་པའི་མིག་གི་ས་ནམས་དུལ་ཟློག་རྟགསང་པ་དང་། ་དཔལ་དམ་ཚིག་གསུམ་གྱི་ཕྱག་འཚལ་བའི་མེ་ཏོག་གི་སིལ་མདོར་བའི་མཆོག་ཏུ་གསང་བ་རྡོ་རྗེའི་གླུའི་མཆོད་པ་མཆོག་ཏུ་གྲུབ་པ་འདི་ཡིན་ཏེ།། མཆོག་ཏུ་བདེ་བའི་སེམས་ནི་རོལ་པར་ལྡན། ་སྒེག་པའི་ཕྱག་གིས་བཅོམ་ལྡན་འདས་ལ་འདུད།། ཛཿཧཱུཾ་བཾ་ཧོ་ཧི་ཧཾ་ཧི་ཧི་ཧི། མགོན་པོ་སྙིམ་པའི་མེ་ཏོག་བཞེས་སུ་གསོལ།། དེ་ནས་མེ་ཏོག་སིལ་མདོར།། རྡོ་རྗེ་སེམས་དཔའི་དབང ་བསྐུར་བས།། རྡོ་དྲིལ་བུའི་ཕྱག་རྒྱ་དང་།། ལྡན་པའི་འོད་གསལ་སྦྱིན་པར་བྱ།། དེ་ལ་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་གྱི་རྡོ་རྗེ་སེམས་དཔའི་དབང་བསྐུར་བའི་མཆོག་ཏུ ་གསང་བའི་རྡོ་རྗེའི་བུའི་མཆོད་པ་མཆོག་ཏུ་གྲུབ་པ་འདི་ཡིན་ཏེ། མོ་སངས་རྒྱས་ཀུན་ལྡན་རིན་ཆེན་མཆོག་གིས་བརྒྱན།། ཞའི་ཅོད་པན་དདུ་བཅུས་ཁྱོད་ལ་འདུད།། རཱ་རྗེ་འཆང་བདག་རིན་ཆེན ་དབང་བསྐུར་བས།། སེམས་དཔའ་ས་མ་ཡ་སྭཱ་ཧཱུཾ། དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་།། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ།། དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། བྱིན་གྱིས་བརླབས་ནས་སྙིང ་པོ་བཟླས།། རྡོ་རྗེ་ལ་སོགས་ཐོབ་བཟུང་བས།། རྡོ་རྗེ་སེམས་དཔའ་གཉིས་པ་འདྲ།། རྡོ་རྗེ་ཐམས་ཅད་འཛིན་རྒྱལ་པོ།། རྡོ་རྗེ་ཅན་གྱིས་བྱིན་གྱིས་བརླབས།། འགྱུར་ཞེས་བྱ་བ ་མཆོག་ཏུ་གསང་པ་དམ་པའི་དཔལ་མཚིག་གསུམ་གྱིས་བདག་འ་བྱིན་གྱིས་བརླབས་པའི་སྒྲུབ་པ་གཅིག་དུའི་ཆོ་ག་མཆོགས་གྲུབ་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ནས ་འདིར་གྲུབ་བཤད་བྱ་བ།། དངོས་གྲུབ་ཤིན་ཏུ་རྟག་པ་ཡང་།། གང་གིས་སྒྲུབ་པ་དམ་པ་དང་།། ཐིག་ཆེན་བྱེད་པ་རྣམས་ཀྱང་ནི།། རྡོ་རྗེ་སེམས་དཔས་གསུངས་པ་བཞིན།། མགྲུབ་རྣམས་ཀྱང ་གྲུབ་པར་འགྱུར།། ལུགས་མའམ་ནིང་རྡུངས་པ་འམ།། འདུས་བྱས་པའམ་བྲིས་པ་འམ།། དང་པོའི་སེམས་དཔའ་བཞུགས་གསོལ་ནས།། དེ་ཡི་མདུན་དུ་ཆོ་ག་བཞིན།། རྟག་ཏུ་རྡོ་རྗེ་དྲིལ་འཆ ་ཞིང་། དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ།། ཐམས་ཅད་དགུག་དང་མཆོད་པ་ཆེ།། བདག་བྱིན་རླབ་སོགས་སྒྲུབ་རྣམས་སུ།། དེ་ལ་ཇི་ལྟར་མཆོག་ཏུ་གསང་བ་དམ་པའི་དང་ལ་དམ་ཚིག་གསུམ་གྱི ་དངོས་གྲུབ་ཐམས་ཅད་དགུག་པའི་རྒྱུད་ནི་འདི་ཡིན་ཏེ། རང་ལྷག་ལྷ་ཡི་སྦྱོར་བ་ལས།། ཐམས་ཅད་དགུག་པའི་སྦྱོར་བ་ལས།། ཡན་ལག་མཆོག་གི་རོལ་བཅས་པས།། གར་བྱ་ཞིང་ནི་དགུག་པར་བྱ།། ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་མཆོག་ཏུ་གསང་བའི་དམ་ཚིག་གི་གླུའི་མཆོད་པ་ནི་འདི་ཡིན་ཏེ། ཛ་མཆོག་དང་པོའི་རྡོ་རྗེ་འཆང་བ་རྡོ་རྗེ་སེམས་དཔའ་བདེ་རྟོག་རབ་ཏུ་དགའ་བ་ཁྱོད་བདག ་སངས་རྒྱས་སོ་སོར་རྟོགས།། ཧཱུཾ་མཆོག་རྡོ་རྗེ་ལས་ནི་མཆོག་ཏུ་ཟད་མེད་སྲིད་པ་མི་འགྱུར་བདེ་དང་ཡིད་བདེ་དམ་ཚིག་བདག་ལ་དེ་གྲུབ་མཛོད།། པོ་མཆོག་བདག་གི་སྐུ་འཛིན་རྣལ་འབྱོར་ཐམས་ཅད ་རྣམ་རྒྱལ་བསྒྲེང་བ་རབ་མཆོག་དག་པ་བདེ་བར་འགྱུར་བའི་པདྨའི་རྒྱལ་པོ་ཀྱེ། ཧོ་རབ་མཆོག་ནི་མཆོག་གི་དངོས་གྲུབ་དམ་པ་ཐམས་ཅད་དབང་ཕྱུག་དམ་པར་བདག་གྱུར་ཅིག ་རྟག་པར་བདག་འཕེལ་ནམ་མཁའི་སྙིང་པོ་ཁྱོད།། ཧུ་ལུ་ཧུ་ལུའི་སྒྲུབ་པས་དབབ་པར་མཛོད།། དམ་ཚིག་ཆེན་པོས་ཡང་དག་དགུག་པ་ཁྱོད།། དེ་བཞིན་གཤེགས་པ་ཀུན་གྱི་དམ་ཚིག་སྟེ།། རབ་ཏུ་དགའ ་པ་མཆོག་དང་པོ།། དེ་ལ་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་གྱི་དངོས་གྲུབ་ཐམས་ཅད་ཀྱི་མཆོད་པ་ཆེན་པོའི་ཆོ་ག་ཇི་ལྟར་ཡིན། རང་ལྷའི་རྣལ་འབྱོར་ཇི་བཞིན་དུ།། མཆོད་པ། ་ཀུན་མཆོག་སྐུ་རྣམས་ཀྱིས།། རོལ་མོའི་རྣམ་འཕྲུལ་གྱིས་རྗེས་མཆོད།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོག་གི་དངོས་གྲུབ་ཀྱི་མཆོད་པ་ཆེན་པོའི་ཆོ་གའི་མཆོག་ཏུ་གསང་བའི། ་དམ་ཚིག་གི་རྡོ་རྗེའི་གླུའི་མཆོད་པ་ནི་འདི་ཡིན་ཏེ། ཐམས་ཅད་རྗེས་སུ་ཆགས་པ་བདེ་བ་དམ་པའི་ཐུགས།། རྡོ་རྗེ་སེམས་དཔའ་ཁྱོད་ནི་རབ་ཏུ་དགའ་བ་ཡིན།། བདེ་བ་ཆེན་པོ་གསལ་མཐོང་བདག་ལ ་བརྟན་གྱུར་ཅིག། མྱུར་དུ་སོ་སོར་མཁྱེན་ནས་རབ་ཏུ་འདོད་པ་བསྒྲུབས།། དེ་ལ་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་གྱི་དངོས་གྲུབ་ཐམས་ཅད་བྱིན་གྱིས་བརླབས་ཀྱིས་སྒྲུབ་པ་ཆེན ་པོ་ཇི་ལྟར་ཡིན། རང་ལྷའི་སྦྱོར་བ་ཇི་བཞིན་དུ།། ཕྱག་རྒྱ་ཀུན་གྱིས་བྱིན་བརླབས་པས།། དེ་ཉིད་ཆེན་པོའི་མཆོག་གིས་ནི།། རང་ཉིད་བསྒྲུབས་ཏེ་སྙིང་པོ་བཟླ།། དེ་ནས་དེ་བཞིན་གཤེགས་པ། ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་བྱིན་གྱིས་བརླབས་པའི་གསང་བ་ཆེན་པོའི་དམ་ཚིག་གི་རྡོ་རྗེའི་གླུའི་མཆོད་པ་མཆོག་ཏུ་གྲུབ་པ་ནི་འདི་ཡིན་ཏེ། ཨོཾ་ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར།། ཐོག། ་མ་ཐ་མ་མེད་པའི་མཆོག། སེམས་དཔའ་རྡོ་རྗེ་ཚེ་རང་བཞིན།། རྡོ་རྗེ་སེམས་དཔའ་རྡོ་རྗེ་ཆེ་རང་བཞིན།། རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད།། ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ།། དབང་ཕྱུག ་ཆེན་པོ་ལྷག་པའི་ལྷ།། རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ།། མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད།། ཉེས་པ་མི་མངར་རྟག་པ་ཁྱོད།། འདོད་ཆགས་ཀྱིས་ནི་རྗེས་ཆགས་པ།། འདོད་པ་ཆེན་པོ ་དགའ་བ་ཆེ།། བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད།། ཤིན་ཏུ་དག་པ་ཀུན་གྱི་མཆོག། གདོད་ནས་གྲོལ་བ་དེ་བཞིན་གཤེགས།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། བྱང་ཆུབ་སེམས་དཔའ་བདག ་གྲུབ་མཛོད།། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག། གྲུབ་པའི་རྡོ་རྗེ་ཆེར་བསྟོད་པས།། རྡོ་རྗེ་བསྙེམས་བདག་བདག་མཛོད་ཅིག། དཔལ་མཆོག་དང་པོའི་བཅོམ ་ལྡན་ཁྱོད།། གང་གིས་དོན་དང་གླུ་ཡོས་བསྟོད།། དེ་ནི་དངོས་གྲུབ་ཀུན་གྱི་མཆོག། དབང་ཕྱུག་ཆེན་པོ་ཉིད་གྲུབ་འགྱུར།། ཞེས་བྱ་བ་མཆོག་གི་དེ་ཁོ་ན་ཉིད་ཀྱིས་མཆོག་ཏུ་གསང་བའི་གླུ་ཆེན་པོ ་མཆོག་ཏུ་གྲུབ་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གསུངས་སོ།། དངོས་གྲུབ་ཆོ་ག་འདི་ཡིས་ནི།། རྡོ་རྗེ་སེམས་དཔའ་ཡང་དག་རྟོགས།། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི།། དབང་ཕྱུག་ཉིད་ནི ་#རབ་སྒྲུབ་པའོ།། ཀུན་ནས་འོད་ཟེར་སྟོན་སོགས་དང་།། སོ་སོར་སྟོན་པའི་རྨང་བྱུང་རྣམས།། རྡོ་རྗེ་ཚིག་གིས་རང་ལྷ་ལས།། ངོ་མཚར་གྱུར་རྣམས་མཐོང་བར་བྱུག། གནོག་པ་ཀུན། ་གྱིས་སྣ་ཚོགས་ཆེ།། དངོས་གྲུབ་དབང་ཕྱུག་བདེ་རྣམས་ཀྱིས།། མྱུར་དུ་རང་གིས་བྱིན་བརླབས་པས།། རྡོ་རྗེ་སློབ་དཔོན་གྱིས་ཐོབ་བོ།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་དང་པོས ་གསུངས་སོ།། དེ་ལ་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གི་ལྷ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་པའི་སྒྲུབ་པ་ཆེན་པོའི་རྒྱུད་ཇི་ལྟར་ཡིན། རང་ལྷ་རྣལ་འབྱོར་ཇི་བཞིན་དུ།། ལྦ ་ཀུན་བདག་ཉིད་སྐུ་རྣམས་ཀྱིས།། རང་ལྷ་རྣལ་འབྱོར་བདག་ཉིད་ཀྱིས།། རང་ལྷག་ལྷ་ཉིད་བསྒྲུབ་པར་བྱ།། དེ་ནས་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་གྱི་ཀུན་མཆོག་དངོས་གྲུབ ་ཆེན་པོའི་དབང་ཕྱུག་ཆེན་པོའི་བདག་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མཆོག་ཏུ་མི་འགྱུར་བ་དམ་པ་བླ་ན་མེད་པའི་དགའ་བ་དང་རབ་ཏུ་དགའ་བ་བདེ་བ་དམ་པ ་དང་། ཡིད་འདི་ཐམས་ཅད་ཀྱི་དངོས་གྲུབ་དམ་པའི་ཆོག་རྒྱས་པ་རྗེས་སུ་སྒྲུབ་པ་ནི་འདི་ཡིན་ཏེ། རང་ལྔའི་རྣལ་འབྱོར་ཇི་བཞིན་དུ།། རྡོ་རྗེ་ཀུན་མཆོག་སུ་རྣམས་ཀྱིས།། ཀླུ་དང་རོལ་མོའི་ཆོ་ག། ་ནི།། རྡོ་རྗེ་ཉིད་ཀྱིས་རྗེས་ཆགས་འགྱུར།། རང་ལྷའི་སྦྱོར་བཇི་བཞིན་དུ།། དབྱངས་ཀྱི་རྩ་བ་རྣམས་སད་པས།། ཀླུ་དང་རོལ་མོའི་ཆོ་ག་ནི།། དྲིལ་བུ་ཉིད་ཀྱིས་རྗེས་སུ་བརྗོད།། རང་འི། ་སྦྱོར་བ་ཇི་བཞིན་དུ།། སྣ་ཚོགས་ཕྱག་རྒྱའི་བདག་པོ་མཆོག། གླུ་དང་རོལ་མོའི་ཆོ་ག་ནི།། དམ་ཚིག་གིས་ནི་རྗེས་བསྒྲུབ་བྱ།། དེ་ཡི་རྟོག་པ་ཐམས་ཅད་ལ།། རྡོ་རྗེ་འབེབས་པ་རབ་སད་ནས།། ་རང་གི་ལྷ་ཡི་དམ་ཚིག་ནི།། ཐམས་ཅད་གཞི་འགྱུར་འགྲུབ་པར་འགྱུར།། མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་གྱི་གླུ་ཆེན་པོ་དང་རོལ་མོའི་ཆོ་ག་མཆོག་ཏུ་གསང་བ་མཆོག་ཏུ་གྲུབ་པ ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ནས་དེ་རྗེས་གནས་ཇི་བཞིན།། ཅི་རྙེད་པ་ནི་ཅི་བདེ་བས།། མེ་ཏོག་སྤོས་ཀྱིས་མཆོད་ནས་ནི།། ཁང་པའམ་སྐྱེད་མོས་ཚལ་སོགས་སུ།། ་བདག་ཉིད་ཅི་འདོད་རབ་བསྒྲུབས་ནས།། ཅི་རྙེད་རྒྱན་དང་གོས་དང་ལྡན།། སྣ་ཚོགས་གོས་ཀྱིས་ཡང་དག་ཀླུབས།། མེ་ཏོག་འཕྲེང་བཅས་ཁ་དྲི་ཞིམ།། ལུགས་མ་འམ་ནི་བརྡུངས་པའམ།། ་འདུས་པ་འམ་ནི་རི་མོར་བྲི།། དང་པོའི་འཁོར་ལོ་དེ་མདུན་དུ།། ཆོ་ག་བཞིན་དུ་བཞུགས་གསོལ་ནས།། རང་ལྷའི་རྣལ་འབྱོར་ཇི་བཞིན་དུ།། རྡོ་རྗེ་དྲིལ་བུ་རབ་སད་པས།། ཐམས་ཅད ་དགུག་དང་མཆོད་པ་ཆེ།། བདག་བྱིན་རླབ་སོགས་བསྒྲུབ་པར་བྱ།། སྔོན་དུ་ལན་ཅིག་བསྒྲུབས་བྱས་ན།། དེ་ནས་དེ་རྗེས་ཅི་འདོད་པ།། ཅི་འདོད་ཅི་སྤྱོད་ཅི་སྨྲས་པ།། ཐམས་ཅད་བཟའ་ཞིང ་ཐམས་ཅད་བྱེད།། ལངས་པ་འམ་ནི་འདུག་པའམ།། རབ་ཏུ་དགོད་དམ་སྨྲ་བ་འམ།། ཇི་བཞིན་དེ་བཞིན་དེ་དང་དེར།། ཅི་འདོད་པར་ནི་ཇི་བཞིན་བཞག། གསང་བ་མཆོག་གི་འཁོར་ལོ་ནི།། མེ ་ཏོག་སོགས་ཀྱིས་མཆོད་ནས་ནི།། ཇི་བཞིན་དུ་ནི་རྗེས་བསྒྲུབ་བྱ།། འདིས་ནི་འདོད་པ་ཀུན་དབང་ཕྱུག། འགྲོ་དང་འོང་དང་འདོད་ན་འཕུར།། དངོས་གྲུབ་ཀུན་གྱི་དབང་ཕྱུག ་གྲུབ།། རྒ་ཤི་མེད་པའི་གཙོ་བོར་འགྱུར།། རྡོ་རྗེ་སེམས་དཔའ་གྲུབ་ཆེན་པོ།། ཕྱག་རྒྱ་ཀུན་གྱིས་དབང་ཕྱུག་བདག། རྡོ་རྗེ་ཀུན་འཛིན་རྒྱལ་པོ་ནི།། རྡོ་རྗེ་མཚོན་ཆ་ཐམས་ཅད་འཛིན།། མི་ཐུབ་པ། ་དང་མི་སོད་ཅིང་།། ཐམས་ཅད་བྱེད་ཅིང་ཀུན་གྱི་རྟེན།། སེམས་ཅན་ཀུན་གྱི་རྒྱལ་པོ་ཆེ།། ཚར་གཅོད་རྗེས་སུ་བཟུང་བར་ནུས།། ཀུན་མཆོག་རྗེས་སུ་ཆགས་པ་ཆེ།། འདོད་པ་གྲུབ་པ་བདེ་བ་མཆོག། ་ཀུན་ལས་རྣམ་རྒྱལ་གྲུབ་འགྱུར་ཏེ།། ཀུན་མཆོག་དབང་ཕྱུག་དམ་པ་ཡིན།། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། དབང་ཕྱུག་ཆེན་པོའི་གོ་འཕང་ནས།། རྒྱལ་པོ་རྡོ་རྗེ་ཀུན་འཛིན་པ།། སངས་རྒྱས ་ཐམས་ཅད་རབ་འགྲུབ་འགྱུར།། དེ་ལྟར་མཆོག་ཏུ་རྫས་ཆགས་དགའ་བ་པདྨའི་ར་བ་ཆེ།། མཆོག་ཏུ་གསང་བ་གྲུབ་པའི་བླ་ན་མེད་པའི་དངོས་གྲུབ་སྩོལ།། མཆོག་གི་རྒྱལ་མཚན་བསྒྲེང་བས་གང ་ཞིག་རྗེས་སུ་བསྟན་པ་སྟེ།། མཆོག་གི་དངོས་གྲུབ་དབང་ཕྱུག་ཆེན་པོ་ཉིད་དེས་ཉམས་མྱོང་བ།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དཔལ་མཆོག་དང་པོ་ལས།། ་གསང་བ་ཆེན་པོ་དམ་པའི་དཔལ་དམ་ཚིག་གསུམ་དང་། དངོས་གྲུབ་ཐམས་ཅད་དགུག་པ་དང་། མཆོད་པ་ཆེན་པོ་དང་། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པའི་སྒྲུབ་པའི་ཆོ་ག་རྒྱས ་པའོ།། ། གསང་བ་མཆོག་གི་དགྱེས་པ་དང་།། སངས་རྒྱས་ཀུན་གྱིས་རྗེས་བརྟེན་པ།། རྡོ་རྗེ་སེམས་དཔའ་རང་གི་གནས།། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས།། ཐོག་མཐའ། ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག། འདི་ནི་རང་བྱུང་བཅོམ་ལྡན་འདས།། ལྷག་པའི ་ལྷ་ནི་གཅིག་པུ་ཉིད།། ཅེས་བྱ་བ་གྲུབ་པར་འགྱུར་རོ།། དེ་ལྟར་མཆོག་ཏུ་རྗེས་ཆགས་དགའ་བ་པདྨར་ཆེ།། མཆོག་ཏུ་བསྔགས་པ་བླ་ན་མེད་པའི་དངོས་གྲུབ་སྩོལ།། མཆོག་གི་རྒྱལ་མཚན་བསྒྲེང་བ ་གང་ཞིག་རྗེས་སུ་བསྟན་པ་སྟེ།། མཆོག་གི་དངོས་གྲུབ་བདེ་བ་ཆེན་པོ་ཉིད་དེས་ཉམས་མྱོང་བ།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དཔལ་མཆོག་དང་པོ་ལས། དགའ་བ་ཆེན ་པོའི་དཔལ་རྡོ་རྗེ་དོན་ཡོད་པའི་དགའ་བའི་དམ་ཚིག་རྣལ་འབྱོར་ཐམས་ཅད་ཀྱི་དབང་ཕྱུག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་རང་གི་དམ་ཚིག་གི་དཀྱིལ་འཁོར་མཆོག་ཏུ་གསང་བའི་ཡོངས་སུ ་རྫོགས་སོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་སློབ་མའི་ཆོ་ག་རྒྱས་པ་རྗེས་སུ་བཟུང་བ་བཤད་པར་བྱའོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ ་སེམས་དཔས་གསུངས་སོ།། དེ་ལ་དང་པོར་ཁོ་ནར་རེ་ཞིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་དམ་པའི་སྔགས་འདི་ལན་ཅིག་བརྗོད་པས་སེམས་བསྐྱེད་དུ་བཅུག་སྟེ། ཨོཾ་སརྦ་ཡོ ་ག་ཙིཏྟ་ཨུད་པཱ་དཱ་ཡཱ་མི།། འདི་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་དང་མི་འབྲལ་ཞིང་ལྡོག་པ་དང་། བདུད་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱག ་རྒྱ་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཉིད་དུའང་རྟོགས་པར་བྱའོ་ཞེས་བྱ་བའང་གསུངས་སོ།། བྱང་ཆུབ་སེམས་ནི་བླ་མེད་པ།། མཆོག་ཏུ་བསྐྱེད་པར་བྱས་ནས་ནི།། བྱང་ཆུབ་སེམས་ནི་བཞག ་ནས་ནི།། སུ་ར་ཏ་ས་མ་ཡ་སྟྭཾ་ཧོ། འདི་ཡིས་རྡོ་རྗེ་བསྐུལ་བ་ན།། འདོད་པ་ཀུན་ལས་འགྲུབ་པར་འགྱུར།། དེ་ཉིད་བསྐུལ་བའི་མྱུར་དུ་ནི།། བྱང་ཆུབ་སེམས་ནི་བླ་མེད་པ།། ཀུན་མཆོག་དངོས་གྲུབ་ཆེན་པོའི། ་ཕྱིར།། རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར།། ཞེས་བྱ་བའི་མཆོག་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། གར་བྱས་སྤྱི་བོར་ཐལ་མོ་སྦྱར།། གོས་ཀྱིས་གདོང་ནི་གཡོགས་པ་རྣམས།། ་ཅི་འདོད་དངོས་གྲུབ་འདོད་པ་ཡིས།། སློབ་མ་ཐམས་ཅད་གཞུག་པར་བྱ།། ཅི་འདོད་དངོས་གྲུབ་སེམས་པ་ཡིས།། སློབ་མོ་མེ་ཏོག་དོར་དུ་གཞུག། ཕྱག་རྒྱ་གང་ལ་དེ་བཅས་པའོ།། དེ་དེའི ་ལྷ་མོ་བསྒྲུབ་པར་བྱ།། དེ་ནས་གདོང་གཡོགས་བཀྲོལ་བྱས་ལ།། རྣམ་པ་ཀུན་གྱི་ཡོན་བླངས་ནས།། སངས་རྒྱས་རིན་ཆེན་དབང་བསྐུར་གྱིས།། དམ་ཚིག་གསུམ་ནི་གསལ་བར་སྦྱིན།། དེ་ལ ་རྡོ་རྗེ་ཆེན་པོ་མནའི་ཆུས་དབང་བསྐུར་ཏེ་འདི་ལྟར་བརྗོད་པར་བྱའོ།། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུས།། དམ་ཚིག་འདས་ན་སྲེག་པར་བྱེད།། དམ་ཚིག་བསྲུངས་ན་དངོས་གྲུབ་ནི།། རྡོ་རྗེ་བདུད་རྩིའི་ཆུ ་འདིས་འགྲུབ།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི།། གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས།། སྐྱེ་བོ་འདུས་པའི་ནང་ན་གནས།། དད་པ་མེད་པས་བཞད་གད་མོད།། ཅེས་བྱ་བས་མནའ་བསྒག་གོ། དེ་ལ་སངས ་རྒྱས་ཀྱི་རིན་པོ་ཆེའི་དབང་བསྐུར་བའི་མཆོག་ནི་འདི་ཡིན་ཏེ། རྡོ་རྗེ་ཆུ་ཡིས་དབང་བསྐུར་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་དབང་བསྐུར་བའི་གནས་སུ་བཞག་སྟེ། ཨོཾ་སརྦ་ཏ་ཐཱ་གད ་མཧཱ་ས་མ་ཡ་ཨ་དྷི་པ་ཏི་སྠ་ཨ་བྷི་ཥིཉྩཱ་མི་མ་ཧཱ་བཛྲ་དྷ་ར་ཞེས་བྱ་བའི་སྔགས་འདིས་རྡོ་རྗེ་ལག་ཏུ་སྦྱིན་པར་བྱའོ།། འདི་ནི་སངས་རྒྱས་ཐམས་ཅད་ཉིད།། རྡོ་རྗེ་འཆང་གི་རྡོ་རྗེ་སྟེ།། རྡོ་རྗེ་འཆང་གི་བརྟུལ ་ཞུགས་ཆེ།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་མཆོག་གི་སེམས་ཆེན་པོ་ཡོངས་སུ་མི་སྤང་བར་རྟག་ཏུ་སྒྲུབ་པ་ཤིན་ཏུ་གསང་བ་དེ་འདི་ཡིན་ཏེ། ཨོཾ ་བཛྲ་ཀརྨ་པཱ་དྷི་དྷི་ཤྲཱི་བཛྲཱ་ནཱ་མ་སིད་དྷི་ས་མ་ཡ་སྟྭཾ་བྷུར་བྷུ་བཿསྭཱཿགང་ལ་རྡོ་རྗེའི་མིང་བཏགས་པ་དེ་ལ་ཀྵེའི་སྒྲ་དང་པོར་སྦྱར་བར་བྱའོ།། དེའི་མིང་དེའང་ཇི་སྲིད་བྱང་ཆུབ་སྙིང་པོ་མཐར་ཐུག་པའི་བར་གྱི ་དེ་བཞིན་གཤེགས་པའི་ཡང་མིང་དུ་འགྱུར་རོ།། དེ་ལ་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་སྦྱིན་པ་ནི་འདི་ཡིན་ཏེ། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག། ཅེས་བྱ་བ་བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུ་མཆོག་གི་དེ་ཁོ་ན་ཉིད་ཀྱི་གསང་བ་ལྔའི་དེ་ཁོ ་ན་ཉིད་བཤད་པར་བྱས་ནས་རྡོ་རྗེ་སྦྱིན་པར་བྱའོ།། འདི་བཅོམ་ལྡན་འདས་སྲིད་པའི་བདག་པོ་དམ་པ་ཀུན་གྱི་མཆོག། དབང་ཕྱུག་གི་དམ་པ་དེ་བཞིན་གཤེགས་པ་དེ་ཉིད་ཆོས ་ཀྱི་མཆོག་གི་བཀའ་ཡང་དག་པར་མཛད་པ་ནི། སྲིད་པའི་རང་བཞིན་གྱི་ནི་དག། རང་བཞིན་གྱིས་ནི་སྲིད་བྲལ་བྱས།། རང་བཞིན་དག་པའི་སེམས་དཔའ་མཆོག། སྲིད་པའི་མཆོག་ནི་མཛད་པ་ཡིན།། ་མཆོག་ཏུ་གསང་བའི་ཆོས་ཉིད་འབེབས་པ་ནི་དྲིལ་བུའོ།། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱ་བ་འམ་ལྷ་སྒྲུབ་པ་དགྲོལ་བར་བྱའོ།། དེ་ནས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་སད་པའི།། ་ཕབ་པ་རྣམས་ཀྱིས་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་བྱེད་པ་ཡིན་ནོ།། རྡོ་རྗེ་ཐམས་ཅད་འབེབས་པར་བྱེད་པ་དང་། རབ་ཏུ་སྒྲུབ་པར་བྱེད་པ་དང་། དབང་དུ་བྱེད་པ་དང་། རབ་ཏུ་དང་བར་བྱེད།། ་པ་ཞེས་བྱ་བ་སྒྲུབ་པར་འགྱུར་རོ།། དེ་ནས་སྲིད་པ་དག་པའི་ཐབས་ཀྱི་མཆོག་རྟོག་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་དམ་ཚིག་ལ་རྟག་ཏུ་བརྟེན་པར་བྱའོ་ཞེས་བྱ་བའོ།། དེ་ལ་འདི་ནི་དང་ཁྱོད་ཀྱི།། ་སྲིད་བདེ་ཤིན་ཏུ་གྱུར་པ་ནི།། སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར།། ཤིན་ཏུ་བདེ་བ་དམ་པའི་ཐབས།། དམ་ཚིག་འདི་ནི་རྟག་ཏུ་བསྐྱེད།། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ།། ཅི་འདོད། ་པར་ནི་རྟེན་བཞིན་དུ།། རང་གི་ལྷ་ཡི་སྦྱོར་བ་ཡིས།། བདག་དང་གཞན་ལ་མཆོད་པར་བྱ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་མཆོག་ཏུ་གསང་བའི་ཐེག་པ་ཆེན་པོའི་ཡང ་ཆེན་པོ་དམ་ཚིག་གི་སྦྱོར་བ་ནི་བཅོམ་ལྡན་འདས་དམ་ཚིག་གོ།། འདི་ལྟར། དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་།། འདུལ་བ་རུ་ནི་མི་མཛད་པས།། ཕྱག་རྒྱའི་དམ་ཚིག་ཅེས་ནི་བསྒྲགས།། ཡིད། ་ཀྱི་སྐུ་ནི་བརྟན་ཕྱིར་རོ།། ཞེས་བྱ་བ་མཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལ་འདི་བརྗོད་པར་བྱ་སྟེ།། ཇི་སྲིད་འཁོར་བའི་གནས་སུ་ནི།། མཁས་མཆོག་འདུག ་པར་གྱུར་པའི་ཚེ།། ཇི་སྲིད་མཚུངས་མེད་སེམས་ཅན་དོན།། མྱ་ངན་མི་འདའ་བྱེད་པར་ནུས།། གསང་བ་དམ་པ་དམ་ཚིག་ཐབས།། བསོད་ནམས་བྱིན་གྱིས་བརླབས་བསྒྲུབས་པ།། རྟག་ཏུ། ་དངོས་གྲུབ་ཀུན་དབང་ཕྱུག། སེམས་ཅན་དོན་ནི་བྱེད་པ་ཡིན།། དམ་ཚིག་འདིས་ནི་བདག་སྒྲུབ་ཅིང་།། ཅི་བདེ་བར་ནི་སྒྲུབ་བྱེད་པ།། ཉེས་པ་སྤྱད་ཀྱང་སྡིག་ཀུན་གྱིས།། རྣམ་པ་ཀུན་དུ་གནོད་མི ་འགྱུར།། འདོད་པ་ཆེན་པོ་སྒྲུབ་པར་འགྱུར།། ཀུན་བདག་དམ་ཚིག་དབང་ཕྱུག་དང་།། ཐམས་ཅད་རྡོ་རྗེ་འཛིན་རྒྱལ་པོ།། ཀུན་མཆོག་དབང་ཕྱུག་དམ་པའོ།། ལས་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱིས། ་མ་ལུས་བསྒྲུབས་པས་འགྲུབ་པར་འགྱུར།། བདག་གཞན་ཐམས་ཅད་རྒྱས་བཏབ་པས།། ཡང་ན་བསྒྲུབ་བྱ་ཀུན་ལ་ཡང་།། དོན་ཡོད་མཆོག་ཏུ་གྲུབ་པར་འགྱུར།། རྣལ་འབྱོར་ཐམས་ཅད་རྗེས་སྒྲུབ ་བྱེད།། དཔལ་ལྡན་སྡུག་བསྔལ་ཀུན་འཕྲོག་བྱེད།། དམ་ཚིག་འདི་ནི་འདའ་བར་དཀའ་བའོ།། ཞེས་བྱ་བ་མཆོག་ཏུ་གསང་བ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ།། རྡོ་རྗེ་ལ ་སོགས་ཐོབ་འཛིན་པས།། དངོས་པོ་ཀུན་གྱི་བདེ་བ་ཀུན།། ཕབ་པས་རྡོ་རྗེ་སློབ་མ་ཡིས།། དཀྱིལ་འཁོར་དུ་ནི་ཉམས་སུ་མྱོང་།། དེ་ནས་ཐམས་ཅད་གཟེངས་བསྐྱོད ་པས།། སངས་རྒྱས་ཀུན་གྱིས་བདག་ཉིད་དངོས།། རྡོ་རྗེ་མིང་གིས་དབང་བསྐུར་བས།། དེ་བཞིན་གཤེགས་ནི་ལུང་བསྟན་བྱ།། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་པའི་རྡོ་རྗེ། ་སེམས་དཔའི་ཆོ་ག་འདི་ཡིན་ཏེ། སངས་རྒྱས་ཀུན་གྱིས་བསྟན་པ་ཆེ།། གཟེངས་བསྟོད་པ་ཡིས་གང་ལུང་བསྟན།། དེ་ནི་སངས་རྒྱས་ཐམས་ཅད་ཉིད།། རྡོ་རྗེ་མིང་གིས་དབང་བསྐུར་བའོ།། ཨོཾ། འདི། ་ནི་ངས་ཁྱོད་ལུང་བསྟན་ཏེ།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར།། སྲིད་པའི་ངན་འགྲོ་ལས་ཁྱོད་བཏོན།། ཧེ་བཛྲ་ནཱ་མཿ། ཧ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་བཿ། ་སྭཿགང་ལ་གཟེངས་བསྟོད་པ་འདི་དང་།། ཕྱག་རྒྱ་ཆེན་པོས་ལུང་བསྟན་མཆོག་ཏུ་གསང་བའི་ཚོགས་བྱས་པ་དེ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང ་འཆང་དང་བཅས་པའི་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དང་བཅས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རང་གི་དམ་ཚིག་གི་སློབ་དཔོན་རྣམས་དང་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར། ་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་མཛད་དོ།། འདི་ལྷ་སྟེ། གཟེངས་བསྟོད་པ་འདི་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་དང་། མཆོག་ཏུ་གསང་བ་དམ་པའི་དངོས་གྲུབ་ཀྱི་བྱིན་གྱིས་བརླབས་པ་འདི་དང་། ་སྔགས་ཀྱི་སྟོབས་ལས་དད་པར་བྱའོ།། དེ་ནས་ཇི་ལྟ་བ་བཞིན་དུ་ཞུགས་པ་རྣམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ་ལ་སོགས་པའི་དབུགས་དབྱུང་བ་སྦྱིན་པར་བྱའོ།། དེ་བཞིན ་གཤེགས་པ་ཐམས་ཅད་རྡོ་རྗེ་འཆང་དང་བཅས་པ་ཇི་སྙེད་པ་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དང་བཅས་པ་གང་ཡིན་པ་དེ་དག་ཐམས་ཅད་རང་གི་དམ་ཚིག་ལ་རྗེས་སུ་ཆགས་པ་འདིར་དགུག་པ་དང་། ་རབ་ཏུ་ཞུགས་པ་དང་། དབང་དུ་བྱ་བ་དང་། སྒྲུབ་པ་དང་། རྗེས་སུ་སྒྲུབ་པ་རྣམས་ཀྱིས་རྡོ་རྗེའི་དབྱིབས་ཐམས་ཅད་བསྟན་པར་འགྱུར་བ་ཉིད་ཀྱིས་འདི་བརྟན་པར་འགྱུར་བ། ཆོས་ཀྱི་དབྱིངས་ཐམས ་ཅད་ཀུན་ཏུ་ཁྱབ་པ་ཉིད་ཀྱིས་ཀུན་ཏུ་ཞུགས་པ། ནམ་མཁའི་ཁམས་ཐམས་ཅད་ཀྱིས་རྒྱ་ཆེ་བ་ཉིད་ཀྱིས་འདིར་རབ་ཏུ་བཞུགས་ཤིང་། ལེགས་པར་རབ་ཏུ་བཞུགས་པ་གང་ཡིན་པ་དེ་དང་དེ་དག་དེ་བཞིན་གཤེགས་པ། ་ཐམས་ཅད་ཀྱི་རང་གི་དམ་ཚིག་ལ་རག་ལས་པའི་དེ་བཞིན་གཤེགས་པ་ཉིད་ལ་ལྷག་པར་དམིགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་གི་སློབ་དཔོན་དེ་བཞིན་གཤེགས་པ་ཐམས་ཅད ་འདི་ཡིན་ནོ་ཞེས་བྱ་བ་བྱིན་གྱིས་བརླབས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རང་གི་དམ་ཚིག་གི་སློབ་དཔོན་གྱིས། དམ་ཚིག་གིས་མགྲིན་གཅིག་ཏུ་ཁྱེད་རྣམས་ལས་དབུགས་དབྱུང་བ་མཛད་པ་ཡིན་ཏེ་དད ་པར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དབུགས་དབྱུང་འདི་ཡིན་ཏེ། གསང་བའི་དཀྱིལ་འཁོར་དམ་པ་ནི།། མཐོང་བ་དང་ནི་ཞུགས་པས་ཀྱང་།། སྡིག་པ་ཀུན་ལས་ངེས་གྲོལ་ཞིང་།། ་ཁྱེད་རྣམས་འདིར་ནི་ལེགས་པར་གནས།། བདེ་ཆེན་ཐེག་པ་འདི་ལ་ནི།། སླར་འཆི་བ་ནི་ཡོད་མིན་ཏེ།། མི་ཚུགས་པ་དང་མི་སོད་པས།། ཅིས་ཀྱང་མི་འཇིགས་རོལ་བར་གྱིས།། ་སྲིད་པའི་སྡུག་བསྔལ་ལྡོག་པ་ནི།། སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར།། སྟོན་པ་མཆོག་ཏུ་གྱུར་པ་ཁྱོད།། སྲིད་པ་ཤིན་ཏུ་གྲུབ་པ་ཡིན།། དམ་ཚིག་སྡོམ་པ་གྲུབ་པ་འདི།། ཁྱོད་ཀྱིས་རྟག་ཏུ་བསྲུང་བར ་བྱ།། སངས་རྒྱས་ཀུན་གྱིས་འཐུན་པར་གསུངས།། དམ་པ་བརྟག་པའི་བཀའ་ཡིན་ནོ།། གང་ཞིག་བསྐྱེད་པ་ཙམ་གྱིས་ནི།། སངས་རྒྱས་ཉིད་དུ་དོགས་མེད་པའི།། བྱང་ཆུབ་སེམས་ནི་གཏང་མི་བྱ།། ཕྱག། ་རྒྱ་རྡོ་རྗེ་གང་ཡིན་པའོ།། དམ་པའི་ཆོས་ནི་མི་སྨད་ཅིང་།། ནམ་ཡང་གཏང་བར་མི་བྱའོ།། མི་ཤེས་པ་དང་རྨོངས་པ་ཡིས།། དེས་ནི་སྨད་པར་མི་བྱའོ།། རང་གི་བདག་ཉིད་ཡོངས་སྤངས་ནས།། དཀའ ་ཐུང་རྣམས་ཀྱིས་གདུང་མི་བྱ།། ཅི་བདེ་བར་ནི་བདེ་བར་གཟུང་།། འདི་ནི་མ་བྱོན་རྫོགས་སངས་རྒྱས།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས།། ནམ་ཡང་ཡོངས་སུ་སྤང་མི་བྱ།། སློབ་དཔོན་སྨད་པར་མི་བྱ། ་སྟེ།། འདི་ནི་སངས་རྒྱས་ཀུན་དང་འདྲ།། སངས་རྒྱས་ཀུན་མཚུངས་བླ་མ་ཡི།། སློབ་དཔོན་ལ་ནི་གང་སྨོད་པ།། དེས་ནི་སངས་རྒྱས་ཀུན་སྨད་པས།། རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་ཏེ།། རིམས ་དང་དུག་དང་སྦྱར་དུག་དང་།། མཁའ་འགྲོ་རྣམས་ཀྱིས་གཙེས་པ་དང་།། གདོན་དང་ལོག་འདྲེན་གཏུམ་པོ་ཡིས།། བསད་ནས་སེམས་ཅན་དམྱལ་བར་ལྷུང་།། དེ་བས་འབད་པ་ཐམས་ཅད་ཀྱིས།། རྡོ་རྗེ ་སློབ་དཔོན་བློ་གྲོས་ཆེ།། དགེ་བ་རབ་ཏུ་མི་སྤྱོམས་པ།། ནམ་ཡང་སྨད་པར་མི་བྱའོ།། བླ་མ་ལ་ནི་གུས་བཅས་ཡོན།། རྗེས་འཐུན་ཁྱོད་ཀྱིས་སྦྱིན་པར་བྱ།། དེས་ནི་རིམས་སོགས་གནོད་པ་རྣམས། ་ཕྱིར་ཞིང་འབྱུང་བར་མི་འགྱུར་རོ།། རང་གི་དམ་ཚིག་སློབ་དཔོན་ནི།། སྦྱིན་མིན་བུ་དང་ཆུང་མ་དང་།། རང་སྲོག་གིས་རྟག་བརྟེན་བྱ་ན།། ལོངས་སྤྱོད་གཡོ་བ་མོས་ཅི་དགོས།། གང་གིས་བསྐལ་པ་བྱ་བ་ནི། ་གྲངས་མེད་པར་ཡང་རྙེད་དཀའ་བའི།། སངས་རྒྱས་ཉིད་ཀྱང་རྩོད་ལྡན་ལ།། ཚེ་འདི་ཉིད་ལ་སྟེར་བར་བྱེད།། རྟག་ཏུ་རང་གི་དམ་ཚིག་སྲུང་།། རྟག་ཏུ་དེ་བཞིན་གཤེགས་པ་མཆོད།། རྟག་ཏུ་བླ་མ་ལ་ཡང ་མཆོད།། འདི་ནི་སངས་རྒྱས་ཀུན་དང་འདྲ།། དེ་བྱིན་སངས་རྒྱས་ཐམས་ཅད་ལ།། རྟག་ཏུ་བྱིན་པ་ཉིད་དུ་འགྱུར།། དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ།། ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར།། ་དེ་ཕྱིར་འདི་ནི་ལེགས་གནས་པས།། དེང་ཁྱོད་སྐྱེ་བ་འབྲས་བུར་བཅས།། རང་བྱུང་དམ་ཚིག་ལྷ་དང་མཉམ།། དེང་ཁྱོད་གྱུར་པ་ཐེ་ཚོམ་མེད།། སངས་རྒྱས་རྡོ་རྗེ་འཛིན་བཅས་པ།། ཀུན་གྱིས་དང ་ཁྱོད་དབང་བསྐུར་བས།། ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ།། རྒྱལ་པོ་བདག་པོར་བསྟན་པ་ཡིན།། དེ་ནི་བདུད་ལས་རྣམ་རྒྱལ་ཏེ།། གྲོང་ཁྱེརབ་མཆོག་ཏུ་རབ་ཏུ་ཞུགས།། ཁྱེད་རྣམས་ཀྱིས་ནི ་སངས་རྒྱས་ཉིད།། དེང་འདིར་ཐོབ་པ་ཐེ་ཚོམ་མེད།། ཅེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཆང་དང་། བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་ཏུ་བདེན་པས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་དེ་བཞིན་གཤེགས་པ་ཐམས་ཅད ་ཀྱིས་དཔལ་རང་གི་དམ་ཚིག་གི་སློབ་དཔོན་དང་། སློབ་མའི་ཚོགས་རྣམས་ཀྱིས་དབུགས་དབྱུང་བ་ནི་འདི་ཡིན་ཏེ། ཕྱིར་མི་ལྡོག་པའི་ཕྱག་རྒྱ་ཡིས།། བྱང་ཆུབ་སེམས་དཔའ་ལྷན་ཅིག་བསྐྱེད། ་སངས་རྒྱས་ཉིད་ནི་རྟོགས་བྱ་སྟེ།། ཞེས་བྱ་བའོ།། དེའི་རྒྱུ་གང་ཡིན་ཞེ་ན། གང་གི་ཕྱིར་ཁྱེད་རྣམས་ཀྱིས་བདག་ཉིད་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་པ་ཙམ་གྱི་མཐུ་ཉིད་ཀྱིས་ཕྱིར་མི ་ལྡོག་པར་འགྱུར་བ་ཡིན་ནོ།། ཕྱིར་མི་ལྡོག་པ་ཉིད་ཀྱི་ཕྱིར་ངེས་པའི་ཕུང་པོ་ལ་རྣམ་པར་གནས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་རྗེས་སུ་རྟོགས་པར་བྱའོ་ཞེས་བྱའོ།། དེ་ནས་ཐམས་ཅད་ཀྱི་དཔལ་དམ་ཚིག་གི་སློབ་དཔོན་གྱི་མཆོག་ཏུ་གསང་བའི་དབུགས་དབྱུང་བ་ཡིན ་ཏེ་རྡོ་རྗེ་སེམས་དཔའི་བདག་སྦྱོར་བ། རྣལ་འབྱོར་ཀུན་དང་རྗེས་སྦྱོར་ལྡན།། སངས་རྒྱས་ཉིད་དུ་རྟོགས་བྱ་སྟེ།། མཁས་པ་མཆོག་ཏུ་རྟག་པའོ།། ཞེས་བྱའོ།། དེའི་རྒྱུ་གང་ཡིན་ཞེས ་ན་གང་གི་ཕྱིར་ཁྱེད་རྣམས་ཀྱིས་བདག་ཉིད་ཐམས་ཅད་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་རླིག་ཡོངས་སུ་གཟུང་བ་གདོན་མི་ཟ་བ་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པ་བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པ་ཉིད་དུ་རྟོགས་པར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་རང་གི་དམ་ཚིག་རྗེས་སུ་སྒྲུབ་པ་མཆོག་གི་དངོས་གྲུབ ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉིད་དུ་དེ་དག་རྟོགས་པར་བྱའོ།། དེའི་ཕྱིར་གནས་སྐབས་ཐམས་ཅད་དུའང་ཅི་ནུས་པས་སྡུག་བསྔལ་དང་ཡིད་བདེ་བ་ཐམས་ཅད་ཀྱི་སྐབས་མི་འབྱེད་པ ་ཁྱེད་རྣམས་ཀྱིས་རང་གི་བདག་ཉིད་ཐམས་ཅད་ཁོ་ན་རྗེས་སུ་སྲུང་ཞིང་གསད་པར་མི་བྱའོ།། ཅི་རྙེད་པའི་ལོངས་སྤྱོད་དང་ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ ་གསང་བ་བླ་ན་མེད་པའི་ཐེག་པ་ཆེན་པོའི་དམ་ཚིག་གི་སྦྱོར་བ་ཡང་དག་པར་མཆོད་ལ་བདེ་བར་གཟུང་བ་དང་ཡང་དག་པར་འཕེལ་བར་བྱའོ།། བདག་ཉིད་ལ་ཇི་ལྟ་བ་བཞིན་དུ་མངོན་པར་བརྩོན ་པ་དེ་བཞིན་དུ་གཞན་རྣམས་ལ་ན་ཚོད་བསྐྱེད་པ་ཡིན་ནོ།། ལྟ་བ་ལོག་པ་དང་། ཕྱིར་རོལ་དུ་མུ་སྟེགས་པ་དང་ཉན་ཐོས་ཐམས་ཅད་དང་རང་སངས་རྒྱས་ཀྱི་སར་ལྷུང་བས ་འདི་ཤིན་ཏུ་གསང་བ་ཡིན་ནོ།། ངག་ནི་ཤིན་ཏུ་མི་སྨྲ་བས་སོ།། སེམས་ནི་ཤིན་ཏུ་འགག་པས་སོ།། གང་གིས་ཀྱང་ཁྱོད་ཀྱིས་ལུས་ངག་ཡིད་གསུམ་གྱི་རྡོ་རྗེ་རྣམས་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དཔལ་རང་གི་དམ་ཚིག་བླ་ན་མེད་པའི་དངོས་གྲུབ་མཆོག་ཏུ་རྟོགས་པར་འགྱུར་ཞེས་བྱ་བ་ཡང་གསུངས་སོ།། འདོད་པའི་ལོངས་སྤྱོད་ཐམས་ཅད་ཀྱིས། ་ཅིས་ཀྱང་མི་འཇིགས་རོལ་པར་གྱིས།། དམ་ཚིག་འདི་ནི་འདའ་དཀའ་སྟེ།། སྡིག་པ་མེད་ཀྱིས་མ་འཇིགས་ཤིག། ཅེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ ་མཆོག་ཏུ་བདེན་པས་གསུངས་སོ།། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཐུགས་ལ་དགོངས་པ་ཡིན་ནོ།། དེ་ལྟར ་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་བྱིས།། རང་གི་དམ་ཚིག་མི་བཟད་བདེ་སྟེར་བ་སྦྱིན་པར་གྱིས།། དེང་ནི་འགྲོ་ལ་མྱུར་བདེ་རྡོ་རྗེ་སེམས་དཔའ་དང་།། རབ་ཏུ་མཉམ་ཞིང་རྟག་པ་ཉིད་དུ་རྟོགས་པར། ་གྱིས།། དེ་ནས་རོ་དང་བཟའ་བ་སྤྱོད་པ་གླུ།། རོལ་མོའི་མཆོད་སོགས་ཀྱིས་ནི་མགོན་མཆོད་ལ།། རྡོ་རྗེ་བླ་མ་ཆེན་པོ་བདེ་ཕུལ་ནས།། རང་དང་གཞན་དག་ཅི་འདོད་མཆོད་པར་གྱིས།། ་མྱོས་བྱེད་མྱོས་བྲལ་བཏུང་བ་ནི།། ཅི་འདོད་པས་ནི་བསྟེན་པ་ཡིས།། གླུ་དང་རོལ་མོའི་ཆོ་ག་སོགས།། ཇི་བཞིན་རྗེས་འགྲོའི་བཟླས་པ་བྱ།། རང་གསང་ཚོགས་བླངས་པ་ཡི།། གླུ་དང་རོལ་མོ་བཱར ་རྣམས་ཀྱིས།། སྣ་ཚོགས་ཕྱག་རྒྱའི་མཆོད་པ་དང་།། རྡོ་རྗེ་སེམས་དཔའི་རོལ་མོ་སོགས།། བུད་མེད་སོགས་དང་ལྡན་པ་འམ།། རང་གི་སློབ་མ་དང་བཅས་པ།། ཅི་འདོད་པ་མི་ལོངས་སྤྱོན་ཀྱིས། ་མཆོད་པ་བྱས་པས་མྱུར་དུ་འགྲུབ།། ཅེས་བྱ་བ་མཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལ་གསང་བའི་ཚེ་གའི་ཁྱད་པར་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་མཆོག ་དང་པོའི་རྡོ་རྗེ་སེམས་དཔའི་འོ།། ཨ་དེ་བཞིན་གཤེགས་པ་རྣམས་ཀྱིའོ།། གི་དཔལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའོ།། ཨོཾ་པདྨའི་སྙིང་པོའི་འོ།། ཧནམ་མཁའི་སྙིང་པོ་སྡེ་བྱང་ཆུབ་སེམས། ་དཔའ་ཆེན་པོའི་རྒྱལ་པོ་ནམ་མཁའི་སྙིང་པོ་ཡིན་ནོ་ཞེས་བྱ་བ་གསུངས་སོ།། རང་གསང་སྙིང་པོས་གླུ་དག་ནི།། ཡི་གེ་ལྔ་པོའི་བྱ་བ་སྟེ།། རང་གསང་ཚོགས་བླངས་པ་འདི།། མཆོག་ཏུ་གཤེགས་པ ་ཀུན་གྱི་ཡིན།། དེ་ནས་མཆོག་ཏུ་གསང་བ་རྡོ་རྗེ་གླུ་ཡི་མཆོད་པ་ནི།། རྡོ་རྗེ་དྲིལ་བུ་མཉམ་སོགས་བཅས།། རྣམ་པར་དབེན་པར་རོལ་མོ་དཀྲོལ།། རང་གསང་ཚོ་གས་གླུ་བླངས་པ།། གསང་བའི་རོལ་མོ ་རབ་ཏུ་སྒྲུབ།། དེ་ནས་མཆོག་ཏུ་ཤིན་ཏུ་གསང་བའི་རྡོ་རྗེ་གར་གྱི་མཆོད་པ་ནི། འཛིན་པ་དང་བཅས་བཟུང་བ་ཆེའི།། བགྱི་བ་རབ་ཏུ་བྱས་ནས་ཀྱང་།། དཀྱིལ་འཁོར་འདྲ་བའི་གར་བྱས་ནས།། ཡོངས ་སུ་བསྐོར་བས་རབ་མཆོད་བྱ།། དེ་ནས་མཆོག་ཏུ་གསང་བའི་ཕྱག་རྒྱ་སྣ་ཚོགས་པའི་མཆོད་པ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་ལྷའི།། རྟོག་པ་ཐམས་ཅད་རྣམ་འཕྲུལ་བ།། གཏམ་རྒྱུ་དེ་ཕྱག་མཚན ་ཕྱག་རྒྱ་ཡིས།། གང་ཞིག་གབ་དེ་རོལ་མོ་ཡིན།། གསར་རམ་ཡང་ན་དངུལ་དང་ནི།། དེ་བཞིན་ཤིང་ལས་བྱས་པ་ཡི།། རང་གི་ལྷ་ཡི་གདོང་རྣམས་ཀྱིས།། གྲུབ་པའི་ཕྱག་རྒྱས་གར་རྣམས་བྱ།། དཀྱིལ ་འཁོར་གང་དང་གང་བརྗེན་པ།། ཕྱག་རྒྱ་སྣ་ཚོགས་མཆོད་པ་ཡིས།། སློབ་མའི་ཚོགས་ནི་དེ་དང་དེ།། བཟླ་ཞིང་ཐམས་ཅད་མཆོག་ཏུ་གཞུག། སྣ་ཚོགས་ཆོ་ག་འདི་ཡིས་ནི།། སྡིག་པ་ཀུན་ལས་རྣམ ་འགྲོལ་འགྱུར།། བསོད་ནམས་ཀུན་ཀྱང་འཕེལ་འགྱུར་ཏེ།། རྟག་ཏུ་སྲུང་བར་འགྱུར་བ་ཡིན།། རིམས་དང་གདོན་དང་དུག་དང་ནད།། སྦྱར་དུག་མཁའ་འགྲོའི་འཚེ་བ་དང་།། བདུད། ་དང་གསོད་པར་བྱེད་པ་རྣམས།། འདི་ནི་རབ་ཏུ་ཞི་བར་འགྱུར།། དངོས་གྲུབ་དག་ནི་ཕུན་སུམ་ཚོགས།། དགའ་བ་དེ་བཞིན་བདག་པོ་རྣམས།། སངས་རྒྱས་ཀུན་གྱི་བདག་ཉིད་ཀྱིས།། རྣལ་འབྱོར་དམ་པ་ཐོབ་པར། ་འགྱུར།། ཞེས་བྱ་བ་ཤིན་དུ་གསང་བའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ནས་ཕྱག་རྒྱ་སྣ་ཚོགས་པའི་མཆོད་པའི་ཆོ་ག་རྒྱས་པ། ལྷག་པའི་ལྔ་ཐམས་ཅད་རེ་རེའི་མཆོག་གསང་བ་འཇུག ་པའི་རྡོ་རྗེ་ཀླུའི་མཆོད་པའི་ཆོ་ག་རྒྱས་པ་མངོན་པར་བརྗོད་ནས་རྡོ་རྗེ་སློབ་དཔོན་གྱིས་བྱས་འམ། དེ་ལས་གཞན་ཅི་འདོད་པའི་གླུ་རོལ་མོ་རྣམས་ཀྱིས་རྟོག་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་དམ་ཚིག་ཆེན་པོའི་མཆོག ་ཏུ་གྲུབ་པ་ཞེས་བྱ་བ་སྟེ། དེ་རེ་ཞིག་ཐོག་མ་ཁོ་ནར་བཅོམ་ལྡན་འདས་དཔལ་མཆོག་དང་པོའི་རྡོ་རྗེ་སེམས་དཔའ་མཆོག་ཅུ་གསང་བའི་དམ་ཚིག་གི་འཇུག་པའི་གླུའི་མཆོད་པ་ནི། ཐམས་ཅད་རྗེས་སུ་ཆགས ་པ་བདེ་བ་དམ་པའི་ཐུགས།། རྡོ་རྗེ་སེམས་དཔའ་ཁྱོད་ནི་རབ་དགའ་དམ་ཚིག་སྟེ།། བདེ་བ་ཆེན་པོ་བརྟན་ཞིང་མཐོ་བ་གསལ་གྱུར་ཅིག། སོ་སོར་རྟོགས་ནས་མངོན་དུ་ཕྱོགས་ཤིང་མྱུར་དུ་བདག་སྒྲུབས་ཤིག ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་མཆོག་ཏུ་གསང་བའི་དམ་ཚིག་གི་འཇུག་པའི་རྡོ་རྗེ་གླུའི་མཆོད་པ་ནི། རྡོ་རྗེ་སེམས་དཔའ་བསྡུས་པས་ན།། རྡོ་རྗེ་རིན་ཆེན་བླ་ནི་མེད།། རྡོ་རྗེ་ཆོས་ནི ་གླུར་བླངས་པས།། རྡོ་རྗེ་ལས་ནི་བྱེད་པར་འགྱུར།། དེ་ནས་རྡོ་རྗེ་རིགས་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དམ་ཚིག་གིས་འཇུག་པའི་རྡོ་རྗེ་གླུའི་མཆོད་པ་ནི། ཧཱུཾ། རྡོ་རྗེ་མདའ་གཞུ་དང་བཅས་ཁྱོད་ལ། ་འདུད།། རྡོ་རྗེ་ཆགས་པའི་དམ་ཚིག་དཔལ་ཁྱོད་འདུད།། ཁ་ཊྭཱཾ་འཇིགས་དུས་རྡོ་རྗེ་ཁྱོད་ལ་འདུད།། རྡོ་རྗེ་དྲིལ་བུ་སྤྱོད་པའི་དཔལ་ཁྱོད་འདུད།། དེ་ནས་པདྨའི་རིགས་ཐམས་ཅད་མཆོག་ཏུ་གསང་བའི ་དམ་ཚིག་གི་འཇུག་པའི་རྡོ་རྗེ་གླུའི་མཆོད་པ་ནི། ལ་ལར་སྐྱ་བོ་མི་རུངས་པ་ཡི་སྲོག་འཕྲོག་བྱེད་པ་ཤིན་ཏུ་དྲག་པོའི་སྐུ།། ལ་ལར་འགྲོ་བ་མཐའ་ཡས་འདུལ་ཕྱིར་ཤིན་ཏུ་རྣོ་བའི་འཁོར་ལོ་འཛིན་པའི་སྐུ། ་ལ་ལར་པདྨའི་གདན་གྱི་ཤིན་ཏུ་ཞི་བའི་སྐུ་སྟེ་འགྱུར་བ་མེད་པ་སྟེ།། ལ་ལར་ཤིན་ཏུ་འབར་བའི་འདོད་པའི་དམ་ཚིག་པདྨའི་རྒྱལ་ལོ་བདག་སྒྲུབས་ཤིག། དེ་ནས་ནོར་བུའི་རིགས་ཐམས་ཅད་ཀྱི་མཆོག་ཏུ ་གསང་བའི་དམ་ཚིག་གི་འཇུག་པ་རྡོ་རྗེ་གྲུའི་མཆོད་པ་ནི། དབང་བསྐུར་ཐམས་ཅད་དབང་ཕྱུག་དམ་པ་ལས།། ཡང་དག་བསྒྲུབས་ཤིང་མི་ཟད་གཏེར་གྱི་མཆོག། ཀུན་མཆོག་རྒྱལ་མཚན་རྣམ་རྒྱལ ་སྒྲེང་བ་ལས།། རྡོ་རྗེ་རིན་ཆེན་དཔལ་དག་ལེགས་མཆོད་འགྱུར།། དེ་ནས་རང་མིང་གསུམ་གྱི་ནི་བྷུར་བྷུ་བཿསྭཿདེ་ནས་སྲིང་མོ་བཞི་རྣམས་ཀྱིས་ཧཱུཾ་ཧཱུཾ་ཤྲཱི་བྷྱོ། དེ་ནས་གླུའི་རིགས་ཐམས་ཅད ་ཀྱི་དཀྱིལ་འཁོར་གྱི་ནི་ཕུ་ཕུ། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་བསྡིགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་རྡོ་རྗེ་གླུའི་མཆོད་པ་ནི། སརྦྦ་མཾ་ག་མཎྜལ་མི་དཾ་བཛྲ་དྷ་ར་ཀྲ་མ་བི་མཿ། ་བྷཱི་ཀི་ཛ་ཥྚི་ཀི་ར་བྷཱུཉྫ་ཨུད་སྱཱད་ཡ། ནཱ་ཤ་ཡ། ཧཱ་ན་དཧ། པ་ཙེ་བྷ་སྨིཾ་ཀུ་རུ་ཀྲོ་དྷཧཱུཾ་ཀ་ར་མནྟྲི་ཎ། དེ་ནས་ཐམས་ཅད་ཀྱི་མཆོག་དབང་ཕྱུག་དམ་པའི་དཀྱིལ་འཁོར་ཆེན ་པོའི་མཆོག་ཏུ་གསང་བའི་དམ་ཚིག་གི་རྡོ་རྗེ་གླུའི་མཆོད་པ་ནི། ལ་ལར་དྲི་མེད་ཟླ་བའི་དཀྱིལ་འཁོར་སྟོང་གི་འོད་ཀྱི་སྐུ་ནི་རྣམ་པར་མཛེས།། ལ་ལར་འཇིག་དུས་ཉི་མ་འཆར་ཀ་བྱེད་པའི་འོད་ཟེར ་ཚོགས་ནི་འཇིགས་ཆེན་འབར།། ལ་ལར་མདངས་དང་འོད་ཟེར་དང་ལྡན་བདེ་ཞིང་ཞི་བའི་རྒྱལ་པོའི་སྐུ་འཛིན་པ།། ལ་ལར་ཤིན་ཏུ་མཛེས་པའི་གཟུགས་འཆང་མཆོག་གི་མདའ་དང་བཅས་པའི་གཞུ ་འཛིན་པ།། ལ་ལར་གདུལ་བྱ་རྣམ་པར་སྦྱང་ཕྱིར་བརྩོན་པའི་རྡོ་རྗེ་སེམས་ཁྱོད་མཁའ་བཞིན་བཞུགས།། མ་ལུས་འདུལ་བ་མཁས་པའི་བདེ་བ་དམ་པ་ཉིད་ཕྱིར་བདག་ལ་འགྲུབ་གྱུར་ཅིག། དེ་ནས་མཆོག ་ཏུ་གསང་བའི་ཆོ་ག་དམ་པའི་གསང་བའི་མཆོག་དཔལ་དམ་ཚིག་གསུམ་གྱི་འཇུག་པའི་རྡོ་རྗེ་གླུའི་མཆོག་ཏུ་གྲུབ་པ་ནི་འདི་ཡིན་ཏེ། དངོས་གྲུབ་ཀུན་གྱི་བདེ་བ་ཉམས་དགའ་བའི།། ཐར་པའི་གྲོང་ཁྱེར་བཅོམ ་ལྡན་པདེ་ཆེན་འཇུག། མཆོག་ཏུ་བདེ་བ་དམ་པའི་དངོས་གྲུབ་ཀྱིས།། ཛཿཧཱུཾ་བཾ་ཧོཿརབ་ཏུ་གྲུབ་པར་མཛོད།། དེ་ནས་ཤིན་ཏུ་མཆོག་ཏུ་གསང་བའི་ཆོ་ག་མཆོག་ཏུ་གསང་བ་བླ་ན་མེད་པའི་དམ་པའི་དཔལ་དམཆིག ་བླ་ན་མེད་པའི་མཆོག་ཤིན་ཏུ་གསང་བའི་རྡོ་རྗེའི་གླུའི་མཆོད་པ་མཆོག་ཏུ་ཤིན་ཏུ་གྲུབ་པ་ཞེས་བྱ་བ་མངོན་པར་བརྗོད་ནས། ཤིན་ཏུ་མཆོག་གི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེའི་མཆོད་པའི་གླུ་དང་། གར་དང་། ཚོགས་ཇི་ལྟ་བ ་བཞིན་དུ་རྗེས་སུ་བསྒྲུབས་ནས་སོ་སོར་རྗེས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་ཤིན་ཏུ་གསང་བ་བླ་ན་མེད་པའི་རྟོག་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་དམ ་ཆེན་པོའི་མཆོད་པ་མཆོག་ཏུ་གྲུབ་པ་ཡིན་ནོ་ཞེས་བྱ་བའི་ཡང་གསུངས་སོ།། སྣ་ཚོགས་ཆོག་འདི་ཡིས་ནི།། རྡོ་རྗེ་སེམས་དཔའ་བསྡུས་པ་ཡིན།། ཀུན་མཆོག་སྣ་ཚོགས་ཆེན་པོ་ཡི།། རྣལ་འབྱོར་དབང ་ཕྱག་རབ་ཏུ་གྲུབ།། ཅེས་བྱ་བ་ཤིན་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལྟར་དཔལ་མཆོག་དང་པོའི་རྟོག་པའི་ཆོ་ག་རྒྱས་པ་གཏམ་རྒྱུད་སྣ་ཚོགས་ཅན། མཆོག་ཏུ་གསང ་བོའི་རོལ་མོ་བླ་ན་མེད་པའི་དངོས་གྲུབ་ཉམས་དང་ལྡན་པ་སྟེ། གང་གིས་སྣ་ཚོགས་པའི་རྒྱལ་མཚན་མཐོན་པོ་དང་ལྡན་པ་ཀུན་ཏུ་རྗེས་སུ་བསྟེན་པ་མཆོག་གི་དངོས་གྲུབ་བདེ་བ་ཆེན་པོ་ཉིད་ནི། དེ་ཡིས་ཡང་དག ་ཉམས་སུ་མྱོང་།། དོན་ཡོད་མཆོག་ཏུ་བསོད་ནམས་ལྡན།། ཆོ་ག་མཆོག་ཏུ་བརྟག་པ་སྟེ།། ཀུན་མཆོག་གསང་བ་ཆེན་པོ་ནི།། དངོས་གྲུབ་ཐམས་ཅད་མྱུར་སྒྲུབ་བྱེད།། གང་ཞིག་གྲོང་མཆོག་རབ་དགྱེད་པར།། ཞུགས་ཏེ ་སྒྲུབ་པར་བྱེད་པ་ནི།། ཤིན་ཏུ་མཆོག་གི་འདོད་པ་ཡི།། དངོས་གྲུབ་དབང་ཕྱུག་བདེ་དེས་ཐོབ།། གང་གིས་དངོས་གྲུབ་མ་ཐོབ་ན།། བསོད་ནམས་ཕུན་ཚོགས་བྱེད་པ་རྣམས།། དཀྱིལ་འཁོར་མཆོག་ཏུ་རབཞུགས་ན།། ་སྒྲིབ་མོ་འདིར་ནི་རབ་གྲུབ་འགྱུར།། གལ་ཏེ་རྡོ་རྗེ་སེམས་དཔའ་མཆོག།། ཉེ་བའི་སྙིང་པོ་བསྒྲུབས་བྱས་ཀྱང་།། མ་གྲུབ་འདིར་ཞུགས་གྲུབ་པར་འགྱུར།། དཔལ་མཆོག་དང་པོའི་རྩ་རྒྱུད་དུ།། དེ་བཞིན་སྦྱར་དུ། ་གྲུབ་པ་མིན།། ཇི་ལྟར་དང་པོའི་ཁྱིམ་ཞུགས་ནས།། རྡོ་རྗེའི་དཀྱིལ་འཁོར་གྲུབ་པ་ལྟར།། དཀྱིལ་འཁོར་ཐམས་ཅད་སྒྲུབ་པ་ཡིས།། དེ་ལྟར་ཐམས་ཅད་གྲུབ་པ་མིན།། ཇི་ལྟར ་མཆོག་ཏུ་གསང་བ་ཡི།། ཁང་བཟངས་དམ་པ་མཐོང་བ་ཡིས།། དམ་ཚིག་རྣམས་ལས་ཉམས་པ་དང་།། སྒྲིབ་པ་ཀུན་གྱིས་བསྒྲིབས་པ་དང་།། བདུད་སོགས་གདོན་གྱིས་རེག་པ་ཡང་།། རྟག་པའི་ཐར་པ་ཐོབ་པར ་འབྱུར།། དཀྱིལ་འཁོར་དུ་ནིར་ཞུགས་པ་འམ།། ཡང་ན་དཀྱིལ་འཁོར་མ་གྲུབ་པ།། སླར་ཡང་མཆོག་ཏུ་རབ་ཞུགས་ན།། དེ་དག་མྱུར་དུ་འགྲུབ་པར་འགྱུར།། སྒྲུབ་མིན་འདི་ནི་ཅུང་ཟད་མེད།། དངོས་གྲུབ་ལས ་དང་བདེ་དེ་བཞིན།། དངོས་གྲུབ་ཐམས་ཅད་བཞིན་འགྱུར་དུ།། རྟོག་པ་ཀུན་ལས་བསྒྲུབ་པར་བྱ།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དཔལ་མཆོག་དང་པོ་ལས་དེ་བཞིན་གཤེག ་པ་ཐམས་ཅད་ཀྱི་དཔལ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་ཤིན་ཏུ་གསང་བ་རྫོགས་སོ།། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཇིག་རྟེན་གསུམ་གྱི་དམ་ཚིག་མཆོག་གི ་གསང་བའི་ཆོ་ག་ནི་འདི་ཡིན་ཏེ། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། དམ་ཚིག་ཆེན་པོ་གསུམ་འདི་ཡིན།། བྱང་ཆུབ་སེམས་དཔའ་མཆོག་འཛིན་པའི།། རས་ལ་དཀོན་མཆོག་གསུམ་བྲི་བྱ།། གོ་ཆ་དང ་བཅས་རྡོ་རྗེ་མཆོག། གོ་ཆ་སོགས་ཀྱིས་ལེགས་པར་བརྒྱན།། རྡོ་རྗེ་མཚོན་ཆ་བརྗོད་པ་དང་།། པདྨའི་རིན་ཆེན་འཆང་བའོ།། འཁོར་ལོ་དེ་ནི་བཏགས་ནས་སུ།། གསང་བའི་དཀྱིལ་འཁོར་དམ་པའོ།། ཅི ་རིགས་པར་ནི་བསྒྲུབས་བྱས་ནས།། སུམ་འགྱུར་དུ་ནི་འགྲུབ་པར་འགྱུར།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོ་ཞེས་བྱ་བའི་སྙིང་པོ་མཆོག་གི་དངོས་གྲུབ་མ་ལུས་པ་སྟེར་བ་འདི་ཡིན་ཏེ། ་ཨོཾ་བྷཱུ་ཁཾ། ཁྱིམ་མམ་ཡང་ན་ནགས་ཚལ་ལམ།། སྔ་མ་བཞིན་དུ་བརྒྱན་ནས་ནི།། མཚོན་ཆ་མཆོག་གི་ཆོ་ག་ཡིས།། ཐམས་ཅད་བྱས་ལ་འདི་བརྗོད་བྱ།། དེ་ཉིད་ཀྱིས་ནི་བཅོམ་ལྡན་འདས།། བྱང་ཆུབ ་སེམས་དཔའ་དེ་བཞིན་གཤེགས།། ལྔ་ངན་རྣམས་ལ་ཕན་པའི་ཕྱིར།། འདི་དག་མྱ་ངན་འདས་པ་སྔོན།། མ་ལུས་འདུལ་བ་ལ་བརྩོན་པས།། བརྟན་ཞིང་ངེས་པའི་ཆོ་ག་དགོས།། ཤིན་ཏུ་སྲིད་པ་ལ། ་གནས་མཆོག། ཆོ་ག་ལ་སོགས་དགོས་པ་ཡིན།། སངས་རྒྱས་ཆོས་དང་དགེ་འདུན་ཞེས།། དཀོན་མཆོག་གསུམ་དུ་འགྱུར་བ་ཡིན།། སྲིད་པ་ཤིན་ཏུ་གྲུབ་པ་ཡིས།། རྣམ་པར་དག་པའི་དཔལ་མཛད་མཚོ། ་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་རྡོ་རྗེའོ།། དེ་ནས་མཆོག་ཏུ་གསང་བའི་ཆོས་ཉིད་ཀྱི་དྲིལ་བུ་ནི། ཐམས་ཅད་ནམ་མཁའི་མཚན་ཉིད་དེ།། ནམ་མཁའ་ལ་ཡང་མཚན་ཉིད ་མེད།། ནམ་མཁའ་དང་མཉམ་སྦྱོར་བ་ཡིས།། ཀུན་མཆོག་མཉམ་པ་ཉིད་དུ་གསལ།། ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ནས་དམ་ཚིག་ཆེན་པོ་གསུམ་གྱི་སྡོམ་པ་ཞེས་བྱ་བ་ནི། ཡོངས ་སྤྱོད་ཀུན་ལ་ལོངས་སྤྱོད་པ།། རང་ལྷ་བདག་ཉིད་ཀྱིས་བསྟེན་ན།། དཀོན་མཆོག་གསུམ་ལ་མཆོད་པའི་མཆོག། བདག་གིས་བྱ་ཞེས་བརྗོད་ཅིང་མཆོད།། ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་རྣལ ་འབྱོར་སྒྲུབ་པའོ།། ཐབས་ཀྱི་ཆོ་ག་འདི་ཡིས་ནི།། འདོད་པའི་ཡོན་ཏན་ལྔ་རྣམས་ཀྱང་།། བཟའ་མིན་པ་ཡང་བཟའ་བྱས་ན།། རྟག་པའི་དངོས་གྲུབ་ཐོབ་པར་འགྱུར།། ཞེས་བྱ་བ། ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དམ་ཚིག་ཆེན་པོ་གསུམ་མོ།། དེ་ལྟར་བརྗོད་ནས་སྙིང་པོ་བྱིན་ལ། ཕྱག་རྒྱ་བཅིང་བ་སློབ་ཏུ་བཅུག་ནས་ཇི་ལྟར་མངོན་པར་འདོད་པར་བསྒྲུབ་པར ་བྱའོ།། དེ་ནས། རྡོ་རྗེ་འཛིན་པ་སློབ་དཔོན་གྱིས།། རྡོ་རྗེ་མཆོད་པས་མཆོད་ནས་ནི།། ཅི་འདོད་པ་ཡི་མཆོད་པ་ཡིས།། སློབ་མ་ཐམས་ཅད་མཆོད་དུ་གཞུག། ལོངས་སྤྱོད་ཀུན་ལ་ལོངས་སྤྱོད་ཀྱང་།། དཀོན ་མཆོག་གསུམ་པོ་ལ་ཕུལ་བས།། འདོད་པས་བདག་ཀྱང་གཞན་རྣམས་ལ།། མཆོད་པ་ཉིད་དུ་འགྲུབ་པར་འགྱུར།། དཔལ་མཆོག་དང་པོ་ལས། མཆོག་ཏུ་གསང་བའི་ཆོ་གའོ།། །། དེ་ནས ་རྡོ་རྗེ་ཆེན་པོ་ཁྲོ་བོའི་རྒྱལ་པོའི་མཆོག་ཏུ་གསང་བའི་ཆོ་ག་ནི། རས་ལ་བཅོམ་ལྡན་བྲི་བྱ་སྟེ།། རྡོ་རྗེའི་རིགས་ཀུན་བདག་པོ་ནི།། རྡོ་རྗེ་ཉི་མ་མེ་ལྟར་འབར།། ཆོ་ག་ཇི་བཞིན་མཆོག་ཏུའོ།། དེ་ཡི་པད་འདབ ་གཅིག་བཞུགས་པ།། དེ་ཡི་འོད་ཀྱི་དཀྱིལ་འཁོར་རྟེན།། གསང་བའི་རྡོ་རྗེའི་རྣལ་འབྱོར་ཆེའི།། མཁའ་འགྲོ་མ་རྣམས་ལོགས་ལ་བྲི།། དང་པོར་དམར་དང་དཀར་བ་དང་།། གཞན་ནི་ཐལ་བ་ལྟར ་དཀར་བ།། གསུམ་པ་དཀར་དང་ལྟ་བ་དང་།། བཞི་ལ་གསེར་ལྷར་དྲི་མེད་པའོ།། རྡོ་རྗེ་གཏུམ་ལའི་དབང་ཕྱུག་གྲུབ།། རྡོ་རྗེ་ཁ་ཊྭཱཾ་བསྒྲེངས་དང་བཅས།། རྡོ་རྗེ་འདོད་པ་མེ་ལྡར་འབར།། དེ་ཡི་ལོགས་ལ། ་མཚན་མ་བཏོད།། རྡོ་རྗེ་ཁྱབ་འཇུག་མརྡོ་རྗེའི།། འཁོར་ལོ་བསྟོད་པ་དེ་བཞིན་གཞན།། རྡོ་རྗེ་དྲིལ་བུ་བ་དན་ནས།། དེ་མི་ལོགས་ན་གཡོན་བསྙེམས་མ།། ཅུང་ཟད་མཆེ་བ་གཙིགས་པ་ཡིས། ་ཁྲོ་དང་བཅས་པས་ཞལ་བཞད་པ།། རང་བདག་ལ་ནི་ཐུགས་གད་ཅིང་།། སྐུ་ནི་ཟུར་གྱི་ཕྱོགས་ལ་བཞུགས།། དེ་ནས་འདི་ཡི་སྙིང་པོ་ནི།། ཧཱུཾཿདེ་ནས་ཉེ་བའི་སྙིང་པོ་ནི།། རྡོ་རྗེ་དྲིལ་སོགས་ལྷན་ཅིག་ཏུ།། ནམ ་དབྱེན་རོལ་མོ་བརྡུངས་པ་ཡིས།། ཧི་ཡིས་གླུ་དང་རོལ་མོ་ནི།། བརྡུང་བཞིང་ཟུར་བཞི་རབ་ཏུ་སྒྲུབ།། ཅེས་བྱ་བ་ནི་འདིར་བཟླས་པའི་ཆོ་གའོ།། འཁོར་ལོ་དེ་ནི་བརྟག་བྱས་ནས།། གསང་བའི་དཀྱིལ་འཁོར ་དམ་པ་ནི།། མཚོན་ན་མཆོག་གི་ཆོ་ག་ཡིས།། ཆོ་ག་ཐམས་ཅད་རྒྱས་པའོ།། དེ་ནས་དེ་ཁོ་ན་ཉིད་དང་།། ཆོས་དང་དམ་ཚིག་ཆོ་ག་སྦྱིན་པ་ནི།། རྟག་ཏུ་ཆགས་པ་ལས་བྱུང་ཁྲོ།། རྡོ་རྗེ་མ་ཡི་ཕུང་པོའི ་སྐུ།། འབར་བའི་རྡོ་རྗེ་ཁྲོ་བོ་ཆེ།། རབ་འབར་བ་ཡི་ཚོགས་ཀྱི་སྐུ།། རྡོ་རྗེ་འབར་བའི་རྣལ་འབྱོར་ཆེ།། མཁའ་འགྲོ་མ་རྣམས་ཀུན་ཏུ་འབར།། ཞེས་བྱ་བ་ནི་རྡོ་རྗེའོ།། དེ་ནས་ཆོས་ནི། ཐམས་ཅད ་ནམ་མཁའི་མཚན་ཉིད་དེ།། ནམ་མཁའ་ལ་ཡང་མཚན་ཉིད་མེད།། ནམ་མཁའ་དང་མཉམ་རྣལ་འབྱོར་པས།། ཐམས་ཅད་མྱུར་བ་ཉིད་དུ་སྒྲུབ།། ནམ་མཁའ་ཀུན་མཆོག་སྦྱོར་བ་ཡིས།། ཐམས ་ཅད་ནམ་མཁའ་ཞེས་བརྗོད་ཅིང་།། རྡོ་རྗེ་ཕྱག་རྒྱས་རྒྱས་བཏབ་ལས།། འཇིག་རྟེན་གསུམ་ཡང་ཟ་བར་བྱེད།། ཅེས་བྱ་བ་ནི་རྡོ་རྗེ་རྣལ་འབྱོར་རྩོམ་པའ་འགྲོ་མའི་མཆོག་ཏུ་གསང་བའི་དམ་ཚིག་གོ།། ཆོ་ག ་འདི་ཡིས་ཐམས་ཅད་དུ།། མཉམ་པར་བཞག་པས་བསྒྲུབ་པར་བྱ།། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡིས།། ལས་ཀྱི་ཚོགས་རྣམས་མི་ཟད་པའོ།། ཞེས་བྱ་བའོ།། དེ་ནས་ཇི་ལྟ་བ་བཞིན། ་དུ་དེ་བཞིན་གཤེགས་པའི་ཆོ་གས་རང་གི་ཕྱག་རྒྱ་རྣམས་ཀྱིས་གར་གྱི་མཆོད་པ་བྱས་ནས་འགྲུབ་པར་འགྱུར་རོ།། དཔལ་མཆོག་དང་པོ་ལས་རྡོ་རྗེ་རྣལ་འབྱོར་གྱི་ཆོ་གའོ།། ། དེ་ནས་མཆོག་ཏུ ་ཕྲ་བ་དང་ཤིན་ཏུ་བཟང་བའི་རྡོ་རྗེའོ།། གྲུབ་མཆོག་གསང་བའི་རྣལ་འབྱོར་གྱིས།། མཁའ་འགྲོ་མ་ཡི་འཁོར་ལོར་བཤད།། གྲོང་ཁྱེར་སྐྱེད་མོས་ཚལ་སོགས་ནི།། ཇི་ལྟ་བ་བཞིན་རྒྱས་བྱས་ནས།། རྡོ་རྗེ་འཛིན ་ཀུན་སློབ་དཔོན་གྱིས།། ཇི་བཞིན་དུ་ནི་རབ་སྒྲུབ་པའི།། ཡིད་འོང་བཞི་དང་ལྷན་ཅིག་ཏུ།། རང་གིས་ཕྱག་རྒྱས་མེ་ཏོག་སྟོད།། ཇི་ལྟ་བ་བཞིན་གྲོང་ཁྱེར་འཇུག། གཡོན་པའི་ཁ་ནི་གྱེན་དུ་བསྟོད།། རྡོ་རྗེ་དྲག་པོ ་བཞད་ཆེན་པོ།། སྒྲ་སྒྲོག་མཆོག་གི་ཕྱག་རྒྱ་ཡིས།། འཇུག་སྟེ་མགོན་ལ་ཕྱག་འཚལ་བྱ།། དེ་ལ་ཕྱག་ནི་འདི་ཡིན་ཏེ།། ཨོཾ་ཞེས་བྱ་བ་བརྗོད་བྱས་ལ།། ཤིན་ཏུ་དགའ་བའི་དབུགས་རླུང་གིས།། རུ་ལུ་རུ་ལུལྤཾ ་དྲུག་ལྡན་པར་མའི་རུ་ལུ་རུ་ལུ་ལླི་སྟེ། འདི་ནི་རྡོ་རྗེ་དྲག་པོ་ཕྱག་འཚལ་བའི་སྒྲ་སྒྲོག་པའི་མཆོག་ཅེས་བྱ་བ་འདིར་རྡོ་རྗེ་ཕྱག་རྒྱ་ཕྱག་རྒྱ་སྟེ། ཕྱག་རྒྱ་ཐམས་ཅད་དང་། གཞན་རྨོངས་པ་དང་། གྲོགས་པ་མེད་པའི ་དངོས་གྲུབ་ཐམས་ཅད་དང་། ལས་ཐམས་ཅད་ལ་དགོངས་ཤིང་མཆོག་ཏུ་གྲུབ་པའོ།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་ཏུ་གསང་བས་འདི་གསུངས་སོ།། དེ་ནས་ཡིད་འོང་དམ་བཅས ་པས།། མེ་ཏོག་སིལ་མ་དོར་ནས་ནི།། རྡོ་རྗེ་པདྨའི་དབང་བསྐུར་གྱིས།། དམ་ཚིག་གསུམ་ནི་གསལ་བར་སྦྱིན།། དེ་ལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི་ཡིན་ཏེ། པདྨའི་ཐོད་པ་ལ་བྱ་སྟེག་དེའང་རྡོ་རྗེར་བྱིན་གྱིས ་བརླབས་པས་ན་རྡོ་རྗེ་པདྨ་ཞེས་བྱ་བའོ།། དེ་ནས་འདིར་ཕྱག་རྒྱབཅིང་བ་ནི། སོར་མོ་ཐམས་ཅད་ཕན་ཚུན་སྦྱར།། ཀུན་མཆོག་རྩེ་མོ་དང་བཅས་པ།། མཐེ་བོང་རྡོ་རྗེ་བཀབ་པ་ནི།། རྡོ་རྗེ་བཛྲ་ཞེས་གྲུབ་བོ།། ་རྡོ་རྗེ་པདྨའི་ཕྱག་རྒྱ་འདིས།། རྡོ་རྗེ་སེམས་དཔའ་དབང་བསྐུར་བའི་སྦྱོར་བ་དང་།། རྡོ་རྗེ་པདྨའི་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བར་བྱའོ།། འདིས་དབང་བསྐུར་བ་ཙམ་གྱིས་དེ་བཞིན་གཤེགས་པ་རྣམས ་ཀྱིས་ཤིན་ཏུ་གདུག་པ་དང་། དྲག་པ་དང་། རབ་ཏུ་གཏུམ་པ་དང་མ་རུངས་པའི་སེམས་ཅན་ཐལ་བར་བརླག་ནས། ཁམས་གསུམ་མ་ལུས་པའི་སྟོབས་ཆེན་པོ་དང་ལྡན་པའི་འཁོར་ལོས་སྒྱུར་བའི ་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བར་བྱིན་གྱིས་རློབ་པར་འགྱུར་བ་དང་། མཆོག་ཏུ་བརྟག་པའི་སྲུང་བར་ཡང་འགྱུར་རོ་ཞེས་མཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། ་དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་།། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱའོ།། དམ་ཚིག་གིས་ནི་ཕྱག་རྒྱ་ཆེ།། བྱིན་གྱིས་བརླབས་ནས་སྙིང་པོ་བཟླ།། རྡོ་རྗེ་ལ་སོགས་ཐོབ་པར་བཟུང་།། རྡོ་རྗེ་སེམས་དཔའ་གཉིས་པ ་འདྲ།། རྡོ་རྗེ་རྣལ་འབྱོར་དབང་ཕྱུག་གྲུབ།། རྡོ་རྗེ་ཅན་གྱིས་བྱིན་བརླབས་འགྱུར།། བུད་མེད་རྣམས་ཀྱང་འབེབས་གྱུར་ནས།། སྟོན་པའི་རྡོ་རྗེ་ཕབ་པ་ཡིས།། རྡོ་རྗེ་དང་བཅས་ཕྱག་མཚན་འཛིན།། རྣལ ་འབྱོར་མ་རྣམས་རབ་ཏུ་འགྱུར།། དེ་ལ་ཐོག་མར་རེ་ཞིག་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ཆེན་པོ་ཐལ་བར་རབ་ཏུ་རློག་པ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་ཁྲོ ་པོའི་རྒྱལ་པོའི་བདག་པོ་མཆོག་དང་པོ་ཡང་དག་པར་འབེབས་པར་བྱེད་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་ཐབས་ཀྱིས་འཁོན་དུ་འཛིན་པའི་ཁྲོ་བོའི་མེ་འབར་བའི་རྡོ་རྗེ་རྡོ་རྗེ་དང་བཅས ་པའི་ཁ་ཊྭཱཾ་གའི་རྒྱལ་མཚན་དང་ངེས་པར་སྦྱོར་བ། བ་དན་དང་བཅས་པའི་དྲིལ་བུ་འཆང་བ།། རྡོ་རྗེ་བསྙེམས་པའི་བདག་པོ་ཤིན་ཏུ་ཁྲོ་བ་འབེབས་པས་སྒེག་པ་དང་བཅས་པའི་སྨིན་མཚམས་ཀྱི་ཁྲོ་གཉེར་ཤིན་ཏུ། ་འཇིགས་པར་བྱེད་པའི་སྤྱན་སེར་པོ་དང་ལྡན་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེའི་འཇིགས་པ་ཆེན་པོས་འཇིགས་པར་བྱེད་པའི་སྤྱན་གྱིས་བལྟ་བའི་ཕྱག་རྒྱ་འདིས་སྟོང་ཕྲག་བརྒྱ་བཟླས་པས ་འགྲུབ་པར་མཛད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པ་དང་། དགུག་པ་དང་། གཞུག་པ་དང་། དབང་དུ་བྱ་བ་དང་། འབེབས་པར་ནུས་སོ།། ཐམས་ཅད་ནམ ་མཁའི་སྦྱོར་བའི་ཏིང་ངེ་འཛིན་དང་ལན་ཅིག་བརྗོད་པ་ཙམ་གྱིས་ཁམས་གསུམ་མ་ལུས་པའི་རྡོ་རྗེ་བདུད་རྩི་ལ་སོགས་པའི་བདུད་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་བདུད་པ་དང ་དྲག་པོར་རབ་ཏུ་གཏུམ་པ་དང་། མ་རུངས་པའི་སེམས་ཅན་རྣམས་དང་། མཁའ་འགྲོ་མ་དྲག་པོ་ཐམས་ཅད་དང་། གང་ཞིག་ཉན་ཐོས་དང་རང་སངས་རྒྱས་རྣམས་ཏེ། དེ་དག་ཀྱང་ཐལ་བར་རློག ་པར་འགྱུར་ན། དགྲ་བོ་ལ་སོགས་པ་གཞན་སྒྲ་སྨོས་ཀྱང་ཅི་དགོས་གནོན་ཡོན་ཅིང་ཐོགས་པ་མེད་པ་དང་། དངོས་གྲུབ་ཐམས་ཅད་དང་གལས་ཀྱི་ཚོགས་རྣམས་ལ་དགོངས་ཤིང་མཆོག་ཏུ་ཆུབ་པའོ།། ནས ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཐབས་ཤིན་ཏུ་དྲག་པོའི་མན་ངག་གི་བཟླས་པ་ནི། སྣའི་དབུགས་ཕྲ་བ་ཉིད་ཀྱིས་བདེན་པའི་རྡོ་རྗེ་ཚིག་གི་གྲུབ་པའི་ཡིད་ཀྱི་འདོད་པ་ལས་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཚོགས ་རྣམས་ལ་དམ་པ་མཆོག་ཏུ་གྲུབ་པའོ།། ཧཱུཾ་དེ་ནས་མཆོག་ཏུ་གསང་བའི་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་མའི་ལྷ་ཆེན་མོ་རྣམས་ཀྱིས་བཤད་པར་བྱ་སྟེ། དེ་ལ་ཐོག་མར་རེ་ཞིག་རྡོ་རྗེ་ཆེན་པོ་འདོད་པའི ་མེ་འབར་བ་ཞེས་བྱ་བའི་ལྷ་མོ་ཆེན་མོ་རྡོ་རྗེ་གཞུ་དང་། མདའ་བསྟོད་པའི་སྤྱན་གཡོན་པ་སྟེ། རྡོ་རྗེ་སྤྱན་གྱི་ལྟ་བའི་ཕྱག་རྒྱ་འདིས་ཐམས་ཅད་སྒྲུབ་པར་མཛད་པ་དང་། སྒེག་པ་དང་བཅས་ཤིང ་གཡོ་བའི་སྤྱན་གྱི་ཟུར་གྱིས་གཟིགས་པའི་ཕྱག་རྒྱས་བཏབ་པ་ཙམ་གྱིས་ཐམས་ཅད་ལ་རྒྱས་འདེབས་པར་མཛད་པ་དང་། དོན་ཡོད་ཅིང་ཐོགས་པ་མེད་པ་དངོས་པོ་ཐམས་ཅད་དང་ལས་ཀྱི་ཚོགས ་རྣམས་ལ་དགོངས་ཤིང་མཆོག་ཏུ་གྲུབ་པའོ།། དེ་བཅོམ་ལྡན་འདས་ཡུམ་འདིའི་རྡོ་རྗེ་ཕྲ་མོའི་གཡོན་པའི་ཁྲོ་བའི་བཟླས་པ་ནི་ཡིད་ཀྱི་འདོད་པས་དངོས་གྲུབ་ཐམས་ཅད་དང་ལས་ཀྱི་ཚོགས་རྣམས་ལས ་མཆོག་ཏུ་གྲུབ་པའོ།། ཧྲཱིཿགཉིས་པ་ནི་རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བའི་དམ་ཚིག་གི་ལན་ཞེས་བྱ་བའི་ལྷ་མོ་སྟེ། དབུས་སུ་རང་གི་ལྷག་པའི་ལྷ་བསྟོད་པའི་ཞལ་འཛུམ་པའི་སྤྱན་ཅུང་ཞིག ་འཛུམས་ཤིང་དགའ་བ་ཆེན་པོའི་རྡོ་རྗེའི་ལྟ་བའི་ཕྱག་རྒྱས་འདིས་ཐམས་ཅད་གྲུབ་པར་མཛད་པ་དང་། ཙུམ་པ་དང་། འཁྱུད་པ་ལ་སོགས་པའི་རེག་པའི་ཕྱག་རྒྱས་རྒྱས ་བཏབ་པ་ཙམ་གྱིས་ཐམས་ཅད་ལ་རྒྱས་འདེབས་པར་མཛད་པ་དང་། ཕྱག་རྒྱ་ཐམས་ཅད་འཇོམས་པར་མཛད་པ་དང་། ཐམས་ཅད་ཀྱིས་གསོད་པར་མཛད་པ་དང་། དོན་ཡོད་ཅིང་ཐོགས་པ་མེད་པའི་དངོས ་གྲུབ་ཐམས་ཅད་དང་། ལས་ཀྱི་ཚོགས་རྣམས་ལས་དགོངས་ཤིང་མཆོག་ཏུ་གྲུབ་པའོ།། དེ་ནས་བཅོམ་ལྡན་འདས་ཡུམ་འདིའི་བྱ་རོག་གི་མགྲིན་པའི་དབྱངས་ཀྱིས་རྡོ་རྗེ་དག་གི་ཁྲོ་བོའི་བཟླས་པ་ནི་ཡིད་ཀྱི ་འདོད་པས་དངོས་གྲུབ་ཐམས་ཅད་དང་ལས་ཀྱི་ཚོགས་རྣམས་ལ་མཆོག་ཏུ་གྲུབ་པའོ།། ཧཱུཾ་གསུམ་པ་ནི་རྡོ་རྗེ་ཆེན་པོའི་འདོད་པའི་མེ་འབར་བ་ཐལ་བར་རློག་པ་ཞེས་བྱ་བའི་ལྷ་མོ་ཆེན་མོ་སྟེ ་བཅོམ་ལྡན་འདས་ཀྱི་རྡོ་རྗེ་ཆེན་པོ་དང་ཁ་ཊྭཱཾ་གའི་རྒྱལ་མཚན་འཆང་བ་དང་སྒེག་པ་དང་བཅས་པའི་བཞད་པ་སྨིན་མཚམས་ཀྱི་ཁྲོ་གཉེར་གྱི་ཁྲོ་བོའི་སྤྱན་ཏེ། རྡོ་རྗེ་ཆེན་པོའི་ཁྲོ་བོའི ་ཀི་ལི་ཀི་ལ་ཁྲོ་བོའི་སྤྱན་གྱིས་ལྟ་བའི་ཕྱག་རྒྱ་འདིས་ཐམས་ཅད་སྒྲུབ་པར་མཛད་པའོ།། བཛྲ་ཞེས་བྱ་བ་དང་། རུ་ལུ་རུ་ལུ་རུ་ལུ་ཧཱི་ཞེས་བྱ་བ་ཙམ་གྱིས་བདུད་ཐམས་ཅད་འཇོམས་པ་དང་དོན་ཡོད ་ཅིང་ཐོགས་པ་མེད་པར་དངོས་གྲུབ་ཐམས་ཅད་དང་། ལས་ཀྱི་ཚོགས་རྣམས་ལ་དགོངས་ཤིང་མཆོག་ཏུ་གྲུབ་པའོ།། ཅིད་བཞི་པ་ནི་རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བ་ཐལ་བར་རློག་པ་འཆི་བ་སློང ་ཞེས་བྱ་བ་གཡོན་བསྙེམས་པ་གཡས་པས་རང་གི་སྤྱི་བོར་རྡོ་རྗེ་དྲིལ་བུ་སྐྱོད་པར་མཛད་པ། སྒེག་པ་དང་བཅས་པའི་སྤྱན་གྱི་ཤིན་ཏུ་གདངས་པ་སྟེ། རྡོ་རྗེ་རྒྱལ་པོ་ཛིན་གྱི་སྤྱན་གྱིས་ལྟ་བའི་ཕྱག་རྒྱས ་ཐམས་ཅད་སྒྲུབ་པར་ཛད་པ་ཐལ་ལྕག་ལ་སོགས་པ་དང་བཞད་གད་དང་། བརྡེག་པ་དང་། ཕྱག་རྒྱས་རྒྱས་བཏབ་པའི་འཆི་བ་ཐམས་ཅད་སློང་བར་མཛད་པ་དོན་ཡོ་ཅིང་ཐོགས་པ ་མེད་པ། དངོས་གྲུབ་ཐམས་ཅད་དང་ལས་ཀྱི་ཚོགས་ལ་དགོངས་ཤིང་མཆོག་ཏུ་གྲུབ་པའོ།། དེ་ནས་བཅོམ་ལྡན་འདས་ཡུམ་འདིའི་དྲིལ་བུའི་དབྱངས་ཀྱི་རྡོ་རྗེ་ཁྲོ་བོའི་བཟླས་པ་ནི་ཡིད་ཀྱིས་འདོད་པས ་དངོས་གྲུབ་ཐམས་ཅད་ཀྱི་ཚོགས་ཐམས་ཅད་མཆོག་ཏུ་གྲུབ་པའོ།། ཧཱ་དེ་ལ་སོགས་པ་མཐའ་ཡས་མཆོག། ཆོས་དབྱིངས་མཉམ་དང་མི་མཉམ་པས།། ནམ་མཁའི་ཁམས་ལྔར་གྲངས་མེད ་ཅིང་།། ནམ་མཁའ་ཀུན་གྱིས་གནས་སྐབས་ཀྱིས།། དཀྱིལ་འཁོར་འདི་ལ་རབ་ཞུགས་པ།། རྡོ་རྗེ་མཆོག་གི་རྣལ་འབྱོར་གྱི།། དབང་ཕྱུག་མ་ལུས་ཀུན་ནས་འབེབས།། དེ་ནས་རྡོ་རྗེ་རྣམ ་འབྱོར་པ་སྟོན་པ་དེས་རྣལ་འབྱོར་པ་རང་གི་ལོགས་དག་ཏུ་དགོད་པ་ཡིན་ཏེ། ཟླ་ཚེས་དཀྱིལ་འཁོར་རྣམ་པ་ཡི།། དཀྱིལ་འཁོར་དུ་ནི་དགོད་པར་བྱ།། བཀོད་ནས་ཐམས་ཅད་ཀུན་མཆོག་གི ་དངོས་གྲུབ་དམ་པ་བསྒྲུབ་པར་བྱ།། ཐམས་ཅད་དགུག་དང་མཆོད་པ་ཆེ།། བདག་བྱིན་རླབ་སོགས་སྒྲུབ་པ་ཡིས།། ཤིན་ཏུ་གསང་བའི་དཀྱིལ་འཁོར་དེ།། བརྟག་པ་དང་ནི་བསྒྲུབས་ནས ་ཀྱང་། རྡོ་རྗེ་འཛིན་ཀུན་སློབ་དཔོན་གྱིས།། རྡོ་རྗེ་སློབ་མ་རྣམས་གཞུག་བྱ།། དེ་ལ་རེ་ཞིག་ཐོག་མ་ཁོ་ནར་སློབ་དཔོན་གྱིས་བཅུག་སྟེ། ཚོགས་ཀྱི་དཀྱིལ་འཁོར་དུ་རས་ཚིག ་གསུམ་གྱིས་བྱིན་གྱིས་བརླབས་ཀྱིས། རྡོ་རྗེ་རྣལ་འབྱོར་མ་རྣམས་ལོགས་དག་ཏུ་བཞག་ནས། སྐྱེས་པ་རྣམས་ཀྱང་གཞུག་ཅིང་བྱང་ཆུབ་ཀྱི་སེམས་ཀྱིས་རྡོ་རྗེ་ཆེན་པོའི་ཁྲོ་བོའི་དམ་ཚིག་དང་སྡོམ་པ ་དག་ལེན་དུ་གཞུག་པར་བྱའོ།། ཁྱེའུ་དང་བུ་མོ་རྣམས་རབ་ཏུ་གཞག་ལ་ཚོགས་དང་བཅས་པའི་རང་ཉིད་ཀྱིས་ཞུགས་ཏེ་བསྲུང་བ་དང་ག་བསྐྱབ་པ་དང་། སྦ་བ་ཐམས་ཅད་བྱའོ།། དེ་ནས་འདིར་སློབ་མ་གཞུག ་པའི་ཆོ་ག་རྒྱས་པ་ནི་བྱང་ཆུབ་སེམས་ནི་བླ་མེད་པ།། མཆོག་ཏུ་བསྐྱེད་པར་བྱས་ནས་ནི།། གར་བྱས་སྤྱི་བོར་ཐལ་སྨྲར་མཆོད།། སློབ་མ་ཐམས་ཅད་གཞུག་པར་བྱ།། ཅི་འདོད་པ་ཡི་དངོས་གྲུབ ་བསྐྱེད།། སློབ་མ་མེ་ཏོག་དོར་དུ་གཞུག། རྣལ་འབྱོར་མ་ནི་གང་ལ་བབས།། དེ་དང་དེ་ཡི་ལྷ་མོ་འགྲུབ།། དེ་ནས་གདོད་གཡོགས་བཀྲོལ་ནས་ནི།། རྣམ་པ་ཀུན་ཏུ་ཡོན་བླངས་ནས།། རྡོ་རྗེ་པདྨའི་དབང་བསྐུར ་གྱིས།། དམ་ཚིག་གསུམ་ནི་གསལ་བར་སྦྱིན།། འདིར་མནའ་བསྒག་པ་དང་དབང་བསྐུར་བ་ནི་དེ་ཉིད་དོ།། དེ་ལ་འདིར་དམ་ཚིག་གསུམ་སྦྱིན་པ་ནི་འདི་ཡིན་ཏེ། མི་བྱེད་པ་དང་སོ་སོར་རྟོགས།། གདུག་པ་ཐམས ་ཅད་གནོན་པ་དང་།། སངས་རྒྱས་ཀུན་དངོས་རྡོ་རྗེ་སྟེ།། བྱང་ཆུབ་སེམས་ནི་ཆེ་ཞིང་བསྟན།། མཚོན་ཆ་དེ་ནི་རྒྱལ་ཀུན་གྱིས།། ཀུན་ཏུ་བཟང་པོའི་ལག་ཏུ་སྦྱིན།། བསྟན་པ་ཐམས་ཅད་གྲུབ་པའི་ཕྱིར།། ་དེ་ཕྱིར་ཕྱག་ན་རྡོ་རྗེ་ཡིན།། དེ་ནས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་མཆོག་ཏུ་གསང་བ་ནི། རྟག་ཏུ་ཆགས་པ་ལས་བྱུང་ཁྲོ།། རྡོ་རྗེ་སེམས་དཔའ་གདུལ་བྱའི་ཕྱིར།། རྡོ་རྗེ་ཉི་མ་མེད་ལྟར་འབར།། མཆོག་ཏུ ་འཇིགས་པར་བྱེད་པ་ཡིན།། དེ་ནས་མཆོག་ཏུ་གསང་བའི་རྡོ་རྗེ་རྣལ་འབྱོར་གྱི་མཁའ་འགྲོ་མ་རྣམས་ཀྱི་གསང་བ་ནི། རྡོ་རྗེ་ཉི་མ་འཆར་ལས་བྱུང་།། དེ་བཞིན་གཤེགས་པའི་གྲིབ་མ་འདི།། སྤྲུལ་ཏེ་མ ་ལུས་བདུད་ལ་སོགས།། གདུག་པའི་ཁྲག་ནི་གསོལ་བར་སྦྱོར།། ཅེས་བྱ་བ་ནི་གསང་བ་མཆོག་གི་དེ་ཁོ་ན་ཉིད་དོ།། དེ་ནས་འདིར་མཆོག་ཏུ་གསང་བའི་ཆོས་ཉིད་འབེབས་པའི་དྲིལ་བུ་ནི་ཤིན་ཏུ ་གཅིག་ཅིང་དྲུག་པ་དང་།། བདག་པོ་རོགས་པོ་བུ་རྣམས་དང་།། ཤིན་ཏུ་གཉིད་ནི་ལོག་པ་དག། རྡོ་རྗེ་མཆོག་ནི་འཛིན་པས་གསུངས།། ཞེས་བྱ་བ་ནི་བཅོམ་འདས་ཀྱིས་གསུངས་སོ།། མཆོག་ཏུ ་གསང་བའི་ཆོས་ཉིད་འབེབས་པའི་རྡོ་རྗེ་ཁ་ཊྭཱཾ་ག་པ་དན་གྱི་ཟིལ་བུ་ཐམས་ཅད་འབེབས་པ་དང་། རབ་ཏུ་སྒྲུབ་པར་བྱེད་པ་དང་། ཐམས་ཅད་ལྟུང་བར་བྱེད་པ་དང་གི་སློང་བར་བྱེད་པའོ།། དེ་ནས་རྣལ་འབྱོར། ་མཆོག་གི་དམ་ཚིག་ནི། ཁྲག་ཆེན་ག་པུར་དང་བཅས་པ།། ཙན་དན་དམར་དང་སྦྱར་བ་ནི།། ཚོགས་ཀྱི་ནང་ནས་རབ་ཞུགས་ནས།། རྡོ་རྗེ་དང་བཅས་རྡོ་རྗེ་འཛིན།། ཀསྲིན་ལག་མཐེ་བོའི་རྩེ་མོ་ཡིས།། ནམ ་མཁའ་ཐམས་ཅད་སྦྱོར་མཆོག་ལྡན།། ཟླ་བའི་བཏུང་བ་བཞིན་མྱངས་ན།། རྟག་པའི་དངོས་གྲུབ་ཐོབ་པར་འགྱུར།། འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། ཅི་འདོད་པ་ནི་བསྟེན་བཞིན་དུ།། ནམ་མཁའ ་ཀུན་མཆོག་སྦྱོར་བ་ཡིས།། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར།། ནམ་མཁའ་ཀུན་མཆོག་སྦྱོར་བ་ཡིས།། ནམ་མཁའ་ཐམས་ཅད་ཅེས་བརྗོད་ཅིང་།། རྡོ་རྗེ་ཕྱག་རྒྱས་བཏབ ་པ་ཡིས།། འཇིག་རྟེན་གསུམ་ཡང་བཟའ་བར་བྱ།། དངོས་གྲུབ་ལས་དང་དེ་བཞིན་བདེ།། འདི་ལ་ཅུང་ཟར་མི་སྒྲུབ་མེད།། ལས་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱིས།། དོན་སྒྲུབ་མ་ལུས་སྒྲུབ་པར་འགྱུར།། ་དོན་ཡོད་མཆོག་ཏུ་གྲུབ་པ་དང་།། གདུག་པ་ཐམས་ཅད་གནོན་པར་བྱེད།། སྡུག་བསྔལ་ཀུན་འགྲོ་དཔལ་དང་ལྡན།། རྣལ་འབྱོར་འདི་ནི་ལས་ཀུན་བྱེད།། ཅེས་བྱ་བ་མཆོག་ཏུ་གསང་བའི་བཅོམ་ལྡན ་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ནས་རོ་དང་བཟའ་བ་སྤྱོད་པ་གླུ།། རོལ་མོའི་མཆོད་པ་སོགས་ཀྱིས་མགོན་ལ་སྤྱོད།། ཕུལ་བ་དེ་ཡི་རྡོ་རྗེ་བླ་མ་ཆེ།། བདག་དང་གཞན་རྣམས་མཆོད་པར་བྱ། ་མྱོས་བྱེད་མྱོས་བྱེད་བཏུང་བ་ནི།། ཅི་འདོད་པར་ནི་བསྟེན་པ་ཡིས།། རྡོ་རྗེ་ཉི་མ་མེ་འབར་སོགས།། ཇི་བཞིན་རྗེས་འགྲོའི་བཟླས་པ་བཟླ།། རང་གསང་ཚོགས་བླངས་པ་ཡི།། གླུ་དང་རོལ་མོ་གར་རྣམས་དང་། ་སྣ་ཚོགས་ཕྱག་རྒྱའི་མཆོད་པ་དང་།། ཁམས་གསུམ་རྣམ་རྒྱལ་ལ་སོགས་པ།། བུད་མེད་ཚོགས་དང་བཅས་པ་ཡིས།། མཆོད་པ་རྒྱ་ཆེན་ཐམས་དང་།། ཅི་འདོད་པ་ཡི་ལོངས་སྤྱོད་ཀྱིས། མཆོད ་པ་བྱས་ནས་རབ་ཏུ་སྒྲུབ།། ཅེས་བྱ་བ་མཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ་ལ་སོགས་པའི་དབུགས་དབྱུང ་བསྦྱིན་པར་བྱ་སྟེ། འགྲོ་བ་ཀུན་གྱི་ཁམས་རྣམས་ཀྱི།། ཕྲ་རབ་རྡུལ་དང་མཉམ་པ་ཉིད།། རྟོག་པའི་རྒྱལ་པོ་གྲུབ་པ་སྟེ།། སངས་རྒྱས་ལ་སོགས་མཆོག་གྲུབ་པའོ།། གང་ཞིག་བློ་ནི་དཔག་མེད་པའི ་ཁྱད་པར་དུ་ནི་དམིགས་མི་འགྱུར།། དེ་བཞིན་གཤེགས་པས་བདེན་པ་ནི།། དམ་པ་ཐམས་ཅད་བསྡུས་པའོ།། ཟད་པ་ཐམས་ཅད་ཟད་འགྱུར་དང་།། འཕེལ་བ་ཐམས་ཅད་འཕེལ་བར་འགྱུར། ་གང་ཞིག་མཐོང་བས་མི་སྣང་འགྱུར།། གང་ནས་ཀྱང་ནི་འཇིགས་མི་བྱེད།། དྲག་པོ་དབང་པོ་ཉེ་དབང་ཟླ།། གཉི་མ་མཁའ་འགྲོ་ཚོགས་དཀྱིལ་འཁོར།། ཁྲོས་ནས་ཡི་གེ་ཧཱུཾ་ཙམ་གྱིས།། མ་ལུས་པ་ནི་ཐལ ་བར་བྱེ།། རྣལ་འབྱོར་མཁའ་འགྲོ་མའི་དཀྱིལ་འཁོར།། མཆོག་ཏུ་ཞུགས་ནས་མཐོང་ནས་ནི།། སྡིག་པ་ཀུན་ལས་རྣམ་གྲོལ་ཏེ།། ཁྱོད་རྣམས་དང་ནི་རབ་ཏུ་གནས།། སླར་ཁྱོད་འཆི་བ་ཡོད་མིན ་ཏེ་ཁྱད་པར་དུ་ནི་ངན་འགྲོ་མེད།། གཞན་གྱིས་མི་ཐུབ་མི་སོད་ཅིང་། ཅིས་ཀྱང་མི་འཇིགས་དགའ་བར་གྱིས།། ཤིན་ཏུ་སྲིད་པའི་དངོས་གྲུབ་རྣམས།། སྟོན་པའི་མཆོག་ཏུ་གྱུར་པ་ཡིན། དམ ་ཚིག་སྡོམ་པ་གྲུབ་པ་འདི།། རྟག་ཏུ་ཡང་ནི་སྲུང་བ་འདི།། སངས་རྒྱས་ཀུན་གྱིས་ཐུན་པར་གསུངས།། དམ་པ་རྟག་པའི་བཀའ་ཡིན་ནོ།། བྱང་ཆུབ་སེམས་ནི་སྤང་མི་བྱ།། དམ་ཆོས་དེ་བཞིན་དམ་ཚིག ་དང་སློབ་དཔོན་སྨད་པར་མི་བྱ་སྟེ།། གང་ཕྱིར་རྡོ་རྗེ་འཛིན་ཀུན་དེ།། སེམས་ཅན་ཀུན་ལ་ཕན་ཕྱིར་དང་།། ཐེག་པ་ཐམས་ཅད་གྲུབ་པའི་ཕྱིར།། གདུག་པ་འདུལ་བས་དག་པ་ཞེས།། རྡོ་རྗེ་མཆོག ་ནི་འཛིན་པས་གསུངས།། ཤིན་ཏུ་གདུག་ཅིང་གཏུམ་པ་དང་།། བདག་པོའི་གྲོགས་པོ་བུ་རྣམས་ཀྱང་།། ཕྱག་རྒྱའི་རྣལ་འབྱོར་མངོན་སྤྱོད་ཀྱིས།། ཤིན་ཏུ་གཉིད་ནི་ལོག་ཏུ ་གཞུག། རྟག་ཏུ་རང་གི་དམ་ཚིག་བསྲུང་།། རྟག་ཏུ་དེ་བཞིན་གཤེགས་རྣམས་མཆོད།། རྟག་ཏུ་བླ་མ་ལ་ཡང་དབུལ།། དེ་ལ་ཕུལ་ན་འབྲས་བུ་ཆེ།། དེ་བྱིན་སངས་རྒྱས་ཐམས་ཅད་ལ།། རྟག་ཏུ་བྱིན་པ ་ཉིད་དུ་འགྱུར།། དེ་བྱིན་བསོད་ནམས་ཚོགས་རྫོགས་ཏེ།། ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར།། དེང་ཁྱོད་སྐྱེ་བ་འབྲས་བུར་བཅས།། གང་ཕྱིར་འདི་ལ་རབ་ཏུ་གནས།། དམ་ཚིག་རྒྱལ ་པོ་དང་མཉམ་པར།། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས།། སངས་རྒྱས་རྡོ་རྗེ་འཛིན་རྣམས་ཀྱིས།། དེ་རིང་ཁྱོད་ལ་དབང་བསྐུར་བས།། ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེའི།། སྟོབས ་དཔལ་འཁོར་ལོ་སྒྱུར་བ་ཡིན།། རྡོ་རྗེ་དམ་པའི་གསང་མཆོག་རྣལ་འབྱོར་མའི།། མཆོག་གི་དམ་ཚིག་གསང་བ་མཐོང་ནས་ནི།། བདུད་ལ་སོགས་པའི་ངག་ཡང་ཟོས་ནས་ནི།། དེ་བཞིན་གཤེགས ་སྦྱོར་ཐོབ་ནས་ཁྱོད་གྲུབ་ཡིན།། ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དཔལ་མཆོག་དང་པོ་ལས། མཆོག་ཏུ་གསང་བའི་རྡོ་རྗེ་རྣལ་འབྱོར་གྱི་མཁའ་འགྲོ་མ་དཀྱིལ་འཁོར་གྱི ་ཆོ་ག་ཤིན་ཏུ་གྲུབ་པའོ།། ། དེ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་མཆོག་ཏུ་གསང་བ་འགྲོ་བ་འདུལ་བའི་ཆོ་ག་ནི། རས་ལ་བཅོམ་ལྡན་བྲི་བར་བྱ། པདྨ ་གར་གྱི་དབང་ཕྱུག་གཙོ།། གློག་གི་འཁོར་ལོ་ཡོངས་འཁོར་བའི།། འཁོར་བའི་རྣམ་འཕྲུལ་གར་རྣམས་ཀྱིས།། པདྨ་ལ་སོགས་ཕྱག་མཚན་བྲི།། ཕྱག་རྒྱ་འཁོར་ལོ་ལྟར་མཛད་པ། དེ་ཡི་ལོགས།། ་ནི་ཐམས་ཅད་ལ།། ཁྲོ་གཉེར་མ་སོགས་བྲི་བར་བྱ།། དྲག་པོ་ལ་སོགས་སྡུག་མཚན་གཟུགས། པདྨའི་ལྷ་མོར་པདྨ་བཅས།། དཀྱིལ་འཁོར་དེ་ནི་བརྟག་བྱས་ནས། གསང་བའི་དཀྱིལ ་འཁོར་དམ་པ་ནི།། མཚོན་ཆ་མཆོག་གི་ཆོ་ག་ཡིས།། ཐམས་ཅད་བྱས་ནས་འདི་བརྗོད་བྱ།། མེ་ཉིད་སངས་རྒྱས་བཅོམ་ལྡན་འདས།། སྤྱན་རས་གཟིགས་ཀྱི་དབང་ཕྱུག་སྟེ།། འདུལ་བའི་ཐབས ་ཀྱིས་དག་པ་ཡིན།། རོལ་མོའི་གར་གྱིས་མཛད་པ་ཡིན།། ཞེས་བྱ་བ་ནི་མཆོག་གི་རྡོ་རྗེ་སྟེ། ཇི་ལྟར་པདྨ་དམར་པོ་ནི།། གནས་ཀྱི་ཉེས་པ་སྣ་ཚོགས་ཀྱིས།། ཚོན་གྱི་ཉེས་པས་མི་གོས་པ། ་བཞིན་ཁམས་གསུམ་དག་པའོ།། ཞེས་བྱ་བ་ནི་མཆོག་ཏུ་གསང་བའི་ཆོས་ཉིད་ཀྱི་དྲིལ་བུའོ།། ཆོ་ག་གང་དང་གང་དག་གིས།། འགྲོ་བ་རྣམས་ཀྱི་འདུལ་འགྱུར་བ།། པདྨ་དག་མཆོག་རྣལ་འབྱོར་པ་དག ་དེ་དང་དེ་ཡི་བདག་པོར་བྱ།། ཞེས་བྱ་བ་ནི་རྡོ་རྗེ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་གོ།། དེ་ནས་ཇི་ལྟ་བ་བཞིན་དུ་པདྨ་གར་གྱི་མཆོད་པས་མཆོད་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ།། དེ་ནས ་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་དོན་ཐམས་ཅད་འགྲུབ་པའི་ཆོ་ག་སྟེ། ཉི་མའི་དཀྱིལ་འཁོར་བྲིས་ནས་ནི།། རས་རིས་དེ་ནི་བློ་གྲོས་ཆེ།། ལྗང་ཁུ་བཻ་ཌཱུཪྻ་དང་མཚུངས།། ནམ་མཁའི་སྙིང ་པོ་བྲི་བར་བྱ།། དེ་ཡི་འོད་ཀྱི་འཁོར་ལོར་བརྟེན།། དབང་བསྐུར་མ་དང་གཏེར་མ་དང་།། རྒྱལ་མཆོག་མངའ་བ་མཆོད་པའོ།། གསང་བའི་དཀྱིལ་འཁོར་དམ་པ་དེའི ་འཁོར་ལོ་བརྟག་པར་བྱས་ནས་ནི།། མཚོན་ཆ་མཆོག་གི་ཆོ་ག་ཡིས།། ཆོ་ག་རྒྱས་པ་ཇི་བཞིན་པའོ།། དེ་ནི་རྡོ་རྗེ་མཆོག་དེ་ནི།། ཉི་མ་འདི་ནི་དམ་པ་སྟེ།། དེ་བཞིན་གཤེགས་པ་ཐམས་ཅད་མཐོང་།། ་ནམ་མཁའི་སྙིང་པོ་བཅོམ་ལྡན་འདས།། བསམ་པ་ཐམས་ཅད་ཡོངས་རྫོགས་མཛད།། དེ་ནས་ཆོས་ཀྱི་རིན་པོ་ཆེའི་དྲིལ་བུ་ནི། བསམ་པ་གྲུབ་པ་ཐམས་ཅད་ཀྱི།། ནོར་གྱི་བསམ་པ་གྲུབ་པ ་མཆོག། དེ་ཡང་འདོད་པ་རབ་སྒྲུབ་ཕྱིར།། འདོད་ལས་ཐར་པ་བདེ་བ་ཆེ།། ཞེས་བྱའོ།། དམན་མིན་རྣམས་ནི་སྦྱིན་བྱའོ།། འདོད་པ་ཀུན་གྱི་བདེ་བ་རྣམས།། བདག་ཉིད་གཞན་རྣམས་ལ་ནི། ་བསམ་པ་ཐམས་ཅད་རྫོགས་ཕྱིར་རོ།། ཞེས་བྱ་བ་ནི་དམ་ཚིག་གི་མཆོག་གོ།། དམ་ཚིག་འདི་ཡིས་མཆོག་ཏུ་ནི།། རྡོ་རྗེ་སེམས་དཔའ་བདེ་བ་ཆེ།། མྱུར་དུ་ཡང་དག་དམ་པ་མཆོག ་འགྱུར་མཆོག་ནི་གྲུབ་པར་མཛོད།། དེ་ལྟར་གསང་བ་མཆོག་གི་ཚུལ་དག་ནི།། ཇི་བཞིན་ཆོ་ག་མཆོག་ཏུ་རྒྱས་པ་སྟེ།། མཆོག་ཆེན་དེས་ནི་རྟོག་པ་ཐམས་ཅད་ཀྱི།། ཁྱད་པར་དངོས་གྲུབ ་ཐམས་ཅད་འགྲུབ་པར་འགྱུར།། དཔལ་མཆོག་དང་པོ་ལས། རྟོག་པ་ཐམས་ཅད་ཀྱི་སྒྲུབ་པའི་ཆོ་གའོ།། ། དེ་ནས་གྲུབ་ཆེན་ཐམས་ཅད་ཀྱི།། སྒྲུབ་པའི་མཆོག་ནི་བདེ་བ་ཆེ། ་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་སྟེ།། རྟོག་པ་ཀུན་མཆོག་གྲུབ་པའི་ཕྱིར།། སྣོད་མ་ཡིན་པའི་སེམས་ཅན་གང་།། སྡིག་པ་ཐམས་ཅད་བྱེད་རྣམས་ལ།། མཐོང་བ་ལ་སོགས་སེམས་ཅན་དོན།། སེམས། ་དཔའ་ཆེན་པོས་མཛད་པ་ཡིན།། མཐོང་མེད་ལོང་བ་དེ་རྣམས་ནི། བསོད་ནམས་མེད་ཚོགས་རྟགས་ལྡན་ལ།། རྡོ་རྗེ་སེམས་སོགས་སེམས་དཔའ་མཆོག། མཐོང་བའི་ཐབས་ཀྱི་རྒྱུ་རྣམས་ནི། ་བསོད་ནམས་སེམས་སོགས་སེམས་མཆོག་གི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། དམ་ཚིག་མཆོག་ནི་བཅིང་བ་སྟེ།། དམ་ཚིག་འདའ་བར་དཀའ་བའོ།། རྡོ་རྗེ་སེམས་སོགས་སེམས་དཔའ ་ཡི། གང་ཕྱིར་སྐུ་རྣམས་བརྟན་པ་ནི།། དེ་ཡི་ཕྱག་རྒྱར་གྲགས་པ་སྟེ།། དངོས་གྲུབ་ཀུན་ཕྱིར་དེ་དག་སྤྲུལ།། གང་དག་བཟུང་བ་ཙམ་གྱིས་ནི།། རྡོ་རྗེ་སེམས་དཔའ་ལ་སོགས་མཆོག། མཐོང་ཞིང་མངོན ་པར་མཐོང་བ་ཉིད།། མཆོག་བསྡུས་ཉིད་དུ་གྱུར་པ་ཡིན།། ཕྱག་རྒྱ་བཅིངས་པ་ཙམ་གྱིས་ནི།། གང་ཕྱིར་བསྡུས་པར་གྱུར་པ་སྟེ།། རྡོ་རྗེ་སེམས་སོགས་སེམས་དཔའ་རྣམས།། ཉམས་པས་འཇིགས ་པས་འགྲུབ་མི་འགྱུར།། ཇི་ལྟར་རྒྱལ་པོ་རྣམས་ཀྱི་བཀའི།། རྟགས་ཀྱི་ཕྱག་རྒྱ་འདའ་དཀའ་བ།། ཕྱག་རྒྱ་གསང་བ་ཀུན་གྱིས་ཀྱང་།། འདའ་བར་ནུས་པ་མ་ཡིན་ནོ།། སངས་རྒྱས་ཉིད་དམ་རྡོ་རྗེ་འཛིན། ་དེ་ལྟར་བསྐལ་པ་བྱེ་བས་ཀྱང་།། ཐོབ་པར་མི་འགྱུར་མྱུར་དུ་ནི།། ཇི་ལྟར་ཕྱག་རྒྱ་མཆོག་གཟུང་བའོ།། ཇི་ལྟར་འདུལ་ལྡན་འཇིག་རྟེན་ནི།། དེ་ལྟར་དངོས་གྲུབ་གསུངས་པ་ཡི།། དེ་ཡི་ཐབས་ནི་ཕྱག ་དྷཱ་སྟེ་དངོས་གྲུབ་ཐམས་ཅད་མཆོག་ཏུ་བྱེད།། གང་དག་པཅིང་བ་ཙམ་རྣཾས་ནི།། འདུས་ནའདེ་བཆེན་པོ་རྣམས།། རྡོ་རྗེ་སེམས་སོགས་སྐད་ཅིག་གིས།། བྱིན་གྱིས་བརྣམས ་བར་བསྟན་པར་མཛད།། ཅེས་བྱ་བའོ།། དེ་ནས་འདི་གསུངས་ནས་བཅོམ་ལྡན་འདས་ཀྱིས་མཁས་ཤིང་མཆོག་ཏུ་ཕྲ་བ་དང་། ཟབ་པ་དང་། རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་མཆོག་ཏུ་དག་ས། ཐོག། ་མ་དང་ཐ་མ་མེད་པ། མི་ཟད་ཅིང་ཟད་པ་མེད་པའ་དོན་ཡོད་ཅིང་ཐོགས་པ་མེད་པ་ཤིན་ཏུ་མཆོག་ཏུ་དགའ་བ་མ་ལུས་པའི་བདེ་བ་ཆེན་པོ་དང་ག་ཡིད་མི་བདེ་བ་མ་ལུས་ཤིན་ལུས་པ་མེད་པའི་སེམས། ་ཅན་གྱི་ཁམས་ཐམས་ཅད་ཀྱི་དངོས་གྲུབ་ཆེན་པོའི་དབང་ཕྱུག་ཆེན་པོའི་མཆོག་ཏུ་མི་འགྱུར་བའི་དངོས་གྲུབ་ཐམས་ཅད་ཀྱི་མཆོག་རྡོ་རྗེ་དབབ་པ་རྣམས་ཀྱིས་རབ་ཏུ་སད་པར་མཛད་ན་བདེ་བ་ཆེན ་པོ་རྡོ་རྗེ་གསང་བའི་དོན་ཡོད་པའི་མཆོག་གི་གསང་བ་ཞེས་བྱ་བའི་མཚོན་ཆ་མཆོག་ཏུ་གསང་བའི་ཆོག་རྒྱད་ཕྱི་མའི་མཆོག་བྱིན་གྱིས་རློབ་པར་མཛད་པའོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་དམ་ཚིག་གིས་བདག་ལ་བྱིན་གྱིས་བརླབ་པ་གཅིག་པུའི་ཆོ་ག་བཤད་པར་བྱའོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། ཉིན་རེ་སྔོན་དུ་ལན་ཅིག་ཏུ།། ཕྱག་རྒྱ་ཆེ་དང་སྙིང་པོ ་བཟླ་ཀུན་གྱི་ཕྱག་རྒྱ་རབ་གྲུབ་པའི།། བདག་བྱིན་རླབས་པ་གཅིག་པུའི་འགྲུབ།། ཅེས་བྱ་བ་ནི་མཆོག་ཏུ་གྲུབ་པའོ།། དེ་ནས་མཆོག་ཏུ་གསང་བ་དག་ལ་བྱིན་གྱིས་བརླབས་པ་གཅིག་པུ་སྒྲུབ་པའི་ཆོ་ག ་མཆོག་གྲུབ་པ་ནི། ལན་ཅིག་དམ་ཚིག་གསུམ་མཆོག་ཏུ།། གསང་བ་དམ་པའི་ཁང་པར་ནི།། རྡོ་རྗེ་ལ་སོགས་ཐོབ་བཟུང་ན།། རྡོ་རྗེ་ཅན་གྱི་བྱིན་རླབས་འགྱུར།། དེ་ནས་ཤིན་ཏུ་མཆོག་ཏུ་གསང་བའི་བདག་ལ། ་བྱིན་གྱིས་བརླབས་པ་གཅིག་པུ་སྒྲུབ་པའི་ཆོ་ག་རྒྱས་པའི་ཁྱད་པར་ཤིན་ཏུ་མཆོག་ཏུ་གྲུབ་པ་ནི། རྡོ་རྗེ་དྲིལ་བུ་ཀུན་བདག་ཉིད།། སྣ་ཚོགས་ཕྱག་རྒྱའི་སྐུར་བདག་ལྡན།། ཕྱག་རྒྱ་ཀུན་གྱི་རྣལ་འབྱོར་བདག ་རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར།། གྲུབ་པའི་ཆོ་ག་འདི་ཡིས་ནི།། རྡོ་རྗེ་སེམས་དཔའ་ཡང་དག་བསྡུས།། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི།། དབང་ཕྱུག་ཆེན་པོ་ཉིད་བྱིན་བརླབས།། དོན་ཡོད་རབ་ཏུ ་བདག་བྱིན་བརླབས།། རང་བཞིན་གྱིས་ནི་ཐམས་ཅད་དུ།། མདོར་ན་ཕྱག་རྒྱ་ཐམས་ཅད་ནི།། དངོས་གྲུབ་ལས་དང་དེ་བཞིན་བདེ།། ཐམས་ཅད་བྱིན་རླབས་སྒྲུབ་པ་ཡི།། མི་འགྱུར་བ་ནི་ཀུན་སྒྲུབ་བྱེད།། ་ཅེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དཔལ་མཆོག་དང་པོ་ལས་དངོས་གྲུབ་ཐམས་ཅད་བྱིན་གྱིས་བརླབ་པའི་ཆོ་ག་མཆོག་ཏུ་གསང་བ་ཞེས་བྱ་བའོ།། ་ནས་ཡང་མཆོག་ཏུ་གསང་བའི་རྣལ་འབྱོར་ཐམས་ཅད་ཀྱི་ཆོ་ག་རྗེས་སུ་བཤད་པར་བྱའོ་ཞེས་བྱ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལ་ཐོག་མ་ཁོ་ནར་རེ་ཞིག་དོན་ཡོད་ཆེར་ནི་རྣལ་འབྱོར ་གྱི་སྐད་ཀྱི་དབྱངས་སོ།། འདི་ཡང་བརྩོན་པ་ཡིན་ནོ་ཞེས་བྱ་བ་ནི་སྐད་ཅིག་དབྱིངས་ཀྱི་དོན་ཏོ།། གང་ཞིག་བརྩོན་པ་ཡིན་ཞེ་ན། སྨྲས་པ་རང་གི་ལྷག་པའི་ལྷ་རྗེས་སུ་དྲན་པར་སྦྱོར ་བས་ན་རྣལ་འབྱོར་རོ།། སླར་ཡང་གཞན་ནི་ཡང་དག་པར་བསྡུ་བ་དང་། ཡང་དག་པར་ཀུན་ཏུ་སྦྱོར་བ་དང་། ཡང་དག་པར་སྦྱོར་བ་ཞེས་བྱ་བ་ནི་རྣལ་འབྱོར་བརྗོད་པའི ་རྣམ་གྲངས་སོ།། གང་ཡང་དག་པར་ཀུན་ཏུ་སྦྱོར་བ་ཡིན་ཞེ་ན། རང་གི་ལྷག་པའི་ལྷ་རྗེས་སུ་དྲན་པའི་རྣལ་འབྱོར་རྗེས་སུ་བསྒྲུབས་པས་རང་གི་ལྷག་པའི་ལྷའི་རྣལ་འབྱོར་བསྒྲུབ་པའི་སྦྱོར་བ་བྱ་ཞེས། ་བྱའོ།། དེ་ལ་ཇི་ལྟར་ཐམས་ཅད་ཀྱི་རྣལ་འབྱོར་ཡིན་ཞེ་ན། དམ་ཚིག་གི་རྣལ་འབྱོར་ནི་ཐམས་ཅད་ཀྱི་རྣལ་འབྱོར་ཞེས་བྱ་བ་ཡིན་ནོ།། དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། འདའ་བ་རུ་ནི་མི། ་མཛད་པས།། ཕྱག་རྒྱ་དམ་ཚིག་ཅེས་སུ་བསྒྲགས།། ཡིད་ཀྱི་གཟུགས་ནི་བརྟན་ཕྱིར་རོ།། ཞེས་བྱ་བ་ནི་དམ་ཚིག་གི་དོན་ཏོ།། དེ་ལ་རྗེས་སུ་སྒྲུབ་པའི་རྣལ་འབྱོར་ནི་དམ་ཚིག་གི་རྣལ་འབྱོར ་ཏེ་ཐམས་ཅད་ཀྱི་རྣལ་འབྱོར་ཞེས་བྱའོ།། འདི་ལྟ་སྟེ། རྫས་མང་པོ་ཡང་དག་པར་སྦྱར་བས་སྦྱོར་བ་ཞེས་བྱ་བ་གྲུབ་པ་དེ་བཞིན་དུ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ཕྱག་རྒྱའི་སྦྱོར་བས་དག་པར་ཀུན ་ཏུ་སྦྱོར་བས་ན་ཐམས་ཅད་ཀྱི་རྣལ་འབྱོར་ནི་དམ་ཚིག་གི་རྣལ་འབྱོར་རོ།། དེ་ལ་ཇི་ལྟར་ན་ཐམས་ཅད་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་ཡིན་ཞེ་ན། སངས་རྒྱས་ཀུན་བདག་ཡང་དག་སྦྱོར། ཇི་ལྟའི ་དབྱིབས་དང་སྐུ་དང་ལྡན།། བདག་ཉིད་བདག་ཉིད་ཉིད་ལ་ནི།། བཀོད་ནས་རྗེས་སུ་བསྒྲུབ་པར་བྱ།། ཞེས་བྱ་བ་ནི་རང་གི་དམ་ཚིག་རྣལ་འབྱོར་ཐམས་ཅད་ཀྱི་རྣལ་འབྱོར་ཞེས་བྱའོ།། དེ་ལ་རྗེས་སུ ་སྒྲུབ་པ་ནི།། ལྷག་པའི་ལྷ་ནི་གང་གང་གིས།། ཕྱག་རྒྱ་གང་དང་གང་འཆིང་བ།། དེ་དང་དེ་ཡི་རྣལ་འབྱོར་གྱིས།། ཕྱག་རྒྱ་དེ་དང་དེར་སྦྱོར་བྱ།། ཞེས་བྱ་བའོ།། གནས་མཆོག་ཏུ་གསང་བའི་རབ་མཆོག་གི་རྗེས་སུ་སྒྲུབ ་པོའི་ཆོ་ག་རྒྱས་པའི་མཆོག་ཏུ་ཤིན་ཏུ་གྲུབ་པ་ནི། བདག་ནི་སངས་རྒྱས་ཐམས་ཅད་ཉིད།། གཟི་བརྗིད་ཅན་ནི་ཉིད་ཀྱང་ཡིན།། རང་གི་ལྷ་ཡི་རྣལ་འབྱོར་གྱིས།། དེ་ཕྱིར་བདག་ཉིད་བརྟག་པར་བྱ། ་ཕྱག་རྒྱ་ཐབས་ཀྱི་རྣལ་འབྱོར་ཆེན་པོ་མཆོག་ཏུ་གསང་བ་ཞེས་བྱའོ།། དེ་ནས་མཆོག་ཏུ་ཤིན་ཏུ་གསང་བའི་མཆོག་གི་རྗེས་སུ་སྒྲུབ་པའི་ཆོ་ག་རྒྱས་པའི་ཁྱད་པར་ཤིན་ཏུ་མཆོག་ཏུ་གྲུབ་པ་ནི། རང་ལྷའི་སྦྱོར་བ ་ཇི་བཞིན་དུ།། སྣ་ཚོགས་ཕྱག་རྒྱའི་དབང་བསྐུར་ལྡན།། ཕྱག་རྒྱ་ཀུན་བདག་རྣལ་འབྱོར་བདག། མི་འགྱུར་མཆོག་ཏུ་གྲུབ་པར་འགྱུར།། རྟོག་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་དམ་ཚིག་མཆོག་གི་རྣལ་འབྱོར ་ནི་ཡང་དག་པར་ཀུན་ཏུ་སྦྱོར་བ་ཞེས་བྱའོ།། དེ་ནས་གཞན་ཡང་སླར་མཆོག་ཏུ་གསང་བ་མཆོག་ཏུ་གསང་བ་མཆོག་གི་རྗེས་སུ་སྒྲུབ་པའི་ཆོ་ག་རྒྱས་པའི་ཁྱད་པར་མཆོག་ཏུ་གྲུབ་པ་ལས་ཤིན་ཏུ་མཆོག་ཏུ་གྲུབ ་པ་ཞེས་བྱ་བ་ནི།། རྡོ་རྗེ་སེམས་དཔར་བདག་སྦྱོར་བའི།། ཇི་བཞིན་དབྱིངས་དང་སྒྲར་ལྡན་པ།། ཀུན་བདག་ཕྱག་རྒྱའི་རྣལ་འབྱོར་བདག། མི་འགྱུར་མཆོག་ནི་གྲུབ་པར་འགྱུར།། འདི་ནི་སངས་རྒྱས་ཐམས ་ཅད་ཀྱི།། དམ་ཚིག་གསལ་བའི་རྗེས་འགྲོ་བ།། རྣལ་འབྱོར་ཀུན་བདག་གྲུབ་པ་སྟེ།། གསལ་ཞིང་ཤིན་ཏུ་གྲུབ་མཆོག་ཡིན།། འདི་ཡིས་མི་འགྲུབ་ཅུང་ཟད་མེད།། དངོས་གྲུབ་ལས་དང་དེ་བཞིན་བདེ།། ལས ་ཀྱི་ཚོགས་ཀྱི་དངོས་གྲུབ་དང་།། དངོས་གྲུབ་མ་ལུས་མྱུར་དུ་འགྲུག། ཅེས་བྱ་བ་ནི་གས་བའི་དམ་ཚིག་གི་རྣལ་འབྱོར་ཏེ་ཤིན་ཏུ་མཆོག་ཏུ་རབ་ཏུ་གྲུབ་པའོ།། འདོད་པ་ཀུན་ལ་ལོངས་སྤྱོན། ་ཅིང་། ཅི་འདོད་པར་ནི་བརྟེན་པ་ཡིས།། རྣལ་འབྱོར་དག་ནི་འདི་དག་གིས།། རང་གི་བདག་ཉིད་རབ་མཆོད་བྱ།། ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤིན་ཏུ་གསང་བ་བླ་ན་མེད་པ་ཐེག་པ་ཆེན ་པོའི་དམ་ཚིག་ཆེན་པོའི་རྣལ་འབྱོར།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་གྱི་རང་གི་དམ་ཚིག་རྣལ་འབྱོར།། དགའ་བ་ཆེན་པོའི་དཔལ་རྡོ་རྗེ་དོན་ཡོད་པའི་དགའ་བའི་དམ་ཚིག་རྣལ་འབྱོར་ཐམས་ཅད ་ཀྱི་བླ་ན་མེད་པའི་བཅུད་ཀྱིས་ལེན་གྱི་མཆོག་གི་དངོས་གྲུབ་ཀྱི་རྣལ་འབྱོར་གྱི་རྒྱལ་པོ་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་འོ།། རྡོ་རྗེ་སེམས་དཔའི་མཆོག་གི་ཚེ་དང་གན་ཚོད་གཞོན་པ ་དང་། ནད་མེད་པ་དང་གཟུགས་དང་ཁ་དོག་དང་། གཟི་བརྗིད་དང་། མཐུ་དང་། སྟོབས་དང་། སྤྲོ་བ་དང་། དངོས་གྲུབ་མཆོག་ཐམས་ཅད་དང་། དཔལ་དང་། སྐལ་བ་བཟང་པོ་དང་། དགའ་བ་ཆེན་པོ ་དང་། ཤིན་ཏུ་བདེ་བ་དང་། ཡིད་བདེ་བ་ཐམས་ཅད་ལ་དམ་པ་མཆོག་ཏུ་འགྲུབ་པའོ།། ཇི་སྲིད་མ་ལུས་ཤིང་ལུས་པ་མེད་པ་ལུས་པའི་དངོས་གྲུབ་ཆེན་པོ་དམ་པ་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོའི་བདག་ཉིད་ལ ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མཆོག་ཏུ་གྲུབ་པ་སྟེ། རྒྱས་བཏབ་པ་ཙམ་གྱིས་སྐད་ཅིག་གིས་རབ་ཏུ་གྲུབ་པ་ཡིན་ནོ།། དེའི་རྒྱུ་གང་གི་ཕྱིར་ཞེ་ན། འདི་ལྟ་སྟེ། སྤྱོད་པ་ཕྱག་རྒྱ་ལ ་རག་ལུས།། ཕྱག་རྒྱ་རྣལ་འབྱོར་ལ་གནས་པ།། རྣལ་འབྱོར་ཁྱད་པར་གྱིས་བསྒྲུབ་བྱ།། རྣལ་འབྱོར་དམ་ཚིག་གིས་སྒྲུབ་བྱེད།། སེམས་ནི་སྟོང་པ་སྒྱུ་མར་མཚུངས།། ལུས་དང་བྲལ་བར་མ་གྲུབ ་སྟེ། ལུས་དེ་ཡང་ནི་རྩིག་པ་འདྲ།། བྱ་བ་མེད་ཅིང་སེམས་དང་བྲལ།། སེམས་ཀྱང་ལུས་དང་བྲལ་བ་དང་། ལུས་ཀྱང་སེམས་དང་བྲལ་བ་ནི།། གྲུབ་པའི་མ་ཡིན་དེ་བཞིན་འདི།། ཕྱག་རྒྱ་རྣམ ་འབྱོར་ཆོ་གར་བརྗོད།། ཇི་ལྟར་ལུས་ནི་སེམས་ཀྱིས་དང་།། སེམས་ཀྱང་ལུས་ཀྱིས་འགྲུབ་འགྱུར་བ།། དེ་བཞིན་ཕྱག་རྒྱ་རྣལ་འབྱོར་གྱིས།། རྣལ་འབྱོར་དམ་ཚིག་བསྒྲུབས་པས་སོ།། དེ་ལྟར་དམ་ཚིག ་རྣལ་འབྱོར་དག། ཕན་ཚུན་དུ་ནི་སྒྲུབ་པའི་ཕྱིར།། ཕན་ཚུན་དུ་ནི་བརྟག་བདག་ཉིད།། དེ་བཞིན་གཤེགས་པར་འགྲུབ་པར་འགྱུར།། ཞེས་བྱ་བ་ནི་ཤིན་ཏུ་མཆོག་ཏུ་གསང་བ་མཆོག་བཅོམ་ལྡན་འདས་རྡོ་རྗེ་སེམས ་དཔས་གསུངས་སོ།། དེ་ལ་ཇི་ལྟར་ཕྱག་རྒྱ་ཐམས་ཅད་དང་རྣལ་འབྱོར་དག་རྗེས་སུ་སྒྲུབ་པ་ཡིན་ཞེ་ན། ཕྱག་རྒྱ་སྐུ་ནི་བསྟན་པའི་ཕྱིར།། དེ་ཡང་བདེ་བས་བརྟན་པར་འགྱུར།། སྡུག་བསྔལ་གྱིས་ནི་གཡོ་འགྱུར་རམ། ་ཡང་ན་འཆི་བ་ཐོབ་པར་འགྱུར།། དེ་ནི་རྣལ་འབྱོར་སེམས་ལས་བྱུང་།། ཡིད་བདེ་བ་ཡིས་རབ་ཏུ་སྒྲུབ།། ཡིད་མི་བདེ་བས་གཡོ་བ་འམ།། ཡང་འགོག་པ་ཡང་ཐོབ་པར་འགྱུར།། དེ་ཕྱིར་འབད་པ་ཐམས་ཅད ་ཀྱིས་ཕྱག་རྒྱ་རྣལ་འབྱོར་རྗེས་སྒྲུབ་བྱེད།། དཀའ་ཐུབ་མེད་ཅིང་ངེས་པ་མེད།། བདེ་བ་དགའ་བས་བསྒྲུབ་པར་བྱ།། ཞེས་བྱ་བ་ཤིན་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལ ་དམ་ཚིག་ཐམས་ཅད་ཀྱི་རྣལ་འབྱོར་རྗེས་སུ་སྒྲུབ་པའི་བདེ་བ་དེ་གང་ཡིན་ཞེ་ན། འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་།། ཅི་འདོད་པར་ནི་བརྟེན་པ་ཡིས།། རང་གི་ལྷ་ཡི་རྣལ་འབྱོར་གྱིས། ་བདག་དང་གཞན་རྣམས་མཆོད་པར་གྱིས།། ཞེས་བྱ་བའོ།། དེ་བཞིན་གཤེགས་པ་ཐམས་ཅད་མཆོག་ཏུ་གསང་བ་བླ་ན་མེད་པའི་ཐེག་པ་ཆེན་པོའི་རྣལ་འབྱོར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག ་ཏུ་བདེ་བ་ཞེས་བྱའོ།། དེ་ལ་དམ་ཚིག་ཐམས་ཅད་རྣལ་འབྱོར་རྗེས་སུ་སྒྲུབ་པ་དེ་གང་ཡིན་ཞེ་ན། དཀའ་ཐུབ་ཉེས་པ་མི་ཟད་པས།། སྡུག་བསྔལ་ལྡན་པས་མྱུར་དུ་བསྐམས།། སྡུག་བསྔལ་གྱིས་ནི་སེམས ་གཡེངས་འགྱུར།། རྣལ་འབྱོར་པ་ནི་སྦྱོར་བ་མིན།། དེ་ཕྱིར་ཅི་འདོད་ལ་སྤྱོད་པ།། ཀུན་ཟ་དེ་བཞིན་ཐམས་ཅད་བྱེད།། ཅི་འདོད་བྱ་བ་ལ་སྤྱོད་པ།། ཅི་འདོད་པར་ནི་སྤྱོད་པ་སྤྱོད།། གང་དང་གང་དུ་འཆག་པ ་དང་། དགོད་པ་འམ་ནི་སྨྲ་བ་འམ།། གང་ཡང་དེ་རུང་ཇི་བཞིན་ཏེ།། དཀྱིལ་འཁོར་དུ་ནི་མ་ཞུགས་པ།། སྒྲིབ་པ་རྣམས་དང་ལྡན་པའམ།། རང་གི་ལྷ་ཡི་རྣལ་འབྱོར་བདག། ཚིག་གིས་ཀྱང་ནི་དེ་བཞིན ་འགྱུར།། དེ་ཉིད་རྣལ་འབྱོར་འདི་ཡིས་ནི།། ཐམས་ཅན་ཉིད་ནི་བསྒྲུབ་པ་བྱ།། ངན་སྤྱོད་སྡིག་པ་ཐམས་ཅད་ཀྱིས།། རྣམ་པ་ཀུན་ཏུ་གནོད་མི་འགྱུར།། འདོད་པ་ཆེན་པོ་ཀུན་བདག་ཉིད།། དབང་ཕྱུག་དམ་པ ་འགྲུབ་པར་འགྱུར།། ཐམས་ཅད་རྡོ་རྗེ་འཛིན་རྒྱལ་པོ།། ཀུན་མཆོག་དབང་ཕྱུག་དམ་པའོ།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད།། རྣལ་འབྱོར་འདི་ཡིས་རྙེད་སླ་ན།། དངོས་གྲུབ་རྣམས་དང ་ལས་མཆོག་གི། ཚོགས་རྣམས་གཞན་ལྟ་སྨོས་ཅི་དགོས།། དོན་ཡོད་མཆོག་ཏུ་གྲུབ་པ་དང་།། ཕྱག་རྒྱ་ཐམས་ཅད་རྗེས་སྒྲུབ་བྱེད།། དཔལ་ལྡན་སྡུག་བསྔལ་ཀུན་འཕྲོག་པའི།། རྣལ་འབྱོར་འདི་ནི་མི ་འགྱུར་མཆོག་ག་ཅེས་བྱ་བ་མཆོག་ཏུ་མེད་པ་ས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། ནིལ་ནས་འབྱོར་ཐམས་ཅད་བཅིང་བའི་སྔར་ཡིམ་ཞེ་ན།། བསམ་མ་མེད་ཅིང་ཐམས་ཅན་ག ་དེ་བཞིན་ཐམས་ཅད་བསམས་ནས་ཀྱང་།། ཡེ་ཤེས་ཙམ་ལ་སྙོམས་འཇུག་པ།། རང་བཞིན་ཉིད་དུ་སྙོམས་པར་ཞུགས།། དེ་ལ་ཇི་ལྟར་རྣལ་འབྱོར་ཐམས་ཅད་བཅིང་བ་དང་ལུང་བསྟན་པ་ཡིན་ཞེ་ན།། ་རང་གི་ལྷ་ཡི་སྦྱོར་བ་ཡིས།། དངོས་གྲུབ་ཐམས་ཅད་རབ་སྦྱོར་བས།། ཡེ་ཤེས་ཙམ་ལ་སྦྱོར་བ་འདིས།། རྣལ་འབྱོར་ཞེས་ནི་བརྗོད་པ་ཡིན།། ཞེས་བྱ་བ་ནི་ཕྱག་རྒྱ་ཐམས་ཅད་ཀྱི་རྣལ་འབྱོར་གྱི་ཆོ་ག ་མཆོག་ཏུ་གསང་བ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། ཤིན་ཏུ་རྣལ་འབྱོར་བཅིངས་པ་དང་། ལུང་བསྟན་པ་གསུངས་ཏེ། རྡོ་རྗེ་སེམས ་དཔའ་བདག་སྦྱོར་བས།། མཆོད་པ་ཀུན་གྱིས་རྗེས་སྦྱོར་བ།། རྣལ་འབྱོར་ཐམས་ཅད་རབ་སྦྱོར་འདི།། རྣལ་འབྱོར་ཞེས་ནི་བརྗོད་པར་བྱ།། དེ་ལ་འདི་ལྟར་བརྗོད་བྱ་སྟེ།། དེ་ཉིད་ཆེན་པོ་འདི་འགྲུབ་སྟེ། ་མཆོག་གི་བདག་ཉིད་འདི་ཉིད་ནི།། ཤིན་ཏུ་མཆོག་ཏུ་གསང་བ་སྟེ།། སོ་སོའི་སྐྱེ་བོ་ལ་བརྗོད་མིན།། རྡོ་རྗེ་སློབ་དཔོན་སློབ་མ་མཆོག། དེ་ཉིད་དད་པའི་རྗེས་འབྲང་བའི།། ཐམས་ཅད་རྣལ་འབྱོར་ཆོ་ག་སྤྱོག ་གཞན་རྣམས་ལ་ནི་རིམས་ཀྱིས་སོ།། འདི་ལ་སྒྲུབ་མེད་ཅུང་ཟད་མེད།། དངོས་གྲུབ་ལས་དང་བདེ་བ་དང་།། ཐམས་ཅད་རྣལ་འབྱོར་རྗེས་སྒྲུབ་པས།། མི་འགྱུར་ཐམས་ཅད། ་སྒྲུབ་པར་བྱེད།། རྣལ་འབྱོར་ཆོ་ག་གསལ་བ་འདི།། གཅིག་པུའང་གང་ལ་ཡོད་གྱུར་ན།། གཞན་གྱིས་མི་ཐུབ་མི་སོད་ཅིང་།། བདུད་ལ་སོགས་པ་གནོད་མི་འགྱུར།། དེ་ལ་རྒྱལ་པོ་རྡོ་རྗེ་འཛིན།། རྡོ་རྗེ ་སེམས་དཔའ་དེ་བཞིན་གཤེགས།། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི།། རྣལ་འབྱོར་དབང་ཕྱུག་རབ་གྲུབ་འགྱུར།། ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དཔལ་མཆོག་དང་པོ ་ལས། ཤིན་ཏུ་གསང་བའི་རྣལ་འབྱོར་ཐམས་ཅད་ཀྱི་མཆོག་ཏུ་གསང་བའོ།། །། དེ་ནས་རྟོག་པ་ཐམས་ཅད་དོན་ཡོད་ཅིང་ཐོགས་པ་མེད་པ་མཆོག་ཏུ་མཁས་ཤིང་ཕྲ་ལ་རྒྱ་ཆེ་ཞིང ་ཟབ་ལ་བསམ་གྱིས་མི་ཁྱབ་ཅིང་ཤིན་ཏུ་ཚད་མེད་པ། མ་ལུས་ཤིང་ལུས་པ་མེད་པའི་མཆོག་གི་དངོས་གྲུབ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་རབ་ཏུ་མཆོག་ཏུ་གྲུབ་པའི་རྒྱས་པའི་རྒྱུད་བཤད ་པར་བྱའོ།། ཞེས་བྱ་བ་ཕྱག་རྒྱ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྒྱུད་བཤད་པར་བྱའོ་ཞེས་བྱ་བ་ཕྱག་རྒྱ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྒྱུད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། གཡོན་པའི་བང་པར ་དགོད་པ་ལ།། ཞབས་ཀྱི་པདྨོ་ཅི་བདེ་བར།། སེམས་དཔའི་སྐྱིལ་མོ་ཀྲུང་བཅིངས་ཏེ།། རང་ཉིད་ལུས་ནི་དྲང་པོར་འཛིན།། རྡོ་རྗེ་གསོར་བས་ཀུན་ལས་རྒྱལ།། མཆོག་གི་དངོས་གྲུབ་ཀུན་གྱི་ཕྱིར།། སྐུ་གསུང་ཐུགས། ་ཀྱི་རྡོ་རྗེ་ཡི།། རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར།། འདིས་ནི་རྡོ་རྗེ་སེམས་དཔའ་འམ།། སངས་རྒྱས་ཉིད་ནི་གཟི་ཅན་ཉིད།། དངོས་གྲུབ་ཀུན་གྱི་དབང་ཕྱུག་ཡིན།། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། ཞེས་བྱ་བ་ཐམས ་ཅད་ཀྱི་བདག་ཉིད་བརྟན་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དཀྱིལ་འཁོར་དུ་ནི་མ་ཞུགས་ཀྱང་།། ཕྱག་རྒྱ་ཆེན་པོ་ཡོངས་བཟུང་བས།། བདེ་བར་གཤེགས་པ་རྣམས་ཀྱིས་ཀྱང་།། ཕྱག་བྱས ་མཆོད་ཅིང་བཀུར་བར་འགྱུར།། གང་གིས་འདི་མཐོང་ཕྱག་བྱེད་པ།། བསྟོད་པ་དང་ནི་མཆོད་པར་བྱེད།། སྟོན་པ་མཐོང་བ་ཕྱག་བྱེད་དང་།། དེ་ཡིས་བདག་པོ་མཆོད་པར་འགྱུར།། དངོས་གྲུབ་ཀུན་གྱི་ཆགས་ཆེན ་པོའི།། བདེ་བ་ཕུན་ཚོགས་དབང་ཕྱུག་ཆེ།། ཕྱག་རྒྱ་ཆེན་པོས་འགྲུབ་འགྱུར་ཏེ།། རྡོ་རྗེ་སེམས་དཔའ་གཉིས་པ་འདྲ།། ལྷ་ལ་སོགས་པའི་དངོས་གྲུབ་ཀུན།། ལས་ཀུན་གྱི་ནི་བདེ་བ་ཡང་།། ཕྱག་རྒྱ་ཆེན་པོའི་བྱིན ་རླབས་ཀྱིས།། ཁྱད་པར་དུ་ནི་རབ་ཏུ་འཇུག། དེ་ཡིས་མི་འགྲུབ་གང་ཡང་མེད།། དངོས་གྲུབ་ལས་དང་དེ་བཞིན་ཏེ།། ཕྱག་རྒྱ་ཆེན་པོའི་བྱིན་རླབས་པས།། བསྒྲུབས་པའི་སྟོབས་ཀྱིས་མཆོག་ཀུན་འབྱུང་།། དེ་ནས ་ཐོག་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་ཆེན་པོ་ཀུན་གྱི་དཀྱིལ་འཁོར་ཆེན་པོའི་ཐམས་ཅད་ཀྱི་དམ་ཚིག་དང་། ཆོས་དང་། ལས་དང་། གདོན་མི་ཟ་བར་དགུག་པ་དང་།། གཞུ ་པ་དང་། འབེབས་པ་དང་། རྗེས་སུ་ཆགས་པ་དང་། དབང་དུ་བྱེད་པ་དང་། སྒྲུབ་པ་ཐམས་ཅད་དང་། མཆོག་གི་སྒྲུབ་པ་དང་། མཆོག་གི་སྒྲུབ་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོ་ཕྱག་རྒྱ་བདེ་བ་ཆེན་པོའི་རྡོ་རྗེ་གསང ་བའི་དམ་ཚིག་ཅེས་བྱ་བའོ།། དེབཅིང་བ་ནི་འདི་ཡིན་ཏེ།། སོར་མོ་ཐམས་ཅད་མཉམ་སྦྱོར་བས། རྡོ་རྗེ་ཐལ་མོ་ཞེས་བརྗོད་དོ།། ཀུན་མཆོག་ནང་དུ་བསྡམས་པ་ཡིས།། རྡོ་རྗེ་བསྡམས་པ། ་བཤད་པ་ཡིན།། རྡོ་རྗེ་བསྡམས་པའི་ནང་དུ་ནི།། མཛུབ་མོ་མཐེ་བོང་ཡང་དག་སྦྱར།། གཡས་པའི་མཐེ་བོང་རྟགས་ཀྱིས་ནི།། རྩེ་མོ་བཀུག་ནས་བཙིར་བ་བྱ།། མདའ་ལྔས་བསྡུས་པས་བཅིངས་ནས་ནི།། ་དབུས་མ་བཅིངས་པའི་ནང་དུ་གནས།། མཐེ་བོང་མཐེའུ་ཆུང་རྡོ་རྗེ་བསྙེམས།། དེ་ཡི་དང་པོ་རྡོ་རྗེ་མཆོག། རྡོ་རྗེ་བསྡམས་པ་དེ་བཅིངས་ནས།། དབུས་མའི་རྡོ་རྗེ་ལྕགས་ཀྱུ་གཉིས།། དགུག་པའི་ཚུལ་ནི་། ་ཉིད་ཀྱིས།། རང་གི་སྙིང་ཁར་ལྕགས་ཀྱུ་འདེབས།། ཁྲུ་གྲ་ཀྵས་རྒྱལ་པོ་འདི་ཡིས་ནི།། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ།། དགའ་བའི་རྡོ་རྗེ་ལྕགས་ཀྱུས་དགུག། སླར་ཡང་ཉེ་བའི་སྙིང་པོ་སྒྲུབ།། སྙིང་ཁར་བརྡེག་པ ་དྲག་པོ་ནི།། རྗེས་སུ་ཆགས་པའི་མེ་ཡིས་གདུངས།། སྙིང་པོ་ཕྱོགས་པས་དབང་གྱུར་དགྱེས།། མྱུར་དུ་བྱོན་ནས་འགྲུབ་པར་འགྱུར།། ཞེས་བཅོམ་ལྡན་འདས་ཆགས་པ་ཆེན་པོ་དང་བདེ་བ་ཆེན་པོ་བཅོམ་ལྡན ་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ།། དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་རྡོ་རྗེ་ལ་སོགས་པ་དང་། བརྟན་པ་དང་། གཡོ་བའི་དངོས་པོ་ཐམས་ཅད་རྒྱས་བཏབ ་པས་འོངས་ཏེ་མྱུར་དུ་འགྲུབ་པར་འགྱུར་རོ།། གལ་ཏེ་མ་འོངས་ན་འཇིག་པར་འགྱུར་རོ།། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱ་བའི་སྙིང་པོའི་མཆོག་གི་ཕྱག་རྒྱའོ།། རྡོ་རྗེ་མཆོད་ཡོན་རྡོ་རྗེ་ཐལ་མོ ་ཤིན་ཏུ་རབ་ཏུ་བརྐྱང་བའི་ཐལ་མོའོ།། དེ་ནས་དང་པོའི་རྡོ་རྗེ་ཕྱག་རྒྱའི་དབུས་མའི་རྡོ་རྗེ་གཟུང་བའི་མེ་ཏོག་གི་ལྕུག་མས་བཟླ་བར་བྱའོ།། རྡོ་རྗེའི་ཆུ་དང་རྡོ་རྗེ་ཁུ་ཚུར་གྱིས་དབང་བསྐུར་ན་ཐམས་ཅད་བདག་པོ ་ཉིད་དང་། ཚེ་འཕེལ་བ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ལ་དགོས་པ་ཡིན་པས་བཏུང་བ་བྱས་ནས་སྡུག་བསྔལ་ཐམས་ཅད་འཇོམས་པ་ཡིན་ནོ།། དེ་ནས་དང་པོའི་དཀྱིལ་འཁོར་དུ་འཇུག ་པའི་ཕྱག་རྒྱ་ནི་བ་རན་གསུམ་དང་ཁ་ཊྭཱཾ་ག། བཅིངས་ནས་མི་ནུས་པར་ནི་དགའ།། རྡོ་རྗེ་གར་བསྐོར་སྒྲོལ་བ་ཡི།། ཡོངས་སུ་བསྐོར་བ་འཛིན་པ་ཆེ།། ཀ་པུ་ཏ་ཡི་ཁ་སྦྱོར་ནི།། སྤྱི་བོར་གཞག་སྟེ་ཕབ ་ནས་ཀྱང་།། སྒེག་བཅས་མཛུབ་མོ་མཐེའུ་ཆུང་སོགས།། བཀྲོལ་ནས་རྡོ་རྗེ་ཅན་ལ་དབུལ།། འདི་ཡི་འཁོར་དུ་མ་ཞུགས་ཀྱང་།། རྡོ་རྗེ་སློབ་དཔོན་ཉིད་ཐོབ་འགྱུར།། རང་ཉིད་ཞུགས་པ་ཙམ་གྱིས་ནི། ་མཆོད་པས་དོན་ཡོད་གྲུབ་ཕྱིར་རོ།། ཡོངས་སུ་རྫོགས་པའམ་མ་ཚང་བ།། ཡང་ན་སླར་ཡང་ཅི་རྙེད་པའི།། མེ་ཏོག་ལ་སོགས་མཆོད་པ་ཡིས།། ཐུན་མོང་དངོས་གྲུབ་ཀུན་འགྲུབ་པའི།། བ་དན་གསུམ ་མཆོག་ཁ་ཊྭཱཾ་ག། སྒེག་བཅས་མཐའ་མ་ལ་སོགས་བཀྲོལ།། གློག་འགྱུར་མཆོག་ཏུ་བསྐོར་བ་ཡིས།། རྡོ་རྗེ་གར་གྱི་མཆོད་པས་མཆོད།། སྒེག་པ་དང་བཅས་པའི་འཛུམ་པའི་མིག་གིས་ཕྱག་འཚལ་བས། ་རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་རྗེས་སུ་ཆགས་པར་བྱས་ནས་ཕྱག་བྱེད་དུ་གཞུག་པའོ།། རྡོ་རྗེ་ཐལ་མོ་བསྐོར་བས་མ་ལུས་པར་བྱས་ནས་ཐམས་ཅད་ལ་བསྟོད་པའི་ཕྱག་རྒྱའོ།། ་དེ་བཞིན་གཤེགས་པ་ཐམས་ཅད་ལྕགས་ཀྱུ་མཆོག་ནི་རྡོ་རྗེ་བསྡམས་པའི་མཐེ་བོང་བརྟན་པའི་སྐྱིལ་མོ་ཀྲུང་མཛུབ་མོ་གཉིས་བཀུག་པའི་ལུས་དབུས་མ་མཉམ་པའི་ཁ་འབུས་པའི། ་མཆོག་གི་ཡན་ལག་སྤྱི་བོར་བཞག་ལ། གཡས་ལོགས་ཐམས་ཅད་ལ་ཅོད་པན་བཅིངས་ལ་མདུན་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་གདུད་པའི་ཚུལ་བྱས་ཏེ། འཕྲེང་བ་བཅིངས་པ་བྱས་ལ་སྒེག་པ་དང་བཅས་པས ་མཐེའུ་ཆུང་ལ་སོགས་པ་བཀྲོལ་ཏེ། ལོགས་གཉིས་ལ་དར་དཔྱངས་འཆིང་བའི་ཚུལ་བྱས་ལ་མཉམ་པའི་ཐལ་མོ་རྒྱས་བཏབ་པས་རྡོ་རྗེ་སེམས་དཔའི་དབང་བསྐུར་བར་འགྱུར་བ་ཡིན་ནོ།། དེ་ནས་བདེ་བ་ཆེན ་པོའི་རྡོ་རྗེའི་བདུད་རྩིའི་ཆུས་དབང་བསྐུར་བར་བྱ་སྟེ། ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན་ཉིད་དང་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་འགྱུར་བ་ཡིན་ནོ།། རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་རྡོ་རྗེའི་འོད་ཟེར་འབར་བའི་རྩེ་མོ ་ཅན་ཁ་དོག་དམར་པོར་སྦྱིན་པར་བྱའོ།། སློབ་མས་ཀྱང་སློབ་དཔོན་ལ་ཡོན་ཕུལ་ལ། དེ་ནས་མེ་ཏོག་ལ་སོགས་པའི་དབང་བསྐུར་བ་ཐམས་ཅད་ཀྱིས་སློབ་དཔོན་ལས་རྡོ་རྗེ་ཐལ་མོ་བསྐོར་བའི་ཕྱག་འཚལ ་བའི་ཕྱག་རྒྱས་བླང་བར་བྱ་སྟེ། དེ་ལྟར་ན་དཀྱིལ་འཁོར་ཐམས་ཅད་ཀྱི་ཆོ་གའོ།། དེ་ནས་དངོས་གྲུབ་ཐམས་ཅད་ཀྱི་དབང་ཕྱུག་གྲུབ་པའི་རྡོ་རྗེ་འཆང་ཆེན་པོ་རྒྱལ་པོ་སྒྲུབ་པའི་ཕྱག་རྒྱའི་རྒྱུད་ནི། བདེ་བ་ཆེན ་པོའི་གསང་བ་ཆེན་པོའི་ལྕགས་ཀྱི་རང་གི་སྙིང་མོའི་སྔགས་ལན་ཅིག་བརྗོད་པས་རྡོ་རྗེ་སེམས་དཔའ་སྤྱན་དྲང་ངོ་།། སེམས་དཔའི་སྐྱིལ་མོ་ཀྲུང་དང་ལྡན་པས་རྡོ་རྗེ་གར་གྱི་མཆོད་པ་འབུལ་བས་གློག་འབྲུ ་བའི་གར་དང་།། རྡོ་རྗེ་ཁུ་ཚུར་ཡོངས་སུ་གཟུང་བས་བསྙེམས་པ་དང་བཅས་པའི་རྡོ་རྗེ་མཚོན་ཆ་ལ་སོགས་པ་བསྒྲེང་བར་བྱས་ལ་སྒེག་མོ་དགའི་རྡོ་རྗེ་མས་ཕྱག་བྱའོ།། རྡོ་རྗེ་གྲུས་ནི་ཀླུ་ལེན་ཅིང་བཟླས ་པའི་དོན་ནི། རྡོ་རྗེ་གར་གྱི་མཆོད་པ་ཡིས།། ཡང་དག་མཆོད་ན་མྱུར་དུ་འགྲུབ།། དེ་ལས་དང་པོའི་རྡོ་རྗེའི་གསང་བའི་གླུ་འདི་དང་པོ་ལ་སོགས་པ་རྣམས་ཀྱིས་བླང་བར་བྱ་སྟེ། ཐམས་ཅད་བདེ་བ་དམ་པ ་རྗེས་སུ་ཆགས་པའི་ཐུགས།། རྡོ་རྗེ་སེམས་དཔའ་ཁྱོད་ནི་རབ་ཏུ་དགའ་བ་ཡིན།། བདེ་བ་ཆེན་པོ་བརྟན་ཞིང་འཐོར་བར་བདག་གྱུར་ཅིག། སོ་སོར་རྟོགས་ནས་མྱུར་དུ་བསྒྲུབས་ཤིང་ཕྱག་འཚལ་ལོ།། ་རྡོ་རྗེ་གླུ་ནི་འདི་ཉིད་ཀྱིས།། བདེ་ཆེན་ལ་ནི་ལན་ཅིག་བསྟོད།། རྗེས་སུ་ཆགས་ནས་ཤིན་ཏུ་དགྱེས།། བརྟན་པར་གྱུར་ནས་སྒྲུབ་པར་འགྱུར།། ཕྱག་རྒྱ་ཆེན་པོ་ལན་ཅིག་ཏུ།། སྙིང་པོས་བདག་བྱིན་བརླབས ་པར་བྱའོ།། ཤིན་ཏུ་གཡོ་མེད་ལྕེ་རྩེ་དང་།། སོ་དང་མཆུ་གཉིས་ཡང་དག་ལྡན།། རྡོ་རྗེ་དག་ནི་དབྱངས་དང་བྲལ།། རིགས་ཀུན་རབ་ཏུ་སྒྲུབ་པར་བྱེད།། རི་བི་ཏ་སོགས་ཧཱུཾ་གི་གླུ།། རྒྱན་ལྡན་ཅི་འདོད ་མི་ནུས་པར།། དྲུག་ལྡན་ལ་སོགས་སྙན་པའི་གླུ།། ཅི་འདོད་གྲ་མ་ར་གའི་གླུ།། རབ་དགའ་རྡོ་རྗེ་མཆོག་གིས་ནི།། ལྡན་དྷ་ར་བ་ཡི་ཀླུ་མཆོག་བླང་།། ངག་འདི་ནི་མཆོག་ཏུ་གྲུབ་པ་ཡིན་ཏེ། བཟླས་པ ་ཐམས་ཅད་ལ་དགོས་པ་ཇི་སྲིད་མངོན་པར་འདོད་པའི་བཟླས་པའོ།། བཟླས་པའི་དོན་མི་ཆེ་བའི་སྙིང་པོ་ཤེས་པ་ཡིན་ཏེ། རྡོ་རྗེ་སེམས་དཔའ་སྒྲུབ་པའོ།། ཕྱག་རྒྱ་ཆེན་པོས་རང་ལ་བྱིན་གྱིས་བརླབས ་པས་བརྡོ་རྗེའི་ལྟ་བས་དེ་བཞིན་དུ་ལྟ་ཞིང་རྡོ་རྗེ་བསྙེམས་པས་འཛིན་ཅིང་། ཡི་གེ་ཧཱུཾ་ཀི་གླུའི་བཟླས་པ་བཅོམ་ལྡན་འདས་བསྒྲུབ་པར་བྱའོ།། ལནཱ་ཅིག་སྒྲུབ་པ་ནི་ཇི་ལྟ་བ་བཞིན ་མངོན་པར་འདོད་པའི་བཟླས་པས་སོ།། དེ་ནས་དེའི་འོག་ཏུ་ཇི་ལྟར་མངོན་པར་བརྩོན་པ་དང་། ཇི་ལྟར་འདོད་པ་དང་། ཇི་ལྟར་མངོན་པར་འདོད་པ་དང་། ཇི་ལྟར་བྱིན་གྱིས་བརླབས་ནས ་ཡི་གེ་ཧཱུཾ་གིས་རླུང་གི་བཟླས་པས་དགའ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དགའ་བའི་ཤུགས་ཀྱི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་པོ་ཐམས་ཅད་ཇི་ལྟ་བ་བཞིན་དུ་འདོད་པ་དང་། ཇི་ལྟར་དགའ ་བསྒྲུབ་པའོ།། དེ་ནས་ཕྱག་རྒྱ་ཆེན་པོ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། ཇི་བཞིན་གཟུགས་ཀྱིས་རྗེས་འབྲངས་པས།། མཚན་མའི་ཕྱག་རྒྱ་ཡང་དག་ལྡན།། སེམས་དཔའ ་ཆེན་པོ་རང་ཉིད་འགྱུར།། དེ་ནས་དམ་ཚིག་གི་ཕྱག་རྒྱ་ནི་བདེ་བ་ཆེན་པོ་རྡོ་རྗེ་བཤད་པའོ།། འདི་ལས་རྡོ་རྗེ་མདའ་ལ་སོགས་པ་འབྱུང་བ་ཡིན་ནོ།། འདི་ལྟ་སྟེ། ཕྱི་རོལ་ཏུ་ཁ་བལྟས་པའི་མཛུབ་མོ ་གཉིས་བཀུག་པ་ཙམ་ནི་རྡོ་རྗེའི་མདའ་འོ།། མཐེ་བོང་ཡོངས་སུ་བཅིངས་པ་ནི་རྡོ་རྗེ་ཀི་ལི་ཀི་ལའོ།། མཐེ་བོང་གཉིས་ཁ་ཕྱེ་ནས་མཛུབ་མོ་གཉིས་ཀྱི་རྩེ་མོས་དབུས་མ་འདྲེན་པའི་སྲིན་ལག་དང་མཐེའུ ་ཆུང་མཉམ་པའི་ཁ་ཕྱེ་བ་ནི་རྡོ་རྗེ་ཆུ་སྲིན་ནོ།། བརླ་གཉིས་ལ་བསྐོར་ཞིང་གནས་པ་ནི་རྡོ་རྗེ་འདོད་པའི་དབང་ཕྱུག་མའོ།། རྡོ་རྗེ་ཐལ་མོ་རང་གི་སྙིང་ཁར་བསྐོར་བས་སྒེག་པ་དང་བཅས་པའི་མིག ་གིས་བལྟ་ཞིང་མགོ་བོས་ཕྱག་བྱས་ལ་སྤྱི་བོར་གཞགས་ཕྲ་བ་སྟེ་གྱེན་དུ་གཏོར་བ་དང་། འོག་ཏུ་བླུགས་པ་དང་མཐེ་བོང་སྦྱར་ནས་བསྐོར་བ་དང་རབ་ཏུ་བྱུག་པ་ནི་མེ་ཏོག་དང་། སྤོས་དང ་མར་མེ་དང་ཀ་དྲིལ་བུ་དང་ལྡན་པའི་རྡོ་རྗེ་མཆོད་པ་རྣམས་སུ་བརྗོད་པ་ཡིན་ནོ།། ཕྱིའི་མཚམས་རྣམས་སུ་རྡོ་རྗེ་ཐལ་མོ་སྙིང་ཁར་བསྐོར་བས་སྒེག་པའོ།། ཁ་ལ་ཡོངས་སུ་བསྐོར་ནས་སྤྱི་བོར་འཇོག ་པའོ།། གཡོན་པའི་མཛུབ་མོ་བཀུག། གཡོན་པ་གཡས་པས་བཀུག་པས་རྡོ་རྗེ་པི་ཝང་སྒྲེང་ཞིང་རྡོ་རྗེ་གླུས་མངོན་པར་བསྟོད་པའོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གར་བྱས་ལ་སྤྱི་བོར་རྡོ་རྗེ་ཐལ་མོ་བཅིང ་བའོ།། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པའི་གཡས་པའི་མཛུབ་མོ་ལྕགས་ཀྱུའོ།། མཐེ་བོང་གཉིས་ཀྱིས་མདུད་པའོ།། མཛུབ་མོ་དང་མཐེ་བོང་གཉིས་ཀྱིས་མདུད་པའོ།། གཉིས་ཀྱིས་ནང་དུ་མཐེ་ང ་བཅིངས་པའོ།། དེ་ནས་གསང་བའི་དམ་ཚིག་རྣམས་ནི་བདེ་བ་ཆེན་པོའི་རྡོ་རྗེ་དམ་ཚིག་གསང་བའི་སྔགས་ཀྱུ་སྟེ། དེ་ལས་བྱུང་བ་ནི། མཐེབ་མཛུབ་རྩེ་སྦྱར་དབུས་མའི་རྩེ།། མིག་འབྲས་ལྟར་བྱས་འཛིན་པའོ།། ་དབུས་མ་རྡོ་རྗེའི་འོག་ཏུ་ནི།། མཐེ་བོང་གིས་མནན་བཙིར་བར་བྱ།། རྡོ་རྗེ་འདྲེན་པ་དང་འདྲ་བ། སྲིན་ལག་མཐེའུ་ཆུང་ཁ་ཕྱེ་བ།། བསྐོར་ནས་པུས་མོར་གཞག་པ་སྟེ།། གཞན་རྣམས་ཐམས ་ཅད་ཇི་བཞིན་བཤད།། དམ་ཚིག་གི་རྡོ་རྗེ་འབེབས་པ་མཛུབ་མོ་གཉིས་བཀུག་པ་རྡོ་རྗེ་ཁུ་ཚུར་རོ།། དེ་ལས་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གཉིས་ཀྱིས་སོ།། འདི་ལྟ་སྟེ་གཡོན་པ ་བསྙེམས་པས་གཡས་པ་བསྟོད་པའི་ཚུལ་གྱིས་སྙིང་ཁར་བཟུང་བ་ནི་རྡོ་རྗེ་བསྙེམས་པའོ།། བསྟོད་པ་དང་བཅས་པའི་སྙིང་ཁར་འཛིན་པའོ།། རྡོ་རྗེ་བསྟོད་པའི་ཚུལ་ནི་ཀི་ལི་ཀི། ་ལའོ།། རྒྱལ་མཚན་སྦེང་བའོ།། བསྙེམས་པ་གཉིས་བསྟོན་པ་ནི་འདོད་པ་ཐམས་ཅད་ཀྱི་རྡོ་རྗེ་དབང་ཕྱུག་མའོ།། མཚམས་རྣམས་སུ་རྡོ་རྗེ་གར་བཤད་པའོ།། སྒེག་མོ་ལ་སོགས་པའང་དེ་བཞིན ་ནོ།། རྡོ་རྗེ་སྒོ་བ་རྣམས་ཀྱིས་ནི་གཡོན་པའི་མདུད་པ་ལག་པ་གཡས་པ་སྟེང་དུ་བྱུང་བས་རྡོ་རྗེ་བཀའ་བསྒོ་བ་བྱེད་པའོ།། མཛུབ་མོ་དང་མཐེ་བོང་མཁྲིག་མར་གཟུང་སྟེ་མདུད་དེ་བཙིར་བའོ།། རང་གི་སྙིང ་ཁར་དྲིལ་བུ་དཀྲོལ་བའི་ཚུལ་ལོ།། འདི་རྣམས་ཀྱིས་ཐམས་ཅད་དགུག་པ་དང་། བཅིང་བ་དང་། གཞུག་པ་དོན་ཡོད་པར་བསྒྲུབ་པར་བྱའོ་ཞེས་བྱ་བའང་གསུངས་སོ།། ཇི་བཞིན་གྲུབ་པའི་མཚན་མ་རྣམས།། ་དངོས་གྲུབ་ཆེན་པོ་མྱུར་དུ་གསོལ།། དང་བའི་ཕྱག་རྒྱ་དགེ་འདི་དང་།། དཀྱིལ་འཁོར་མེད་པ་རྣམས་ཀྱང་འགྲུབ།། དེ་ནས་དངོས་གྲུབ་མེད་པ་སྒྲུབ་པའི་ཕྱག་རྒྱ་ཆེན་པོ་བཅིང་བ་ནི། དང་པོའི་རྡོ་རྗེས་ཕྱག ་རྒྱ་བཞིའི་འཕྲེང་བའི་ཚུལ་དུ་བསྒྲུབ་པར་བྱའོ།། བཞུག་པ་དང་། དགུག་པ་དང་། བརྟན་པ་དང་། ལས་རྣམས་ལྟ་བས་སོ།། ལྟེ་བ་དང་། སྙིང་ཁ་དང་། དབང་བསྐུར་བ་དང་། སྤྱི་བོར་གཞག་པར ་བྱའོ།། དབུས་མའི་རྡོ་རྗེ་སྙིང་ཁ་དང་། རྟགས་དང་། ཁ་དང་། དབང་བསྐུར་བའི་གནས་སུ་བཞག་ནས་བཏུང་བར་བྱའོ།། མཛུབ་མོ་དང་། དབུས་མ་དང་། སྲིན་ལག་དང་མཐེའུ་ཆུང་གི་རྡོ ་རྗེའོ་དཔུང་པ་དང་། སྙིང་པ་དང་། ལྕེ་དང་ཀསྤྱི་བོར་བསྟོད་པའོ།། ནམ་མཁའ་བསྐྱེད་པ་དང་། མཛུབ་མོ་དང་། སྲིན་ལག་འགའ་བར་བ་དང་། སྙིང་བར་དགའ་བ་དང་། རང་གི་ལུས་ལ་བསྐོར་བའོ།། ་ཐམས་ཅད་བསྐོར་ནས་དབང་པོ་ཀུན་ལ་གཞག་པར་བྱའོ།། དབུ་མའི་རྡོ་རྗེ་དབང་པོ་ཐམས་ཅད་ལ་རེག་པའོ།། རང་གི་ལས་བྱས་པས་སོ།། དབང་བསྐུར་ནས་དེ་བཞིན་དུ་དངོས་གྲུབ་བྱེད་པའོ།། ས ་ལ་བཞག་ནས་བྱའོ།། ཐམས་ཅད་དུ་བསྐོར་ནས་ཡིད་ཀྱིས་སྤྲུལ་པར་བྱའོ།། འཛུམ་པ་མེད་པའི་ཁྲོ་ཞིང་འབར་ལ་གཡོས་པ་ནི་ལྟ་བའོ།། བཟའ་བ་དང་། བཏུང་བ་དང་རྒོད་པ་བསྐྱོད་པ་དང ་སྤྱི་བོར་བཀའ་བསྒོ་བའོ།། ཐམས་ཅད་དུ་བསྐོར་ཞིང་ཐམས་ཅད་དུ་དྲན་པའོ།། མཐེའུ་ཆུང་དང་། མཐེ་བོང་དང་། དབུས་མའི་རྡོ་རྗེ་བཞི་སྙིང་ཁར་བྱའོ།། མཛུབ་མོ་གཉིས་ཀྱིས་ཡི་གེ་ཧཱུཾ་དང་བཅས ་པས་དགུག་པར་བྱའོ།། དབུས་མའི་རྡོ་རྗེས་དཔྲལ་བར་འཕྲེད་ལ་མིག་བྱེད་པས་སོ།། རང་གི་སྙིང་ཁར་བཅིངས་ལ་གཡོ་བ་མེད་ཅིང་མ་བཙུམས་པའི་ལྟ་བས་ས་འོག་ཏུ་ལྟ་ཞིང་ཧ་ཧཱུ~ཾ་དྷི་ཞེས་བརྗོད་པར ་བྱའོ།། གནོད་སྦྱིན་ལ་སོགས་པའི་གདོང་པ་བྲིས་ནས་རྡོ་རྗེ་དགུག་པར་བྱའོ།། འོག་གི་ཕྱོགས་སུ་བཞག་ན་བརྟག་པར་འགྱུར་རོ།། ཁའི་དབུས་སུ་ཞུགས་ན་རབ་ཏུ་ཞུགས་པར་འགྱུར་རོ།། ཕྱག ་བྱས་ན་མཆོད་པར་འགྱུར་རོ།། སྙིང་ཁས་གྲུབ་པར་འགྱུར་རོ།། ཅིག་ཅར་དུ་སོར་མོ་ཐམས་ཅད་དྲལ་བ་ནི་ཡིད་ཀྱིས་ལས་སོ།། བཅིངས་ནས་རྗེཿཧཱུཾ་བཾ་ཧོཿདབུ་མ་ཕྱི་རོལ་ཏུ་བཅིངས་པས་སྤྱི་བོ་དང་། ་སྙིང་ཁ་དང་། ཁ་དང་འཕྱོགས་སུ་བསྐོར་བའོ།། སྙིང་ཁར་བཞག་ནས་རང་གི་རྡོ་རྗེར་སྒོམ་པའོ།། རང་ཉིད་བྱང་ཆུབ་སེམས་དཔར་སྒོམ་པའོ།། རང་དེ་བཞིན་གཤེགས་པ ་རྗེས་སུ་དྲན་པའོ།། རང་ཉིད་རྡོ་རྗེ་འཆང་ཆེན་པོར་རྗེས་སུ་དྲན་པའོ།། དེ་ནས་ལས་ཀྱི་ཚོགས་ཐམས་ཅད་སྒྲུབ་པའི་ཕྱག་རྒྱའི་རྒྱུད་ནི་རྡོ་རྗེ་གར་ལས་བྱུང་བའི་ཕྱག་རྒྱ་རྡོ་རྗེ་འཆང་བདག་དང་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱིས་ཀྱང་དོན་ཡོད་ཅིང་ཐོགས་པ་མེད་པའོ།། རྡོ་རྗེ་སྐུ་མཆོག་གི་གཙུག་ཏོར་གྱིས་ལས་ནི་རྡོ་རྗེ་བསྡམས་པ་བཙིར་བ་དང་། དབུས་མའི་ནོར་བུ་དང་། བསྐོར་བ་དང་སོར་མོ་ཐམས། ་ཅད་ཀྱི་རྡོ་རྗེ་དང་། སོར་མོ་ལྷག་པའི་འོད་ཟེར་གྱི་འཁོར་ལོའོ།། ཁྲོ་བོ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་འཁོར་ལོ་བསྐོར་ཞིང་བསྐོར་བའོ།། ཁར་བསྐོར་བའོ།། སྙིང་ཁར་ཕབ་ཅིང་འབར་བར་བྱེད་པས ་ཕྱོགས་ཐམས་ཅད་དུ་རྡོ་རྗེ་འབར་བའི་ར་བ་སྟེ། ཁྲོ་བོ་ཆེན་པོ་འབར་བའི་རྡོ་རྗེ་དག་གིས་ཀྱང་འཇུག་པར་ནུས་སོ།། དམ་ཚིག་བརྗོད་པར་བྱའོ།། སྒྲུབ་པ་ལ་བརྩམ་མོ།། རྡོ་རྗེ་སེམས་དཔའི་རྡོ་རྗེ་ལྷ ་བུའི་འཕྲོག་པ་རྣམས་ཀྱིས་གསུམ་དང་། བཞི་དང་། ཕྱིར་ལྡོག་པ་དང་། རྟག་ཏུ་འབྱུང་བ་དང་། དཔག་ཏུ་མེད་པ་ནི་བསྐོར་ཞིང་བཙུམ་པ་མེད་པའི་མིག་གིས་རབ་ཏུ་ཞི་བའོ།། རྡོ་རྗེ་ཁུ་ཚུར་གཉིས ་ཀྱིས་སལ་ན་ཆུང་གི་ལྕགས་ཀྱུའི་མདུད་པ་དང་འ་མཛུམ་མོ་གཅེས་མས་པའི་ལས་ནི་སྟོང་བར་རབ་ཏུ་བཞིས་པའོ།། ཁྱབ་པའོ།། མཆུན་པ་ལ་ཀྱི་མོས་ཅནན་པར་བྱའོ།། གས་པས ་གཞག་པའོ།། ཡོངས་སུ་བསྐོར་ནས་དེ་བཞིན་དུ་མཛོད་སྤུར་གཞག་པར་བྱའོ།། ཁ་ཊྭཱཾ་ག་གཉིས་ཀྱིས་རྡོ་རྗེ་བཅིངས་པས་མཐེའུ་ཆུང་རྡོ་རྗེའི་ལེགས་པར་བྱེད་པའི་ཚུལ་གྱིས་ཉེ་བར་འཕེལ་བཚོ ་བཀྲུས་པའི་ཚུལ་ལོ།། རྡོ་རྗེས་བརྡེག་པའོ།། ཐལ་མོས་ཕྲོག་པའོ།། རྡོ་རྗེས་བསླུས་པའོ།། རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་བཀུག་ཅིང་བསྣམས་ལ་ནང་དུ་བཞག་སྟེ་མཐེའུ་ཆུང་ག ་བྱེ་བའི་མཆེ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ།། དེས་མཐིལ་ཕྲ་བར་བརྡབ་པའོ།། མཛུབ་མོའི་སེན་མོ་དྲུད་པའོ།། དབུས་མའི་རྡོ་རྗེ་བརྟན་པའོ།། བྱབས་ནས་མྱུར་དུ་ཕྱག་རྒྱ་དགྲོལ་བའོ ་མོ་སྦྱར་ནས་རྡོ་རྗེ་གཙུག་ཏོར་རོ།། བ་དན་གསུམ་པ་གཉིས་ཁ་གྱེན་དུ་ལྟ་བ་དང་། འོག་ཏུ་ཁ་ལྟ་བའི་མཛུབ་མོ་དང་དབུས་མའི་མདུད་པ་བྱས་ལ། མཛུབ་མོ་དང་དབུས་མ་དེ་དག་འདུས་པའོ།། ་མཛད་ཀྱི་ལས་སོ།། མདུད་པ་བཙིར་བའོ།། ཅིག་ཅར་དུ་ཕྱག་རྒྱ་དགྲོལ་བའོ།། བཙིར་ནས་དྲལ་བའོ།། དབུས་མས་བསྣུན་ཏེ་ནམ་མཁའ་ལས་ལྟུང་བའི་ཚུལ་ལོ།། སློང་བའི་ཚུལ་ཡང་ངོ་།། @ ་གསུམ་པ་གཉིས་མཉམ་པའི་མཐེའུ་ཆུང་རྩེ་མོའི་རྡོ་རྗེ་དབུས་མ་གདུད་པས་ཡོངས་སུ་བསྐོར་བ་ལ་དབང་བསྐུར་བའི་གནས་སུ་མཛུབ་མོའི་རྩེ་མོ་བཞག་པའོ།། དབྱེ་བ་ནི་ཡི་གེ་ཧཱུཾ་གིས་སོ།། གདོན་ལས ་དརྡོལ་བ་ནི་ཡི་གཾ་ཧཱུཾ་གིས་སོ།། འཆི་བ་སློང་བ་ནི་ཡི་གེ་ཨ་ཡིས་སོ།། ཚེ་འཕེལ་བ་ནི་ཡི་གེ་ཧཱུཾ་གི་གླུས་སོ།། ཤིན་ཏུ་སྲུང་བ་ནི་ཡི་གེ་ཧཾ་གི་ཆོས་ཀྱི་དག་གིས་སོ།། པདྨ་ཆེན་པོ་བཅིངས་ནས་ཇི་སྲིད་འདོད་པའི ་བཟླས་པ་འམ། ཡང་ན་པདྨའི་ཁུ་ཚུར་གཡོན་པ་བསྙེམས་པས་མར་དང་ཀ་ཏིལ་མར་དང་ཏིལ་དང་། འབྲས་དང་། ཁམས་ཀྱི་ཕྱེ་མ་སྦྱིན་སྲེག་མཆོག་ཏུ་གྲུབ་པ་སྟེ ་ཨོཾ་ནི་བ་ར་ཎ་སརྦ་དྷ་མཱ་ཏྲ་བཛྲ་ཧ་ནི་ཧཾ། ཨོཾ་བི་ར་ཛོ་བི་ག་ཏ། སརྦ་དྷརྨཱ་བཛྲ་ཧ་རི་ཎི་ཧཾ། ཨོཾ་སཾ་ནོ་པ་སརྦ་དྷརྨཱ་པྲ་ཏི་བི་དྷ་བཛྲ་ཧ་རི་ཎི་ཧ། ཨོཾ་ནི་རོ་ཏི་མི་ཏ་སརྦ་དྷརྨཱ་ཏཱ་བཛྲེ་ཧ་རི་ཎི་། ཨོཾ་སརྦ་བྷ་ཝ ་བྷ་ས་ར་སརྦ་དྷརྨཱ་ཧ་རི་ཎི་ཧེ་ཀ་ཏ་ཀ་གཉིས་ཀྱི་རྡོ་རྗེ་བསྡམས་པ་ལེགས་པར་བྱེད་པའི་ཚུལ་གྱིས་སེན་མོ་དྲུད་པའོ།། འོག་དང་སྟེང་དུ་རྡོ་རྗེ་བསྡམས་པས་བསྐྱོད་པའོ།། རྡོ་རྗེ་བསྡམས་པའི་མཐེའུ་ཆུང ་ལ་སོགས་པ་དགྲོལ་བས་གར་རོ།། རྡོ་རྗེ་བསྡམས་པའི་མཛུབ་མོས་ངག་འབྱིན་པའོ།། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་ལྕགས་ཀྱུས་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་དང་། གཟུགས་བརྙན་གྱི་ཚུལ་གྱིས་གསལ་བར་སྟོན་པ་དང་། སྒྲ་བརྙན་གྱི་ཚུལ་གྱིས་སེམས་ཅན་ཐམས་ཅད་དང་བདག་ཉིད་ལ་བདེན་པ་ཐོས་སུ་གཞུག་པའོ།། ་རྡོ་རྗེ་དྲོ་བོའི་ཁུ་ཚུར་གཉིས་བཅིངས་ནས་རྡོ་རྗེ་ལྟ་བའི་ལས་སོ།། འཛུལྟ་སྟེ། འཛུམ་མེད་པའི་ལྟ་བ་སྦྱིན་པའོ།། མིག་འབྲས་སྟེང་དུ་ཡོངས་སུ་བསྐོར་བའོ།། བཙུམ་པས་མྱུར་དུ་ལྟུང་བའོ།། ་འོག་ནས་བླང་བའོ།། བྱབ་པའང་ངོ་།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཛུབ་མོ་བཀུག་ཅིང་ཡོངས་སུ་བསྐོར་ཏེ་མཆེ་བ་རྣམ་པར་གཙིགས་པའི་འཇིགས་པའི་གདོང་གི་གཡོ་བ་མེད་པ་ཉིད་དོ།། ་ཡན་ལག་ཐམས་ཅད་གློན་པར་འགྱུར་བའོ།། རབ་ཏུ་གཅིད་ལོག་ཅིང་ཁ་གདངས་པའོ།། རང་གི་སྒྲིབ་པར་བརྡེག་པའོ།། སྦྱར་དུ་མྱང་བའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་ཁ་གདངས ་འཇིགས་པར་བྱེད་པའི་ཁ་དང་ལྡན་པ་སྐྲ་གྱེན་དུ་བཛེས་པའི་སྤྱི་བོས་འོགནས་གྱེན་དུ་བླང་བར་བྱ་བའི་ལས་ནི་ཡི་གེ་བློ་དང་། རྡོ་རྗེ་ཁུ་ཚུར་མནན་པ་དང་ཡི་གེ་ཛྫ་དང་བཅས་པའི་ཡན་ལག་གི་མཆོག་གི་སྡིགས ་མཛུབ་དང་རང་ཉིད་མྱུར་དུ་ཟོས་པས་ལྷུང་བའོ།། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་སྲིན་ལག་དང་མཐེའུ་ཆུང་མཉམ་པ་ཁ་ཕྱེ་བའི་བ་དན་རྒྱལ་མཚན་མཆོག་གི་དཔུང་རྒྱན་གྱི་ལས་ནི་ཕྱག་འཚལ ་བ་དང་དགོད་པ་དང་། ལྕེ་བསྐྱོད་པ་དང་། དཔུང་པ་གཉིས་བསྙེམས་པས་བསྟོད་པ་དང་རྒྱལ་མཚན་སྦེང་བའོ།། སེམས་དཔའི་སྐྱིལ་མོ་ཀྲུང་གིས་གནས་ཤིང་རྡོ་རྗེ་གསོར་བ་ཉིད་ཀྱིས་ནི ་ནམ་མཁའ་དབུགས་གཏོར་བ་དང་། ཀུན་ཏུ་གཡོ་ཞིང་བཙུམས་པའི་ལྟ་བས་ཆར་འབེབས་པའི་ཚུལ་དང་། ཁྲོ་བོའི་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་བཟླས་པ་དང་། ལྟ་བ་དབྲོག་པ་དང་། དྲང་བས་ཡན ་ལག་བསྐོར་ཞིང་ཐམས་ཅད་རབ་ཏུ་འབར་བར་བྱེད་པ་འབེབས་པའོ།། རྡོ་རྗེ་བསྡམས་པའི་རྡོ་རྗེ་དྲན་མའོ།། རྡོ་རྗེ་བསྡམས་པའི་གཡོན་པའི་མཛུབ་མོ་བཀུག་པའི་ཤིང་བུའི་གཡས་པའི་མཛུབ་མོས ་བསྡུས་པ་ནི་རྡོ་རྗེ་པི་ཝང་ངོ་།། རྡོ་རྗེ་བསྡམས་པའི་ལག་མཐིལ་དང་མཉེ་བའོ།། ཁ་དབུས་མཉམ་པའི་དབུས་མ་ལྕེའོ།། རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱའོ།། བདེ་བ་ཆེན་པོའི་རྡོ་རྗེ་མཆོད་པའི ་ལས་ནི་དང་པོའི་གླུའི་བཟླས་པ་ཇི་སྲིད་མངོན་པར་འདོད་པའོ།། གཡོ་བ་མེད་ཅིང་དགོད་པ་དང་དགུག་པ་ནི་རབ་ཏུ་དགའ་བའི་རྡོ་རྗེའི་ལྟེ་བའི་ལྕགས་ཀྱུ་མས་སོ།། རང་གི་མ་མཆུ་སོ ་དག་གིས་ནང་དུ་ཡོངས་སུ་གཟུང་བའོ།། རང་གི་དབང་པོ་བསྐྱོད་པའོ།། རབ་ཏུ་དགའ་བའི་རྡོ་རྗེ་གར་གྱིས་ཡིད་ཀྱིས་འདོད་པའི་བཀའ་བསྒོ་བ་ཡང་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སྦྱོར་བ ་དེས་ཀྱང་འདའ་བར་མི་ནུས་ན། བརྟན་པ་དང་གཡོ་བའི་དངོས་པོ་གཞན་ལྟ་སྨོས་ཀྱང་ཅི་དགོས། རྡོ་རྗེ་ཐལ་མོའི་མཐེ་བོང་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་མཛུབ་མོ་སྒྲེང་བ་ནི་བཅོམ་ལྡན ་འདས་རྡོ་རྗེ་སེམས་དཔའི་རྡོ་རྗེའི་སྐུ་མཆོག་སྟེ། འདི་སྐད་ཅིག་བཟུང་བས་ཤིན་ཏུ་བྱིན་གྱིས་བརླབས་ནས་བཅོམ་ལྡན་འདས་བཟུང་ཞིང་མཆོད་ནས་སྒྲུབ་པར་འགྱུར་བ་དང་། དངོས་གྲུབ་ཐམས་ཅད ་ལ་གྲུབ་པ་དང་དགོས་པ་ཡིན་ནོ།། སྤྱི་བོའི་སྟེང་ནས་གཡས་སུ་བསྐོར་བར་བྱའོ།། ས་ལ་བཞག་ནས་ཁྲོ་གཉེར་གྱིས་གྱེན་དུ་དྲང་བར་བྱའོ།། གནོད་སྦྱིན་གྱི་གཟུགས་བརྙན་བྲིས་ལ་དེའི་སྙིང་ཁར་བཞག ་པར་བྱས་ན་མངག་གཞུག་ཏུ་འགྱུར་རོ།། དབང་ཕྱུག་ཆེན་པོའི་གནས་སུ་ཁྲོ་ཞིང་བཟླ་བར་བྱའོ།། མ་མོའི་གནས་སུ་བཅིང་བལ་ཡི་གེ་བྷྱོ་སྦྱར་བར་བྱ་སྟེ། མ་མོ་འཁོར་དང་བཅས་པ་ཐམས་ཅད་ཀྱི ་བསྙེན་བཀུར་དང་། རོལ་མོ་ལ་སོགས་པའི་བཀའ་བསྒོ་བ་ཐམས་ཅད་བྱེད་པར་འགྱུར་རོ།། རྡོ་རྗེ་གསོར་བ་དང་བཅས་བཞད་པའི་གདོང་གི་ལས་འདི་ལྟར་བྱ་བ་ཡིན་ཏེ། འདུས་ན་རྐང་པ་གཡོན་པས ་མམན་ནས་བསླབ་པར་བྱའོ།། མདུན་དུ་གཞོན་ནུ་མ་སྒྲུབ་ཅིང་མིག་གཉིས་ཀྱིས་འཕྲོག་པ་སྦྱར་བར་བྱའོ།། བྱུག་བྲིས་ནས་བལྟས་ཏེ་བསྒྲུབ་པར་བྱའོ།། དབང་ཕྱུག་ཆེན་པོ་གང་ས་གཡོན་པས་མནན་པ་ནིན། ་ཧཱུཾ་ལ་སྦྱར་བར་བྱའོ།། འདོད་པའི་དབང་ཕྱུག་རྡོ་རྗེ་མདས་བསྣུན་ཏེ། དེ་ནས་འོག་ཏུ་ཁ་ལྟ་བར་བཞག་སྟེ་གསོར་བར་བྱེད་པའོ།། རྡོ་རྗེ་གསང་བའི་མཆོད་པས་བདེ་བ་ཆེན་པོའི་དམ་ཚིག་ཅེས་བྱ་བའི་བཤད ་པོའོ།། ཐམས་ཅད་རྡོ་རྗེར་བྱེད་པ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གོ་ཆ་བཅིང་བར་བྱས་ལ་སྤྱི་བོ་དང་དབང་བསྐུར་བའི་གནས་སུ་གཉིས་གཉིས་བཞག་ལ། ལོགས་གཉིས་ལ་གཉིས་དང་འཕྲེང་བའི ་ཚུལ་གྱིས་དེ་བཞིན་དུ་དར་དཔྱངས་བཅིང་བའོ།། གཡོན་དུ་རྡོ་རྗེ་མདའ་འཕང་བའོ།། རྡོ་རྗེ་བསྙེམས་མའོ།། ཕྱག་རྒྱ་ཆེན་པོའང་ངོ་།། དཔལ་མཆོག་དང་པོ་ལས། ཕྱག་རྒྱ་ཐམས་ཅད་ཀྱི་ཆོ་ག ་རྒྱས་པའོ།། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་རྒྱུད་ནི་སེམས་དཔའི་རྡོ་རྗེ་མའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་རོ།། རྡོ་རྗེ་རིན་ཆེན་གྱིས་དབང ་བསྐུར་བ་བྱས་ན་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་དང་བཅས་པ་སྦྱིན་པར་བྱའོ།། མཆོད་པ་ནི་མཉམ་པའི་ཐལ་མོ་ཇི་ལྟ་བ་བཞིན་དུ་གྱེན་དུ་གཏོར་བ་ལ་སོགས་པ་རྣམས་ཀྱིས་སོ།། དེ་བཞིན་གཤེགས་པའི་ཁུ ་ཚུར་གཉིས་བཅིངས་པ་ནི་གཡོན་པའི་མཛུབ་མོ་ཕྱི་རོལ་དུ་ཁ་བལྟས་པ་གཡས་པའི་ཁུ་ཚུར་ཁ་བལྟས་པས་བཟུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་མངོན་པར་རྫོགས་པ ་བྱང་ཆུབ་མཆོག་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཞེས་བྱ་བར་བརྗོད་པ་སྟེ། དོན་ཡོད་ཅིང་ཐོགས་པ་མེད་པ་འདི་བཅིངས་པས་བླ་ན་མེད་པ་ཡང་དག་པར། ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་། འབྲས་བུ་དང་ལྡན་པ་དང་། བདུད་ལ་སོགས་པ་གཞན་གྱིས་ཐུབ་པར་མི་འགྱུར་རོ།། ཕྱག་རྒྱ་འདི་གང་གིས་བཅིངས་པས་དེ་ནི་དེ་བཞིན་གཤེགས ་པ་ཉིད་དུ་རྟོགས་པར་བྱེད་པའོ།། དེ་མཆོད་ན་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་འགྱུར་རོ།། དེ་ལ་ཕྱག་རྒྱ་ཆེན་པོ་ཐམས་ཅད་ཀྱི་ཆོ་ག་རྒྱས་པའོ།། ། དམ་ཚིག་གི ་ཕྱག་རྒྱ་ནི་པདྨ་ཆེན་པོའོ།། རྡོ་རྗེའི་ཕྱག་རྒྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་དུ་རྟོགས་པར་བྱེད་པའོ།། དེ་མཆོད་ན་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་འགྱུར་རོ།། སྐུ་མཆོག་ནི་བཤད ་ད་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་བཤད་པའོ།། རྡོ་རྗེ་ཐལ་མོ་འོག་ཏུ་བརྐྱང་ལ་མཐེ་བོང་དང་མཛུབ་མོ་རྩེ་མོ་བཅིང་བ་སྙིང་ཁ་ལས་བཏེག་སྟེ་དབང་བསྐུར་བའི་གནས་སུ་རྩེ་མོ་རབ་ཏུ་བཞག་པ་ནི་རིན་ཆེན་མའོ།། ་དེ་ཉིད་གྱེན་དུ་ཁ་བལྟ་བའི་མཛུབ་མོ་གཉིས་ཕྱིར་བཀུག་པས་རྡོ་རྗེ་པདྨའོ།། རྡོ་རྗེ་སེམས་དཔའ་རྡོ་རྗེ་མ་ནི་ཕྱི་རོལ་ཏུ་དབུས་མ་བཅིངས་པའོ།། ཆོས་ཀྱི་ཕྱག་རྒྱའོ།། དེ་ནས་ལས་ཀྱི ་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་ཞེས་བཤད་དོ།། གཡོན་པ་ཆོས་གོས་དང་བཅས་པ་རང་གི་སྙིང་ཁར་བསྟོད་པའི་ཚུལ་གྱིས་བཟུང་སྟེ། གཡས་པས་ས་གནོན་ཅིང་རབ་ཏུ་རྒྱལ་བར་བྱེད་པ་ཞེས ་བྱབས་དེས་བདུད་ཀྱི་སྟོབས་རྣམས་འཇོམས་པའོ།། ན་ཉིད་ཡོངས་སུ་བསོར་ཏེ་སེན་དུལ་བས་པར་བཟུང་ནས་གཟེངས་བསྟོར་པ་ཞེས་ཀྱ་སྲུང་བ་སློང་བར་བྱེག་ཅིང་ལུང་སྡོན་པར་བྱེད་པར། ་དེ་ཉིད་ཆོས་གོས་མཐའ་མར་པདྨའི་འདམ་མཁ་འབྱེད་པར་བྱེད་པ་ཆོས་འབྱུང་སྟེ། ཆོས་ཐམས་ཅད་སྐྱོང་བར་བྱེད་པའོ།། དེ་ཉིད་པ་དན་གསུམ་གྱིས་བཟུང་བ་སྤོང་བར་བྱེད་པ་སྟེ། གདོན་མི ་ཟ་བར་དངོས་གྲུབ་རོལ་པའོ།། འདི་རྣམས་གཡས་པས་ལས་བྱེད་ཅིང་དོན་ཡོད་པ་དང་བཅིངས་པ་ཙམ་གྱིས་འགྲུབ་པའོ།། ལྷག་མ་ནི་ཇི་ལྟ་བ་བཞིན་དུ་བཟུང་བས་སོ།། དེ་ནས་ལས་ཀྱི་ཕྱག ་རྒྱུ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ནད་གཟིར་བའོ།། མིག་ཡོངས་སུ་སྦྱང་བའོ།། སྙིང་པར་གཞག་པའོ།། ཁྱབ་པའོ།། ཁུ་ཚུར་གྱིས་འཕྲོག་པའོ།། བཟའ་བའི ་ཁྲོས་ནས་གཏོར་བར་བྱའོ།། ཕུར་བུ་གདོན་པའོ།། ཏིང་པ་ལ་བརྡེག་པའོ།། ཡི་གེ་ཨོཾ་བྲིས་ནས་དབྱི་བར་བྱའོ།། སོ་རྣམས་ཀྱིས་གཟུང་བར་བྱའོ།། ཡི་གེ་ཧཱུཾ་དང་བཅས་པས་བརྡེག་པར་བྱའོ།། ་མཚོན་ཆ་བྲིས་ནས་དབྱི་བར་བྱའོ།། ཀུན་ཏུ་སྦྱིན་སྲེག་བྱའོ།། དཱུར་བའི་སྦྱིན་སྲེག་བྱའོ།། སྤྱི་བོར་བཞག་ལ་བལྟ་བས་བྱབ་པར་བྱའོ།། སྟེང་དུ་ཁ་ཊྭཱཾ་ག་བཟུང་བའོ།། རང་གི་ཁྱིམ་དུ་བསྐོར་བར ་བྱའོ།། རང་གི་ཁྱིམ་དུ་གཞག་པར་བྱའོ།། འཇུག་པར་བྱའོ།། སྙིང་ཁ་ལས་གདོན་པར་བྱའོ།། ལུས་ལ་བསྐོར་བར་བྱའོ།། ངག་འབྱིན་པའོ།། སྙིང་ཁར་བཙིར་བར་བྱའོ།། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་ནི་སྐུ་མཆོག་གོ།། བརྟན་པར་བྱའོ།། དབང་པོ་ལ་གཞག་པར་བྱའོ།། ཁ་ལའོ།། དེ་ཉིད་དུ་བསྐོར་བར་བྱའོ།། དཔྲལ་བར་གཞས ་པར་བྱའོ།། སྙིང་ཁར་རོ།། དཔུང་བ་གཉིས་ལའོ།། བརླ་གཉིས་ལའོ།། འཕྲེང་བ་བཅིང་བའོ།། དབང་པོ་རྣམས་ལའོ།། སྤྱི་བོ་ལའོ།། གདོང་པ་ལའོ།། ཁ་ལས་བཏོན་ནས་སོ།། ཐམས་ཅད་དུ ་བསྐོར་བར་བྱའོ།། ཕྱོགས་རྣམས་སུ་བསྐོར་བར་བྱའོ།། རང་དང་གཞན་དག་དེ་བཞིན་གཤེགས་པ་རྗེས་སུ་དྲན་པའོ།། གླིང་ཁ་ལས་རྗེས་སུ་དྲན་པའོ།། སྙིང་ཁང་བཞག་ནས་དགའ་བ་བསྐྱེད ་པར་བྱའོ།། སངས་རྒྱས་ཉིད་བསྐྱེད་པར་བྱའོ།། སངས་རྒྱས་ཐམས་ཅད་ཉིད་སྒོམ་པའོ།། ཕུང་པོ་ལྔ་ལ་གཞག་པར་བྱའོ།། རྫ་མཁན་གྱི་འཁོར་ལོ་ལྟར་བསྐོར་བར་བྱའོ།། ་ལུས་རྗེས་སུ་དྲན་པའོ།། ལྕེ་གཞག་པར་བྱའོ།། ཡིད་ཀྱིས་མངོན་པར་གདུད་པར་བྱའོ།། གཏོང་བ་རྗེས་སུ་དྲན་པའོ།། ཚུལ་ཁྲིམས་སོ།། བྱམས་པའོ།། བརྩོན་འགྲུས ་སོ།། ཏིང་ངེ་འཛིན་ནོ།། ཤེས་རབ་བོ།། ཡེ་ཤེས་སོ།། སྟོབས་སོ།། ཐབས་སོ།། ངེས་པར་བརྗོད་པའོ།། སའོ།། སྤྱོད་པའོ།། སོ་སོ་ཡང་དག་པར་རིག་པའོ།། མ་འདྲེས ་ང། རྒྱས་སོ།། ལུས་རྣ་ཚོགས་སོ།། སེམས་ཅན་གྱིདོན་ནོ།། སངས་རྒྱས་ཀྱང་དོར་ནོ།། ལུས་སོ།། ངག་གོ།། འངས་ཛི་ཆེན་པོའོ།། མ་མ་ཉམ་ཁམ། ཡོས་ན་ན་ཆུ་། ཨོཾཙནྡ་མ་། ་ཨོཾ་ཨ་ནི་རདྦྷ། ཨོཾ་ཛི་ཏི་བི་ར་བར་ཏེ། ཨོཾ་སརྦཱ་ཛྙཱ་ནེ། ཨོཾ་མ་ཧཱ་རཱ་གཱ་དྷཱརྨ་ཏེ། ཨོཾབི་དྱཱ་ཀ་བནྡྷེ། ཨོཾ་བཛྲཱ་དྲྀ་ནཱ་ཙིཏྟེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ། ཨོཾ་སྭ་བྷཱ་བ་བི་ཤུདྡྷཿདྷརྦྦ་ཏཱཛྙཱ་ན་བི་ཤུདྡྷེ། ཨོཾ་ཀརྨྨ་བི་ཤུདྡྷེ། ་ཧཱུཾ་སུམྦྷ་བཛྲི་ཎི་ཕཊ། ཨོཾ་ཀརྨྨ་རཱ་གེ། ཨོཾ་བཛྲ་བཛྲེ་ཎི། ཨོཾ་ཧཱུ~ཾ་སརྦ་དྷརྨཱ་ཎཱ~ཾ། ཨོཾ་ཧྲཱིཿ། ཨོཾ་ཨ་ཀཱ་རོ་མུ་ཁཾ། ཨོཾ་པྲཛྙཱ་པ་ར་མི་ཏཱ་ཡཻ། བ་ཧཱུཾ། ཨོཾ་ཨེ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཀཱ་ཡ་གྲྀ། ་སརྦ་ཏི་ཐཱ་ག་ཏཱ་བྷ་བི་ཤུདྡྷེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ། ཨ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངག་གི་ཕྱག་རྒྱ་ནི་དབྱངས་ཤིན་ཏུ་ཟབ་པའི་སྒྲ་དང་ལྡན་པའི་ཕྱག་རྒྱའི་ཆོས་ཀྱི་ངག ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངག་ཐོགས་པ་མེད་པར་འགྲུབ་པའོ།། དེ་ནས་བཟླས་པ་ནི་རྗེས་སུ་དྲན་པས་སོ།། སྒྲུབ་པ་ལ་དེ་བཞིན་ནོ།། ལས་ལ་ཉེ་བར་སྦྱོར་བ་ནི་དེ་བཞིན་གཤེགས་པ་ཐམས ་ཅད་རྗེས་སུ་དྲན་པས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་བཅིང་བའོ།། དེ་ནས་རྡོ་རྗེ་ཉི་མ་མ་ལྟར་འབར་བའི་ཕྱག་རྒྱ་བཅིང་བ་ནི། དེ་ལ་ཕྱག་རྒྱ་ཆེན་པོ་ནི་བདག་ཉིད་ཐམས་ཅད་ཀྱིས ་རྗེས་སུའོ།། དམ་ཚིག་གི་ཕྱག་རྒྱའི་རྒྱུད་ནི། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་སོར་མོ་ཐམས་ཅད་ཀྱི་འབར་བའི་དཀྱིལ་འཁོར་གྱི་ནང་མཐེ་བོང་གི་རྡོ་རྗེ་བཞག་ལ་ཁམས་གསུམ་པ་ཐམས་ཅད་སྲེད ་པ་དང་། འཚེད་པ་དང་། ཐལ་བར་བྱེད་པར་ནུས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་དབང་དུ་བྱེད་པར་འགྱུར་རོ།། དེ་ཉིད་ཀྱི་གཡོན་པའི་སོར་མོ་སྡིགས་མཛུབ་བྱ་ཞིང་གཡས་པའི་ལྕགས་ཀྱུས ་དགུག་པར་བྱས་ན་ཐམས་ཅད་འགུགས་པའོ།། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་ནི་ཁྲོ་བོའི་རྡོ་རྗེ་ཁུ་ཚུར་གཉིས་པའི་རྡོ་རྗེས་མཐེའུ་རླུང་གི་སྔགས་ཀྱུས་བཅིངས་ཏེ། དེས ་སྡིགས་མཛུབ་བྱ་བ་བཞིང་ལས་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་ཉམས་སུ་མྱོང་བ་ཡིན་རོ།། རྡོ་རྗེ་ཐལ་མོས་མཛུབ་མ་བཅིངས་ལ་ཁྲོ་གཉེར་ཐུར་དུ་གཞག་པར་བྱ་ཞིང་མེ་སྟག་ཏུ་མྱུར་དུ་འགྲོ་ཞིང ་གཡོ་བ་ནི་རྡོ་རྗེ་ཁྲོ་ག་ཉེར་རོ།། ཐམས་ཅད་སྲེག་པར་བྱེད་པ་དང་། ཐམས་ཅད་འདུལ་བར་བྱེད་པ་དང་། རབ་ཏུ་འདུལ་བར་བྱེད་པ་ནི་ཁྲོ་གཉེར་གྱི་ཕྱག་རྒྱའོ།། རྡོ་རྗེ་ཐལ་མོས་ལེགས་པར་བསྐོར ་བར་གཡོན་པའི་མཛུབ་མོ་ལྕགས་ཀྱུ་སྟེ་དགུག་པ་དང་། གཞུག་པ་དང་། སྒྲུབ་པ་ཐམས་ཅད་ལ་དོན་ཡོད་པའོ།། རྡོ་རྗེ་པདྨ་དབུས་མཉམ་པའི་ཁ་འབུས་ཀྱི་མཛོད་དོ།། རྡོ་རྗེ་པདྨ་ནི་ཐམས་ཅད ་གཅོད་པར་བྱེད་པའོ།། རྡོ་རྗེ་བསྡམས་པ་ནི་མཐེ་བོང་དང་མཛུབ་མོའི་གདུ་བུས་གཡས་པའི་ཧཱུཾ་གིས་མཛུབ་མོ་བཟུང་སྟེ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། མཆོག་ཏུ་གྲུབ་པའོ།། རྡོ་རྗེ་ཧཱུཾ་མཛད ་ལས་བྱུང་བ་ནི་གཡས་པའི་མཛུབ་མོས་གཡོན་པའི་ཡི་གེ་ཧཱུཾ་བཟུང་བ་སྟེ། གཞུ་རྒྱུད་འདྲེན་པ་ཞེས་བྱ་བ་ཐམས་ཅད་རྗེས་སུ་ཆགས་པར་བྱེད་པ་དང་འབིགས་པར་བྱེད་པའོ།། རྡོ་རྗེ་བསྡམས་པ ་ལས་རྡོ་རྗེ་ཧཱུཾ་མཛད་ཀྱི་མཆོག་གོ།། རྡོ་རྗེ་བསྡམས་པའི་གཡོན་པའི་རྡོ་རྗེ་ཁུ་ཚུར་གཡས་པའི་རྩེ་གསུམ་གྱིས་མཚན་པས་ཡོངས་སུ་བཟུང་བ་སྟེ། ཐམས་ཅད་དྲལ་བར་བྱེད་པའོ།། རྡོ་རྗེ་ཧཱུཾ་མཛད ་ཀྱི་གཡས་པའི་ཁུ་ཚུར་གྱིས་མཐེའུ་ཆུང་ཡང་དག་པར་བརྐྱང་བ་གཡོན་ལག་པའི་སྟེང་དུ་བཞག་པ་ནི་ཁ་ཊྭཱཾ་ག་བསྒྲེང་བ་སྟེ། གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཕྱེ་ཞིང་དྲལ་བར་བྱེད་པ་དང་། རྒྱས་འདེབས་པ ་དང་། གསོད་པ་དང་། ཟབ་ལ་སོགས་པའི་ཡོ་བྱད་ཐམས་ཅད་གཡས་པས་འཁོར་ལོ་བཟུང་བའི་ཚུལ་གྱིས་སྟོད་ཅིང་དོར་བ་སྟེ། ཐམས་ཅད་གཅོད་པ་དང་། གཅོད་པར་བྱེད་པའོ།། རྡོ་རྗེ་ཆེན་པོ ་ཁྲོ་བོའི་རྡོ་རྗེའོ།། གཡས་པའི་རྡོ་རྗེ་འབེབས་པ་དང་། སྦྱོར་བ་སྤྲོ་ཞིང་གཡོ་བའི་འདབ་མ་ཅན་གྱི་བ་དན་གསུམ་པའོ།། རྡོ་རྗེ་བསྡམས་པའི་མཐེ་བོང་དང་མཛུབ་མོ་གཉིས་ཀྱི་རྡོ་རྗེ་ལས་བྱུང་བའི ་སྲིན་ལག་མཉམ་པར་སྦྱར་ཞིང་མཐེའུ་ཆུང་ཁ་ཕྱེའོ།། དཔལ་ཐམས་ཅད་བྱེད་པ་དང་། རྣམ་པར་རྒྱལ་བར་བྱེད་པ་དང་། གདུག་པ་ཐམས་ཅད་འཇོམས་པར་བྱེད་པ་དང་། ཐམས་ཅད ་འབེབས་པར་བྱེད་པའོ།། རྡོ་རྗེ་སེམས་དཔའི་དབང་བསྐུར་བཤད་པའོ།། རྡོ་རྗེའི་རིགས་ཐམས་ཅད་ཀྱི་ནི། རྡོ་རྗེ་ཐལ་མོ་མཉམ་བྱས་ལ། མཛུབ་མོ་གཉིས་ཀྱིས་དར་དཔྱངས་བཅིངས།། མཐེ ་བོང་སྲིན་ལག་རྡོ་རྗེ་ནི། ཡོངས་སུ་བསྐོར་ཏེ་དབང་བསྐུར་རོ།། འབར་བའི་རྡོ་རྗེ་རྩེ་ལྔ་པ་ཕྱག་ནས་གཟུང་བར་བྱའོ།། ཅི་འབྱོར་པས་སློབ་དཔོན་ལ་ཡོན་ཕུལ་ཏེ། དངོས་གྲུབ་ཐམས་ཅད་ཀྱི ་མཆོག་ཕུན་སུམ་ཚོགས་པ་རྣམས་འགྲུབ་པར་འགྱུར་རོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། རྡོ་རྗེ་ཕྱག་རྒྱ་རྡོ་རྗེ་རིན་ཏི་རི་ལས་འབྱུང་བ་སྟེ། དོན་ཡོད་ཐམས་ཅད ་སྒྲུབ་པར་བྱེད་པའོ།། དེ་ནས་ལས་ཀྱི་ཕྱག་རྒྱ་བཞི་ནི་དམ་ཚིག་གི་ཕྱག་རྒྱའི་ལྷ་མོ་རྣམས་སོ།། དེ་ནས་བཅོམ་ལྡན་འདས་ཀྱི་ལས་ཀྱི་དམ་ཚིག་ནི་རྡོ་རྗེ་ཁུ་ཚུར་གཡོན་པས ་བསྙེམས་པ་ཐམས་ཅད་སྒྲུབ་པ་དང་། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་གསོར་བ་སྟེ། འདིས་ཐམས་ཅད་བརྒྱལ་བ་དང་། འབར་བ་དང་། སྲེག་པ་དང་། ལྟུང་བ་དང་། རྒྱས་བཏབ་པ་དང་། བསད་པ། ་དང་། སློང་བ་དང་། ཁམས་གསུམ་ལས་རྣམ་པར་རྒྱལ་བ་དང་། བརྟན་པ་དང་། གཡོ་བ་ཐམས་ཅད་ལ་ངེས་པར་སྦྱོར་བ་དང་། དངོས་གྲུབ་དང་། མཆོག་ཐམས་ཅད་སྒྲུབ་པའོ།། དེ་ནས་ལས་ཀྱི ་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་སྡིགས་མཛུབ་དང་བཅས་པའི་མཛུབ་མོ་ནི་ཁྲོ་བའི་ཁུ་ཚུར་རོ།། དེ་དག་ལས་དམ་ཚིག་ཕྱག་རྒྱའོ།། མཛུབ་མོའི་སོར་མོ་གཉིས་ཀྱིས་ཐམས་ཅད་དགུག་པའོ།། སྙིང་ཁར་ཅིག ་ཤེས་དང་གཡས་པའི་གདུག་པ་ཐམས་ཅད་གཅོད་པའོ།། མ་ཁྲིག་མའི་མདུད་པས་གཡས་པའི་ཁྲོ་བོ་འགུགས་པས་ཐམས་ཅད་དགུག་པ་རབ་ཏུ་གཞུག་པའོ།། བསྟོད་པ་དང་བཅས་པའི་མདའ ་འཕངས་པའོ།། དེ་བཞིན་དུ་རྡོ་རྗེ་རྩེ་གསུམ་པ་ལ་སོགས་པའི་རྡོ་རྗེ་གར་གྱི་སྦྱོར་བས་རང་གི་ཕྱག་རྒྱ་གྱེན་དུ་འཕང་བའོ།། ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་གཉིས་སུ་བྱས་ལ་རྡོ་རྗེ་ཐལ་མོ་རྣམས་ཀྱི་ལས ་ཀྱི་ཕྱག་རྒྱ་སྟེ། རྡོ་རྗེ་གར་གྱི་སྦྱོར་བས་རང་གི་དམ་ཚིག་གིས་ཕྱག་རྒྱ་སྟེང་དུ་དོར་བ་སྟེ་ཐམས་ཅད་ལ་རྒྱས་གདབ་པ་དང་། སྒྲུབ་པ་དང་། གསོད་པ་དང་། འབེབས་པ་དང་། འཚོ་བར་བྱེད་པ། ་ནིནིརྡོ་རྗེ་གར་གྱི་མཆོད་པའོ།། དེ་ནས་ངག་གི་ཕྱག་རྒྱ་ནི་སྤྲིན་གྱི་སྒྲ་སྒྲོག་པའི་ཧཱུཾ་ཡིག་གི་ཧཱུཾ་པྲ་པའི་སྒྲ་དང་བཅས་པ་ཁྲོ་ཞིང་གསལ་བའི་ཁྲོ་བོའི་རྡོ་རྗེ་དགགོ།། སྒྲུབ་པའི་དོན་བསྒྲུབ་པར་བྱའོ།། དེ་ནས། ་མགྲུབ་ན་ལས་ཀྱི་ཕྱག་རྒྱ་བཅིང་བའོ།། སྒྲུབ་པ་ནི་དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་ལན་ཅིག་ཏུ་བྱའོ།། ལས་ལ་ངེས་པར་སྦྱོར་བ་ཁྲོག་ཉེར་གྱིས་སོ།། རྡོ་རྗེ་ཧཱུཾ་མཛད་ལས་བྱུང་བའོ།། རྐེ་ཚེ་དང ་བཅས་པའི་ཏིལ་མར་རྣོན་པོའི་སྦྱིན་སྲེག་ནི་གཡས་པས་སོ།། དེ་ཉིད་ཀྱིས་བཏང་བའོ།། དེ་ཉིད་ཀྱི་ཐམས་ཅད་འརིང་བའོ།། གཡོ་བ་མེད་པ་ཉིད་དོ།། གཉིས་ལོག་པ་བསྟན་པའོ།། ་ཁྲོ་བོའི་རྡོ་རྗེ་ལྟ་བའི་སྡིགས་མཛུབ་བོ།། ཕྱག་རྒྱ་གློད་པར་གྱུར་པའོ།། མཛུབ་མོ་གཉིས་ཡང་དག་པར་སྦྱར་ནས་ཕྱེ་བའོ།། དེ་དག་ཉིད་ཀྱིས་གདུ་བུ་བཅིང་བའོ།། མཆེ་བས་བཙིར་བའོ།། ་དེ་ནས་དྲལ་བའོ།། གཡས་པས་བརྡེག་པའོ།། མཛུབ་མོ་གཉིས་ཀྱིས་འབར་བའོ།། གཡས་པའི་མཛུབ་མོ་གཡོན་པ་ལྟུང་བའི་ཚུལ་ལོ།། མཛུབ་མོ་གཉིས་ཀྱིས་འབར་བར་བྱེརརོ།། ་གཅོད་པའོ།། མཛུབ་མོ་གཉིས་ཀྱི་སོར་མོ་སྦྱར་བའི་རྩེ་མོ་གཅོད་པའོ།། ལག་པ་གཉིས་དྲག་ཏུ་མཉེ་བའོ།། ཐམས་ཅད་དུ་སོར་མོ་ཐམས་ཅད་དོར་བའོ།། ཅིག་ཅར་དུ་ཕྱག་རྒྱ་དགྲོལ ་པའོ།། དྲང་ཞིང་གཡོ་བས་སྡིགས་མཛུབ་བོ།། གཡས་པའི་མཛུབ་མོ་གདེངས་ཀ་བསྐྱོད་པས་སྡིགས་མཛུབ་བོ།། གཡས་པའི་མཛུབ་མོ་མཆེ་བས་གཟུང་བའོ།། ངུ་བ་དང ་དགོད་པ་དང་། རྒྱག་པ་ལ་སོགས་པས་བསྟན་པའོ།། མཛུབ་མོ་གཉིས་ཀྱིས་སེ་གོལ་རྡེག་པའོ།། གཡོན་པའི་སྟེང་དུ་གཡས་པ་ཉེ་བར་གཞག་པའོ།། ས་ལ་རབ་ཏུ་གཞག ་པའོ།། བསྐྱོད་པར་བྱའོ།། གར་བྱའོ།། འབྱིན་པའོ།། བརླབ་པར་བྱའོ།། ཐམས་ཅད་དུ་བརླབ་པར་བྱའོ།། ཧ་ཧར་དགོད་པའོ།། བསྐོར་བའི་དགུག་པར་བྱའོ།། དྲང་བར་བྱའོ།། གཏང ་བར་བྱའོ།། ཡོངས་སུ་བསྐོར་ནས་ནུབ་པར་བྱའོ།། དེ་ནས་དོར་བའོ།། མྱུར་དུ་དོར་བའོ།། དེ་བཞིན་དུ་ཀུར་ནས་འདྲེན་པའོ།། དེ་བཞིན་དུ་གྱེན་དུ་ཟང་བའོ།། རང་ཉིད་ཀྱི་ང་རོ་བྱའོ།། ་བདག་ཉིད་ལ་བརྡེག་པར་བྱའོ།། སྙིང་ཁར་བརྡེག་པར་སྦྱིན་པར་བྱའོ།། རང་ཉིད་ཀྱིས་རང་གི་སྐྲ་འབལ་བར་བྱའོ།། སྣང་བར་སྡོམ་པའོ།། རང་གིས་གོས་སྟོད་པར་བྱའོ།། ཁྲོ་བས་དེ་བཞིན ་དུ་འབར་བ་སྟོན་པའོ།། གཡས་པའི་མཛུབ་མོ་ལྕགས་ཀྱུའོ།། དེ་ཉིད་ཀྱི་རབ་ཏུ་གཞུག་པའོ།། གཡས་པའི་ས་གོལ་ལོ།། གཡོན་པའི་སོ་གོལ་ལོ།། ལྕེ་རེག་པ་ནི་རི་མཛུབ་མོ་གཉིས་ཀྱིས་སོ།། ཡན ་ལག་ལ་བསྤུ་གཡས་སུ་བསྐོར་བསྐོར་བས་འཁྱིལ་བའོ།། ལྟུང་བ་ལ་སོགས་པ་བྱེད་པའོ།། དུས་སུ་སྒོམ་པའོ།། ཁྲོ་བའི་ལྟ་བས་ཤིང་དྲུང་རྣམས་ལ་ཡིད་ཀྱིས་འདོད་པའོ།། དེ་བཞིན་དུ་ས་ལའོ།། ་ལྟེ་བའོ།། སྨིན་མའོ།། སོའོ།། པུའོ།། ཕྱག་རྒྱས་བརྡེག་པའོ།། རྒྱལ་མཚན་གླེང་བའོ།། ཁྲོ་བོ་དང་བཅས་པའི་འཇིགས་བྱེད་ཀྱི་བལྟ་བས་སོ།། འཛུམ་པ་མེད་པས་བལྟ་བས་སོ།། ་དེ་བཞིན་དུ་འབར་བའི་ཆིང་བས་སོ།། ཕྱག་རྒྱ་བསྐོར་བའོ།། གཙུག་ཏོར་ལས་མཛུབ་མོའི་རྡོ་རྗེ་གཞག་པར་བྱའོ།། དེ་བཞིན་དུ་སྙིང་ཁར་རོ།། ཕྱག་རྒྱ་དེ་དགྲོལ་བའོ།། ཕྱག་རྒྱ་ཟུར་དུ་བསྲུང་། ་བའོ།། མཛུབ་མོའི་རྩེ་མོ་བརྟན་པར་སྦྱར་བའོ།། ལྟ་བས་སྟེང་ནས་འོག་ཏུ་ལྟུང་བའོ།། འོག་ནས་གྱེན་དུ་འདྲེན་པའོ།། ཡི་གེ་ཧཱུཾ་ཁྲོས་པའོ།། འཇིགས་བྱེད་ཀྱི་བལྟ་བས་སོ།། རྡོ་རྗེ ་ཁ་ཊྭཱཾ་ཀ་དྲལ་པ་ཁྲོ་བས་སོ།། རྡོ་རྗེ་སྙིང་ཁར་སྒོམ་པའོ།། རྡོ་རྗེ་རྩེ་གསུམ་དྲལ་བའོ།། གདུག་པའི་དཀྱིལ་འཁོར་གཞིག་པར་བྱའོ།། ཡི་གེ་ཧཱུཾ་གིས་སོ།། ཧིའོ།། གཡས་སུ་དབུགས་དབྱུང་བའོ།། ་དེ་ཉིད་ཀྱི་དོང་རྩེ་གསོར་བའོ།། ཁྲོ་བོའི་ལྟ་བ་དེ་བཞིན་དུའོ།། ཁུ་ཚུར་གཡས་པས་མནན་ཏེ་གཡོན་པས་སོ།། བཟུང་ནས་དགུག་པར་བྱའོ།། དོང་ཚེ་གསོར་བ་ནི་གཉིས་ཀྱིས་སོ།། གཡོན ་པའི་དྲིལ་བུ་དྲལ་བའོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་ཀྱི་གཡས་པའི་ཁུ་ཚུར་གཡོན་པའི་རྡོ་རྗེ་ཁྲོ་བོས་མནན་ཏེ་མཐེའུ་ཆུང་གི་གདུ་བུ་དཀྲོལ་བའི་ཁུ་ཚུར་གྱིས་འཕྲོག་པར་བྱའོ།། གཡས་པའི་དྲིལ ་བུ་དྲལ་བའོ།། ཚེགས་དང་བྲལ་བ་ལྟུང་བ་ནི་ཡིད་ཀྱིས་སོ།། འཁོར་ལོ་དྲལ་བའོ།། རྩེ་གསུམ་དྲལ་བའོ།། རྡོ་རྗེ་ཧཱུཾ་མཛད་ཀྱི་གཡོན་པ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་མནན་ཏེ། དེ་བཞིན ་དུགདུ་བུ་བཀྲོལ་བས་འཕྲོག་པར་བྱའོ།། རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་།། རྡོ་རྗེ་འཆང་ཆེན་པོ་རྗེས་སུ་དྲན་པས་མདུན་དུ་བསྒྲུབ་པར་བྱའོ།། རྡོ་རྗེ ་པོ་རྒྱལ་པོའི་ཕྱག་རྒྱའི་རྒྱུད་དོ།། ། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱའི་རྒྱུད་ནི། པདྨ་ཆེན་པོ་རྡོ་རྗེ་ཐལ་མོ་ཁ་སྦུབ་པ་དབུ་མ་དང་། ་མཐེ་བོང་དང་། མཐེའུ་ཆུང་འཕྱེ་བའི་འདབ་མ་བཞི་པ་ཆོས་ཉིད་ཐམས་ཅད་ཐོབ་པ་དང་། ཐམས་ཅད་རྗེས་སུ་ཆགས་པར་བྱེད་པའོ།། ཕྱག་རྒྱ་ཆེན་པོ་རྣམས་ནི་དེ་བཞིན་ནོ།། དམ་ཚིག་ཕྱག་རྒྱ་རྡོ་རྗེ་པདྨ་བཤད ་པའོ།། པདྨའི་རིགས་རྣམས་ཀྱིས་རྡོ་རྗེ་བསྡམས་པ་ལས་བྱུང་བའོ།། དེ་ལ་པདྨ་དེ་བཞིན་གཤེགས་པ་རྣམས་ནི་ནང་གི་རྡོ་རྗེ་བསྡམས་པ་ལས་བྱུང་བའོ།། དེ་བཞིན་གཤེགས་པའི་པདྨ་བང་པར་གྱེན ་དུ་ཁ་ཕྱེ་བ་ལྟ་བུའི་ཏིང་ངེ་འཛིན་གྱི་མིང་ཅན་གྱི་ཕྱག་རྒྱ་པདྨའི་སྤྱན་ཞེས་བྱའོ།། རྡོ་རྗེ་པདྨ་ཆེན་པོའི་རྡོ་རྗེ་པདྨ་སྙིང་ཁར་རྡོ་རྗེ་བཅིང་བ་རྡོ་རྗེ་པདྨའི་ཆགས་པ་ཞེས་བྱའོ།། པདྨ་ཆེན་པོའི་བདག་པོ་མཛུབ ་མོ་མཉམ་པ་འོག་ཏུ་ཁ་ལྟ་བ་པད་པར་བཟུང་བ་པདྨའི་སྒྲོལ་མ་ཞེས་བྱ་བའི་ཕྱག་རྒྱའོ།། པདྨ་ཆེན་པོའི་བ་དན་རིན་པོ་ཆེ་གཉིས་བཟུང་ཞིང་དེས་པདྨ་སྦྱིན་པའོ།། འདི་རྣམས་ཀྱི་ཆོས་ཉིད་ཐམས་ཅད ་ལས་ཐོབ་པ་དང་། ཐམས་ཅད་རྗེས་སུ་ཆགས་པ་དང་། སྲིད་པའི་སྡུག་བསྔལ་གྱི་ཚོགས་ཐམས་ཅད་ལས་སྒྲོལ་བ་དང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཤིན་ཏུ་གྲུབ་པ་ཞེས་བྱའོ།། ་རྡོ་རྗེ་རྩེ་གསུམ་དྲལ་བའོ།། དེ་ནས་པདྨ་ལྷའི་བདག་པོ་རྣམས་ཀྱི་ཕྱི་རོལ་གྱི་བསྡམས་པ་ལས་བྱུང་བའོ།། དེ་ལ་དོན་ཡོད་རྒྱལ་པོ་ནི་འོག་ཏུ་མཛུབ་མོ་གཉིས་ཀྱི་ཁ་འབུས་པ་ཁྲོ་གཉེར་ལ་གཞག ་པར་བྱ་སྟེ། པདྨའི་ཁྲོ་གཉེར་གྱི་སྤྱན་ནོ།། རྡོ་རྗེ་བསྡམས་ལ་ཁ་གྱེན་དུ་འབར་བ་ནི་མགྲིན་སྔོན་གྱིའོ།། གཡོན་པའི་མཛུབ་མོ་བཀུག་པ་མཐེ་བོས་ཡོངས་སུ་བཟུང་སྟེ། དུང་གི་དབྱིབས་དེ་གཡས་པའི་མ། ་བོང་བ་སླང་བ་བཏེག་སྟེ། མཐེའུ་ཆུང་མཉམ་པའི་ཁ་འབུས་པའི་པདྨ་དང་། སོར་མོ་ལྷག་པ་ཡང་དག་པར་བརྐྱང་བའི་འཁོར་ལོ་ནི་པདྨའི་ཁྱབ་འཇུག་མའོ།། པདྨ་ལས་བྱུང་བའི་མཛུབ་མོ་གཉིས ་བཀུག་པའི་ལྕགས་ཀྱུ་དང་སོར་མོ་ལྷག་མ་ཁ་ཕྱེ་བའི་པདྨ་ལས་བྱུང་བའི་ཞེས་བྱའོ།། རྟ་མགྲིན་གྱི་ནི་མཛུབ་མོ་གཉིས་ཤིན་ཏུ་སྦྱར་བའི་ལྕགས་ཀྱུ་རྒོད་མའི་ཁ་ཤིན་ཏུ་རབ་ཏུ་བརྐྱང་བའི་སྲིན་ལག ་གི་རྩེ་མོ་དང་། མཐེའུ་ཆུང་དང་གཉིས་རབ་ཏུ་བརྐྱང་བ་སོ་སོར་ཕྱེ་ལ་གཡོན་གཡོ་ཞིང་བཟུང་བ་ནི་པདྨའི་ལྕགས་ཀྱུ་ཞེས་བྱའོ།། འདི་རྣམས་ཀྱིས་དབང་བསྐུར་བ་ཐམས་ཅད་དང་། ལས་ཐམས ་ཅད་དང་། གྲོལ་བ་ཐམས་ཅད་དང་། དགུག་པ་ཐམས་ཅད་ཀྱི་དངོས་གྲུབ་དོན་ཡོད་པའོ།། དེ་བཞིན་གཤེགས་པའི་སྐུ་མཆོག་གི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཤད་པའོ།། དེ་ནས་ལས་ཀྱི་ཕྱག་རྒྱ་ནི་ཁ ་ནཱཾ་ག་བཅིངས་ནས་པདྨའི་རིགས་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་གཟུང་བས་སོ།། ངག་གི་ཏིང་ངེ་འཛིན་གྱིས་གཟུངས་དགུག་པ་ནི་ཆོས་ཀྱི་ངག་གིས་བཟླས་པའི་དོན་ཤེས་པའོ།། ་པེདྨ་ཆེན་པོ་བཅིངས་ནས་ཡིད་ཀྱི་སྦྱིན་སྲེག་བྱའོ།། སེམས་ཀྱིས་ཞི་བར་བྱའོ།། དངོས་པོ་བསྲུང་བར་བྱའོ།། རྣམ་པར་སྲུང་བར་བྱའོ་ཞེས་བྱ་བ་བསྒྲུབ་པར་བྱའོ།། ལས་ཐམས་ཅད ་པའི་ཕྱག་རྒྱའི་ཚོགས་སོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱའི་རྒྱུད་དོ།། ། དེ་ནས་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་དེ་བཞིན ་ནོ།། དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་རིན་ཆེན་ཏེ་མཐེ་བོང་དང་མཛུབ་མོའི་སོར་མོ་བཞི་ནི་རྩེ་མོ་མཉམ་ན་ས་འོག་ཏུ་རབ་ཏུ་བསྡུ་ཏེ། དབང་བསྐུར་བའི་རྡོ་རྗེ་ཐལ་མོས་དབང་བསྐུར་བ་ཐམས་ཅད་ཐོབ་པའོ།། ་དེས་ཇི་ལྟ་བ་བཞིན་དུ་དབང་བསྐུར་བའོ།། རྡོ་རྗེ་དེ་ཉིད་སྙིང་ཁར་རོ།། གྱེན་དུ་ཁ་བལྟ་བའོ།། དེ་ཉིད་ཁུ་ཚུར་རོ།། ཁུ་ཚུར་སྤྱི་བོར་བཞག་ལ་མེ་ཏོག་ལ་སོགས་པའི་མཆོད་པ་དབུལ་བར་བྱའོ།། ་འདི་ཉིད་དབུས་སུ་བཞག་ནས་ལས་ཀྱི་ཕྱག་རྒྱར་བཟུང་བའོ།། དབང་བསྐུར་བ་ཐམས་ཅད་ཀྱི་རིན་པོ་ཆེའི་གཏེར་གྱི་མཆོད་པ་ཐོབ་པའི་དོན་དུ་ཡང་དག་པར་རྫོགས་པའོ།། བཅོམ་ལྡན་འདས ་ཀྱིས་ལས་ཀྱི་དམ་ཚིག་ནི་གསལ་བ་ཡོངས་སུ་རྫོགས་པར་བྱེད་པའོ།། གཡོན་པའི་ཁུ་ཚུར་སྙིང་ཁར་བསྟོད་ནས་གཡས་པ་ནོར་སྦྱིན་པ་བཀྲོལ་བའོ།། ནོར་བུའི་ཁུ་ཚུར་གྱི་ཕྱག་རྒྱ་ཉིད་ཀྱིས ་སོ།། སྙིང་པོའི་ངག་ཀླུའི་རྒྱལ་པོས་བཟླ་བ་སྟེ་བཀའ་བསྒོ་ཞིང་དེ་བཞིན་དུ་ལས་ལ་ཉེ་བར་སྦྱོར་བའོ།། གལ་ཏེ་མ་གྲུབ་ནི་དབང་བསྐུར་བར་གནས་པའི་རྡོ་རྗེ་རིན་ཆེན་གྱིས་ནམ་མཁར ་ལས་ཐམས་ཅད་ཀྱི་བཀའ་བསྒོ་བའོ།། ཆོས་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱི་ཚོགས་ནི་འདིའོ།། དོན་ཡོད་ཐོགས་མེད་གྲུབ་པ་དང་།། ལས་ཀྱི་ཚོགས་ནི་སྒྲུབ་པ་དང་།། ངག་གི་ཕྱག་རྒྱའི་བཀའ ་བསྒོབ།། ཐམས་ཅད་མྱུར་དུ་མཁའ་ལས་བྱུང་།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དབང་བསྐུར་བ་ཐམས་ཅད་ཀྱི་ཆོ་ག་རྒྱས་པའོ།། །། དེ་ནས་ཕྱི ་རྒྱུད་ནི་ཕྱག་རྒྱ་ཆེར་པོ་ནི་གཡོན་པར་ཁམ་པོར་དང་གཡས་ན་མདའ་བསྟོད་པའོ།། དེ་རྣམས་ཀྱི་དམ་ཚིག་ནི་འཇུག་པ་ལ་བྱ་སྟེ། ལག་པ་གཉིས་ཀྱི་མཐེ་བོང་དང་མཐེའུ་ཆུང་གི་གདུ་བུ་ས་ལུ་གུ་རྒྱུད ་བཅིང་བར་བྱས་ལ་མཛུབ་མོ་དང་། དབུས་མ་དང་། སྲིན་ལག་མཉམ་སྟེ་རྩེ་གསུམ་པས་མཚན་པ་ནི་མིང་པོ་རྣམས་ཀྱིའོ།། ཇི་ལྟ་བ་བཞིན་དུ་བཟུང་བས་ལྷ་མོ་རྣམས་ཀྱིའོ།། རྡོ་རྗེ་བསྡམས་པའི ་དབུས་མ་དང་སྲིན་ལག་གིས་སོར་མོའི་རྩེ་མོ་བཞི་ལ་མཛུབ་མོ་དང་མཐེའུ་ཆུང་བཞིའི་རྩེ་མོ་འདུས་པ་ནི་ལྷ་མོ་རྣམས་ཀྱིས་འདའ་བར་དཀའ་བའི་དམ་ཚིག་གོ།། སྲིང་མོ་བཞིའི་དཀྱིལ་འཁོར་གྱི ་ཕྱག་རྒྱའོ།། གང་གི་ཚེ་དཀྱིལ་འཁོར་གྱིས་བརྟག་པར་མ་ནུས་ན་དེའི་ཚེ་འདི་བཅིངས་ཏེ་བལྟས་ན་དཀྱིལ་འཁོར་བརྟག་པ་དང་། མཐོང་བ་དང་། མཆོད་པ་ཅི་དགར་འགྲུབ་པར་འགྱུར་རོ།། གདེངས ་ཀ་ཅར་གྱི་དབང་པོ་རྣམས་ཀྱི་ནི་མཐེ་བོང་བཅིངས་ནས་ཕྱི་རོལ་ཏུ་ཁ་བལྟས་པའི་སོར་མོ་གདེངས་ཀ་སྒྲེང་བ་སྟེ། ཀླུ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ ་བའི་དམ་ཚིག་སྟེ། གལ་ཏེ་འདའ་བར་བྱེད་ན་འཆི་བར་འགྱུར་རོ།། ལྟོ་འཕྱེ་ལག་པ་སྟེ་ཐམས་ཅད་སྒྲུབ་པར་བྱེད་པའོ།། དབུས་མ་སྲིན་ལེག་བཞིའི་མདུད་པ་ལེགས་པར་བྱེད་པའི་སྦྱོར་བས ་ཉེ་བར་སྟོད་ཅིང་བསྡུས་ལ་མཐེའུ་ཆུང་གཉིས་ཀྱི་རྩེ་མོ་གཉིས་ཀྱིས་འརྡེག་པར་བྱ་སྟེ། ཉེ་བར་འཕེལ་བ་དུག་ཐམས་ཅད་འབར་བའོ།། ཀུན་ནས་བསྡུས་ན་དུག་ཐམས་ཅད ་འཆིང་བའོ།། འདི་ཉིད་ཀྱིས་དུག་ཐམས་ཅད་བཟའ་བ་དང་། འཕོ་བ་དང་། དུག་མེད་པར་བྱའོ།། གདུག་པའི་དཀྱིལ་འཁོར་ནི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་བའི་རྡོ་རྗེས་ཁྲོས་ནས་མྱུར་དུ་གཞིག་པར་བྱའོ།། ་ཕྱིའི་ཕྱག་རྒྱའི་རྒྱུད་དོ།། ། དེ་ནས་བཅོམ་ལྡན་འདས་ཐམས་ཅད་མཆོག་དབང་ཕྱུག་དམ་པ་སྣ་ཚོགས་པའི་ཕྱག་རྒྱ་ནི། རྡོ་རྗེ་ཐལ་མོ་མཉམ་བཞག་ནས།། བ་དན་གསུམ་ནི་ཡོངས ་སུ་བཟུང་།། རྡོ་རྗེ་ཁྱབ་འཇུག་ཅེས་བྱ་བ།། དོར་ན་ཐམས་ཅད་གཅོད་པར་བྱེད།། རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་ཉོན་མོངས་པའི་དགྲ་ཐམས་ཅད་ཀྱི་མགོ་རྣམས་བཅད་ནས་མཆོག་ཏུ་བྱུང་བ་ཐམས་ཅད།། ་གྲུབ་པའོ།། མཐེའུ་ཆུང་མཐེ་བོང་དང་སྤེལ་བའི།། ལག་གཉིས་སྟེང་དུ་འོག་ཏུ་ནི།། དབུས་མ་གསུམ་གྱི་རྩེ་གསུམ་མཚན།། རྡོ་རྗེ་འཛིན་མ་ཞེས་སྒྲུབ་པའོ།། རྡོ་རྗེ་དམ་ཚིག ་ཕྱག་རྒྱ་རྡོ་རྗེ་གཏུམ་པའི་དབང་ཕྱུག་མ་ཞེས་བྱ་བ་དོན་ཡོད་པའི་དམ་ཚིག་གོ།། རྡོ་རྗེ་པདྨ་མཉམ་བཞག་ནས།། གང་དེར་ཇི་བཞིན་དེ་བཞིན་དུ།། ཤིན་ཏུ་ཐོབ་དཀའི་སངས་རྒྱས་ཀྱང་།། ་སྒྲུབ་པ་བཟླས་པས་སྒྲུབ་པར་བྱེད།། རྡོ་རྗེ་ཆོས་ཉིད་ཅེས་བྱ་བའི་ཕྱག་རྒྱ་སྒྲོལ་མའོ།། མཛུབ་མོ་བསྡམས་པའི་ཕྱི་རོལ་དགུག། མཐེ་བོང་རྡོ་རྗེ་བཀབ་པ་སྟེ།། རྡོ་རྗེ་ཆེན་པོའི་ནོར་བུ་སྟེར།། ་ཞེས་བྱ་བ་ནི་རྡོ་རྗེ་ནོར་བུ་ཞེས་བྱ་བའི་ཕྱག་རྒྱའོ།། ། དེ་ནས་ཐམས་ཅད་ཀྱི་དབང་ཕྱུག་དམ་པས་བསྒྲུབས་པའི་དངོས་གྲུབ་ཐམས་ཅད་ཀྱི་ཚོགས་ཀྱི་ཕྱག་རྒྱའི་རྒྱུད་ནི་འདི་ཡིན་ཏེ། ་དེ་ལ་དང་པོ་རེ་ཞིག་དང་པོའི་དངོས་གྲུབ་བརྒྱ་རབ་ཏུ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རབ་ཏུ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་ཆེན་པོ་སྟོང་འགྱུར་ཏེ། ཇི་ལྟ་བ་བཞིན་དུ་དམ་ཚིག་ཕྱག་རྒྱ་མཚན་རྣམས་ཀྱིས་ལག་པ ་གཡས་པ་དང་། གཡོན་པ་དག་ནི་རྡོ་རྗེ་ཆེན་པོའི་སྦྱོར་བ་ལས་ཐམས་ཅད་ཀྱི་དངོས་གྲུབ་ཏུ་སྒྲུབ་པར་བྱེད་པའི་སྟོང་པ་ཉིད་དུ་འགྱུར་ཏེ། རྡོ་རྗེ་བསྡམས་པའི་ནང་དུ་བཅིངས་པས་སོ།། དེ་ལྟར ་ར་རང་གི་མཚན་གྱི་ཁུ་ཚུར་རྡོ་རྗེ་གར་ལས་བྱུང་བའི་ཕྱག་རྒྱ་སྟོང་དང་པོའི་ལས་ཀྱིས་ཚོགས་བརྒྱ་སྒྲུབ་པར་བྱེད་པའི་རྡོ་རྗེ་ལས་བྱེད་པ་གསུམ་མོ།། དེ་ལྟར་ལག་པ་གཡས་པ་དང་།། གཡོན ་པའི་ཅིག་ཤོས་ཀྱིས་ལས་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པའི་ལས་ཀྱི་ཕྱག་རྒྱ་སྟོང་བཞི་པའོ།། དེ་ལྟར་ན་མ་ལུས་པའི་ཕྱག་རྒྱ་བཅིང་བ་ནི་ལག་པ་གཅིག་གིས་ཕྱག་རྒྱ་ཐམས་ཅད་བཅིང་བར་བ ་ཏུ་སྒྲུབ་པའོ།། དེ་ལྟར་འགྲོ་བ་དོན་ཀུན་ཏུ།། འཁོར་དང་དམ་ཚིག་ལས་དང་བཅས།། ཀུན་མཆོག་དབང་ཕྱུག་དམ་པ་སྟེ། རྡོ་རྗེ་སེམས་དཔས་སྒྲུབ་པར་མཛད།། དེ་ལྟར་གས། ་བརྒྱ་ཆེན་རྨད་དུ་བྱུང་།། མཆོག་ཏུ་འགྲོ་བ་ཐམས་ཅད་སྐྱོང་བྱེད་པ།། མཆོག་དང་པོ་ཡི་ཐ་མབླ་ན་མེད།། གསལ་བའི་རྒྱུད་ནི་ང་ཡིས་ཡང་དག་མི་ཤད།། དཔལ་མཆོག་དང ་རྟོག་པའི་རྒྱལ་པོ་ལས།། རིགས་ཐམས་ཅད་ཀྱི་ཕྱག་རྒྱའི་རྒྱུད་དོ།། ། དེ་ནས་སྟོན་པ་རྡོ་རྗེ་འཛིན།། གསང་བ་ཀུན་གྱི་བདག་བརྟན་པས།། དེ་ཉིད ་ཕྱག་རྒྱའི་རྒྱུད་ཆེན་པོ།། མཚོན་ཆ་དམ་པ་འདི་གསུངས་སོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རྟོག་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་གྱི་རྟོག་པའི་ཚོགས་མཆོག་ཏུ་མཁས་ཤིང་ཕྲ ་བ་རྒྱ་ཆེ་ལ་ཟབ་པ། བསམ་གྱིས་མི་ཁྱབ་པ། ཚད་མེད་པ། གསལ་ཞིང་མཉམ་པ་མེད་པ། བླ་ན་མེད་པའི་བླ་མ་མཐར་ཐུག་པ་མེད་པའི་དངོས་གྲུབ་ཀྱི་གསང་བ་སྒྲུབ་པ་མ་ལུས་ཤིང་ལུས་པ་མེད། ་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་རྣམས་སྒྲུབ་པ་པོ་དོན་ཡོད་ཅིང་ཐོགས་པ་མེད་པ་བཤད་པར་བྱའོ།། ཞེས་བྱ་བ་བཅོམ་ལྡན་འདས་མཆོག་ཏུ་གསང་བས་གསུངས་སོ།། མ་མ་རུ་སོ་རྣམས་ཀྱིས ་བཟུང་ལ་དགའ་བ་ཆེན་པོས་དང་པོའི་རྡོ་རྗེ་བལྟ་བས་ལྟ་ཞིང་བྱེད་བདག་གིས་མ་ལུས་ཤིང་ལུས་པ་མེད་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་རྣམས་སྒྲུབ་པར་བྱེད་པའོ།། བདེ་བ་ཆེན་པོའི ་གསང་བ་ཆེན་པོའི་རྡོ་རྗེ་རྡོ་རྗེ་ཅན་ཞེས་བྱ་བའི་ཕྱག་རྒྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཞད་པ་ཆེན་པོས་དགོད་ཅིང་བརྟན་པའི་རྡོ་རྗེ་ལྟ་བུ་བྱེད་པ་དག་གིས་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་ལས་རྣམས་སྒྲུབ་པར་བྱེད་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ།། ཁྲོ་གཉེར་དང་བཅས་པ། ཁྲོ་བོའི་རྡོ་རྗེ་ལྟ་བ་དང་བཅས་པའི་བྱེད་པ་དང་། སྣའི་དབུགས ་ཆེན་པོའི་ཡི་གེའི་ཧཱུཾ་གིས་རྡོ་རྗེ་ཐམས་ཅད་ཀྱི་དངོས་གྲུབ་སྟེ། རྡོ་རྗེ་ཉི་མ་ལྟར་མེ་འབར་བའི་ལྟ་བའི་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ།། དེ་བས་ཅུང་ཟད་འཛུམ་པས་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི ་ཡེ་ཤེས་ཀྱི་རྡོ་རྗེ་ལྟ་བའི་བྱེད་པ་རྣམས་ཀྱིས་མཆུ་མཉམ་པའི་ཏིང་ངེ་འཛིན་རྡོ་རྗེ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཡེ་ཤེས་ཀྱི་ཚོགས་རྣམས་སྒྲུབ་པར་བྱེད་པ་སྟེ། པདྨ་ཆེན་པོའི ་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ།། བསྙེམས་པ་དང་བཅས་པའི་ཏིང་ངེ་འཛིན་གྱིས་ཕྲ་བར་འཛུམ་པའི་ལྟ་བའི་བྱེད་པ་རྣམས་དང་། བཞིན་འཛུམ་པ་དང་བཞད་པས་ནམ་མཁའ་ལ་དངོས་གྲུབ ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་སྒྲུབ་པར་བྱེད་པ་སྟེ། རྡོ་རྗེ་ཆེན་པོ་ནི་ནོར་བུའི་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ།། དོན་ཡོད་ཐོགས་མེད་གྲུབ་པ་དང་།། བདེན་པའི་བདག་ཉིད་འཇིགས་པ་མེད།། སངས ་རྒྱས་ཀུན་དང་བདག་ཉིད་ཀྱང་།། གསང་བའི་ཕྱག་རྒྱ་ལེགས་གྲུབ་སྩོལ།། དཀྱིལ་འཁོར་དུ་ནི་མ་ཞུགས་ཀྱང་།། དེ་ནས་དེ་ཕྱིར་མཆོག་དང་པོ།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་མཆོག། དང་པོ ་ཤིན་ཏུ་མཁས་ཤིང་ཕྲ་ལ་ཟབ་ཅིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་སྟེ། མཆོག་གི་མཆོག་ནི་དང་པོ་དང་།། མཆོག་ཏུ་གསང་བ་དམ་པ་སྟེ།། འཛུམ་པའི་ཕྱག་རྒྱ་ལ་སོགས་ཚོགས།། རྡོ་རྗེ་སེམས ་དཔས་གསུངས་པ་ཡིན།། རྡོ་རྗེ་འཆང་ཆེན་སློབ་དཔོན་ནི།། མཆོག་ཏུ་དང་ཞིང་རབ་དགའ་བས།། སྙིང་པོ་ལ་སོགས་རྣམས་མེད་ཀྱང་།། མྱུར་དུ་ཐམས་ཅད་སྒྲུབ་པར་བྱེད།། སྙིང་པོ་ཕྱག་རྒྱ་སྔགས ་རིགས་པ། སྒྲུབ་པ་འདི་ནི་རྨད་བྱུང་སྟེ།། དངོས་གྲུབ་ཐམས་ཅད་རབ་སྒྲུབ་པས།། མ་གྲུབ་རྣམས་ཀྱང་འགྲུབ་པར་འགྱུར།། གང་ཞིག་གྲུབ་པར་མ་གྱུར་དང་།། ་བསོད་ནམས་ཕུར་ཚོགས་མི་ལྡན་ན།། བདག་ཉིད་དམ་ནི་རྡོ་རྗེ་སེམས།། བསྒྲུབས་ན་དེ་ནི་མྱུར་དུ་འགྲུབ།། གལ་ཏེ་རྡོ་རྗེ་སེམས་དཔའ་མཆོག། སྙིང་པོ་སོགས་དང་ཉེ་སྙིང་པོས།། བསྒྲུབ་པ་བྱས་ཀྱང་། ་མ་གྲུབ་ན།། འཛུམ་པའི་ཕྱག་རྒྱས་བསྒྲུབ་པར་བྱ།། དེ་ཕྱིར་གསང་བའི་བཙུན་མོ་འདི།། རྡོ་རྗེ་སེམས་དཔའ་རབ་དགའ་བྱེད།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། དགྱེས་པ་དེ་ཡིས་མྱུར་དུ་འགྲུབ། ་དེ་ཉིད་ཆེན་པོ་འདི་གྲུབ་པ།། དམ་པ་མཆོག་གི་བདག་ཉིད་ནི།། གསང་བ་མཆོག་ཏུ་བསོད་ནམས་ལྡན།། སོ་སོའི་སྐྱེ་བོ་ལ་བརྗོད་མིན།། དེ་ཉིད་གྲུབ་པའི་རྗེས་འབྲང་བའི།། རྡོ་རྗེ་སེམས ་དཔའི་གྲུབ་པ་དང་།། གལ་ཏེ་དངོས་གྲུབ་མཆོག་འདོད་ན།། དེ་བཞིན་གཞན་ལ་སྦྱིན་མི་བྱ།། གང་གིས་གྲུབ་པར་མ་གྱུར་ན།། དེ་ལ་དེ་ཉིད་སྦྱིན་པར་བྱ།། དེ་ཉིད་འཛུམ་པས་མྱུར་དུ་ནི།། ་བདག་བྱིན་བརླབས་པས་འགྲུབ་པར་འགྱུར།། དེ་ཉིད་ཆེན་པོ་དག་པ་འདི།། རྡོ་རྗེ་ཅན་གྱི་མཚོན་ཆ་མཆོག། ཕྱག་རྒྱའི་རྒྱུད་ནི་བླ་མེད་པ།། མཆོག་ཏུ་གསང་བ་བཤད་པ་ཡིན།། དེ་ཉིད ་དང་པའི་རྗེས་འབྲང་བའི།། རྡོ་རྗེ་སློབ་དཔོན་ཀུན་མཆོག་ལ།། གལ་ཏེ་དངོས་གྲུབ་མཆོག་འདོད་ན།། གཞན་རྣམས་ལ་ཡང་དེ་བཞིན་སྦྱིན།། ཕྱག་རྒྱའི་རྒྱུད་ནི་གཅིག་པུ་འདི།། བདག་ཉིད་གང ་ལ་ཡོད་གྱུར་ན།། བདུད་ལ་སོགས་པ་རྣམས་ཀྱིས་ནི།། མི་ཐུབ་པ་དང་མི་སོད་འགྱུར།། དེ་ལ་རྒྱལ་བ་རྡོ་རྗེ་འཛིན།། ཀུན་མཆོག་དངོས་གྲུབ་ཀུན་གསོལ་བ།། ཀུན་གསོལ་ཀུན་བྱེད་ཐམས ་ཅད་དུ།། བཀའ་བསྒོ་བ་ཀུན་གྲུབ་པར་འགྱུར།། དཔལ་མཆོག་དང་པོ་གསང་བའི་བླ་མ་དམ་པའི་དཔལ་རང་གི་དམ་རིག་གི་བླ་ན་མེད་པའི་མཆོག་ཏུ་གསང་བའི་ཕྱག་རྒྱའི་ཆོ་གའོ།། ། ་དེ་ནས་བཅོམ་ལྡན་འདས་དཔལ་མཆོག་དང་པོ་རྡོ་རྗེ་སེམས་དཔའི་མཆོག་དང་པོ་མཆོག་ཏུ་མཁས་ཤིང་ཕྲ་ལ་ཟབ་ཅིང་རྒྱ་ཆེ་བ། བསམ་གྱིས་མི་ཁྱབ་ལ་མཐའ་མེད་ཅིང་ཤིན་ཏུ་མཐའ ་ཡས་པ། ཚད་མེད་ཅིང་གཞལ་དུ་མེད་པ། བླ་ན་མེད་པ།། དོན་ཡོད་ཅིང་ཐོགས་པ་མེད་པའི་མཆོག་དེ་ཁོ་ན་ཉིད་ཀྱི་སྙིང་པོ་མཆོག་ཏུ་གསང་བའི་སྙིང་པོ་མཆོག་ཏུ་གསང་བ་ཞེས་བྱ་བ་ཐམས་ཅད ་ཀྱི་མཆོག་གི་དངོས་གྲུབ་ཆེན་པོའི་བདག་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མཆོག་ཏུ་མི་འགྱུར་བའི་དམ་པ་བླ་ན་མེད་པའི་གསང་བ་དང་། རབ་ཏུ་དགའ་བ་ཐམས་ཅད ་དང་བདེ་བ་དང་། ཡིད་བདེ་བའི་དངོས་གྲུབ་ཀྱི་མཆོག་སྒྲུབ་པར་བྱེད་པ་དང་། མཆོག་གི་ཕྱག་རྒྱའི་རྒྱུད་བཤད་པར་བྱའོ།། ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས ་སོ།། ཙུམ་པ་ནས་འཁྱུད་པ་ལ་སོགས་པའི་བཅོམ་ལྡན་འདས་མཆོག་དང་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཐམས་ཅད་ནི། དགའ་བ་ཆེན་པོ་དཔལ་རྡོ་རྗེ་དོན་ཡོད་པའི་དགའ་བའི་དམ་ཚིག་རྣལ་འབྱོར ་ཞེས་བྱ་བར་ཏེ་ཐམས་ཅད་རྣལ་འབྱོར་ཞེས་བྱ་བར་གང་བརྗོད་པའོ།། དེ་གང་དང་གང་ལ་ཉེ་བར་སྦྱོར་བ་དེ་དང་དེར་བཅོམ་ལྡན་འདས་ནི་ཀུན་མཆོག་དངོས་གྲུབ་ཆེན ་པོ་ཡི། དབང་ཕྱུག་ཆེན་པོ་ལྷག་པའི་ལྷ།། བྱིན་རླབས་མཆོག་ནི་རྟགས་མཛད་ནས།། རྡོ་རྗེ་སེམས་དཔའ་མྱུར་དུ་འགྲུབ། ཙུམ་པ་ན་འཁྱུད་པ་ལ་སོགས་པའི་རེག་བྱའི་རྒྱས ་བཏབ་པ་ཙམ་གྱིས་ཀྱང་མ་ལུས་ཤིང་ལུས་པ་མེད་པ་དང་། ལྷག་མ་མེད་པ་ཐམས་ཅད་ཀྱི་མཆོག་དབང་ཕྱུག་ཆེན་པོའི་བདག་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས ་ཡིད་ཀྱི་འདོད་པ་གྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ཤིན་ཏུ་མཆོག་ཏུ་གསང་བའི་ཕྱག་རྒྱའོ།། རྣམ་པར་འཕྲུལ་པ་དང་བཅས་པའི་འཛུམ་ཞིང་གཡོ་བའི་མིག་གི་ཟུར་གྱིས་བལྟ་བའི་ཕྱག་རྒྱ ་སྟེ་བཅོམ་ལྡན་འདས་ཀྱི་དགའ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་མདའ་ཞེས་བྱ་བས་རྒྱས་བཏབ་པས་ཐམས་ཅད་རྗེས་སུ་ཆགས་པ་དགུག་པ་དང་། དབང་དུ་བྱ་བ་དང་། དངོས ་གྲུབ་མཆོག་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་ཡིད་ཀྱི་འདོད་པ་རྣམས་སྒྲུབ་པར་བྱེད་པའོ།། འཛུམ་ཞིང་ཅུང་ཟད་ཕྱེ་བའི་མིག་གིས་ལྟ་བ་ནི་མཆོག་ཏུ་དགའ་བའི ་དཔལ་རྡོ་རྗེ་སྤྱན་ཞེས་བྱ་བའི་ཕྱག་རྒྱ་ཐམས་ཅད་སྒྲུབ་པར་བྱེད་པ་སྟེ་འདིས་བལྟ་ཞིང་བཏུང་བར་བྱའོ།། འདི་ནི་བཅོམ་ལྡན་འདས་ཀྱིས་རབ་ཏུ་དགའ་བ་ཆེན་པོ་དཔལ་རྡོ་རྗེ་དོན་ཡོད་དགའ ་བའི་བཅུད་ཀྱིས་ལེན་གྱི་མཆོག་གི་དངོས་གྲུབ་ཅེས་བྱ་བའི་ཕྱག་རྒྱ་སྟེ། ཚེ་ཟད་པ་ཐམས་ཅད་ཀྱང་འདིས་རྡོ་རྗེ་སེམས་དཔའི་མཆོད་གཞོན་པ་དང་། ནད་མེད་པ་དང་། གཟུགས་དང ་སྟོབས་དང་། གཟི་བརྗིད་ཀྱི་སྟོབས་དང་། སྨེ་བ་དང་། དངོས་གྲུབ་ཀྱི་མཆོག་ཐམས་ཅད་དང་། དཔལ་དང་། སྐལ་བ་བཟང་པོ་དང་། དགའ་བ་ཆེན་པོ་དང་། ཤིན་ཏུ་བདེ་བ་ཐམས་ཅད ་དང་། ཡིད་བདེ་བ་དང་། དངོས་གྲུབ་ཀྱི་མཆོག་ཐོབ་པ་སྟེ། ཇི་སྲིད་དངོས་གྲུབ་ཀྱི་མཆོག་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མཆོག་ཏུ་དམ་པ་གྲུབ་སྟེ། བཅོམ་ལྡན་འདས་ཡུམ་གྱིས་རྒྱས་བཏབ་པ་ཙམ ་གྱིས་སྐད་ཅིག་མ་གཅིག་གིས་གྲུབ་པའོ།། བསྙེམས་པ་དང་བཅས་པའི་གཡོན་པའི་མིག་དགོད་ཅིང་བསྟོད་པ་ནི། བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་དཔལ་དོན་ཡོད་པའི་དགའ་བའི་རྒྱལ་མཚན་མཆོག ་གི་དཔུང་རྒྱན་ཞེས་བྱ་བའི་ཕྱག་རྒྱ་སྟེ། འདིས་རྒྱས་བཏབ་པས་ཐམས་ཅད་ལས་རྣམ་པར་རྒྱལ་བར་བྱེད་པ་དང་། ཕྱག་བྱེད་དུ་བཅུག་པ་དང་། རབ་ཏུ་སྒྲུབ་པར་བྱེད་པ་དང་། ཇི་བཞིན་ཇི་སྲིད ་མཆོག་ཐམས་ཅད་གྲུབ་ཅིང་དངོས་གྲུབ་ཆེན་པོའི་དབང་ཕྱུག་ཉིད་རབ་ཏུ་སྒྲུབ་པར་བྱེད་པའོ།། སྒེག་པ་དང་བཅས་པའི་ལྟ་བ་དང་། འཛུམ་པ་དང་། གསོང་ཞིང་ཕྱག་འཚལ་བ་དང་ལྡན་པ་ནི་བཅོམ ་ལྡན་འདས་ཀྱི་ཕྱག་རྒྱ་ཕྱག་འཚལ་བའི་ཕྱག་རྒྱ་སྟེ། དགའ་བ་ཆེན་པོ་དཔལ་དོན་ཡོད་པའི་དབང་ཕྱུག་གི་ཀི་ལི་ཀི་ལ་ཞེས་བྱ་བའི་ཕྱག་རྒྱ་སྟེ། འདིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བརྟན ་པ་དང་གཡོ་བའི་དངོས་གྲུབ་ཐམས་ཅད་ལ་རྒྱས་བརྟབ་པས་འདུད་པར་གྱུར་ནས། དངོས་གྲུབ་མཆོག་ཐམས་ཅད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི ་ཚོགས་ཀྱིས་མཆོག་གི་དམ་པའི་དངོས་གྲུབ་ཀྱིས་འགྲུབ་པར་འགྱུར་རོ།། རྣམ་པར་འཕྲུལ་པ་དང་སྐྲག་པ་དང་བཅས་པའི་འཛུམ་པའི་ཞལ་ཉིད་ནི་བཅོམ་ལྡན་འདས་མཆོག་དང་པོ་རྡོ་རྗེ ་སེམས་དཔའི་དགའ་བ་ཆེན་པོའི་དཔལ་རྡོ་རྗེ་དོན་ཡོད་དགའ་བས་རྣམ་པར་འཕྲུལ་པ་བརྩོན་པ་ཞེས་བྱ་བ་མཆོག་ཏུ་གསང་བའི་རྡོ་རྗེ་འཛུམ་པའི་ཕྱག་རྒྱ་སྟེ། འདིས་བཅོམ་ལྡན་འདས་རྡོ་རྗེ ་འཛིན་པ་ཐམས་ཅད་ཀྱི་སློབ་དཔོན་མཆོག་དང་པོའི་གླུ་ནི། ཀུན་མཆོག་དངོས་གྲུབ་ཆེན་པོ་ནི།། དབང་ཕྱུག་ཆེར་པོ་ལྷག་པའི་ལྷ།། རྡོ་རྗེ་འཛིན་ཀུན་རྒྱལ་བ་སྟེ།། མི་འགྱུར་མཆོག ་ནི་འགྲུབ་པར་འགྱུར།། རྣམ་པར་འཕྲུལ་པ་དང་བཅས་པའི་སྒེག་པའི་འཛུམ་པའི་ཕྱག་རྒྱས་རྒྱས་བཏབ་པ་ཙམ་གྱིས་ཐམས་ཅད་ཀྱིས་ཐམས་ཅད་ཀྱི་དངོས་གྲུབ་ཆེན་པོའི་དབང་ཕྱུག་ཆེན ་པོའི་བདག་པོ་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ལས་ཀྱི་ཚོགས་ཡིད་ཀྱི་འདོད་པ་རྣམས་འགྲུབ་པར་བྱེད་དོ།། སརྦ་ཀུ་རུ་ཡ་ཐཱ་སུ་ཁཾ། ཞེས་བྱ་བ་བརྗོད་དོ།། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་གསང་བ་ཐེག་པ་ཆེན་པོའི་མདོ་སྡེའི་དབང་པོའི་རྒྱལ་པོ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་ཐེག་པ་ཆེན་པོའི་མངོན་པར་རྟོགས་པའི་གསང་བའི་རྡོ་རྗེ་བྱིན་གྱིས་བརླབས་པ་ཞེས་བྱ་བ་འདི་རང་བཞིན་གྱིས་འོད་གསལ་བའི་ཕྱིར། ཆོས་ཐམས་ཅད་རྣམ་པར་དག་པ་ལ་སོགས་པ་མ་ལུས ་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་ཐོབ་པའི་ཡེ་ཤེས་དང་། མངོན་པར་ཤེས་པ་དང་། མཆོག་གི་དངོས་གྲུབ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས ་ཚོགས་རྣམས་སྒྲུབ་པར་བྱེད་པའོ།། རྣམ་པར་འཕྲུལ་པ་དང་བཅས་པའི་འཛུམ་ཞིང་སྨིན་མའི་ཁྲོ་གཉེར་རྡོ་རྗེ་ལྟ་བའི་ཕྱག་རྒྱ་ནི་བཅོམ་ལྡན་འདས་ཀྱི་ཁྲེ་བོ་ཀི་ལི་ཀི་ལ་ཞེས་བྱ་བའི་ཕྱག་རྒྱ་སྟེ ་འདིས་རྒྱས་བཏབ་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་རྗེས་སུ་ཆགས་པ་དང་། དགུག་པ་དང་། དབང་དུ་བྱ་བ་དང་། འབེབས་པ་དང་། ་གཞུག་པ་དང་། གར་དང་། གླུ་དང་། རྣམ་པར་འཕྲུལ་པ་སྟོན་པ་དང་། བདེན་ངག་ཐམས་ཅད་དང་། གྲོལ་བ་དང་། ཕྲ་དབབ་པ་ཐམས་ཅད་སྒྲུབ་པ་དང་། སྒྱུ་མ་ཐམས ་ཅད་དང་། རྨད་དུ་བྱུང་བ་ཐམས་ཅད་སོ་སོར་སྟོན་པ་དང་། སྣ་ཚོགས་པའི་གཟུགས་ཐམས་ཅད་ཀྱིས་བྱ་བ་སྟོན་པ་དང་། ཐམས་ཅད་ལ་རྒྱས་བཏབ་པ་དང་གནོད་པ་དང ་གདུལ་བ་དང་། གསོད་པ་དང་།། ཐམས་ཅད་ཕྱིར་འཛིན་པ་དང་། ཐམས་ཅད་སྒྲུབ་པ་དང་། མཆོག་གི་དངོས་གྲུབ་ལ་སོགས་པ་གཞོམ་དུ་མེད་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི ་ཚོགས་རྣམས་སྒྲུབ་པར་བྱེད་པའོ།། ཐམས་ཅད་དག་པའི་ཏིང་འཛིན་གྱིས།། ཐམས་ཅད་མཉམ་པ་ཉིད་ཀྱི་གཟུགས།། སྣ་ཚོགས་པ་ཡི་བྱ་བ་ལ།། རབ་ཏུ་འཇུག ་པའི་མཆོད་པ་བྱིན་གྱིས་བརླབ།། རྡོ་རྗེ་པདྨ་ཞེས་བྱ་བའི་ནི། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་ཕྱག་རྒྱ་སྟེ། ཐམས་ཅད་རྣམ་པར་སྦྱང་བ་དང་། སྲུང་བ་དང་། ་ཡོངས་སུ་སྦྱོང་བ་དང་། རིམས་ཐམས་ཅད་དང་། དུག་དང་། སྦྱར་བའི་དུག་དང་། གདོན་དང་། ནད་དང་། མཁའ་འགྲོ་མའི་ཕྱག་རྒྱ་ཉེ་བར་ཞི་བ་དང་། ཤི་བ་ཡང་དག་པར་གསོ་བ ་དང་དབང་ཕྱུག་ཐམས་ཅད་ཐོབ་པ་དང་། གཟུགས་སྣ་ཚོགས་པའི་བྱ་བ་ཐམས་ཅད་ལ་རབ་ཏུ་འཇུག་པ་ལ་སོགས་པའི་དངོས་གྲུབ་མཐའ་ཡས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་ཏིང་ངེ་འཛིན་གྱིས་རབ་ཏུ་བྱེད་པའོ།། ནམ་མཁའ་ཕྲ་བར་བསྐྱོད་པ་དག་གིས་རོལ་ཞིང་རྣལ་འབྱོར་ཐམས་ཅད་ཀྱི་རྗེས་སུ་ཆགས་པར་བྱ་སྟེ། འདི་ལ་བཅོམ་ལྡན་འདས་ནམ་མཁའི ་སྙིང་པོའི་རྡོ་རྗེ་བྱིན་གྱིས་བརླབ་པ་ཞེས་བྱ་བའི་ཕྱག་རྒྱ་སྟེ། འདིས་རྒྱས་བཏབ་པས་བཅོམ་ལྡན་འདས་རྗེས་སུ་ཆགས་ཤིང་དགྱེས་པ་དང་། བརྟན་པར་རྗེས་སུ་ཆགས་ནས་ནམ་མཁའ ་ཐམས་ཅད་ཀྱི་བདག་ཉིད་ཀུར་གྱི་དངོས་པོ་ཉིད་ཀྱི་ཕྱིར་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང་། མཆོག་གི་དངོས་གྲུབ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་རོགས་ཡིད། ་ལ་འདོད་པ་རྣམས་སྒྲུབ་པར་བྱེད་པའོ་ཞེས་བྱ་བ་ཡང་གསུངས་སོ།། མཆོག་དང་པོ་ནི་མཆོག་ཉིད་དུ། གསང་བ་དམ་པ་གསུངས་པ་ཡིན། མིག་སོགས་ཕྱག་རྒྱས་རྒྱས་བཏབ་པའོ།། ་རྡོ་རྗེ་སེམས་དཔས་གསུངས་པ་ཡིན།། རྡོ་རྗེ་ཀུན་འཛིན་སློབ་དཔོན་གྱིས།། ཙུམྦན་དང་འཁྱུད་སོགས་ཀྱིས།། ཐམས་ཅད་རྣལ་འབྱོར་རྗེས་སྒྲུབ་སྟེ། མྱུར་དུ་ཀུན་ལ་རྒྱས ་གདབ་བྱ།། སྙིང་པོ་ཕྱག་རྒྱ་སྔགས་རིགས་པའི།། སྒྲུབ་པ་འདི་ནི་རྨད་བྱུང་སྟེ།། སྒྲུབ་པ་མེད་པ་རྣམས་ལ་ཡང་།། དངོས་གྲུབ་ཐམས་ཅད་རབ་སྒྲུབ་བྱེད།། གང་ལ་དངོས་གྲུབ་མེད། ་གྱུར་དང་།། བསོད་ནམས་ཕུན་ཚོགས་མེད་པ་ཡང་།། བདག་ཉིད་རྡོ་རྗེ་སེམས་དཔའ་མ། རྒྱས་གད་བ་མྱུར་དུ་འགྲུབ་པར་འགྱུར།། གལ་ཏེ་རྡོ་རྗེ་སེམས་དཔའ་མཆོག ་སྙིང་པོ་ལ་སོགས་ཏེ་སྙིང་པོས།། བསྒྲུབ་བྱ་གྲུབ་པར་མ་གྱུར་ན།། ཙུམྦ་སོགས་ཀྱིས་རྒྱས་གདབ་བྱ།། གང་ཕྱིར་གསང་བའི་ཕྱག་རྒྱ་རེ།། དངོས་གྲུབ་ཀུན་གྱི་བདེ་དམ་པ།། རྡོརྗེ ་སེམས་དཔའི་མཆོད་པ་མཆོག། དེ་ཡིས་མྱུར་དུ་འགྲུབ་པར་འགྱུར།། དེ་ཉིད་ཆེན་པོ་འདི་གྲུབ་པ། མཆོག་གི་བདག་ཉིད་དམ་པ་སྟེ།། མཆོག་ཏུ་གསང་བ་བསོད་ནམས་ལྡན།། ་སོ་སོའི་སྒོ་བོ་ལ་བརྗོད་མིན།། རྡོ་རྗེ་སློབ་དཔོན་སློབ་མ་མཆོག། དེ་ཉིད་དད་པའི་རྗེས་འབྲང་ལ།། གལ་ཏེ་དངོས་གྲུབ་མཆོག་འདོད་ན།། སྦྱིན་ཏེ་གཞན་ལ་སྦྱིན་མི་བྱ། 6། ་རྒྱའི་རྒྱུད་འདི་འབའ་ཞིག་གིས།། བདག་ཉིད་གང་ལ་ཡོད་གྱུར་ན།། བདུད་ལ་སོགས་པ་ཐམས་ཅད་ཀྱིས།། མི་ཐུབ་པ་དང་སོད་མི་འགྱུར།། དེ་ནས་རྒྱལ་པོ་རྡོ་རྗེ ་འཛིན། ཀུན་མཆོག་དངོས་གྲུབ་ཀུན་སྩོལ་བ།། ཐམས་ཅད་མཛད་ཅིང་ཐམས་ཅད་མཁྱེན།། ཐམས་ཅད་སྒྲུབ་པར་མཛད་པ་ཡིན།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས ་དཔས་གསུངས་སོ།། དཔལ་མཆོག་དང་པོ་ལས་མཆོག་ཏུ་གསང་བ་ཞེས་བྱ་བའི་ཕྱག་རྒྱའི་རྒྱུད་ཕྱག་རྒྱ་བཅུ་པ་རྫོགས་སོ།། །། དེ་ནས་མཆོག་ཏུ་མཁས་ཤིང ་ཕྲ་ལ་ཟབ་ཅིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ། ཤིན་ཏུ་མཐའ་ཡས་པ། ཚད་མེད་ཅིང་གཞལ་དུ་མེད་ཅིང་བརྗོད་ཀྱིས་མི་ལང་ཞིང་རབ་ཏུ་ཁྱབ་པ། མཆོག་ཏུ་གྲུབ་པ་ཞེས་བྱ་བའི ་ཕྱག་རྒྱའི་རྒྱུད་བཤད་པའོ།། ཞེ་བྱ་བ་བཅོམ་ལྡན་འདས་མཆོག་ཏུ་གྲུབ་པའི་རྡོ་རྗེས་གསུངས་སོ།། དེ་ལ་ཕྱག་རྒྱ་བཅུ་ནི་བདག་ཉིད་ཐམས་ཅད་སྐྱེད་པར་བྱེད་པའོ།། རྡོ་རྗེ་སེམས་དཔའི ་ཕྱག་རྒྱ་ཆེན་པོའི་བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ལས་བྱུང་བའོ།། སྔོན་དུ་དང་པོའི་དངོས་གྲུབ་ཐམས་ཅད་མཆོག་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མྱུར་དུ ་སྒྲུབ་པར་བྱེད་པ་སྟེ། དེ་ལ་འདི་ནི་སྐུའི་ཕྱག་རྒྱ་སྟེ་བ་དན་གསུམ་པ་དང་། ཁ་ནཱཾ་ཀའི་ཕྱག་རྒྱ་བཅིངས་ནས་གཡོན་པ་དྲིལ་བུ་དང་བཅས་ཤིང་གཡས་པ་བསླང་བའི་ཚུལ་དུ་བྱེད་པ་སྟེ། ་སྒེག་པ་དང་བཅས་པའི་མཛུབ་མོ་ལ་སོགས་པ་དཀྲོལ་བའི་གར་གྱིས་རྡོ་རྗེ་འདོད་པའི་དབང་ཕྱུག་མ་བསྟོད་པ་སྟེ། ཐམས་ཅད་ཀྱི་མཆོག་དངོས་གྲུབ་ཆེན་པོ་དབང་ཕྱུག་ཆེན་པོའི་མཆོག ་གི་ཕྱག་རྒྱས་དགའ་བ་ཆེན་པོའི་དཔལ་རྡོ་རྗེ་དོན་ཡོད་པའི་དགྱེས་པའི་དམ་ཚིག་དངོས་གྲུབ་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་མ་ཞེས་བྱ་བ་སྟེ། དེས་རྡོ་རྗེ་བསྙེམས་མ་ཡོངས་སུ་བཏང་བར ་བྱས་ན་དངོས་གྲུབ་བཞིར་འགྱུར་རོ།། རྡོ་རྗེ་བསྙེམས་མ་དེ་ཉིད་ཀྱིས་རྒྱས་བཏབ་ན་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ཆེན་པོའི་དབང་ཕྱུག་ཆེན་པོའི་དབང་ཕྱུག་ཆེན་པོའི་བདག་ཉིད་མི་འགྱུར། ་བའི་མཆོག་གོ།། མདའ་གསོར་བས་རྒྱས་བཏབ་ན་རྡོ་རྗེ་ལྷ་མོ་རྣམས་ཀྱང་རྗེས་སུ་ཆགས་པར་བྱེད་ན། བུད་མེད་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས།། རྡོ་རྗེ་ཀི་ལི་ཀི་ལས་རྒྱས་བཏབ་ན་ལྷ ་དང་ལྷ་མ་ཡིན་གྱི་བུད་མེད་ཐམས་ཅད་རོལ་པར་བྱེད་ཅིང་མ་གྲུབ་ནའང་ཐམས་ཅད་སྒྲུབ་པར་ནུས་པ་ཡིན་ནོ།། ཆུ་སྲིན་གྱི་རྒྱལ་མཚན་བསྒྲེང་བའི་ཕྱག་རྒྱ་འདིས་ཐམས་ཅད་ལས་རྣམ་པར་རྒྱལ ་བབ་དང་གསོད་པའོ།། རྡོ་རྗེ་འདོད་པའི་དབང་ཕྱུག་མས་ཡོངས་སུ་དགོད་ཅིང་འཕྲེང་པོ་དོར་བའི་སྔགས་དང་ཕྱག་རྒྱས་བཏབ་པ་ཙམ་གྱིས་འདོད་པ་ཐམས་ཅད་ཀྱི་དབང་ཕྱུག་ཐོབ་པའོ།། མཆོག། ་ཏུ་གསང་བའི་རས་རིས་ཀྱི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་མཆོད་པས་རབ་ཏུ་དགའ་བ་ལ་སོགས་པའི་མཆོད་པ་ཐམས་ཅད་ཐོབ་པ ་མི་བཟད་པའོ།། རྡོ་རྗེ་བསྟོད་པའི་ཕྱག་རྒྱས་སྲིད་པ་གསུམ་ཐམས་ཅད་བསྐྱོད་པ་དང་རབ་ཏུ་བྱེད་པའོ།། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་རྐང་པས་ལྷའི་གཟུགས་བརྙན ་མརན་ཅིང་རྒྱས་བཏབ་ནས་སྡིགས་མཛུབ་བྱས་ཏེ། ལྷ་ལ་སོགས་པའི་སེམས་ཅན་དེ་དང་དེ་རིང་པོར་མོ་ཐོགས་པར་རྒྱས་བཏབ་པས་བཀའ་བསྒོ་བ་ཐམས་ཅད་དང་ལས་རྣམས་བྱེད་པར་འགྱུར ་རོ།། སྟན་མཐོན་པོ་ལ་སྐྱིལ་ཀྲུང་བྱེད་པས་འདུག་སྟེ་རྐང་པ་གཡོན་པས་རྡོ་རྗེ་སེམས་དཔའི་གཟུགས་བརྙན་ཡང་མནན་ནས་རྡོ་རྗེ་གསོར་ཞིང་རྡོ་རྗེ་སེམས་དཔའ་མནན་ནས། དངོས་གྲུབ་ཡིད་དུ ་འོང་བ་ཐམས་ཅད་དང་ཕུན་སུམ་ཚོགས་པ་རྣམས་ཉམས་སུ་མྱོང་ན། ལྷ་ལ་སོགས་པའི་སེམས་ཅན་རྣམས་ལྟ་སྨོས་ཀྱང་དགོས། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རང་གི་རྟགས་བཟུང་ནས ་གཡས་པ་རྡོ་རྗེ་ལ་སོགས་པ་བསྟོད་པའི་ཚུལ་གྱིས་འཛིན་ཅིང་། ཡིད་ལ་འདོད་པའི་ལྷའི་བུ་མོ་ཐམས་ཅད་ལ་རྒྱས་འདེབས་ཤིང་སྟོབས་ཀྱིས་རོལ་བར་བྱེད་པའམ་སྒྲུབ་པར་བྱེད་པ་སྟེ། རྡོ་རྗེ་སེམས ་དཔའི་ཕྱག་རྒྱ་ཆེན་པོའོ།། དེ་ནས་དམ་ཚིག་གི་ཕྱག་རྒྱ་ནི་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ལས་བྱུང་བ་ནི་བཅུ་སྟེ། སྙིང་ཁར་སེན་མོ་འདྲུད་པའོ།། ལྕགས་ཀྱུ་བརྡེག་པའོ།། ་གཡོན་པའི་ལྕགས་ཀྱུ་ལ་ཞགས་པ་དེ་གཞུག་པའི་ལྕགས་ཀྱུའི་རྩེ་མོ་བཙིར་བའོ།། ཕན་ཚུན་སེམས་དྲུད་པའི་སྙིང་ཁར་བྱས་པའོ།། ལྕེ་མཉམ་པར་བྱིན་པའོ།། སྙིང་ཁར་རྡོ་རྗེ་བསྟན་པར་རབ། ་ཏུ་བཞག་པའོ།། རྡོ་རྗེས་བྱབ་པའོ།། རྩེ་བའི་ཕྱག་རྒྱ་ཡང་ངོ་།། འདི་རྣམས་ཀྱིས་དངོས་གྲུབ་དང་། ཕུན་སུམ་ཚོགས་པ་དང་། བདེ་བ་དང་། ཕྱག་རྒྱ་དང་། དམ་ཚིག་དང་། དཀྱིལ ་འཁོར་དང་། ཆོས་དང་། ཡེ་ཤེས་དང་། ལས་དང་། བདེ་བ་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་དོན་ཡོད་པར་ཐོབ་པར་འགྱུར་རོ།། དེ་ནས་གསང་བའི་དམ་ཚིག་གི་རྡོ་རྗེ་བསྡམས་པ་ལས ་བྱུང་བའི་ལས་བཅུ་ནི། དབུས་མའི་ལྕགས་ཀྱུས་སོ།། ཁ་སྦྱོར་གྱི་ནང་དུ་རྡོ་རྗེ་སོར་མོ་རྣམས་ཐམས་ཅད་ཀྱི་ལས་སོ།། མཐེ་བོང་རྡོ་རྗེའོ།། དེ་ཉིད་ཀྱིས་མཐིལ་གཉིས་སུ་དྲུད་པའོ།། མཛུབ ་མ་རྡོ་རྗེ་དེ་ཉིད་ཀྱི་ལྕགས་ཀྱུ་གཉིས་སོ།། དབུས་མའི་རྡོ་རྗེའོ།། དེ་ཉིད་ཀྱི་སོར་མོའི་རྩེ་མོ་བཅིང་བར་བྱའོ།། སྲིན་ལག་གི་རྡོ་རྗེའོ།། དེ་ཉིད་ཀྱིས་སོར་མོའི་རྩེ་མོ་དག་གི་རོལ་མོའོ།། མཐེའུ་ཆུང ་གི་རྡོ་རྗེའི།། དེ་ཉིད་ཀྱིས་མཐེ་བོང་གཉིས་ཀྱི་སེན་མོ་བཙིར་བའོ།། འདི་རྣམས་ཀྱིས་བཏབ་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་པོ་ཐམས་ཅད་སྒྲུབ་པ་དང་། རྗེས་སུ་ཆགས་པ ་དང་། དབང་དུ་བྱེད་པ་དང་། དགུག་པ་དང་། རོལ་པ་དང་། ཆགས་པས་བཅིང་བ་དང་། ཐམས་ཅད་སྨར་གཞུག་པ་དང་། གར་བྱེད་དུ་གཞུག་པ་དང་། དགོད་དུ་གཞུག་པ ་དང་གསོད་པའོ།། དེ་ནས་ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅུ་ནི། རྡོ་རྗེ་གར་གྱི་མཆོད་པ་ལྷ་དང་ལྷ་མ་ཡིན་གྱི་བུ་མོ་ཐམས་ཅད་དང་། བུ་མོ་གཞོན་ནུ་མ་ཐམས་ཅད་བརྟན་པར་རྗེས་སུ་ཆགས ་པ་ནི་རྡོ་རྗེ་ལྟ་བས་སོ།། རབ་ཏུ་དགའ་བའི་སྒྲུབ་པ་ནི་མ་མཆུ་ནང་དུ་གཡོ་བར་བྱེད་པས་མྱ་ངན་དང་བཏུང་བའོ།། ཆགས་པ་བརྟན་ཞིང་ལྟུང་བ་ནི་དབུགས་རིང་པོར་གཏོང་བས ་སོ།། དེ་ནས་ལས་འདོད་པ་ཐམས་ཅད་ཀྱིས་དབང་ཕྱུག་ཐོབ་པ་ནི་དཔུང་པ་གཉིས་བསྟོད་པས་སོ།། ཐམས་ཅད་ཀྱིས་མཆོད་པར་འགྱུར་བ་ནི་སྙིང་ཁར་བཞུགས་པས་སོ།། ཡོད་པ་ཐམས་ཅད་རྙེད ་པ་ནི་མིག་དགུག་པས་སོ།། འདོད་པའི་ཆགས་པ་བསྐྱེད་པ་ནི་དབུས་དང་བཅས་པའི་སྨན་པའི་གདོང་གིས་བལྟ་བས་སོ།། ཐམས་ཅད་འབེབས་པའི་ཆོ་ག་ནི་རང་སྙིང་ཕྲ་བར་བསྐྱོད་པའི་ལས ་རྣམས་ཀྱིས་སོ།། འདོད་པའི་ཆགས་པ་བསད་པ་ནི་དབུགས་བཏང་བས་རང་ཉིད་སྡང་བར་བྱེད་པས་སོ།། འདོད་པ་ཐམས་ཅད་ཀྱི་རྗེས་སུ་སྤྱོད་པ་ལ་སོགས་པའི་ལས་ཐམས་ཅད་ཀྱི་བྱེད ་པ་ནི་བཀའ་བསྒོ་བས་སོ།། དེ་རྣམས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ལའང་ཉེ་བར་སྦྱོར་བ་ན་དོན་ཡོད་གྲུབ་པས་སྐད་ཅིག་ཉིད་ཀྱིས་བརྟན་ཞིང་།། ་མི་འགྱུར་བའི་དངོས་གྲུབ་ཀྱིས་རྒྱས་བཏབ་ན་འགྲུབ་པར་འགྱུར་རོ།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ནས་ལས་ཀྱི་ཕྱག་རྒྱ་བཅུ་ནི ་བསྙེམས་པའི་ཕྱག་རྒྱས་ཐམས་ཅད་སྒྲུབ་པའོ།། རྡོ་རྗེ་མཚོན་ཆམས་ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་རྗེས་སུ་ཆགས་པའོ།། རྡོ་རྗེ་ཀི་ལི་ཀི་ལས་རབ་ཏུ་དགའ་བའི་རེག་བྱ་དང ་དངོས་གྲུབ་ཐམས་ཅད་བདེ་བས་གྲུབ་པའོ།། རྒྱལ་མཚན་བསྒྲེང་བས་འཐབ་མོ་ཐམས་ཅད་ལས་རྣམ་པར་རྒྱལ་ལོ།། རྡོ་རྗེ་འདོད་པའི་དབང་ཕྱུག་མས་བདག་པོ་ཆེན་པོ་ཉིད་དོ།། དུས་ཀྱི ་མཆོད་པས་མཆོད་པར་འགྱུར་བ་ཉིད་དོ།། རྡོ་རྗེ་གསོར་བས་ཐམས་ཅད་འདུལ་བའོ།། རྡོ་རྗེ་དོར་བས་ཐམས་ཅད་གསོད་པ་དང་ཐམས་ཅད་འཕྲོག་པའོ།། གཡོན་པ་བསྙེམས་ཤིང ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་ལས་རྣམས་ཀྱི་སྒྱུ་མ་དང་། རྫུ་འཕྲུལ་ཐམས་ཅད་དང་། སོ་སོར་སྟོན་པ་དང་། རྨུགས་པ་དང་། རེངས་པ་དང་། གཉིད་ལོག་ཏུ་གཞུག་པ ་དང་བསྐོར་བ་དང་། བསྤད་པ་དང་། འབྲུ་དང་། ལྟུང་བ་འཕོ་བ་དང་། དབང་དུ་བྱེད་པ་ལ་སོགས་པའི་ལས་ཐམས་ཅད་སྒྲུབ་པར་བྱེད་པའོ།། རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ ་བཅུ་ནི།། རྡོ་རྗེ་ཐལ་མོ་ལས་བྱུང་བའོ།། རྡོ་རྗེ་སྐུ་མཆོག་གི་དངོས་གྲུབ་ཐམས་ཅད་དོ།། མཛུབ་མོ་གཉིས་ཀྱི་ལྕགས་ཀྱུས་དངོས་གྲུབ་ཐམས་ཅད་དོ།། རྡོ་རྗེ་གནོད་སྦྱིན་གྱིས་བདུད་ཐམས ་ཅད་ལ་སོགས་པའི་གདུག་པ་འདུལ་བའི་དེ་ཉིད་ཀྱི་མཐེ་བོའི་རྡོ་རྗེ་བཏབ་པས་ཐམས་ཅད་རྙེད་པའོ།། དེ་ཉིད་ཀྱི་མཐེ་བོང་གཉིས་བཅུག་པའི་གཙུག་ཏོར་རྡོ་རྗེས་ཐམས་ཅད་སྲུང་བའི་མཐེ་བོང་རྡོ་རྗེ། ་ནང་དུ་བཅུག་པ་དེ་ཉིད་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་ཅན་རྗེས་སུ་ཆགས་པ་དང་། དགུག་པ་དང་། དབང་དུ་བྱེད་པ་སྒྲུབ་པའོ།། མཐེའུ་ཆུང་རྡོ་རྗེ་སོར་མོ་གཉིས་ཀྱི་རྩེ་མོ་གཉིས ་མཛུབ་མོ་གཉིས་ཀྱིས་ལེགས་པར་བཟུང་བས་མཐེ་བོང་ནི་དཔལ་དགུག་པ་དང་དབང་དུ་བྱེད་པའོ།། རྡོ་རྗེ་གནོད་སྦྱིན་གྱི་རྒྱལ་མོ་དེ་ཉིད་ཀྱིས་ནོར་ཐམས་ཅད་དང་དཔལ ་དབྲོག་པའོ།། དེ་ཉིད་ཀྱི་དབུས་མ་གཉིས་ཀྱིས་སྲིན་ལག་གཉིས་ཀྱི་རྩེ་མོ་ཡོངས་སུ་བཙིར་བས་བདུད་ལ་སོགས་པའི་གདོན་ལས་གྲོལ་བ་དང་དབང་དུ་བྱས་ནས་ལས་ཐམས་ཅད་ལ་སྦྱོར་བའོ།། ་རབ་ཏུ་དགའ་བའི་རྡོ་རྗེས་ཡུལ་ཐམས་ཅད་ཀྱི་མཆོག་སྒྲུབ་པའོ།། དེ་ནས་གསང་བའི་ཕྱག་རྒྱ་རབ་ཏུ་དགའ་བའི་རྡོ་རྗེ་ལས་བྱུང་བའོ།། སེམས་དཔའ་མནན་ནས་རྡོ་རྗེ་ལྷ་མོ་རོལ་དུ་གཞུག་པའོ།། ་དེའང་རབ་ཏུ་དགའ་བའི་རྡོ་རྗེ་ཆེན་པོས་རྒྱས་བཏབ་པས་སོ།། རྡོ་རྗེ་དང་བཅས་པའི་རབ་ཏུ་དགའ་བའི་རྡོ་རྗེ་ལགས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆགས་པ་དང་བྲལ་བའི་འཁོར་ལོས ་སོ།། མཛུབ་མོ་དང་། དབུས་མ་དང་། སྲིན་ལག་གི་འཁོར་ལོ་བསྒྲེང་བར་བྱས་ལ་མཐེ་བོང་དང་མཐེའུ་ཆུང་མཉམ་ལ་བྲལ་བར་བྱ་སྟེ། རབ་ཏུ་དགའ་བའི་རྡོ་རྗེ་སྒྲུབ་པ་དེ་ཁོ་ན་ཉིད་ཀྱིས ་རྒྱས་བཏབ་ཅིང་སྒྲུབ་པར་འགྱུར་རོ།། བཙིར་བས་འདོད་པ་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པའོ།། མཛུབ་མོ་ལྕགས་ཀྱུས་འདོད་པ་ཐམས་ཅད་ཀྱི་བདེ་བ་དགུག་པའོ།། མཛུབ་མོ་ཕྲག་དོག་ལ ་སོགས་པའི་འདོད་པ་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བའོ།། རྟག་ཏུ་བསྐྱོད་པས་རབ་ཏུ་དགའ་བ་འབེབས་ཤིང་དེ་ནས་སྒྲུབ་པའོ།། སྐྱེ་གནས་གཡོ་བས་བུད་མེད་དང་སྐྱེས་པ་དག་གིས ་རབ་ཏུ་དགའ་བ་ལ་འཇིག་རྟེན་ལས་འདས་པའི་འདོད་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོ་ཤིན་ཏུ་མཐའ་ཡས་པའོ།། ཁ་སྦྱོར་བཙིར་བས་ཇི་སྲིད་འཚོའི་བར་དུ་འདུས་པ་དང་བྲལ་བའང་ངོ་།། ་རྟགས་ཀྱི་སེན་མོ་གཡོན་པའི་མཐིལ་དྲུད་པས་ཤིན་ཏུ་བརྟན་པའི་འདོད་པ་ལ་ཆགས་པ་ཉིད་དུ་འགྱུར་རོ།། གཞན་གྱི་འདོད་པ་ལ་མི་བལྟ་ཞིང་གཞན་ལ་མི་འགྲོ་བར་ཤིན་ཏུ་བདེ་བ་དེ་ཡིད་བདེ་བ ་སྟེར་བའི་བུད་མེད་ཐམས་ཅད་འགྲུབ་པར་འགྱུར་རོ།། སྐྱེ་གནས་ཀྱིས་སེན་མོ་དྲུད་པས་སྐྱེས་བུ་རྣམས་སོ།། དེ་ནས་ཐམས་ཅད་ཀྱི་བདག་ཉིད་ཀྱི་གསང་བའི་ཕྱག་རྒྱ་བཅུ་སྟེ། དེ་ལ་ལུས ་ཐམས་ཅད་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་འཁྱུད་ལ་མ་མཆུ་སོ་རྣམས་ཀྱིས་བཟུང་སྟེ། རྨོངས་པས་བདེ་བ་སྟེར་དུ་གཞུག། སྒྲུབ་པས་རབ་ཏུ་དགའ་བའི་དངོས་གྲུབ་ཀྱི་རྡོ་རྗེ་སེམས ་དཔའ་ཤིན་ཏུ་འགྲུབ་པར་འགྱུར་རོ།། མཆོག་དང་པོའི་དངོས་གྲུབ་ཀྱིས་སུ་ར་ཏ་སྟྭཾ་ཞེས་བཅོམ་ལྡན་འདས་ལ་བརྗོད་ཅིང་དེ་ཁོ་ན་ཉིད་བསྐུལ་བས་གྲུབ་པར་འགྱུར་རོ།། རབ་ཏུ་དགའ་བའི་ཡེ ་ཤེས་ཀྱིས་ཐམས་ཅད་སྒྲུབ་པའོ།། ལག་པ་གཡོན་པའི་གསང་བ་ཁུ་ཚུར་ནི་ཐམས་ཅད་སྒྲུབ་པའོ།། བདེ་བ་ཆེན་པོ་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་ཆེན་པོའི་བལྟ་བས་ཐམས་ཅད་གྲུབ་པའོ།། སྨིན ་མ་གྱེན་དུ་བཏེག་པས་ལྟུང་བ་སློང་བའོ།། རང་གི་མ་མཆུ་ནང་དུ་མྱང་བས་སྐལ་བ་བཟང་པོ་ཆེན་པོ་སྒྲུབ་པའོ།། རང་གི་ལྕེ་བསྐྱོད་པས་རང་ཉིད་ཀྱིས་བདེན་པ་ཐམས་ཅད་དང་དེ་ཁོ་ན་ཉིད་གསལ ་ཞིང་མི་སླུ་བར་སྨྲ་བའོ།། རང་གི་ལུས་ལ་འབེབས་པས་གཟུགས་ཐམས་ཅད་ཡོངས་སུ་བསྒྱུར་བ་སྟེ། རྡོ་རྗེ་སེམས་དཔའ་འམ་རང་སངས་རྒྱས་སུའང་འགྱུར་བ་ཡིན། ་ནོ།། རང་གི་བདག་ཉིད་རྡོ་རྗེ་བསྒོམས་པས་ནམ་མཁའ་ལ་འགྲོ་བའོ།། དེ་ནས་དང་པོའི་ལས་ཐམས་ཅད་ཀྱི་ཕྱག་རྒྱ་བཅུ་ནི།། རྡོ་རྗེ་ཐལ་མོ་ཁ་ཊྭཱཾགས་སོ།། དངོས་གྲུབ་ཐམས ་ཅད་རྡོ་རྗེ་ཁུ་ཚུར་དག་གིས་སོ།། དེ་བཞིན་གཤེགས་པའི་ཁུ་ཚུར་དག་གིས་དངོས་གྲུབ་ཐམས་ཅད་དོ།། ཐམས་ཅད་གསོད་པ་ནི་ཁྲོ་བོའི་ཁུ་ཚུར་དག་གིས་སོ།། ཐམས་ཅད་སྦྱར་བ་ནི་པདྨའི ་ཁུ་ཚུར་དག་གིས་སོ།། ནོར་ཐམས་ཅད་དབྲོག་པ་ནི་ནོར་བུའི་ཁུ་ཚུར་གྱིས་སོ།། ཐམས་ཅད་འབེབས་པ་ནི་ཐམས་ཅད་འབེབས་པའི་ཁུ་ཚུར་གྱིས་སོ།། ཐམས་ཅད་གར་བྱེད་དུ་གཞུག་པ་ནི ་ཁ་ཊྭཱཾ་ག་གཏོར་བའི་ཁུ་ཚུར་དག་གིས་སོ།། ཐམས་ཅད་སྨྲར་གཞུག་པ་ནི་མཛུབ་མོ་མཉམ་པའི་ལྕེའི་ཁུ་ཚུར་དག་གིས་སོ།། ཐམས་ཅད་བསྐྱོད་པ་ནི་བརྟན་པའི་ཁུ་ཚུར་དག་གིས་སོ།། ཐམས ་ཅད་གཞུག་ཅིང་དོན་ཡོད་པར་སྒྲུབ་པ་ནི་རྡོ་རྗེ་ལྕགས་ཀྱུའི་ཁུ་ཚུར་གྱིས་སོ།། དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཅི་འདོད་པའི་ལག་པའི་སོར་མོའི་ཕྱག་རྒྱ་བཅུ་སྟེ། དོན་ཡོད་ཅིང་ཐོགས་པར ་མེད་པ་སྐད་ཅིག་མས་མྱུར་དུ་གྲུབ་པར་བྱེད་པ་འདི་ལྟ་སྟེ། པི་ཝང་དང་། གླིང་བུ་དང་། རྫ་རྔ་དང་། མུ་ཀུཎྜ་དང་། ཆ་ལང་དང་། རྔ་བོ་ཆེ་དང་། རྔ་ཟླུམ་དང་། རྔ་པ་ཊ་ཧ་དང་། གུཉྫ ་དང་། ཏི་མི་ལི་སྟེ། འདི་རྣམས་ཀྱིས་རྒྱས་བཏབ་ན་ཐམས་ཅད་དུ་རྗེས་སུ་ཆགས་པ་དང་། དབང་དུ་བྱེད་པ་དང་། འབེབས་པ་དང་། རིམས་དང་། དུག་དང་སྦྱར་དུག་དང་། གདོན།། ་ལས་གྲོལ་བ་དང་། གསོད་པ་དང་། འཐབ་མོ་ལས་རྣམ་པར་རྒྱལ་བ་དང་། ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པ་ཡིན་ནོ་ཞེས་བྱ་བ་གསུངས་སོ།། འདོད་ཆགསོ་ཆེན་པོ་རྣམ་དག ་ཕྱིར།། རྡོ་རྗེ་སེམས་དཔའ་ཆེན་པོ་ཡིན།། ཕྱག་རྒྱའི་རྟོག་པ་རབ་ཏུ་བརྟགས།། རྡོ་རྗེ་སློབ་དཔོན་སློབ་མ་མཆོག། དེ་ཉིད་དད་པའི་རྗེ་འབྲང་ལ།། རྟོགས་ཙམ་གྱིས་ནི་སྐད་ཅིག ་གིས་། དོན་ཡོད་ཀུན་གྲུབ་བདེ་བར་གསོལ།། ཞེས་བྱའོ།། དཔལ་མཆོག་དང་པོ་ལས། མཆོག་ཏུ་གྲུབ་པ་ཞེས་བྱ་བའི་ཕྱག་རྒྱའི་རྒྱུད་རྫོགས་སོ།། ། དེ་ནས ་མཆོག་ཏུ་མཁས་ཤིང་མཐའ་ལས་འདས་པ། ཚད་མེད་ཅིང་གཞལ་དུ་མེད་པ། མ་ལུས་ཤིང་ལུས་པ་མེད་པའི་མཆོག་གི་དངོས་གྲུབ་ཆེན་པོའི་བདག་ཉིད་ལ་སོགས་པའི་དངོས་གྲུབ ་ཐམས་ཅད་ཀྱིས་ལས་ཀྱི་ཚོགས་མཆོག་ཏུ་དམ་པའི་གྲུབ་པ་ཞེས་བྱ་བ་རྡོ་རྗེ་གར་ལས་བྱུང་བའི་ཚོགས་ཐམས་ཅད་ཀྱི་ཕྱག་རྒྱ་སྟོང་བཤད་པར་བྱའོ།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས ་དཔས་གསུངས་སོ།། ཕྱག་རྒྱ་ཆེན་པོ་མཉམ་བཞག་ནས།། སྒེག་བཅས་མཛུབ་སོགས་བཀྲོལ་བ་ཡིས།། ལས་ཀྱི་ཕྱག་རྒྱ་ཆེན་པོ་རྒྱ།། ཐམས་ཅད་གར་གྱིས་བསྒྲུབ་པར་བྱ།། བདེ་བ ་ཆེན་པོ་རྡོ་རྗེ་གསང་བའི་ལྕགས་ཀྱུས་ཁྱད་པར་དུ་ལས་ཀྱི་ཕྱག་རྒྱ་བཅིང་བ་སྟེ། བརྒྱ་ཕྲག་དང་པོ་མཆོག་ཏུ་བསྒྲུབས་ཏེ་རྡོ་རྗེ་དམ་ཚིག་ལྷ་མོ་རྣམས་ཀྱི་ཕྱག་རྒྱའོ།། རྡོ་རྗེ ་བསྡམས་པ་བཅིངས་ནས་ནི།། ཁ་སྦྱོར་མང་དུ་གསལ་བ་སྟེ།། མཆོག་དང་པོ་ཡི་གསང་ཆེན་གྱིས།། ལས་ཀྱི་ཕྱག་རྒྱ་བརྒྱ་གཞན་ཡིན།། ཞེས་བྱ་བ་རྡོ་རྗེ་ལྷ་མོ་གསང་བ་ཐམས་ཅད་ཀྱི་ཕྱག་རྒྱའོ།། ་རྡོ་རྗེ་གར་གྱི་མཆོད་པ་ཆེའི།། ཐལ་མོས་སྤྱི་བོར་བཟུང་ནས་ནི།། ལས་ཀྱི་ཕྱག་རྒྱ་གྲུབ་པས་ན།། དབང་པོ་རྣམས་དང་སྦྱར་བར་བྱ།། ཞེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་མཆོད་པ་ཆེན་པོའི་ལྷ་མོ ་རྣམས་ཀྱི་ཕྱག་རྒྱའོ།། རྡོ་རྗེ་བསྙེམས་མས་གར་བྱ་ཞིང་།། སྒེག་བཅས་མཐེའུ་རུང་སོགས་བཀྲོལ་བས།། དེ་ཉིད་བཅིངས་ནས་གར་བྱ་ཞིང་།། ཕྱི་མ་འདི་ནི་འབྱུང་བ་ཡིན།། ཞེས་བྱ ་བརྡོ་རྗེ་ཐམས་ཅད་ཀྱི་ལས་དོན་ཡོད་པའི་དམ་ཚིག་གྲུབ་པའི་དབང་ཕྱུག་ཆེན་པོའི་མཆོག་གི་ཕྱག་རྒྱ་བརྒྱའོ།། རྡོ་རྗེ་ཐལ་མོ་མཉམ་བཞག་ནས།། ཐམས་ཅད་ཀྱིས་ནི་བསྒྲུབ་པར་བྱ།། མཆོག ་དང་པོ་ཡི་ལས་ཆེན་པོའི།། ཕྱག་རྒྱ་མཆོག་ནི་གཞན་ཡིན་ནོ།། ཞེས་བྱ་བ་རྒྱལ་མོ་ཐམས་ཅད་ཀྱི་ཕྱག་རྒྱ།། མདའ་ལྔ་བསྡུས་པ་བཅིངས་ནས་ནི།། ལས་ཀྱི་ཕྱག་རྒྱ་བདེ་བ་བརྒྱ། ་རབ་ཏུ་དགའ་མཆོག་མ་བཀྲོལ་བར།། བདེ་བ་ཉིད་དུ་མངོན་པར་སྦྱར།། ཞེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་འདོད་པ་མའི་ཕྱག་རྒྱའོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མིས ་དེ་བཞིན་ཕྱག་རྒྱ་མཆོག་སྦྱོར་བས།། ལས་ཀྱི་ཕྱག་རྒྱ་སྣ་ཚོགས་བརྒྱ།། མཆོག་དང་པོ་ནི་རབ་ཏུ་བརྟག། ཅེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལྷ་མོའི་ཕྱག་རྒྱའོ།། ་རྡོ་རྗེ་ལྷ་མོའི་ཁ་ཊྭཱཾ་ག། ལུས་ཀུན་གྱིས་ནི་གར་བྱ་ཞིང་།། རྡོ་རྗེ་གར་མཆོག་གླུ་བླང་ཞིང་།། དང་པོའི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བའོ།། ཇི་ལྟར་གོང་དུ་བརྒྱ་གསུངས་པ།། རོལ་མོ ་མཆོག་གི་ཕྱག་རྒྱའི་ཚོགས།། རོལ་མོ་བརྡུང་ཞིང་གླུ་ལེན་པ།། ཕྱག་རྒྱ་ཀུན་གྱི་གསལ་བ་བརྒྱ།། ཞེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་ལྷའི་བུ་མོའི་ཚོགས་ཀྱིས་ཕྱག་བྱ་སྟེ། ཕྱག་རྒྱ ་སྟོང་མཆོག་ཏུ་གྲུབ་པའོ།། དེ་ལ་སོགས་པ་མཐའ་ཡས་མཆོག། ཆོས་དབྱིངས་མཉམ་དང་མི་མཉམ་པ།། ནམ་མཁའི་མཐའ་ལྟར་གྲངས་མེད་པའི།། ཕྱག་རྒྱའི་རྒྱལ་མོ ་གྲུབ་མཆོག་སྟེར།། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི།། དབང་ཕྱུག་ཆེན་པོའི་མཆོག་གྲུབ་ཕྱིར།། ནམ་མཁའ་ཀུན་གྱི་གོ་སྐབས་ཀྱིས།། དཀྱིལ་འཁོར་འདི་ནི་རབ་ཏུ་ཞུགས།། དམ ་པ་མཆོག་ཏུ་གྲུབ་པར་བྱེད།། མཆོག་གི་དམ་པ་རྒྱུད་ཆེན་པོ།། དམ་པ་མཆོག་གི་དངོས་གྲུབ་སྟེར།། རྡོ་རྗེ་སློབ་དཔོན་སློབ་མ་མཆོག། དེ་ཉིད་དད་པའི་རྗེས་འབྲངས་ལ།། ཕྱག་རྒྱ་ཀུན་གྱི། ་ཚུལ་འདི་ནི།། བསྟན་པར་བྱ་སྟེ་གཞན་ལ་མིན།། དེ་ལྟར་མཆོག་ཏུ་མི་འགྱུར་དམ་པའི་དངོས་གྲུབ་བདེ་བ་ཡི།། མཆོག་ཏུ་རྣམ་དག་རྡོ་རྗེ་བདེ་གྲུབ་མཐའ་ཡས་འབྲས་བུར་ལྡན།། དཔལ ་མཆོག་དང་པོའི་གསལ་བའི་དེ་ཉིད་མཆོག་གི་སྐུའི་ཚུལ་ལོ།། མཆོག་ཏུ་རྟག་པའི་ཚུལ་འདི་ཡོངས་སུ་མཐར་ཐུག་པའོ།། དཔལ་མཆོག་དང་པོ་ལས། དམ་པ ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་ཕྱག་རྒྱའི་རྒྱུད་རྫོགས་སོ།། ། དེ་ནས་སེམས་དཔའ་ཆེན་པོ་ཀུན།། རྡོ་རྗེ་འཛིན་དང་བཅས་པའི་མཆོག། རྡོ་རྗེ་འཆང་ཆེན་གཅོམ ་ནི།། མགོན་ལ་བདེ་གཤེགས་རྣམས་ཀྱིས་གསོལ།། ཀུན་མཆོག་ནམ་མཁའ་ཆེན་པོ་ཡི།། དངོས་གྲུབ་དབང་ཕྱུག་རབ་གྲུབ་ཕྱིར།། རྟོག་པ་ཐམས་ཅད་ཀུན་བསྡུས་པའི།། དེ་ཉིད་སེམས ་དཔའ་ཆེན་པོས་གསུངས།། རྣམ་རྟོག་མེད་པའི་ཆོས་རྣམས་ལ།། རྟོག་པའི་དོན་འདི་གང་བརྗོད་པ།། གང་གིས་རྒྱུད་འདི་ཕྱི་མ་ལ།། དང་པོའི་གནས་མཆོག་ཇི་ལྟར་ལགས།། དེ་བཞིན ་རྡོ་རྗེ་སེམས་དཔའ་ཉིད།། རབ་དགའ་ཉིད་དང་བཟང་བ་ཉིད།། རྡོ་རྗེ་བསྙེམས་བདག་ཇི་ལྟར་ལགས།། སེམས་དཔའ་སེམས་དཔའི་ཏིང་ངེ་འཛིན།། དེ་བཞིན་རྡོ་རྗེ་རྡོ་རྗེ་འཛིན།། རྡོ་རྗེ་འཆང ་ཆེན་ཉིད་དང་ནི།། བྱང་ཆུབ་སྤྱོད་པ་ཇི་ལྟར་ལགས།། བདུད་དང་བདུད་ལས་རྒྱལ་བ་ཉིད།། བྱང་ཆུབ་སངས་རྒྱས་ཇི་ལྟར་ལགས།། རྡོ་རྗེ་གཏུམ་མོ་མཐར་བྱེད་ཉིད།། ཕྱག་རྒྱ་རྡོ་རྗེ་ཇི་ལྟར་ལགས།། ་ཇི་ལྟར་དང་པོའི་རིགས་བྱུང་དང་།། འདོད་པ་ཐར་པ་ཇི་ལྟར་ལགས།། ཇི་ལྟར་མགོན་པོ་རྣམ་གསུམ་དང་།། ཁྱོད་ནི་ཇི་ལྟར་ཐམས་ཅད་ཉིད།། དང་པོའི་སྙིང་པོ་ཇི་ལྟར་ལགས།། དེ་ཅི ་ཉེ་སྙིང་ཇི་ལྟར་ལགས།། བདེ་ཆེན་རྡོ་རྗེ་ཆེན་པོ་ཡི།། དོན་ཡོད་དམ་ཚིག་ཇི་ལྟར་ལགས།། དཀྱིལ་འཁོར་ཞེས་བྱ་ཇི་སྐད་གསུངས།། དེ་ཡི་རྣམ་སྨིན་ཇི་ལྟ་བུ།། ཐིག་གདབ་པ་དང ་བརྟག་པ་ཡིས།། དངོས་གྲུབ་ཇི་ལྟར་གསུངས་པ་ལགས།། གསང་བ་ལྔ་ཡི་དེ་བདེ་བ།། ཇི་ལྟར་གྱུར་པ་ཇི་ལྟ་བུ།། དཀྱིལ་འཁོར་བདག་པོ་རྣམས་དང་ནི།། རིགས་རྣམས་གསལ་བ་ཇི་ལྟར ་ལགས།། ཐམས་ཅད་དབང་བསྐུར་དེ་ཉིད་དང་།། ཕྱག་མཚན་ཚོགས་ཀྱི་དེ་ཉིད་དང་།། ཐམས་ཅད་དགུག་གཞུག་མཆོད་པ་ཆེ།། བདག་བྱིན་བརླབས་སོགས་སྒྲུབ་པ་ཆེ།། དེ་ནི་དེ་ཉིད ་གསང་བ་དང་།། དོན་ཡོད་པ་ནི་མཆོག་ཉིད་དེ།། མི་འགྱུར་དམ་པ་སྒྲུབ་པའི་ཕྱིར།། ཐམས་ཅད་བདག་ཅག་རྣམས་ལ་གསུངས།། ཞེས་བྱ་བ་བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱིས་མཆོག་གི་མདོ་གསུངས་སོ།། དེ་ནས་སྟོན་པ་རྡོ་རྗེ་འཛིན།། རྟོག་པ་ཀུན་གྱི་བདག་པོ་ནི།། ཐེ་ཚོམ་ཚོགས་རྣམས་གསན་ནས་སུ།། འདི་ཡི་ལན་ནི་གསུངས་པ་ཡིན།། ་ལ་རྟོག་པའི་དོན་གྱི་རྒྱུད་ཇི་ལྟར་ཡིན་ཞེ་ན། རྣམ་རྟོག་མེད་པའི་ཆོས་རྣམས་ལས།། སེམས་ཅན་དོན་ནི་ཡོངས་བརྟགས་པས།། དེས་ན་རྟོགས་པར་གསུངས་པ་སྟེ།། རྟོག་པ་ཡོངས་སུ་དག། ་ཕྱིར་རོ།། དེ་ནས་རྒྱུད་ཕྱི་མ་ཇི་ལྟར་ཡིན་ཞེ་ན། རྒྱུད་ནི་རྒྱུན་ཞེས་བྱ་བར་བཤད།། ཕྱི་མ་སྔར་དང་ཡང་དག་བྱུང་།། དེ་ཉིད་གསང་བའི་གསང་བ་དང་།། ཕྱི་མ་དང་བཅས་རྒྱུད་དུ་འདོད།། དེ་ལ། ་དང་པོ་གནས་ཞེས་བྱ་བའི་རྒྱུད་ཇི་ལྟར་ཡིན་ཞེ་ན། ནམ་མཁའ་ཀུན་ལ་རབ་ཏུ་གནས།། རྡོ་རྗེ་ཀུན་མཆོག་རང་བཞིན་མཆོག། བདེ་བ་ཆེན་པོ་དགའ་བ་ཆེའི།། གྲོང། ་ཁྱེར་དེར་ནི་མི་འགྱུར་མཆོག། ཅེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་རྟོག་པ་ཐམས་ཅད་ཀྱི་རྟོག་པའི་དེ་ཁོ་ན་ཉིད་ཅེས་བྱ་བ་འདི་གསུངས་སོ།། དེ་ལ་ཐོག་མ་ཐ་མ་མེད་པའི་རྡོ་རྗེ་སེམས ་དཔའ་ཇི་ལྟར་ཡིན་ཞེ་ན། ནམ་མཁའ་སྒྲུབ་མཚན་ལྡན་ཕྱིར།། ཐོག་མ་ཐ་མ་མེད་པའི་མཆོག། སེམས་དཔའ་རྡོ་རྗེ་ཆེ་རང་བཞིན།། རྡོ་རྗེ་སེམས་དཔའ་ཞེས་བྱར་བརྗོད།། དེ་ནས་བཅོམ་ལྡན ་འདས་དེ་གང་ཡིན་ཞེ་ན། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི།། དབང་ཕྱུག་ཆེན་པོ་ལྷག་པའི་ལྷ།། རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ།། རབ་ཏུ་དགའ་བ་མི་འགྱུར་མཆོག། དེ་ལ་བཅོམ་ལྡན་འདས ་དགའ་བ་ཆེན་པོ་ཉིད་ཇི་ལྟར་ཡིན་ཞེ་ན། ཉེས་པ་མེད་ཅིང་ཤིན་ཏུ་རྟག། འདོད་ཆགས་ཀུན་གྱིས་རྗེས་ཆགས་པ།། དེ་ཉིད་འདི་ཡིས་གསང་བ་འདི།། འདོད་ཆགས་ཆེན་པོའི་དགའ་བ་ཆེ།། ་དེ་ལ་ཅི་ཀུན་ཏུ་བཟང་པོ་ཉིད་ཇི་ལྟར་ཡིན་ཞེ་ན། ཤིན་ཏུ་དག་ལ་ཀུན་གྱི་མཆོག། གདོད་ནས་གྲོལ་བ་དེ་བཞིན་གཤེགས།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། བྱང་ཆུབ་སེམས་དཔའི་ཆོ་ག ་མཆོག། དེ་ལ་རྡོ་རྗེ་བསྙེམས་པའི་བཅོམ་ལྡན་འདས་ཇི་ལྟར་ཡིན་ཞེ་ན། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡིས།། དབང་ཕྱུག་ཆེན་པོའི་ཕྱག་རྒྱའི་མཆོག། རྡོ་རྗེ་དབང་ཕྱུག་ཆེར་བསྟོད་པས།། ་རྡོ་རྗེ་བསྙེམས་པའི་བདག་པོའི་བདག། ཅེས་བྱ་བ་ནི་བཅོམ་ལྡན་འདས་མཆོག་དང་པོའི་སྐྱེས་བུའོ།། མཆོག་དང་པོ་ཡི་དེ་ཉིད་འདི།། རྡོ་རྗེ་སེམས་དཔའ་གང་གང་བརྗོད།། དངོས་གྲུབ་ཀུན་གྱི། ་འབྱོར་པ་རྣམས།། དེ་ལ་ཐམས་ཅད་འགྲུབ་པར་འགྱུར།། ཞེས་བྱ་བ་མཆོག་གི་དེ་ཁོ་ན་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ནས་དེའི་འོག་ཏུ་ལས་ཀྱི་བྱ་བས་བཅོམ ་ལྡན་འདས་ཐམས་ཅད་ཀྱི་མཆོག་ཉིད་དུ་བཤད་པར་བྱའོ།། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལ་བཅོམ་ལྡན་འདས་ཐམས་ཅད་ཀྱིས་སེམས་ཅན་ཇི་ལྟར་ཡིན་ཞེན ་བསམ་གྱིས་མི་ཁྱབ་རྒྱ་ཆེ་བ།། ཟབ་དངོས་ཀུན་བདེ་མི་འགྱུར་བ།། ཐམས་ཅད་ཁྱབ་ཅིང་དྲི་མ་མེད།། བྱང་ཆུབ་སེམས་ནི་བདག་བརྟན་པ།། དེ་ནས་འདི་ལས་ཁྱད་པར་ནི།། སེམས། ་ཉིད་བརྟན་པ་ཉིད་སེམས་པས།། ཏིང་འཛིན་དེ་ལ་མཉམ་པར་བཞག། རྣམ་ཤེས་ལས་ནི་རྡོ་རྗེ་ཀུན།། རྡོ་རྗེ་ལས་ནི་འཛིན་གྱུར་ཏེ།། བཅོམ་ལྡན་འདས་རྡོ་རྗེ་འཛིན་ཇི་ལྟར་ཡིན་ཞེ་ན།། ་སེམས་དཔའི་བྱིན་རླབས་ནི།། བདག་ལ་བྱིན་བརླབས་མཆོག་སྒྲུབ་པ།། ཉིན་རེ་སྒྲུབ་པར་བྱེད་ན་དེས།། རྡོ་རྗེ་སེམས་དཔའ་ཉིད་ཐོབ་འགྱུར།། དེ་ལ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི ་སྤྱོད་པ་ཇི་ལྟར་ཡིན་ཞེ་ན། སྙིང་སྟོབས་རྡུལ་དང་མུན་པས་ཀྱང་།། གང་ཕྱིར་སེམས་ཅན་དོན་གྱུར་པས།། དེ་ཕྱིར་ང་ནི་ཀུན་ཏུ་བཟང་།། བྱང་ཆུབ་སྤྱོད་པའི་རྗེས་འཇུག་པའོ།། དེ་ལ ་ཇི་ལྟར་བཅོམ་ལྡན་འདས་བདུད་ཉིད་དང་འདུལ་བས་རྒྱལ་བ་ཇི་ལྟར་ཡིན་ཞེ་ན། སེམས་ཉིད་ཁོ་ན་བདུད་ཉིད་དེ།། སེམས་ཉིད་དེ་བཞིན་གཤེགས་པའོ།། རང ་སེམས་གདུལ་བར་བྱ་བའི་ཕྱིར།། བདག་ནི་བདུད་ཉིད་གྱུར་པ་ཡིན།། དེ་ལ་ཇི་ལྟར་བཅོམ་ལྡན་འདས་མངོན་པར་རྫོགས་པའི་བྱང་ཆུབ་དང་སངས་རྒྱས་ཡིན་ཞེ་ན། རང་སེམས་སོ་སོར ་རྟོག་པའི་ཕྱིར།། བྱང་ཆུབ་སེམས་མཆོག་རྡོ་རྗེ་ཉིད།། དེ་ཕྱིར་དེ་ཉིད་སངས་རྒྱས་ཉིད།། བདག་བྱིན་བརླབས་མཆོག་གྲུབ་ཕྱིར་རོ།། དེ་ལ་ཇི་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཡིན་ཞེ་ན། ་མི་ཕྱེད་སོ་སོར་རྟོགས་པ་དང་།། གདུག་པ་ཐམས་ཅད་ངེས་པར་གནོན།། སངས་རྒྱས་ཀུན་དངོས་རྡོ་རྗེ་སྟེ།། བྱང་ཆུབ་སེམས་ནི་བརྟན་པ་བདག། ཀུན་ཏུ་བཟང་པོའི་ལག་ཏུ་ནི།། ་མཚོན་ཆ་དེ་ནི་རྒྱལ་བས་བྱིན།། བརྟན་པ་ཐམས་ཅད་གྲུབ་པའི་ཕྱིར།། དེས་ན་ཕྱག་ན་རྡོ་རྗེ་དེས།། དེ་ལ་ཇི་ལྟར་དང་པོའི་རིགས་ལས་བྱུང་བ་ཤེས་པ་རྒྱུད་ཡིན་ཞེ་ན། ཤེས་རབ་ཕ་རོལ ་ཕྱིན་པ་ཡུམ།། ཡབ་ནི་ཐབས་ལ་མཁས་པ་སྟེ།། རྡོ་རྗེ་སེམས་དཔའ་གདུལ་བྱའི་ཕྱིར།། རིགས་རྣམས་རབ་ཏུ་བྱུང་བའོ།། དེ་ལ་ཇི་ལྟར་བཅོམ་ལྡན་འདས་འདོད་པ་ཐར་པ་ཡིན་ཞེ་ན། ་བཅོམ་ལྡན་འདས་ནི་ཆགས་པ་ཆེ།། དངོས་གྲུབ་ཐམས་ཅད་རྗེས་ཆགས་ཕྱིར།། དངོས་གྲུབ་ཐམས་ཅད་མི་འགྱུར་བདེ།། བདེ་བ་ཆེན་པོ་ཞེས་བརྗོད་པའོ།། དེ་ལ་ཇི་ལྟར་བཅོམ་ལྡན ་འདས་རྣམ་པ་གསུམ་པ་ཡིན་ཞེ་ན། བདག་ནི་དུས་གསུམ་མཐའ་ཡས་ཕྱིར།། ང་ནི་སྲིད་གསུམ་གདུལ་བྱའི་ཕྱིར།། གསུམ་མཆོག་འཇིག་རྟེན་གསུམ་ཀུན་ཕྱིར།། འཇིག་རྟེན་གསུམ་པ ་ཁམས་གསུམ་ང་།། དེ་ལ་ཇི་ལྟར་བཅོམ་ལྡན་འདས་ཐམས་ཅད་ཉིད་ཡིན་ཞེ་ན། ང་ནི་བརྟན་པ་ཐམས་ཅད་བདེ།། བསོད་ནམས་ཀུན་མཆོག་ཆེ་བའི་ཕྱིར།། གཡོ་བ་སེམས་ཀྱིས་འདུས ་བྱས་ཕྱིར།། སྒྱུ་མ་ཐམས་ཅད་ང་ཡིན་ནོ།། ཞེས་བྱ་བ་རང་གི་ལས་ཀྱི་བྱ་བའི་དེ་ཁོ་ན་ཉིད་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལ་ཇི་ལྟར་དང་པོའི་གླུ་བྱུང་བ་ཤེས་པ་ཡིན་ཞེ་ན། སྲིད་པ ་ཤིན་ཏུ་གྲུབ་པ་ཡི།། དབང་ཕྱུག་ཆེན་པོ་མཆོག་གྲུབ་ཕྱིར།། གཟི་ཅན་སེམས་ཅན་དོན་མཛད་ཕྱིར།། བསྐལ་པ་ཐོག་མར་བཅོམ་ལྡན་འདས་ཀྱིས་གསུངས།། དེ་ནས་དེ་གང་ཡིན་ཞེ ་ནའདོད་ཆགས་ཆེན་པོ་བཅོམ་ལྡན་འདས།། རབ་ཏུ་དགའ་བ་མི་འགྱུར་མཆོག། གསང་བའི་ཕྱིར་ནི་སྙིང་པོ་བརྗོད།། ཡི་གེ་ཧཱུཾ་ནི་མི་འགྱུར་མཆོག། དེ་ནས་ཉེ་བའི་སྙིང་པོ་ཡི།། ་དེ་ཁོ་ན་ཉིད་ཤེས་པ་ནི།། དེ་ཉིད་གསང་ཞིང་གསང་བ་དང་།། སྙིང་པོ་རབ་ཏུ་བརྗོད་པར་བྱ།། སྙིང་པོའི་རྗེས་སུ་སྒྲུབ་པར་འགྲུབ།། ཉེ་བའི་སྙིང་པོ་ཉིད་དུ་བརྗོད།། དེ་ལ་ཇི་ལྟར་བདེ ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་བཤད་པའི་རྒྱུད་ཡིན་ཞེ་ན། དངོས་གྲུབ་ཀུན་གྱི་མི་འགྱུར་བདེ།། བདེ་བ་ཆེན་པོ་ཞེས་བརྗོད་དོ།། རྡོ་རྗེ་དེ་ཉིད་དོན་ཡོད་གྲུབ།། དམ་ཚིག་འདའ ་བར་དཀའ་བའོ།། ཞེས་བྱ་བའི་མཆོག་གི་དམ་པའི་གླུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལ་ཇི་ལྟར་དཀྱིལ་འཁོར་གྱི་དོན་ཤེས་པ་ཡིན། ་ཞེ་ན། ཇི་ལྟར་གནས་དང་འཁོར་ལོ་དང་།། ཇི་ལྟར་དགོད་པར་འགྲོ་བ་དང་།། འཁོར་དང་བཅས་པ་དགོད་པ་གང་།། དེ་འདྲའི་འཁོར་ལོ་མཆོག་གིས་སྤྲུལ།། དེ་ནས་རྣམ་པར་ཤེས་པ་ནི།། ། ་རྡོ་རྗེ་སེམས་སོགས་ལྷ་རྣམས་ཀྱིས།། འཁོར་ལོ་མངོན་སུམ་མཐོང་བ་ཡིས།། རྟག་པའི་བསོད་ནམས་ཅི་འདྲ་བ།། ཕྱིར་ན་བྲིས་ནའང་དེ་བཞིན་ནོ།། དེ་ནས་ཐིག་གདབ་པའི་ཆོ་ག་ནི།། ཤེས ་རབ་ཅན་གྱིས་དཀྱིལ་འཁོར་བྲིས།། ཕྱོགས་ཀུན་མཉམ་པ་ཉིད་དམིགས་ལ།། ཤར་དང་ནུབ་དང་བྱང་དང་ལྷོར།། ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད།། རྡོ་རྗེ་ཐིག་གིས་ཡོངས ་བསྐོར་བར།། ཀ་བ་བརྒྱད་ཀྱིས་ཉེར་མཛེས་ཤིང་།། སྒོ་བཞི་རྟ་བབས་ཁ་ཁྱེར་དང་།། དྲ་བ་དྲ་ཕྱེད་ལ་སོགས་བརྒྱན།། དེར་བདག་པོ་ཡི་དོན་ཤེས་ནི།། རྡོ་རྗེ་སེམས་དཔའ་ཇི་ལྟ་བུ་ཞེ་ན། ནམ། ་མཁའ་སྐྱེ་བ་མཚན་ལྡན་ཕྱིར།། ཐོག་མ་ཐ་མ་མེད་པའི་མཆོག། སེམས་དཔའ་རྡོ་རྗེ་ཆེ་རང་བཞིན།། དཔལ་མཆོག་དང་པོ་ཞེས་བྱར་བརྗོད།། དེ་ནས་བཅོམ་ལྡན་འདས་གང་ཞེ་ན། ཀུན ་མཆོག་དངོས་གྲུབ་ཆེན་པོ་ཡི།། དབང་ཕྱུག་ཆེན་པོ་ལྷག་པའི་ལྷ།། རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ།། རབ་ཏུ་དགའ་བ་མི་འགྱུར་མཆོག། ཅེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ།། ་དེ་ནས་སྤྱན་རས་གཟིགས་དབང་གིས།། པདྨ་རཱ་ག་དང་མཚུངས་པ།། ཐམས་ཅད་དག་པ་བླ་ན་མེད།། རྡོ་རྗེ་སེམས་དཔའ་རང་བདག་ཉིད།། སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཉིད།། ་ནས་པདྨའི་རིགས་ཀྱི་དེ་ཁོ་ན་ཉིད་ནི། རྡོ་རྗེ་ཆོས་ནི་རབ་གྲུབ་ཕྱིར།། སེམས་ཅན་ཐམས་ཅད་རྣམ་དག་ཕྱིར།། པདྨ་ཆེན་པོའི་རིགས་དག་པའི།། ཏིང་འཛིན་ཡེ་ཤེས་ཀུན་ནས་བསྡུས།། ་ཞེས་བྱའོ།། དེ་ལ་ཇི་ལྟར་ནམ་མཁའ་སྙིང་པོ་ཡིན་ཞེ་ན། ཐམས་ཅད་ནམ་མཁའི་བཅོམ་ལྡན་འདས།། སེམས་ཅན་བསོད་ནམས་མཐོང་ཞིང་ཆེ།། ནམ་མཁའི་སྙིང་པོ་སེམས་དཔའ་དང་།། ་དེ་ནས་ནོར་བུའི་རིགས་ཀྱིས་ནི།། དབང་བསྐུར་བ་དང་གཏེར་དང་ནི།། རྡོ་རྗེ་རྒྱལ་ཚན་མཆོད་པ་ཆེ།། ནོར་བུ་ཆེན་པོའི་རིགས་གྲུབ་པ།། བསམ་པ་ཐམས་ཅད་ཡོངས་རྫོགས་པའོ།། ་ཞེས་བྱ་བ་དཀྱིལ་འཁོར་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། རྡོ་རྗེ་རིགས་ཐམས་ཅད་ཀྱི་དབང་བསྐུར་བ་ཤེས་པ་ནི། སངས་རྒྱས་རིན ་ཆེན་རྡོ་རྗེ་ཕྱེད།། རྡོ་རྗེ་རིན་ཆེན་རྡོ་རྗེ་ལ།། སྤྱན་རས་གཟིགས་ལ་རྡོ་རྗེ་སྐུ།། ནོར་བུ་ནོར་བུ་འཛིན་པའོ།། དེ་ནས་མཆོག་དང་པོའི་ཕྱག་མཚན་གྱི་དེ་ཁོ་ན་ཉིད་དོ།། ཀུན་མཆོག་དངོས་གྲུབ་ཆེར ་པོ་ཡི།། དབང་ཕྱུག་ཆེན་པོའི་མཚོན་མ་ཆེ།། གསང་བ་ལྔ་ཡི་དེ་ཉིད་ཆེ།། རྡོ་རྗེ་རྩེ་ལྔ་ཞེས་བརྗོད་དོ།། དེ་ནས་རིགས་ཐམས་ཅད་ཀྱི་ཕྱག་མཚན་གྱི་དེ་ཁོ་ན་ཉིད་ཅེས་པ་ནི། སངས་རྒྱས་ཐམས ་ཅད་སངས་རྒྱས་ཉིད།། སྣ་ཚོགས་བྱ་བ་རྡོ་རྗེ་ནན།། འཇིག་རྟེན་དབང་ཕྱུག་རྡོ་རྗེ་ཆོས།། ནོར་བུ་ནོར་བུ་བསྔགས་པའོ།། ཞེས་བྱ་བ་དབྱུང་བསྐུར་བ་ཐམས་ཅད ་ཕྱག་མཚན་གྱི་དེ་ཁོ་ན་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལ་ཇི་ལྟར་ཐམས་ཅད་དགུག་པའི་རྒྱུད་ཡིན་ཞེ་ན། རྟོག་པ་ཀུན་གྱི་གསང་ཆེན་གྱིས།། རྡོ་རྗེ་ལྕགས་ཀྱུ ་དྲིལ་བཅས་པས།། བཀུག་སྟེ་དེ་ནས་རྗེས་སྒྲུབ་པ།། དྲིལ་བུ་ཉིད་ཀྱི་བྱ་བ་ཡིན།། ཇི་ལྟར་མཆོད་པ་ཐམས་ཅད་ཀྱི་ཆོ་ག་ཡིན་ཞེ་ན། རྟོག་པ་ཀུན་གྱི་གསང་ཆེན་གྱི།། རབ་ཏུ་དགའ་བས ་མཆོད་ནས་ནི།། ཀླུ་དང་རོལ་མོ་རྣམས་འཕྲུལ་བས།། མཆོད་དེ་སླར་ཡང་རྣལ་འབྱོར་མཆོད།། དེ་ལ་ཇི་ལྟར་དངོས་གྲུབ་ཐམས་ཅད་བྱིན་གྱིས་བརླབས་པའི་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཡིན། ་ཞེ་ན། རྟོག་པ་ཀུན་གྱི་གསང་ཆེན་གྱི།། ཕྱག་རྒྱ་ཀུན་གྱིས་ལེགས་བྱིན་བརླབས།། དམ་ཚིག་ཆེན་པོའི་འདི་ཉིད་ཀྱིས།། ། རང་ཉིད་བསྒྲུབས་ནས་སྙིང་པོ་བཟླས ་ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་བསྙེམས་པའི་བདག་པོའི་བདག། ཅེས་བྱ་བའི་མཆོག་དང་པོའི་སྐྱེས་བུའོ།། ། ་དེ་ལ་ཇི་ལྟར་རང་ལྷག་པའི་ལྷ་ཐམས་ཅད་ཀྱི་སྒྲུབ་པ་ཆེན་པོའི་རྒྱུད་ཡིན་ཞེ་ན། བརྟན་པ་དང་ནི་གཡོ་བ་དང་།། རྟོག་པ་ཀུན་ལས་བསྒྲུབ་བྱ་གང་།། རང་གི་ལྷག་པའི་ལྷ་སྦྱོར་བས།། དེ་དག ་ཐམས་ཅད་བསྒྲུབ་པར་བྱ།། དེ་ནས་ཐམས་ཅད་རྗེས་སུ་སྒྲུབ་པའི་རྒྱུད་ནི།། རྡོ་རྗེ་དྲིལ་བུ་འཛིན་གྱུར་ནས།། རྡོ་རྗེ་དྲིལ་བུས་རབ་སད་ཅིང་།། རྟོག་པ་ཐམས་ཅད་རྗེས་སྒྲུབ་པས།། མཆོག ་དང་ལ་སོགས་འགྲུབ་པར་འགྱུར།། དེ་ལ་ཇི་ལྟར་འབད་པ་མེད་པ་ཐམས་ཅད་སྒྲུབ་པའི་རྒྱུད་ཡིན་ཞེ་ན། བསྒྲུབ་བྱ་ཅི་འདོད་བསྒྲུབས་ནས་ནི།། ཕྱི་ནས་ཇི་ལྟར་འདོད་པ་ཡིས།། ཅི་འདོད་སྤྱོད ་པ་ལ་སྤྱོད་ཅིང་།། ཐམས་ཅད་བྱེད་ཅིང་ཐམས་ཅད་བཟའ།། ལངས་པའམ་ནི་འདུག་པ་འམ།། གང་དང་དེ་རུ་འཆག་པའམ།། དགོད་པ་དང་ནི་སྨྲ་བའམ།། གང་དེར་ཅི་བཞིན་དེ་བཞིན་ནོ།། ་དབང་པོ་གང་དང་གང་ལམ་འགྱུར།། དེ་དང་དེ་ཡི་ངོ་བོར་བྱ།། མཉམ་པར་བཞག་ནས་རྣལ་འབྱོར་གྱིས།། རང་གི་ལྷག་པའི་ལྷ་སྦྱོར་བྱ།། དེ་ཉིད་རྣལ་འབྱོར་འདི་ཡིས་ནི།། ཐམས་ཅད།། ་ཉིད་ནི་བསྒྲུབ་པར་བྱ།། སངས་རྒྱས་ཀུན་དངོས་ཐམས་ཅད་ནི།། རྟག་ཏུ་མཐོང་ཞིང་གྲུབ་པར་འགྱུར།། དམ་ཚིག་ཆེན་པོ་དེ་ཉིད་ནི།། མཁས་པ་གང་ཞིང་དད་པས་ཀློག། དེ་ནི ་སྡིག་ཀུན་དང་བྲལ་བས།། དངོས་གྲུབ་ཀུན་གྱིས་དབང་ཕྱུག་འགྱུར།། ཞེས་བྱ་བ་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་དོ།། དེ་ལྟར་དཔལ་མཆོག་དང་པོའི་ཆོ་ག་མ་ཉམས་མཆོག་གི་བླ ་མི་གསལ།། མཆོག་ཏུ་གསང་བ་སྒྲུབ་པའི་ཆོ་ག་བདེ་མཆོག་མྱུར་དུ་གྲུབ་ཕྱིར་གསོལ།། རྡོ་རྗེ་མཆོག་འཛིན་དང་བཅས་བདེ་གཤེགས་སྲས་བཅས་རྣམས་ཀྱིས་བྱིན་བརླབས་པ། ་བདེ་ཆེན་དམ་པ་རྡོ་རྗེ་འཛིན་པདགའ་ཆེན་མཆོག་གིས་དེ་གསུངས་སོ།། དཔལ་མཆོག་དང་པོ་ལས་མཆོག་ཏུ་གསང་བའི་ཆོ་ག། དེ་ནས་སྟོན་པ་རྡོ་རྗེ་འཛིན། ་མཁའ་ལྟར་ཐུག་མེད་ཀུན་ཏུ་འགྲོ། སངས་རྒྱས་ཀུན་གྱིས་བསྟོད་ནས་ནི།། རྟོག་པའི་མཐར་ཐུག་དོན་གསུངས་སོ།། བདག་གི་སྙིང་པོ་དང་འདི་མཆོག་ཆེན་པོའོ།། བདེ་ཆེན་མཆོག ་གི་མཆོག་དང་རྗེས་སུ་ཆགས་པ་ཆེ།། ཀུར་མཆོག་སེམས་དཔའ་རྣམས་ཀྱི་རྟག་ཏུ་འབྱུང་གནས་ནི།། ཀུན་མཆོག་འབྱོར་པའི་དབང་ཕྱུག་གསོ་བ་ཡིན།། མཐའ་ཡས་པ་དང་ཐོག ་མེད་མཐར་ཐུག་མེད་པ་ནི།། མཆོད་བྱ་ཆེན་པོ་ཐམས་ཅད་རྣམས་ཀྱི་ཚུལ་ཆེན་པོ།། ནམ་མཁའ་དང་མཚུངས་མཆོག་གི་དངོས་འཕེལ་གོ་སོལ།། དེ་ནི་སུས་ཀྱང་མཐར་ཐུག་བྱེད་པར ་རུས་པ་མིན།། སེམས་ཅན་རྣམས་ནི་དམན་ལ་ཞེན་ཅིང་ཉུང་ལ་དགའ།། དད་པ་མེད་ཅིང་སླུ་བ་བྱེད་ལ་མ་སྦྱངས་པ།། རྟག་ཏུ་རྗེས་སུ་ཆགས་ཤིང་ཆགས་བྲལ་ལ་ཆགས་པ།། ་རྣམས་ལ་ནི་ཕན་ཕྱིར་འདི་ནི་མཐར་ཐུག་པའོ།། གང་གི་ཁྱིམ་ན་འདི་གནས་གང་གིས་རབ་ཏུ་སྒྲུབ་པའམ།། ཡོང་ན་ཇི་བཞིན་གསུངས་པ་རྟག་ཏུ་འདིར་སྒྲུབ་བྱེད།། སོ་སོར་ཉམས་སུ ་མྱོང་བའི་མཐུ་ཡིས་ཐམས་ཅད་དུ།། བདུད་ཀྱི་ལ་སོགས་རྣམས་ཀྱིས་དེ་ནི་གནོད་མི་ནུས།། རྡོ་རྗེ་འཆང་སོགས་སྐུ་ནི་གང་གིས་སྒྲུབ་བྱེད་པ།། གཟུགས་བརྙན་ལ་སོགས་ཐམས་ཅད ་འདིར་ནི་ཇི་བཞིན་གསུངས།། དེས་ནི་ཐམས་ཅད་སོ་སོར་ཉམས་མྱོང་ནུས་པར་ལྡན།། བདུད་ཀྱི་ལ་སོགས་རྣམས་ཀྱིས་དེ་ནི་གནོད་མི་ནུས།། གང་ཞིག་རྡོ་རྗེ་ལ་སོགས་གཟུགས་བརྙན ་ལ་སོགས་པ།། ཇི་ལྟར་འདོད་པ་འདི་དག་ཐམས་ཅད་སྒྲུབ་པར་བྱེད།། རབ་ཏུ་འདོད་པས་ཡི་གེ་ཧཱུཾ་ལས་བྲིས་ནས་ནི།། འདོད་པའི་དངོས་གྲུབ་དེ་ཡིས་སྟེར་ཞིང་ཐོབ་པར་འགྱུར།། ་རྒྱལ་པོ་རྣམས་ཀྱིས་རྣམ་པར་སྦྱངས་པར་མཛད་པ་ནི།། གང་ལ་དོན་ཀུན་དག་ཕྱིར་མཛད་པར་མི་འགྱུར་མིན།། འདིར་ནི་བགེགས་བྱེད་བདུད་རྣམས་ཀྱང་ནི་ཡོད་མ་ཡིན།། རྟོགས་པས་དངོས ་གྲུབ་འཕེལ་ཞིང་བྱིན་གྱིས་བརླབས་པ་ཡིན།། ང་ནི་བདུད་ཉིད་མི་འགྱུར་བརྟན་མེད་ཉིད་མི་འགྱུར།། བརྟན་པ་ཉིད་ཕྱིར་ང་ནི་བརྟན་པར་མཛད་པ་ཡིན།། རྟག་པ་འདི་ནི་མཆོག་ཆེན་གང་གིས། ་སྒྲུབ་བྱེད་པ།། དེ་ལ་ང་ནི་དངོས་གྲུབ་མྱུར་དུ་སྒྲུབ་པར་བྱེད།། དངོས་གྲུབ་ཆེན་པོ་ལ་ཐམས་ཅད་དུ་རྗེས་སུ་ཆགས་ཤིང་ཤིན་ཏུ་མཉེས་པ་དང་།། ཤིན་ཏུ་བརྟན་པ་དང་། ཤིན་ཏུ་རྒྱས་པ་དང ་རྟག་ཏུ་རྒྱ་ཆེ་བར་འགྱུར་བ་ཡིན་ནོ།། གང་ཞིག་མཆོག་གི་རྒྱལ་པོའི་སྙིང་པོ་སྒྲུབ་བྱེད་པ།། རྒྱལ་བ་ཐམས་ཅད་དགྱེས་ཤིང་རྒྱལ་བ་དགྱེས་པར་མཛད།། དེ་དག་གྲགས་པ་ཆེན་པོ་ཐོབ་ནས་བདེ ་བའང་ཐོབ།། དེ་ཕྱིར་འདི་ལ་དད་ཅིང་གུས་པར་བྱ་བ་ཡིན།། དེ་ནས་རྒྱལ་བ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཡང་མཆོག་སངས་རྒྱས་སྲས་ནི་ལེགས་སོ་ལེགས།། ་སྲས་མཆོག་སངས་རྒྱས་སྲས་ནི་ལེགས་སོ་ལེགས། རྡོ་རྗེ་མཆོག་ན་རྡུ་རྗེ་འབྱུང་བ་ལེགས།། དམ་པའི་ཆོས་ཀྱི་བདག་ཉིད་ལེགས་སོ་ལེགས།། སངས་རྒྱས ་རྣམས་ཀྱིས་ཡང་དག་བྱིན་བརླབས་པ།། རྟག་ཏུ་མི་འགྱུར་དོན་ཡོད་གྲུབ་པ་ཆེ།། ཇི་ལྟར་དང་པོའི་གྲུབ་པ་དེ་བཞིན་དུ།། ཕྱིས་ནས་ཀྱང་ནི་དེ་བཞིན་གྲུབ་པ་འགྱུར།། དེ་ལྟར་ངག་ཆེན་གསུངས ་ནས་ནི།། སྲས་དང་བཅས་པའི་སངས་རྒྱས་རྣམས།། རྡོ་རྗེ་སེམས་དཔའ་ཆེན་པོ་ཡི།། གསུང་ལ་རྗེས་སུ་ཡི་རང་མཛད།། དཔལ་མཆོག་དང་པོ་ལས།། རྟོག་པའི་རྒྱལ་པོ་ཐམས་ཅད་ཀྱི་མཆོག ་རྫོགས་སོ།། ཐུགས་དམ་སའི་སྙིང་པོ་ཟོ་ལིང་དུ་རྒྱ་གར་གྱི་མཁན་པོ་པཎྜི་ཏ་མཁས་པ་ཆེན་པོ་མནྟ་ཀ་ལ་ཤ་དང་། སྔ་བསྒྱུར་གྱི་ལོ་ཙ་བ་ལྷ་བཙན་པོ་དགེ་སློང་བླ་མ་ཞི་བའི ་འོད་ཀྱི་ཞལ་སྔ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ལོ་ཙ་ཆེན་པོ་རིན་ཆེན་བཟང་པོ་ཡི།། དཔལ་མཆོག་དང་པོའི་རྒྱུད་འདི་བསྒྱུར་བ་ལ།། བར་བ་དཔེ་མ་རྙེད་པས་མ་འགྱུར་ནས།། བདག་གིས ་འབད་པས་དཔེ་བཙ་ལ་རྙེད་པས་བསྒྱུར།། རྒྱ་ཀར་སྐད་དུ། ཨཱརྱ་པྲ་ཛཱ་པཱ་ར་མི་ཏཱ་ན་ཡ་ཤ་ཏ་པཉྩ་ཤ་ཀ། བོད་སྐད་དུ། འཕགས ་