| Wylie | e-texts produced with BDRC’s OCR application |
བར་གྱུར་ཅིག་@རྒྱ་གར་སྐད་དུ་། སེ་ཀྵེ་བ་པྲ་ཏིཥྛ་བི་དྷི་ཏནྡ། བོད་སྐད་དུ། རབ་ཏུ་གནས་པ་མདོར་བསྡུས་པའི་ཆོ་གའི་རྒྱུད། དཔལ་རྡོ་རྗེ་སེམས ་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་རྡོ་རྗེ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ་བརྡུངས་པ་དང་། བྲིས་པ་དང་། འབུར་དུ་བྱས་པ་ལ་སོགས་པའི་རབ་ཏུ་གནས་པའི་ཆོ་ག་གསུངས་པ། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་།། མཚན་ཉིད་ཀུན་དང་ཡང་དག་ལྡན།། ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། ་ལས་རྣམས་ཀུན་ལ་མཁས་པས་སོ།། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ།། ནི་བ་ལ་སོགས་རོ་ཡིས་ལྡན།། ཚད་ཀྱིས་ཚད་ལ་ཕབ་ཅིང་བཟང་།། དེ་འདྲ་རབ་ཏུ་གནས་པར་འགྱུར།། ཡང་ཐོག་མཆོད་རྟེན་སོགས ་གནས་དང་།། ཁྱིམ་དང་ལྷའི་གནས་རྣམས་སུ།། སངས་རྒྱས་ལ་སོགས་རབ་གནས་ནི།། ཆོ་ག་དག་དང་ལྡན་པས་བྱ།། ཆོ་ག་དམན་པས་མི་བྱ་སྟེ།། རབ་གནས་རྟག་པར་བཀྲ་མི་ཤིས།། འཇིག་རྟེན ་འདིར་ཡང་སྡུག་བསྔལ་ལ།། འཇིག་རྟེན་ཕ་རོལ་འཇིགས་པ་ཆེ།། དེ་བས་འབད་པ་ཐམས་ཅད་ཀྱིས།། དངོས་གྲུབ་འདོད་པས་ནན་ཏན་བྱ།། ཆོ་ག་བདག་ཉིད་ནུས་པ་ཡིས།། བརྟག་པ་ལས་གསུངས་ཚུལ ་ལེགས་པས།། དེ་བྱས་བསོད་ནམས་ཆེ་བ་ནི།། མཐོང་དང་མི་མཐོང་རྣམས་སུ་སྐྱེ།། སྐུ་གཟུགས་སྔགས་ཀྱི་མཚན་ཉིད་ཀྱིས།། དེ་ལ་བྱིན་རླབས་འཇུག་པར་འགྱུར།། གང་དུ། ་སྐུ་གཟུགས་རྫོགས་པ་ལ། བྱིན་མ་བརླབས་པར་རིང་གནས་ན།། དེ་ལ་བཀྲ་མི་ཤིས་འགྱུར་ཞིང་།། དེ་སྲིད་མཆོད་པར་དེ་མི་འོས། དཔེར་ན་སྐྱེས་བུ་ལ་ལ་ཞིག། རིག་པའི་མཚན་ཉིད་སྤངས་པ་ན། ་འཇིག་རྟེན་ཀུན་གྱིས་མཆོད་མི་བྱེད།། དེ་དེ་བཞིན་དུ་གཟུགས་བརྙན་དེ།། རབ་གནས་མ་བྱས་གཟུགས་བརྙན་ལ།། གང་གིས་མཆོད་ཅིང་ཕྱག་བྱེད་པ།། དམ་ཚིག་བྲལ་ཞིང་སྔགས་དམན་པས།། སྦྱིན ་སྲེག་ཐལ་བ་འབྲས་མེད་མཚུངས།། དེ་བཞིན་དུ་ཡང་སྔགས་གནས་པས།། ཆོས་ལྡན་མཆོད་པ་བྱེད་པ་གང་།། དེ་ཡི་ལས་ཀྱི་རྣམ་སྨིན་གྱིས།། སྐྱེ་བ་རུ་ནི་མཆོད་པར་འགྱུར།། བྱང་ཆུབ་སེམས་དཔའ་རྣམས ་ཀྱི་ས་གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་རབ་ཏུ་མི་གནས་པ་ལགས་ན། ཇི་ལྟར་ན་རྒྱལ་བ་རྣམས་ཀྱིས་རབ་ཏུ་གནས་པ་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སངས་རྒྱས་ཀུན་ནི་རབ ་ཏུ་བཞུགས།། རབ་ཏུ་གནས་པ་གང་ནའང་མེད།། ཀུན་ཏུ་མཁའ་ལྟར་གནས་པ་ལ།། ཅིག་ཤོས་ཀྱིས་ནི་རབ་ཏུ་བརྟགས།། འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས།། རབ་ཏུ་གནས་པ་རབ་ཏུ་བརྟགས།། དམ ་པའི་དོན་དུ་དཔྱང་བ་ན།། གང་ཞིག་གང་གིས་གང་དུ་བརླག། གཟོང་མ་ནས་ནི་སྐྱེ་མེད་པ།། ཅི་འདྲས་ཇི་ལྟར་རབ་ཏུ་གནས།། དང་པོའི་ལས་ཅན་སེམས་ཅན་རྣམས།། རྟོགས་པའི་རྒྱུ་རུ་བཤད་པར་ཟད་། ་དང་པོར་རེ་ཞིག་ཡོངས་སུ་བརྟག་པའི་གནས་ཡོངས་སུ་སྦྱངས་པ་དང་། གདུགས་དང་། རྒྱལ་མཚན་དང་། བླ་རེ་དང་། བ་དན་བསྒྲེང་བ་རྣམས་སུ་མཆོག་ཏུ་གསོལ་བ་འདེབས་པས། གསོལ་བ་བཏབ ་པའི་བླ་མ་སྤོས་དང་མེ་ཏོག་ལ་སོགས་པ་དང་ལྡན་པས་ཚེས་དང་རྒྱུ་སྐར་ཤིས་པ་ལ་སློབ་དཔོན་ལེགས་པར་མཉམ་པར་བཞག་པས་རབ་ཏུ་གནས་པའི་སར་འཁོད་དེ། སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ལ་སོགས་པ་རིགས་ལྔ་དང་རབ་ཏུ་འབྲེལ་བ་ཡིན་ལཀ། དེ་བཞིན་དུ་རབ་ཏུ་འབྲེལ་བའི་དཀྱིལ་འཁོར་གྱི་ཚོགས་ས་ཡོངས་སུ་བཟུང་ཞིང་རྡུལ་ཚོན་གྱི་ལས་དང་། ཐིག་གདབ་པ་དང་གསོལ་བ་གང་བ ་པ་ལ་སོགས་པ་བྱས་ལ་རྩ་བའི་སྔགས་སམ་རྒྱུད་ཀྱི་དགོངས་པས་སའི་གཏེར་དུ་ནོར་བུའམ་སོར་གདུབ་བཅུག་ལ། དེ་ནས་ལྷའི་ཁང་པར་རང་གི་སློབ་མ་བཅུག་སྟེ། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་དེ ་བཞིན་གཤེགས་པ་ལ་སོགས་པའི་སྐུར་བལྟས་ལ། ལྷ་ལ་མངོན་པར་ཕྱོགས་ཏེ་ཕྱག་འཚལ་ཞིང་། ཇི་ལྟར་འབྱོར་པའི་མེ་ཏོག་ཐལ་མོ་དང་།། དྲི་ཆུ་གཙང་མས་ཆོ་ག་བཞིན་བརྟགས་ལ།། ཏིང་ངེ་འཛིན ་ལ་ལེགས་གནས་པས།། ཞབས་བསིལ་མེ་ཏོག་སྤོས་སོགས་ལྡན།། རྣམ་པར་མི་རྟོག་སེམས་ཀྱིས་ནི།། མཆོད་ཡོན་རྣམས་ནི་ཕུལ་བྱས་ལ།། མཉམ་པར་བཞག་པས་སྔགས་འདི་ཡིས།། ལན ་གསུམ་བར་དུ་བརྗོད་པར་བྱའོ།། ཨོཾ་ས་མ་ཡ་སྟྭཾ། ས་མ་ཡ་ཧོ། ས་མ་པ་ཧཾ། ཇི་ལྟར་སངས་རྒྱས་ཐམས་ཅད་ནི།། དགའ་ལྡན་དུ་ནི་གནས་པ་ནི།། ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར།། དེ་བཞི། ་གཟུགས་བརྙན་འདིར་ཞུགས་ཤིག། འདི་རུ་མགོན་པོ་རྟག་བཞུགས་ནས།། བྱང་ཆུབ་སེམས་ནི་བསྐྱེད་པ་དང་།། འདི་ཞེས་བྱ་བའི་དོན་སྐད་དུ།། བདག་གི་འབྱོར་པ་ཉིད་ཀྱིས། ་ནི། ཅི་འབྱོར་པ་ཡི་མཆོད་པ་རྣམས།། མེ་ཏོག་ལ་སོགས་འདི་བཞེས་ཤིག། བདག་དང་སློབ་མར་བཅས་པ་ལ།། རྗེས་སུ་བརྩེ་བས་དགོངས་སུ་གསོལ།། ཀུན་གྱིས་འདི་ལ་བྱིན་བརླབས་ཤིང་། ་དེ་ཉིད་དུ་ནི་བཞུགས་པར་རིགས།། སྐུ་གཟུགས་སྟ་གོན་ལེགས་བྱས་ལ།། དེ་ནས་བརྟག་པ་མཉམ་པར་བརྩམ།། སློབ་མ་སྦྱང་བར་གནས་པ་ཡིས།། དེ་ལྟར་ཐམས་ཅད་དཔྱད་བྱས་ལ།། སྔགས ་པས་མཆོད་པའི་ཆོ་ག་སོགས།། བླ་མ་ཡིས་ནི་གང་བསྒོ་ག། མ་འཚོགས་པ་ཀུན་བསྒྲུབ་པར་བྱ།། མཆོད་ཡོན་འབྲས་བུ་ཆེན་པོར་འགྱུར།། དེ་ནས་སྔགས་པས་སྙན་གསན་དཔབ།། ག་དན་ལ་བ ་བྱས་མཆོད་ཡོན་དང་།། མཆོད་པ་སྤོས་དང་མེ་ཏོག་དང་།། དེ་བཞིན་དུ་ནི་མར་མེ་དང་།། སྔགས་དང་ལྡན་པས་དབུལ་བར་བྱ།། སྐུ་གཟུགས་མདུན་དུ་ཕྱོགས་བྱས་ལ།། ན་བཟའ་སེར་པོས་གཡོགས ་བྱ་ཞིང་།། དེ་ནས་སྔགས་པས་འདུ་བྱ་བ།། ཁྱད་པར་དུ་ནི་བདུག་པར་བྱ།། དེ་ནས་གྲུབ་ཕྱིར་དེ་ལ་ནི།། དེ་ལ་ལན་ཅིག་གཏོར་བྱ་བ།། དེ་ནས་དེ་ལ་སྔགས་འདི་ནི།། མེ་དང་དེ་ནས་ཆུ་ལ་ནི།། ཨོཾ་སརྦ་པ ་པ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ་ཀ་ཞེས་བྱ་བས་སོ།། དེ་ནས་རྣམ་པ་ཀུན་གྱི་མཆོག་ལྡན་པའི།། དོན་བཞིན་དུ་ནི་བསྒོམ་བྱ་སྟེ།། དེ་ནས་གསུམ་གནས་རྣམས་སུ་བསྟིམ།། ཨོཾ་ཧཱུཾ་ཨཿཡི་གེ་གསུམ། ཨོཾ་ཡིག་སྤྱི ་བོར་བསྟིམ་བྱ་ཞིང་།། སྙིང་ཁར་ཅུ་གི་ཡི་གེར་འགྱུར།། ངག་གི་ཕྱོགས་སུ་ཨཱཿཡིག་གོ།། སྐུ་གསུང་ཐུགས་ནི་བསྒྲུབ་པར་བྱ།། ཡང་ན། གང་གིས་བོན་གང་ཡིན་པ། དེ་འི་ཐུགས་ཀར་དེ་དགོད་དོ། ་ཕྱག་རྒྱ་སྔགས་ཀྱིས་རབ་བསྐུལ་ཞིང་།། ཅི་རིགས་པར་ནི་སྙན་གསན་དཔག།། གསེར་རམ་དངུལ་ལམ་བཟངས་མའམ།། རྡོ་ང་དེ་བཞིན་ཤིང་དང་ནི།། ཡང་ན་ཤིང་ལོའོ་འདབ་མ་རྣམས།། མཆོད་ཡོན། ་ནི་སྦྱར་བར་བྱ།། དེ་བཞིན་བུམ་པ་གསེར་ལ་སོགས།། བངས་མའི་སྣོད་ཀྱི་མཆོད་ཡོན་ནི།། མཆོད་ཡོན་སྣོད་ལ་རབ་ཏུ་ཤིས།། གལ་ཏེ་ནུས་པས་མ་རྙེད་ན།། ཇི་ལྟར་རྙེད་པས་ཀུན་ཏུ་བྱ།། དེ་ནས་དེ་མི ་ཏིལ་མར་སོགས།། དུར་བའི་བོན་གྱི་པིར་གྱིས་སྤྱང་།། བཀྲ་ཤིས་རྔ་ལ་སོགས་པའི་སྒྲས།། ན་ཆུང་རྣམས་ཀྱིས་དེ་བཞིན་བརྗོད།། ཏིལ་མར་ལ་སོགས་པའི་སྔགས་ནི།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ ་ན་ནི་སྭཱ་ཧཱ། བུམ་པ་ལྔའམ་ཡང་ན་བརྒྱད། ཅན་དན་ལ་སོགས་རྣམས་ཀྱིས་བྱུགས།། སྣ་ཚོགས་དྲི་ཆུས་དགང་བ་དང་།། འཁར་ལོ་བྱས་ལ་མངོན་པར་བསྔགས།། བུ་མོས་བཀལ་བའི་སྲང་བུའམ། ་ཡང་ན་གསོ་མའི་སྐུད་པའང་རུང་།། ཚོན་ཆེན་པོ་ཡིས་བསྒྱུར་བྱས་ལ།། དེ་ལ་སྔགས་ཀྱིས་དཀྲི་བར་བྱ།། སྨན་ལྔ་རིན་ཆེན་ལྔ་དང་ནི།། མེ་ཏོག་འབྲས་བུར་ལྡན་པ་སྟེ།། སྐུ་གསུམ་པ་དང་ཡུངས་ཀར་ལྡན། ་བུམ་པ་མངོན་པར་བསྔགས་པར་བྱ།། གཙུག་ཏོར་ནམ་རྒྱལ་ཞེས་བྱ་བ།། གཟི་བརྗིད་གཞན་གྱིས་མི་བཛི་དང་།། བཀྲ་ཤིས་ནི་རྣམས་སྔགས་ཀྱིས་ནི།། ཁྲུས་ཀྱི་ཆེད་དུ་མངོན་པར་བསྔགས།། འཇམ ་པའི་ཏིལ་མར་ངག་དང་ནི།། ཨུ་དུམ་པ་རའི་ལྕུག་མ་བཟང་།། མཁར་བའི་སྣོད་ཀྱི་ནང་དག་ཏུ།། བཀོད་ལ་རབ་ཏུ་དབུལ་བར་བྱ།། དྲི་ལྷ་ཡིས་ནི་དེ་ནས་བྱུགས།། ས་བོན་ལྔ་ནི ་གཏོར་བར་བྱ།། སློབ་མ་ཚོགས་དང་བཅས་པ་ཡི།། སྔགས་ཀྱི་གཙང་སྦྲས་བཀྲུ་བར་བྱ།། བཀྲ་ཤིས་ཞེས་བྱ་ཡིད་འོང་བའི།། བློ་དང་ལྡན་པས་ཚིགས་བཅད་བརྗོད།། རིག་མ་སྤྱན་པ་ཇི་བཞིན་དུ།། ཆོ་ག ་བཞིན་དུ་མངོན་དབང་བསྐུར།། སྔགས་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི།། ལྷ་ཡི་ཆུ་ནི་དག་པ་ཡིས།། དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར།། དེ་བཞིན་བདག་གིས་ཁྲུས་གསོལ་ལོ།། ཞེས་བྱ ་པ་ལ་སོགས་པས་སོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ལུགས་མ་ལ་ནི་དངོས་སུ་བཀྲུ།། རི་མོ་རྣམས་ནི་མེ་ལོང་ལའོ།། དག་བྱེད་ལྔས་ནི་སྔོན་དུ་བསྒོ།། དུར་བ་ཡིས་ནི་མེད་པར་བྱ།། རས ་སམ་ལག་པ་དག་གིས་ནི།། བློ་དང་ལྡན་པས་སྐུ་ལུས་ཕྱི།། གུར་ཀུ་མ་མར་དང་བཅས་པ་བསྐུ།། གོས་བཟང་དག་ཀྱང་སྐུ་ལ་གསོལ།། བློ་དང་ལྡན་པས་སྔགས་འདི་ཡིས།། དཀྱིལ་འཁོར་དབུས་སུ ་བཞུགས་སུ་གསོལ།། ཨོཾ་དྷི་བཛྲ་བཱ་ས་སེ་སྭཱཧཱ། ཨོཾ་བཛྲ་གརྦྷེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་བ་ར་ཎ་བ་སུ་ཥ་ཎེ་སྭཱ་ཧཱ། བློ་ལྡན་གྱིས་རང་དམ་ཚིག་བསྐུལ།། ཕྱག་རྒྱ་སྔགས་ཀྱིས་དབང་བསྐུར་ལ།། ཇི་ལྟར་འོས་པར་མངོན། ་དབང་བསྐུར།། ཨོཾ་ཧཱུཾ་ཨཾ་ཛྲིཾ་ཁཾ། དེ་ལྟར་ཅོད་པན་བཅིང་བ་བྱས་ལ་བཞུགས་སུ་གསོལ་ཏེ། བརྟག་པ་ལས་གསུངས་པའི་ཚུལ་གྱིས་སོ།། མདུན་གྱི་ཕྱོགས་ནི་མ་ནུབ་ཅིང་།། ཡོ་བ་མིན་ནིང་དྲང་བ་ཡིས། ་དེ་ལྟར་སྐུ་གཟུགས་མཛེས་པར་དགོད།། དེ་ལྟར་མིན་ན་སྐྱོན་འབྱུང་འགྱུར།། མེ་ཏོག་སོགས་དང་དེ་བཞིན་དྲི།། མར་མེ་ན་བཟའ་སོགས་སྦྱོར་གང་།། དེ་ཀུན་སྔགས་དང་ལྡན་པ་ཡིས།། ལྷ་རྣམས་ལ་ནི ་དབུལ་བར་བྱ།། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾཞེས་བྱ་བ་འདི་དག་ལ་སོགས་པས་སོ།། མཆོག་གི་མེ་ཏོག་འདི་དག་ནི།། ཆུ་དང་ཐང་ལས་དེ་བཞིན་སྐྱེས།། མཆོག་ཏུ་དད་པས་ཁྱེད་ལ་འབུལ།། ཅི་བདེ་བར་ནི་སོ་སོར། ་བ་ཞེསདད་ལྷན་ཅིག་སྐྱེས་དང་སྦྱར་ལས་བྱུང་།། མཆོག་གི་བདུག་པ་འདི་དག་ནི།། བདག་གིས་དད་པས་འབུལ་ལགས་ཀྱིས།། ཅི་བདེ་བར་ནི་བཞེས་སུ་གསོལ།། ལྷན་ཅིག་སྐྱེས་དང་སྦྱར་ལས་བྱུང་།། མཆོག ་ཏུ་གྱུར་པར་དྲི་འདི་ནི།། མཆོག་གི་དད་པས་འབུལ་ལགས་ཀྱིས།། ཅི་བདེ་བར་ནི་སོ་སོར་བ་ཞེས།། མུན་པ་འཇོམས་བྱེད་སྣང་བའི་མཆོག། མར་དང་ཏིལ་གྱི་མར་མེ་འདི།། ཡང་དག་ཡེ་ཤེས་སྤྱན་དབྱེ་བྱིབ། ་དད་པས་བདག་གིས་འབུལ་བར་བགྱི།། བཟའ་དང་བཅའ་བ་ཕུན་སུམ་ཚོགས།། ཁ་དོག་དྲི་རོ་རྣམས་དང་ལྡན།། ཐམས་ཅད་ལྡན་པ་ལྷ་ཡི་བཤོས།། བདག་གིས་དབུལ་གྱིས་སོ་སོར་བཞེས།། དེ་ལ ་སོགས་པ་གང་ཡང་རུང་།། ཅུང་ཟད་ཅི་འབྱོར་སྐུ་གཟུགས་ལ།། དེ་དག་ཐམས་ཅད་འདི་ཉིད་ཀྱིས།། རིམ་པ་ཡིས་ནི་དབུལ་བར་བྱ།། སྔགས་ཀྱི་གཙང་སྦྲ་ཙཱ་རུ་བྱ།། དེར་ནི་གསེར་གྱི་རང་བཞིན་གྱི།། ཐུར་མྲ ་སྨ་ན་ནི་དབྱེ་བར་བྱ།། ཞལ་ཟས་དེར་དབུལ་བློ་ལྡན་པས།། ཨོཾ་ཙཀྵུཿས་མནྟ་ཙཀྵུ་ར་བི་ཤོ་དྷ་ནི་སྭཱ་ཧཱ། ཨོཾ་དྷི་བྱ་ཨ་ནེ་ས་མཱ་དྷ་དྷཱ་ན་པྲཱི་ཎ་མེ་སཱ་ཧཱ། དེ་ལྟར་བྱས་ཏེ་དེ་ནས་ཡང་།། སློབ་མ་རབ་ཏུ་བཅུག་བྱས་ལ། ་ཁྱོད་ཀྱིས་ངལ་གང་གསོལ་བའི།། སྐུ་གཟུགས་དག་ནི་ཁྱད་པར་དུ།། ཇི་ལྟར་གསུངས་པར་རབ་གནས་པར།། དེ་དག་དོན་ནི་ངས་བྱས་ཏེ།། དེ་རྣམས་དོན་ནི་གྲུབ་ཟིན་གྱིས།། ཅི་བ། ་བར་ནི་མཆོད་པར་བྱོས།། དེ་ནས་དམ་ཚིག་དབང་བསྐུར་བས།། ཁྱོད་ལ་བྱས་ཀྱི་ས་སྲེག་བླུགས་ནི།། སྟོང་ངམ་ཡང་ན་དེ་ཡི་ཕྱེད།། མངར་གསུམ་བཏགས་ལ་འབྲུ་རྣམས་ཀྱིས།། འོ་མ་ཅན་གྱི་བུད་ཤིང་ལ།། སྲེག། ་ཁུང་གྲུ་བཞིར་སྲེག་ཐུགས་བྱ།། དེ་ཉིད་མར་དང་འོ་མ་ཡིས།། ལྷག་པའི་ཙཱ་རུ་ཕུལ་བྱས་པས།། བདག་དང་སློབ་མ་ཐམས་ཅད་ནི།། ཞི་དང་རྒྱས་པ་འཕེལ་བར་བྱ།། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་གཙྪ་ཧ་རི་བིང་། ་ག་ལ་དཱིཔྟ་ཀྵ་དེ་ཧི་དེ་ཧི་དཱ་པ་ཡ་ཨི་དན་ཙ་མེ་ཀཨཱརྱཾ་ཀུ་རུ་སཱཧཱ། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། དེ་ལྟར་བྱས་ལ་འབད་པ་ཡིས།། ཁྲི་ཡི་སྟེང་དུ་བཞུགས་པར་བྱ།། སྐུ་གཟུགས་ཀྱི་ནི་སུམ་འགྱུར་ཆའི།། ཚད་ཙམ་དུ་ནི་རབ་ཏུ་བསླག། ་ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། མེ་ཏོག་སྤོས་སོགས་སྔོན་འགྲོ་བས།། ཕྱོགས་སྐྱོང་རྣམས་ཀྱང་མཆོད་པར་བྱ།། ཨོཾ་ཨིནྡྲ་ཡ་སྭཱ་ཧཱ། ཞེས་བྱ་བ་དབང་ལྡན་ལ་ཐུག་གི་བར་དུ་རོལ་མོའི་སྒྲ་ལ་སོགས་པས་ཡང་དག་པར ་མཆོད་དེ། གཤེགས་སུ་གསོལ་བར་བྱ་བ་ནི།། རྫོགས་སངས་རྒྱས་དང་དེ་ཡི་སྲས།། ཚངས་སོགས་ལྷ་ཡི་ཚོགས་རྣམས་དང་།། གང་དག་ཆོ་ག་མ་ཚང་བས།། དེ་དག་བཟོད་པ་མཛད་པར་རིགས།། ཀུན་ཏུ ་གི་དང་རྒྱས་པ་རུ།། མན་བདག་ཆེ་ལ་རབ་མཛད་ནས།། སངས་རྒྱས་ཡུལ་དུགཤེགས་ནས་ནི།། ཐར་ཡང་འརྩོན་པར་མཛད་དུ་གསས།། ས་དང་ཅུ་དང་འི་ཆུང་གི། ལྷ་རྣམས་ཀུན་གྱི་སྐུ་གཟུགས་པ།། བསྐལཔ། ་བརྒྱ་རུ་སྲུང་གནས་མཛོད།། དགྱེས་ཤིང་ཡིད་བཟང་འགྱུར་བ་ཡིས།། སློབ་དཔོན་བླ་མར་བཅས་པ་ཡི།། བུ་དང་ཚ་བོ་བསྲུང་མཛད་ནས།། རང་གནས་དགེ་བར་གཤེགས་སུ་གསོལ།། དཔྱིད་ཟླ་ར་བ་འམ། ་དཔྱིད་ཟླ་འབྲིང་།། དགུན་དང་དཔྱིད་ཀྱི་ཐ་ཆུང་ངམ།། དབྱར་ཟླ་དེ་བཞིན་དབྱར་འབྲིང་པོ།། ཉི་མ་བྱང་དུ་གནས་པ་ཡི།། དཀར་པོ་ཕྱོགས་ཀྱི་གཉིས་པའམ།། རིམ་བཞིན་དེ་ལྟར་གསུམ་པའམ།། གང་ཚེ ་གཟའ་དང་རྗེས་མཐུན་ན།། ནག་པོའི་ཕྱོགས་ལའང་བརྩམས་པར་བྱ།། གང་ཚེ་ཐམས་ཅད་མཐུན་གྱུར་ན།། མི་རྣམས་ཡུན་དུ་འཕེལ་བར་བྱེད།། བཅོ་ལྔ་དེ་བཞིན་བརྒྱད་པ་དང་།། བཅུ་གསུམ་པ་ཡང་དེ ་བཞིན་ནོ།། གནམ་སྟོང་དང་ནི་དེ་བཞིན་དུ།། བཅུ་བཞི་པ་ལའང་བྱ་བ་མིན།། ཐམས་ཅད་དུ་ནི་ཆུ་སྨད་དང་།། སྣར་མ་གྲོ་བཞིན་དེ་བཞིན་ཏེ།། ལག་པ་སྦུབས་དང་སྣརོན་དང་ནི།། རྒྱལ་དང་ཆུ་སྨད་དེ་བཞིན་ནོ།། ་ཁྲུམས་སྨད་དག་ཀྱང་དེ་བཞིན་དུ།། རྒྱུ་སྐར་འདི་རྣམས་ཐམས་ཅད་དུ།། སྐྱེ་དགུ་འཕེལ་ཞིང་དེ་ཡི་ནི།། རབ་ཏུ་གནས་པ་མཆོག་ཏུ་བྱེད།། ཡིད་ལ་འདོད་པ་ཅི་ཡང་རུང་།། དངོས་གྲུབ་མེ་བཞིས་སྟེར་བར་འགྱུར། ་ལུང་ལས་ཤེས་པའི་ཡང་དག་པ།། ཁྲུམས་སམ་ཡང་ན་གྲོ་བཞིན་གྱིས།། ལག་གིས་སྐལ་བཟང་སྣར་མས་ནི།། གཞན་དག་ལས་ནི་རྒྱལ་བར་བྱེད།། མགོ་ཡིས་ཞི་བ་ཉེ་བར་སྟོན།། ཆུ་སྟོད་ཀྱིས་ནི་བུ་དག། ་གསོན་དག་རྟག་པར་དངོས་གྲུབ་ཁྲུམས་སླད་ཀྱིས།། རྒྱལ་གྱིས་རྟག་པར་ཚེར་རང་འགྱུར།། སྔོན་གྱིས་མཆོག་ཏུ་བདེ་བར་བྱེད།། ལྷ་མཚམས་ཀྱིས་ནི་མཆོག་སྟེར་འགྱུར། པུང་བུ་ལག་དང་བ་ཝ་སངས། ཐབ། ་གཟའ་སོགས་ཤེས་བྱ་སྟེ།། འདི་རྣམས་བཟང་ལྡན་ལ་བྱས་ན།། རབ་ཏུ་གནས་པ་མཆོག་ཏུ་དགེ་། གསུམ་པ་དྲུག་པ་བདུན་པ་ལ།། བཅུ་དང་བཅུ་གཅིག་ལ་བླ་གེ། གཉིས་པ ་བཞི་པ་དེ་བཞིན་བརྒྱད།། བཅུ་དང་བཅུ་གཅིག་རྣམས་ལ་ལག། གཉིས་དང་བདུན་དང་དེ་བཞིན་དགུ།། དེ་བཞིན་ཕུར་བུ་བཅུ་གཅིག་པ།། དུས་སྦྱོར་བཞི་པ་ལ་བརྟེན་ནས།། དེ་ལ་ལྷག་པར་གནས་པར་བྱ།། ་དྲུག་བདུན་བཅུ་པ་དོར་བ་ཡི།། བ་ཝ་སངས་ཉིད་དགེ་བ་ཡིན།། དེ་ལྟར་གཟའ་རྣམས་ཐམས་ཅད་ཀྱིས།། སྟོབས་ལྡན་མི་ལྡན་དེར་ཤེས་བྱ།། གང་ཚེ་ཞི་བའི་གཟའ་རྣམས་དང་།། ནིང་རྣམས་ཞི་བ་དགེ་བ་ཡིན།། ་དང་པོ་ལྔ་པ་གསུམ་དེ་བཞིན།། ནོར་རྣམས་འཇོམས་པ་སྤང་བར་བྱ།། རྗེས་སུ་མཐུན་པར་བྱེད་པ་པོས།། སྐད་ཅིག་དེ་ལ་ཡོངས་གྲུབ་ཅིང་།། ཇི་ལྟར་གསུངས་བཞིན་ཀུན་བྱས་ན།། རབ་ཏུ་གནས་པ་མཆོག ་འགྱུར་ཞིང་།། འཁོར་ལོས་སྒྱུར་རྒྱལ་དབང་ཕྱུག་ནི།། ཐོ་བ་འགྱུར་འདི་ལ་ཐེ་ཚོམ་མེད།། གཟའ་དང་རྒྱུ་སྐར་འདིར་མེད་དེ།། བགེགས་དང་ལོག་པར་འདྲེན་པའང་མེད།། གཟའ་རྣམས་ཐམས་ཅད་རྗེས ་མཐུན་ཕྱིར།། བགེགས་དང་རྒྱུ་སྐར་ལྷ་རྣམས་ཉིད།། དེ་རུ་སྒྲུབ་པར་ཀུན་གནས་ཤིང་།། གཟུགས་བརྙན་མཆོད་རྟེན་ལ་སོགས་ཀྱིས།། དངོས་གྲུབ་དག་ནི་སྟེར་བར་མཛད།། ཡིད་ཀྱིས་ཅུང་ཟད་གང ་བསམས་པ།། སྐྱེ་དང་སྐྱེ་བ་འགྲུབ་པར་འགྱུར།། རྒྱན་རྣམས་མ་ལུས་པ་ཡིས་ནི།། ཕྱི་ནས་བཟོ་བོ་རྣམས་ལ་མཆོད།། གང་དག་དེ་ལ་གྲོགས་བྱེད་པ།། གཞན་དག་ཀྱང་ནི་མཆོད་པར་བྱ།། དེ་ནས་དེ་དག ་ཐམས་ཅད་ལ། ཀ་དགའ་བས་འདི་གད་བརྗོད་པར་བྱ།། ཇི་ལྟར་གསུངས་པའི་མཆོད་པ་རྣམས།། བདག་ལ་མཐུན་པའི་ནུས་པ་མེད།། དེ་ཕྱིར་ཁྱོད་ལ་བདག་པ་པོར་གསོལ།། སྔགས་ཀྱི་གཙང་ལྔའི་བ.རའབྱ་དག། གཟུགས། ་བ.རན་དག་ལ་བཞིན་བྱ་སྟེ།། བདེར་གཤེགས་ལྷག་མ་འདི་དག་ནི།། ཟོས་ཤིང་སྡིག་པ་བྱུང་བར་འགྱུར།། ཞེས་བྱ་བས་སོ།། གླང་པོ་རྟ་གྲང་ཤིང་རྟ་ནོར།། ཡོན་གྱི་དམ་པ་དབུལ་བར་བྱ།། དེ་ནས་དེ་ལ་ནན་ཏན་གྱིས། ་ལོངས་སྤྱོད་གཡོ་བ་དབུལ་བར་བྱ།། གལ་ཏེ་ལྷ་ཉིད་དགྱེས་འདོད་ན།། བླ་མ་གུས་པས་དགྱེས་བྱ་ཞིང་།། དེ་ལྟར་རྣམ་པ་ཐམས་ཅད་དུ།། བྲམ་ཡང་དག་མཉེས་པར་བྱ།། དེ་ནས་གང་དག་བརྟུལ་ཞུགས་ཅན།། དགེ་སློ། ་དགེ་བསྙེན་དགེ་སློང་མ།། མཆོག་ཏུ་གྲུབ་པས་མཆོད་བྱས་ལ།། ཇི་ལྟར་འོས་པའི་ཡོན་ཡང་དབུལ།། དུང་ངམ་རོལ་མོ་སྒྲ་ལ་སོགས།། བཟང་བའི་གླུ་དང་གར་རྣམས་ཀྱིས།། གཉེན་དང་རིགས་བརྒྱུད་འཁོར་རྣམས ་ཀྱིས་ད་རོལ་མོ་ཆེན་པོ་མཚན་མོ་དབུལ།། དེ་ལྟར་ཐམས་ཅད་ཕུལ་ཟིན་ནས།། གང་རུང་མཆོད་སྦྱིན་དཀྱིལ་འཁོར་ལ།། ཕུལ་ལམ་དབུལ་བར་བྱེད་པ་རྣམས།། སློབ་དཔོན་ལ་ནི་དབུལ་བྱ་ཡི།། བཟོ་བོ་ལ་ནི་མི་སྦྱིན་ཞིང་།། ་དགེ་སློང་རྣམས་ལའང་སྦྱིན་མི་བྱ།། སློབ་དཔོན་མཆོག་གི་ལྷ་ཡིན་ཏེ།། ནོར་རྣམས་ཐམས་ཅད་དེ་ལ་དབུལ།། དེ་ནས་དཀྱིལ་འཁོར་བྱུགས་བྱས་ཏེ།། བ་ཡི་ལྕི་བས་བྱུགས་བྱས་ཤིང་།། རྡུལ་ཚོན་ཆུ་བོར་རབ ་དོར་རོ།། དེ་ཡིས་ཡང་དག་ལེགས་པར་འགྱུར།། རབ་ཏུ་གནས་པ་མདོར་བསྡུས་པའི་རྒྱུད་རྫོགས་སོ།། ། དུར་ཁྲོད་དག་དང་དྲལྡན་པ་ཡི།། ཁྱིམ་དང་སྲིན་པོའི་གནས་རྣམས་སུ།། ་