CLOSE WINDOW

Ty062-005: de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa phyogs gcig pa zhes bya ba
Wyliee-texts produced with BDRC’s OCR application

གརྦྷ་དང་། བོད་ཀྱི་ལོ་ཙ་བ་བན་དྷེ་ཛ་ཡ་རཀྵི་ཏས་བསྒྱུར་ཅིང་ནུས། ཨཱ་ཙཨཱརྱ་རིན་ཆེན་མཆོག་གིས་སྐད་གསར་བཅད་ཀྱིས་བཅོས་ནས་གཏན་ལ་ཕབ་པ། @ ་རྒྱ་གར་སྐད་དུ། སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་ཏེ་ཛོ་རཱ་ཛ་སྱ་ཏ་ཐཱ་ན་ཏ་སྱ་ཨརྷ་ཏེ་སམྱཀ་སཾ་བུ་དྷ་སྱ་ཀལྤ་ཨེ་ཀ་ད་ཤ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང ་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ཕྱོགས་གཅིག་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཤཱཀྱ་སེང་གེ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན ་འདས་ལྷ་ཐམས་ཅད་ཀྱི་མཆོག་དགའ་བའི་ཚལ་ན་བཞུགས་ཏེ། ནོར་བུ་དང་གསེར་གྱི་ཤིང་ལོ་མ་དང་། སལ་ག་དང་། ལྕུག་མར་བཅས་པའི་སྡོང་པོ་དང་། ཤིང་གེལ་བ་དང་། སྨན་དང་། མེ་ཏོག་ཀ་མ་ལ་དང་། ་མེ་ཏོག་ཨུཏྤལ་དང་། མེ་ཏོག་ཀར་ནི་ཀ་དང་། མེ་ཏོག་བཀུ་ལ་དང་། མེ་ཏོག་ཏི་ལ་ཀ་དང་། མེ་ཏོག་ཨ་གོ་ཀ་དང་། མེ་ཏོག་མན་དཱ་ར་བ་དང་། མེ་ཏོག་མན་དཱ་ར་བ་ཆེན་པོ་ལ་སོགས། ་པ་མེ་ཏོག་རྣམ་པ་སྣ་ཚོགས་པས་ཉེ་བར་མཛེས་པ། དཔག་བསམ་གྱི་ཤིང་རྣམས་ཀྱིས་ཡང་དག་པར་བརྒྱན་པ། རྒྱན་སྣ་ཚོགས་ཀྱིས་རྣམ་པར་སྤྲས་པ། བྱའི་ཚོགས་སྣ་ཚོགས་སྐད་སྙན་པ་འབྱིན་པ། ཛ་དང་། ་རྔ་མུ་ཀུན་དང་། གླིང་བུ་དང་། ཛ་བྷི་ར་ལ་སོགས་པའི་སྒྲ་སྒྲོག་པ། བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་དང་། ལྷའི་བུ་རྣམ་པ་སྣ་ཚོགས་པ་རྣམས་རྣམ་པར་རྩེ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས ་ཅད་ཀྱིས་བྱིན་གྱིས་འརླབས་པ་ནའོ།། བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷ་ཐམས་ཅད་དང་། རིག་པ་འཛིན་པ་དང་། ལྷའི་བུ་མོ་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱ་སྟོང་རྣམས་དང་། གནོད་སྦྱིན ་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཀླུ་ལ་སོགས་པ་འཁོར་རྣམ་པ་སྣ་ཚོགས་དུ་མ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་རྣམས་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་སྤོབས་པ་དང་། བློ་གྲོས་མི་གཡོ་བ་དང་། བློ་གྲོས་ལངས་པ་དང་། ཀུན་ཏུ་བློ་གྲོས ་དང་། བློ་གྲོས་མཐའ་ཡས་པ་དང་། ཀུན་ནས་ལེགས་པའི་བློ་གྲོས་དང་། བློ་གྲོས་ཀ་མ་ལ་དང་། བློ་གྲོས་ཆེན་པོ་དང་། མོ་གྲོས་ལྷ་རྫས་དང་། བློ་གྲོས་སྣ་ཚོགས་པ་དང་། བློ་གྲོས་མ་ལུས་པ་དང་། ཀུན ་ཏུ་བཟང་པོ་དང་། དེ་དག་ལ་སོགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་འདུན་མཐའ་ཡས་ཤིང་མུ་མེད་འ་རྣམས་ཀྱིས་པ་སྟི་སྟེང་དུ་བྱས་ཐ་མར་བྱས་ཀ་མཆོད་ཅིང་ད ་བར་བྱས། ཤིན་ཏུ་ཕུལ་དུ་བྱུང་བར་བྱས་ཏེ། འཁོར་གྱི་ཚོགས་ཆེན་པོའི་དབུས་སུ་ཚངས་པ་ཆེན་པོའི་བཛྲའི་གདན་ལ་བཞུགས་ཤིང་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་སོ།། དེ་མ་ཐག་ཉིད་དུ་ངན་སོང་གསུམ་གྱི་རྒྱུད་རྣམ་པར་གྲོལ་བར་བྱེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཆེན་པོའི་འོད་ཟེར་འཕྲོ་བ་དང་སྡུད་པ་དུ་མའི་འཕྲེང་བ་རང་གི་མཛོད་སྤུ་ནས་ཕྱུང་སྟེ་གདེས ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་སྣང་བར་བྱས་སོ།། ཀུན་ཏུ་སྣང་བར་བྱས་པ་དེས་སེམས་ཅན་ཐམས་ཅད་ཀྱི་སེམས་ཉོན་མོངས་པའི་འཆིང་བ་ལས་བཀྲོལ་ཏེ། ཡང་དག་པ་སོ ་སོ་སོ་སོར་ཐོབ་པ་ཐོབ་པར་བྱས་ཤིང་དགའ་བའི་ཚ་ལ་ཡང་ཀུན་ཏུ་སྣང་བར་བྱས་ཏེ། མཆོད་པའི་སྤྲིན་སྣ་ཚོགས་པ་རྣམས་ཀྱིས་མངོན་པར་མཆོད་ནས་ལན་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ཏེ་མགོ་བོས་ཕྱག ་འཚལ་ནས། བཅོམ་ལྡན་འདས་ཀྱི་སྤྱར་སྔར་ནོར་བུ་དྲི་མ་མེད་པའི་སྟེང་དུ་འཁོད་དེ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་འོ་སངས་རྒྱས་ཨེ་མ་ཧོ་སངས་རྒྱས་ཆོས།། ཨེ་མ་ཧོ་སངས་རྒྱས་མཛད་བ་ཤིན་ཏུ་ལ། ་གང་ཕྱིར་བདག་ཅག་ངན་སོང་ཡོངས་སུ་སྦྱངས།། བྱང་ཆུབ་སྤྱོང་པ་ཉིད་ལ་རབ་ཏུ་བཞག། དེ་ནས་ལྷའི་དབང་པོས་བཅོམ་ལྡན་འདས་ལ་ལན་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ཏེ་ཕྱག་འཚལ་ནས། བཅོམ་ལྡན ་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་གི་སླད་དུ་སངས་རྒྱས་ཀྱི་འོད་ཟེར་ཀུན་ཏུ་སྣང་བས་ངན་སོང་ཀུན་ལས་རྣམ་པར་བཀྲོལ་ནས་རྣམ་པར་གྲོལ་བའི་ལམ། ་ལ་རབ་ཏུ་བཞག་པ་ནི། བཅོམ་ལྡན་འདས་ངོ་མཚར་ཆེའོ།། བདེ་བར་གཤེགས་པ་ངོ་མཚར་ཆེའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་འདི་ནི་ངོ་མཚར་མི་ཆེ་སྟེ། སངས་རྒྱས ་བཅོམ་ལྡན་འདས་རྣམས་ནི་ཚད་མེད་པའི་བསོད་ནམས་ཀྱི་ཚོགས་རྣམས་ལེགས་པར་བསགས་པའོ།། ལྷའི་དབང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེང་བའི་ཡོན་ཏན་རིན་པོ་ཆེའི་འཐུང ་གནས་སུ་གྱུར་པའོ།། ལྷའི་དབང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཚད་མེད་པའི་ཐབས་ཡོངས་སུ་རྫོགས་པའོ།། ལྷའི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་ནི་ཤེས་རབ་དཔག་ཏུ་མེད ་པའོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་པ་ཚད་མེད་པའོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གདུལ་བྱའི་སྐྱེ་བོ་ཚད་མེད་པ་རྣམས་སྣོད་དུ་གྱུར་པར་མཛད་པའོ།། སངས་རྒྱས་བཅོམ ་ལྡན་འདས་རྣམས་ནི་མི་མཉམ་པ་དང་མཉམ་པའི་ཡེ་ཤེས་གང་ཡིན་པའོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་མཉམ་པ་དང་མཉམ་པའི་རྫུ་འཕྲུལ་དང་ཡང་དག་པར་ལྡན་པའོ།། སངས་རྒྱས་བཅོམ ་ལྡན་འདས་རྣམས་ནི་མི་མཉམ་པ་དང་མཉམ་པའི་སྨོན་ལམ་དང་ཡང་དག་པར་ལྡན་པའོ།། ལྷའི་དབང་པོ་དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྡོང་ཇི་ལྟ་བ་དེ་ལྟར་སེམས་ཅན་གྱི་དོན་མཛད་པ་དང་། ་འདུམ་བླ་ལྦུ་བ་དེ་ལྟང་སེམས་ཅན་རྣམས་ཀྱི་དོན་མ་འང་བ་དང་། མོས་པའི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་མཛད་པ་ཡིན་ན་ནས་ཤེས་པར་བྱ་བ་འདི་ལ་འདིར་ཐེ་ཆོས་དང་། སོམ་ཅིང་དང་། མང་། ་གཉིས་མི་བྱའོ།། གང་དེ་བཞིན་གཤེགས་པ་རྣམས་ཀྱིས་འདུལ་བར་མི་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། དེ་ནས་ལྷའི་དབང་པོ་རང་གི་སྟན་ལས་ལངས་ནས། སླར་ཡང་བཅོམ་ལྡན་འདས་ལ་མཆོད ་པ་རྒྱ་ཆེ་ནིང་ཆེ་བ་བྱས་ཏེ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང་། རྗེས་སུ་བརྩེ་བར་བྱ་བའི་ཕྱིར་དང་། སྙིང་རྗེ་དང་བཅས ་པར་བྱ་བའི་ཕྱིར་དང་། བརྩེ་བ་ཆེན་པོ་དང་བཅས་པར་བྱ་བའི་ཕྱིར་དང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བའི་ཕྱིར། བཅོམ་ལྡན་འདས་བདག་སྤོབས་པསྐྱེད་དུ་གསོལ། བདེ་བར ་གཤེགས་པ་བདག་སྤོབས་པ་སྐྱེད་དུ་གསོལ། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་རིགས་འདི་ནས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བགྱི་བ་ཤིག་ཤི་འཕོས་ཤིང་དུས་ལས་འདས་ནས་དགུང་བདུན ་ལོན་ལགས་ན། བཅོམ་ལྡན་འདས་དེ་གང་དུ་སྐྱེས་ཤིང་། བདེ་བ་འམ་སྡུག་བསྔལ་གང་མྱོང་བར་འགྱུར་བ་དེ། བཅོམ་ལྡན་འདས་ལུང་བསྟན་དུ་གསོལ། བདེ་བར་གཤེགས་པ་ལུང་བསྟན་དུ་གསོལ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་དེའི་དུས་དང་སྐབས་སུ་བབ་པར་ཤེས་ན་ཉོན་ཅིག། ལྷའི་དབང་པོས་གསོལ་པ། བཅོམ་ལྡན་འདས་འདི་ནི་དུས་ལགས་སོ།། བདེ་བར་གཤེགས ་པ་འདི་ནི་སྐབས་སུ་བབ་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་དེ་འདི་ནས་ཤི་འཕོས་ནས་མནར་མེད། ་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ། དེར་ལོ་སྟོང་ཕྲག་བཅུ་གཉིས་སུ་སྡུག་བསྔལ་དྲག་ཅིང་མི་བཟོད་པ་མྱོང་བར་འགྱུར་རོ།། ཡང་དམྱལ་བ་ཆུང་ངུ་རྣམས་སུ་ལོ་སྟོང་ཕྲག་བཅུར་སྡུག་བསྔལ་མྱོང་བར ་འགྱུར་རོ།། སླར་ཡང་བྱོལ་སོང་དང་མི་དགས་རྣམས་སུ་སྐྱེས་ཏེ་ལོ་སྟོང་ཕྲག་བཅུར་སྡུག་བསྔལ་མྱོང་བར་འགྱུར་རོ།། སླར་ཡང་མཐའ་འཁོབ་ཀྱི་སྐྱེ་བོའི་གནས་སུ་སྐྱེས་ནས། འོན་པ་དང་། རིག་པ་ད། ་ལྐུགས་པའི་རང་བཞིན་ཅན་རྣམས་སུ་ལོ་སྟོང་ཕྲག་དྲུག་ཅུ་མྱོང་བར་འགྱུར་རོ།། སླར་ཡང་ལོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་ནད་རྣག་ཁྲག་འཛག་པ་དང་། མཛེ་དང་པོ་ལ་མིག་གིས་གཟིར་བ་དང་། སྐྱེ་བོ ་མང་པོས་སྨད་པ་དང་། ཡོངས་ཀྱིས་སྤངས་པ་དང་། རིགས་དམན་པར་འགྱུར་ཞིང་སྡུག་བསྔལ་ནས་སྡུག་བསྔལ་དུ་བརྒྱུད་པ་རྒྱུན་མི་འཆད་པར་འགྱུར་ཏེ། གཞན་རྣམས་ལའང་གནོད་པ་བྱེད་ཅིང་ལས་ཀྱི ་སྒྲིབ་པ་སྣ་ཚོགས་པའང་རྒྱུན་མི་འཆད་པར་བྱེད་པར་འགྱུར་རོ།། སླར་ཡང་སྡུག་བསྔལ་བརྒྱུད་པ་གཞན་དང་གཞན་མྱོང་བར་འགྱུར་རོ།། དེ་ནས་བརྒྱ་བྱིན་ལ་སོགས་པ་ལྷའི་བུ་རྣམས་དེ་ཐོས་ནས་སྔངས་ཤིས ་སྐྲག་སྟེ་སྐྱོ་ནས་ཁ་སྦུབ་ཏུ་འགྱེལ་ཏོ།། ཡང་ལངས་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྡུག་བསྔལ་བརྒྱད་མ་དེ་ལས་ཇི་ལྟར་ཐར་བར་འགྱུར། བདེ་བར་གཤེགས་པ་ཇི་ལྟར་ཐར་པར་འགྱུར། ་བཅོམ་ལྡན་འདས་ཐབས་གང་གིས་སྡུག་བསྔལ་གྱི་ཕུང་བ་ཅན་པ་ལས་གྲོལ་བར་འགྱུར་བདེ་ས་ཡོངས་སུ་སྐྱོབས་ས་སོང་། བདེ་བར་གཤེགས་པ་ཡོངས་སུ་སློབས་མཛད། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། ལྷའི་དབང་པོ་སངས་རྒྱས་བྱེ་བ་ཟག་བརྗོད་ཅུ་རྩཝ་བཞིས་བཤད་པ་འདིངས་ཀྱང་བཤད་ཀྱིས་ཉོན་ཅིག། དེ་ནས་ལྷའི་དབང་པོས་སྤར་སང་བཅོམ་ལྡན་འདས་ལ་མེ་ཏོག་མན་ང་རབ་དང ་མནང་བ་ཆེརབ་དང་། མེ་ཏོག་རྣམ་པ་སྣ་ཚོགས་དང་། རིན་པོ་ཆེའི་དབུ་རྒྱན་དང་། ཕྱག་གདུབ་དང་། དཔུང་རྒྱན་དང་། སྙན་རྒྱན་དང་། དོགས་དང་། ངོགལ་བྱེད་པ་ལ་སོགས་པ་རྒྱན་གྱི་ཁྱད་པ ་མས་མངོན་པར་མཆོད་དེ། ལར་བཅུ་སྟོང་ཕྲག་དུ་མར་བསྐོར་བ་བྱས་ཤིང་ཕྱག་འཚལ་ནས། བཅོམ་ལྡན་འདས་ལེགས་སོ།། བདེ་བར་གཤེགས་པ་ལེགས་སོ་ཞེས་བྱ་བ་ལེགས་སོའི་ཚིག་གིས་མཉེས་པ ་བྱས་ནས། བཅོམ་ལྡན་འདས་ལྷ་དང་བཅས་པའི་འཇིག་རྟེན་ལ་ཕན་པ་དང་བདེ་བར་བགྱི་བ་དང་། མ་འོངས་པའི་སེམས་ཅན་རྣམས་ངན་སོང་གསུམ་གྱི་རྒྱུད་ལས་རྣམ་པར་ཐར་པར་བགྱི་བའི་སླད་དུ་ལེགས་པ ་བཤད་པའི་དོན་དུ་གསོལ་བ་འདེབས་ལགས་སོ།། དེ་ནས་སླར་ཚངས་པ་ལ་སོགས་པའི་ལྷའི་ཚོགས་རྣམས་ཀྱིས་ཀྱང་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལེགས་སོ།། བདེ་བར་གཤེགས ་པ་ལེགས་སོ།། གང་གིས་མ་འོངས་པའི་སེམས་ཅན་རྣམས་ཀྱིས་མཚན་ཙམ་ཡང་ཐོས་པ་དང་ལྡན་ན་ངན་སོང་གསུམ་གྱི་ལམ་ལས་རྣམ་པར་གྲོལ་ཞིང་མཐོ་རིས་ལྷའི་འཇིག་རྟེན་ནམ། མིའི་འཇིག་རྟེན་དུ ་སྐྱེས་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བགྱི་བའི་སླད་དུ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷའི་བུ། ་དེ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདིས་བྱིན་གྱིས་བརླབ་པའི་དོན་དུ་དོན་ཡོད་རྡོ་རྗེའི་བྱིན་རླབས་ཞེས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཨོཾ་བཛྲ་ཨ་དྷིཥྛཱ་ན་ཛྙཱ་ན་ས་མ་ཡེ་ཧཱུཾ་ག་རེ ་ལྟར་ཏིང་ངེ་འཛིན་ལ་སྦོམས་པར་ཞུགས་ནས་ཟིལ་གྱིས་མི་ནོན་པ་རྡོ་རྗེའི་བྱིན་རླབས་ཀྱི་བྱིན་གྱིས་བརླབས་ནས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པའི་སྙིང་པོ ་འདི་ཕྱུང་ངོ་།། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཤུད་དྷེ་སརྦ་ཀརྦ་ཨཱ་པ་ར་ཎ་བི་ཤུདྷེ་སྭཱ་ཧཱ། རིག་པ་འདི་གསུངས་མ་ཐག་ཉིད་དུ་སེམས་ཅན་ཐམས་ཅད་ངན་སོང་དུ་མི་ལྟུང་བར་བྱས་ཤིང་དམྱལ་བ་དང་། ་བྱོལ་སོང་དང་ཡི་དགས་ཀྱི་འགྲོལ་བ་ཐམས་ཅད་སྦྱངས་ཏེ། སྡུག་བསྔལ་མི་བཟད་པ་རྣམ་པར་རབ་ཏུ་ནི་ཞིང་། སྐྱེ་བོ་མང་པོ་རྣམས་བདེ་བ་དང་ལྡན་པར་གྱུར་ཏོ།། དེ་ནས་གཞན་ཡང་སྲུང་བའི་སྒྲིབ ་པོ་འདི་གསུངས་སོ།། ཨོཾ་ཤོ་དྷ་ནེ་གོ་དྷ་ཡ་སརྦ་ཨ་པཱ་ཡཾ་སརྦ་སཏྭེ་བྷྱོ་ཧཱུཾ། ལྷའི་དབང་པོ་གཞན་ཡང་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའོ།། ཨོཾ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ན་ཧཱུ~ཾ་ཕཊ། ལྷའི་དབ ་པོ་གཞན་ཡང་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་ཉེ་བའི་སྙིང་པོའོ།། ཨོཾ་ཏཱ་ཊ། ལྷའི་དབང་པོ་གཞན་ཡང་འདི་ནི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་སྙིང་པོའོ།། ཧཱུཾ་ལྷའི་དབང ་པོ་གཞན་ཡང་མདོར་ན་དྲན་པ་ཙམ་གྱིས་ཀྱང་བསོད་ནམས་ཆུང་བའི་སེམས་ཅན་རྣམས་ངན་སོང་གི་རྒྱུད་ཐམས་ཅད་ལས་བདེ་བླག་ཏུ་རྣམ་པར་གྲོལ་བར་བྱེད་པ་འདི་ཡིན་ཏེ། ན་མོ་བྷ་ག་བ་ཏེ་སརྦ་དུརྒ་ཏི་པ་རི་ཤོདྷ ་ནི་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྦ་ཏེ་སབྷྱཀ་སཾ་བུདྡྷ་ཡ་ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། བི་ཤོ་དྷ་ནེ་བི་ཤོ་དྷ་ནེ། སརྦ་པཱ་པ་བི་ཤོ་དྷ་ནེ་ཤུད་དྷེ་བི་ཤུད་དྷེ། སརྦ་ཀརྨ་ཨཱ་བ་ར་ཎཱ་བི་ཤུད་དྷེ་སཱ་ཧཱ་། རྩུ་བ། ་རིག་པའོ།། ཨོཾ་སརྦ་བིདྡྷ་སརྦ་ཨཱ་བ་ར་ཎ་བི་ཤོ་དྷ་ན་ཡ་ཧ་ན་ཧཱུ~ཾ་ཕཊ། ཨོཾ་སརྦ་བིདྱཱ་སྭ་ཧཱུ~ཾ། ཨོཾ་སརྦ་བིདྱཱ་ཧཱུ~ཾ་ཕཊ། ཨོཾ་སརྦ་བིདྱཱ་ཨཿ། ཨོཾ་སརྦ་བིདྱཱ་ཏཱ་ཊ་ཨོཾ་སརྦ་བིདྱཱ་མོ། ཨོཾ་སརྦ་བིདྷྭ་ཛྙཱཾ། ཨོཾ ་བིདྱཱ་ཧཱུཾ་ཨོཾ་སརྦ་བིདྱཱ་ཀྲཱི་ཏཱ་ཊ། ཨོཾ་སརྦ་བིདྡྷ་མ་ཧཱ་བཛྲ་ཨུད་བྷ་བ་དཱ་ན་པཱ་རི་ཏཱ་པཱུ་ཛེ་ཧཱུཾ། སྒེག་མོའི་སྔགས་སོ།། ཨོཾ་སརྦ་བིདྱཱ་མ་ཧཱ་བཛྲ་ཨུད་བྷ་བ་ཤཱི་ལ་པཱ་ར་མི་ཏཱ་པཱུ་ཛེ་ཏཱཾ། འཕྲེང་བ་མའི་སྔགས་སོ།། ་ཨོཾ་སརྦ་བིདྱཱ་མ་ཧཱ་བཛ་ཨུད་བྷཱ་བཀྵནྟི་པཱ་ར་མི་ཏཱ་པཱུ་ཛེ་ཧྲཱིཿ་གྲུ་མའི་སྔགས་སོ།། ཨོཾ་སརྦ་བིཏཱ་མ་ཧཱ་བཛྲ་ཨུད་བྷ་བ་བཱིརྱ་པཱ་ར་མི་ཏྲི་པཱུ་ཛེ་ཨཿ། གར་མའི་སྔགས་སོ།། ཨོཾ་སརྦ་བིདྱཱ་སརྦ་བི་ཨ་པཱ་ཡ་བི་ཤོ་དྷནི ་དྷ་མ་དྷ་མ་དྷཱུ་པ་ཡ་དྷཱ་ན་པཱ་ར་མི་ཏཱ་པཱུ་ཛེ་ཧཱུཾ་ཧཱུཾ་ཕཊ། བདུག་པ་མའི་སྔགས་སོ།། ཨོཾ་སརྦ་བིདྱཱ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནེ་ཀླེ་ཤཙྪེ་ད་ནི་པུཥྤ་བི་ལོ་ཀི་ནི་པྲཛྙཱ་པཱ་ར་མི་ཏཱ་པཱུ་ཛེ་ཏཱཾ་ཧཱུཾ་ཕཊ། མེ་ཏོག་མའི་སྔགས་སོ།། ་ཨོཾ་སརྦ་བོ་དྷི་སརྦ་ཨ་པཱ་ཡ་བི་ཤོ་དྷི་ནེ་ཛྙཱ་ན་ཨཱ་ལོ་ཀ་ཀཱ་རི་པྲ་ཎི་དྷི་པཱ་ར་མི་ཏཱ་པཱུ་དེ་ཧྲཱིཿཧཱུཾ་ཕཊ། མར་མེ་མའི་སྔགས་སོ།། ཨོཾ་སརྦ་བིཧཱ་སརྦ་ཨ་པ་ཡ་གན་དྷ་བོ་ནཱ་ཤ་ནི། བཛྲ་གན་དྷ་ཨུ་པཱ་ཡ་པཱ་ར་མི་ཏཱ་པཱུ་ཁཾས་ཚུལ ་དྲི་ཆབ་མའི་སྔགས་སོ།། ཨོཾ་སརྦ་བིངྒ་སརྦན་དཀ་ག་ཏི་ཨཱ་ཀན་ཏུ་ཆུང་བཛྲ། རྡོ་རྗེ་ལྕགས་ཀྱུའི་སྔགས་སོ།། ཨོཾ་སརྦ་བི་དྷས་རྦན་དག་ཡུང་དྷཱ་རཛཱ་ཛྲ་དྷུ་པཊ། རྡོ་རྗེ་ནགས་ཅ། ་སྔགས་སོ།། ཨོཾ་སརྦ་བིཥྚ་སརྦ་ཨ་པཱ་ཡ་བརྡྷན་མོ་ཙནི་ཧཱུཾ་བཾ་ཕཊ། རྡོ་རྗེ་ལྕགས་སྒྲོག་གི་སྔགས་སོ།། ཨོཾ་སརྦ་བིདྡྷ་སརྦ་ཨ་པཱ་ཡ་ག་ཏི་ག་ཧ་ན་བི་གོ་དྷ་ནེ་ཧཱུཾ་ཧོ་ཕཊ། རྡོ་རྗེ་འབེབས་པའི་སྔགས་སོ།། ་མཻ་ཏྲེ་ཡ་ཧ་ར་ཎཱ་ཡ་སྭཱ་ཧཱ། བྱམས་པའིའོ།། ཨོཾ་ཨ་མོ་གྷ་ཨ་མོ་གྷ་དར་ཤ་ནི་ཧཱུཾ། མཐོང་བ་དོན་ཡོད་ཀྱིའོ།། ཨོཾ་སརྦ་ཨ་པཱ་ཡ་ཛ་ཧ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནེ་ཧཱུཾ། ངན་སོང་ཀུན་འདྲེན་གྱིའོ།། ཨོཾ་སརྦ། ་ཤོ་ཀ་ཏ་མོ་ནི་གཱ་ཏ་ན་མ་ཏི་དྷུ། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་ཀྱིའོ།། མོ་ག་དྷ་ཧསྟཱ་ནི་ཙྪ། སྤོས་ཀྱི་གླང་པོའིའོ།། ཨོཾ་ཤུ་ར་ག་མེ་ནྡུ། དཔའ་བར་འགྲོ་བའི་ལོ ་ཨོཾ་ག་ག་ནེ་ག་ག་ན་ལོ་ཙ་ནེ་ཧཱུཾ། ནམ་མཁའ་མཛོད་ཀྱིའོ།། ཨོཾ་དྷཱ་ན་ཀེ་ཏུ་ཛྙཱ་ན་པ་ཏི་ཙྪ། ཡེ་ཤེས་ཏོག་གིའོ།། ཨོཾ་ཨ་མི་ཏ་པྲ་བྷེ་ཨ་མི་ཏ་བ་ཏེ་ཧཱུཾ། འོད་དཔག་མེད་ཀྱིའོ།། ཨོཾ་ཙནྡ་སྥོ་ཙནྡ་བྱ་བ ་ལོ་ཀ་ནི་ཛྙཱ་སྭཱཿ། ཟླ་འོད་ཀྱིའོ།། ཨོཾ་བྷ་དྲ་བ་ཏི་བྷ་དྲཱ་པཱ་ལེ་སྭཱཧཱ། བཟུང་སྐྱོང་གྲིའོ།། ཨོཾ་ཛྭ་ལི་མ་ཧཱ་ཛྭ་ལི་ནིཏྲཱུཾ། དྲ་བ་ཅན་གྱི་འོད་ཀྱིའོ།། ཨོཾ་བཛ་གརྦྷེ་ཧཱུཾ། རྡོརྗེ་སྙིང་པོའིའོ།། ཨོཾ་ཨ་ཀཱ་ཡ ་པུད་ཨ་ཀྵ་ཡ་ཀརྨ་ཨཱ་པ་ར་ཎ་བི་ཤོ་དྷ་ནི་སཱ་ཧཱ། བློ་གྲོས་མི་ཟད་པའི་འོ།། ཨོཾ་པྲ་ཏི་བྷཱ་ནེ་པྲ་ཏི་བྷཱ་ན་ཀཱུ་ཊེ་སྭཱ་ཧཱ། སྤོབས་པ་བརྩེགས་པའི་འོ།། ཨོཾ་ས་མནྟ་བྷ་དྲེ་ཧཱུ~ཾ། ཀུན་ཏུ་བཟང་པོའིའོ།། བསྐལ ་བ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྔགས་འདི་དག་རིམ་པ་བཞིན་དུ་བརྗོད་དོ།། འདི་དག་གིས་རྒྱུད་དུ་ཇི་སྐད་གསུངས་པའི་རྗེས་སུ་འབྲང་བའི་ཆོ་གའི་རིམ་པས་ཉིན་རེ་ཞིང་རྫ་བའི ་དུས་སུ་བསྐྱེད་པའི་རིམ་པ་སྒོམ་བཞིན་པས་ལྷའི་རྣལ་འབྱོར་ཏིང་ངེ་འཛིན་གསུམ་མཆོག་འབད་པས་བསྒོམས་ཏེ། ངན་སོང་ཡོངས་སུ་སྦྱོང་བ་གྲུབ་པར་འགྱུར་རོ།། ལྷའི་དབང་པོ་གཞན་ཡང་དེ་བཞིན ་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོའི་གསང་བའི་སྙིང་པོ་འདི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། གང་འགའ་ཞིག་མིང་ཙམ་ཉན་པ་དང་། འཆད་པ་དང་། ་ཀློག་པ་དང་། བྲིས་ནས་ཀྱང་མགོ་འམ། གཙུག་པུད་དམ། དཔུང་པ་འམ། མགུལ་པར་བཏགས་ཏེ་འཆང་བར་བྱེད་ན། དེའི་ཚེ་འདི་ཉིད་ལ་དུས་མ་ཡིན་པར་འཆི་བ་བརྒྱད་དང་། འཆི་བ་དང་འབྲེལ ་པའི་རྨི་ལམ་འབྱུང་བ་འམ། ངན་སོང་དང་འབྲེལ་བའི་མཚན་མ་དེ་དག་ཐམས་ཅད་རྨི་ལམ་ཙམ་དུའང་མི་འབྱུང་ངོ་།། གང་འགའ་ཞིག་དཀྱིལ་འཁོར་དུའང་ཇི་ལྟ་བ་བཞིན་དུ་ཞུགས་ནས་དབང་བསྐུར་ཏེ། ་སྙིང་པོའང་ཟློས་ཤིང་སྔགས་ཀྱི་དོན་སྒོམ་པར་བྱེད་ན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་དག་ལ་སྡིག་པ་གང་ཅུང་ཟད་ཀྱང་ཉེ་བར་མི་འགྱུར་ཞིང་ངན་སོང་དུ་འགྲོ་བར་མི་འགྱུར་རོ།། སྐྱེས་པ་དང་། བུད་མེད་དང་། ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། བྱོལ་སོང་དང་། ཡི་དགས་དང་། དམྱལ་བ་ལ་སོགས་པ་གང་ཡང་རུང་བ་ཤི་བའི་ལུས་རྣམས་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་ན། དེ་དམྱལ ་པར་སྐྱེས་ནའང་དེ་མཐག་ཉིད་དུ་རྣམ་པར་ཐར་ནས་ལྷའི་རིགས་སུ་སྐྱེ་བར་འགྱུར་རོ།། ལྷའི་རིགས་དེར་སྐྱེས་པར་གྱུར་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་མངོན་སུམ ་དུ་བྱེད་ཅིང་ཕྱིར་མི་ལྡོག་པར་ཡང་འགྱུར་རོ།། རྒྱུད་ངེས་པ་ཅན་དུའང་འགྱུར་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་རབ་ཏུ་སྐྱེ་བར་འགྱུར་རོ།། སྒྲིབ་པ་རྣམས་རབ་ཏུ་སྤངས་ནས་དེ་བཞིན་གཤེགས། ་པ་ཐམས་ཅད་ཀྱི་རིགས་སམ། ལྷའི་རིགས་སམ། གཞན་དུའང་བདེ་བ་མྱོང་བར་འགྱུར་རོ།། ལྷའི་དབང་པོ་མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕན་པ་དང་བདེ་བ་ཐམས་ཅད་མྱོང་བར ་འགྱུར་རོ།། དེ་ནས་ལྷའི་དབང་པོས། བཅོམ་ལྡན་འདས་ལ་སྔ་མ་བཞིན་དུ་བསྐོར་བ་བྱས་ཏེ། ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཀྱི་དབང་དུ་གྱུར་པ། ་རྣམས་ལ་ཕན་པ་དང་བདེ་བར་འགྱུར་བ་དང་། ཇི་ལྟར་སེམས་ཅན་རྣམས་ངན་སོང་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པར་བགྱི་བ་དང་། བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བདེ་བྲག་ཏུ ་རྟོགས་པར་བགྱི་བའི་སླད་དུ་ཆོས་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་གསུངས་ཏེ། དེ་མགོན་པོ་ཤཱཀྱ་ཐུབ་པ་ཉིད་ཀྱིས་གསུངས་པ་ནི། དང་པོ ་རེ་ཞིག་རྣལ་འབྱོར་པས་སྐྱེ་བོས་དབེན་པའི་ཡིད་དང་རྗེས་སུ་མཐུན་པའི་ས་ཕྱོགས་སུ་འཇམ་ཞིང་ཤིན་ཏུ་འབོལ་བའི་སྟན་ལ་འདུག་སྟེ། དྲི་བཟང་པོས་མཎྜལ་བྱས་ནས་ཉེ་བར་སྤྱོད་པ་ལྔའི་མཆོད་པ་བྱའོ།། ། ་ནས་ཆོས་ཐམས་ཅད་བདག་མེད་པར་བསྒོམས་ལ། བདག་ཉིད་ཡི་གེ་ཧཱུཾ་གིས་རྡོ་རྗེ་འབར་བ་མེ་ཉི་མར་བསྒོམས་ཏེ། དེའི་མགྲིན་པར་ཡི་གེ་ཧྲཱི་ལས་པདྨ་དང་། དེའི་སྟེང་དུ་འདབ་མའི་རྩེ་མོར་ཡི་གེ་ཨ་ལས ་ཟླ་བའི་དཀྱིལ་འཁོར་དང་། དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དང་། རྡོ་རྗེ་དེ་ལྕེ་ལ་ཐིམ་པར་བྱ་ནིང་བཛྲ་ཛཿ་ཞེས་བྱའོ།། དེས་རྡོ་རྗེའི་ལྕེར་འགྱུར་ཞིང་སྔགས་ཟློས་པ་ནུས་པར་འགྱུར་རོ།། ལག་པ ་གཉིས་ཀྱི་དབུས་སུ་ཡི་གེ་ཨ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་དང་། དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དང་དེ་གཉིས་ལག་པའི་མཐིལ་དུ་ཐིམ་པར་བྱས་ཏེ། རྡོ་རྗེའི་ལག་པར་འགྱུར་ཞིང་ཕྱག་རྒྱ་འཆིང ་བར་ནུས་པར་འགྱུར་རོ།། དེ་ནས་སྲུང་བའི་འཁོར་ལོ་བསྒོམ་པར་བྱ་སྟེ། ཨོཾ་གྲྀཧྞ་བཛྲ་ས་མ་ཡ་ཧཱུཾ་བཾ། ཞེས་བརྗོད་ཅིང་ཁྲོ་བོ་ཏི་རིན་ཏི་རི་བཅིང་བར་བྱ་སྟེ། རྡོ་རྗེ་བསྡམས་པ་ནང་བྱས་ནས།། མཐེ་བོང ་རྡོ་རྗེ་དམ་པོ་ཡིས།། ཁྲོ་བོས་ཡིད་ཀྱིས་དག་པ་བྱ་བ།། ཁྲོ་བོ་ཏི་རིན་ཏི་རི་བཅིང་།། དེ་ནས་རྡོ་རྗེ་ཕྱེད་པའི་གདན་གྱིས་འདུག་པས་རྡོ་རྗེ་ཏི་རིན་ཏི་རི་བཅིངས་ལ་རྡོ་རྗེ་འཕྲེང་བའི་དབང་བསྐུར་བ་གཟུང་བར ་བྱ་སྟེ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཨརྐ་ཧཱུཾ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་པས་སོ།། རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་གཤིབས་ཏེ་བསྒྲེང་བ་རྡོ་རྗེ་བསྡམས་པའི་སྟེང་དུ་དགབ་པའི་ཚུལ་དུ་གཟུང་བ་ནི་རྡོ་རྗེ ་རིན་ཏི་རིའིའོ།། ཨོཾ་ནརྀ་ཞེས་བྱ་བའི་ཡི་གེ་གཉིས་པོ་འདིའི་གོ་ཆས་གོ་ཆ་བགོས་ནས་ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ། ཞེས་བྱ་བ་སྒྲོག་ཅིང་གཡོན་པའི་ངོ་རྗེ་ཁུ་ཚུར་སྙིང་པ ་བྱས་ཏེ། གཡས་པའི་ཇོ་རྗེ་བུ་ཆུང་གསོར་ཞིང་བགེགས་ཐམས་དས་བསྣུན་ནོ།། དེ་ནས་རྡོ་རྗེ་མེའི་ཕྱག་རྒྱ་དང་བཅས་པས་བགེགས་བསྲེག་པར་བྱ་སྟེ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙམ་ཐ་བྷཿ ་ཧཱུ~ཾ་ཕཊ། ཅེས་བརྗོད་ཅིང་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་སོར་མོ་རྣམས་ནང་དུ་འབྲར་བ་ལ་མཐེ་བོང་རྡོ་རྗེ་བསྒྲེང་བ་འཛིན་རྔོ་རྗེ་མེའི་ཕྱག་རྒྱའོ།། དེ་འཛིས་ལ། བཛྲ་ནི་ཏྲེ་བྷན་དྷ་སརྦ་བིནྣ། ཤེས ་པའི་ཕྱག་རྒྱ་དང་ལྡན་པས་བགེགས་ཐམས་ཅད་བཅིང་བར་བྱའོ།། རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོང་གཉིས་བརྐྱང་སྟེ་མཉམ་ལ་གཟུང་བ་ནི་རྡོ་རྗེ་སྤྱན་གྱི་ཕྱག་རྒྱའོ།། རྡོ་རྗེ་བསྡམས་པ་བརྐྱང་བ་སལ། ་བཞག་སྟེ་འོག་བཅིང་བར་བྱའོ།། ཨོཾ་བཛྲ་དྲྀ་ཌྷོ་མེ་བྷ་བ་རཀྵ་ས་ཛཱ་སྭཱ་ཧཱ། ཞེས་བྱའོ།། རྡོ་རྗེ་འཇིགས་བྱེད་སྤྱན་གྱི་ཕྱག་རྒྱ་དང་བཅས་པས་སྟེང་བཅིང་བར་བྱ་སྟེ། ཨོཾ་ཧུ་ལུ་ཧུ་ལུ་ཧཱུ~ཾ་བཊ། ཅེས་པ་དང་། ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མགའ་མེའི་འཁོར་ལོ་ལྟར་བསྐོར་ནས་མགོ་བོའི་སྟེང་དུ་བཟུང་བ་ནི་རྡོ་རྗེ་འཇིགས་བྱེད་སྤྱན་གྱི་ཕྱག་རྒྱའོ།། དེའི་འོག་ཏུ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང་བཅས་པས་སླར་སྟེང ་བཅིང་བར་བྱ་སྟེ། ཨོཾ་བཛྲ་ཡཀྵ་ཧཱུཾ། ཤེས་པ་འདི་དང་རྡོ་རྗེ་ཐལ་མོ་མཐེ་བོང་གཉིས་བརྐྱང་ལ་མཛུབ་མོ་གཉིས་མཆེ་བ་ལྟ་བུར་བྱས་པ་ནི་རྡོ་གནོད་སྦྱིན་གྱི་ཕྱག་རྒྱའོ།། རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་དང། ་བཅས་པས་ཤར་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་དྲུཾ་བཛྲ་བན་དྷ་ནུ། ཞེས་བྱའོ།། དྲུཾ་ཞེས་པ་ཡང་ངོ་།། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཐེའུ་ཆུང་ལུ་གུ་ཆུང་ངུ་སྦྲེལ་ལ་མཛུབ་མོ་གཉིས་རྩེ་སྦྱར་ལ་རྫོག་ནས ་སྤྱི་བོར་བཞག་པ་ནི་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱའོ།། ཡང་རྡོ་རྗེ་ནགས་པས་ཤར་དེ་ཉིད་བཅིང་བར་བྱ་སྟེ། ཨོཾ་བཛྲ་པཱ་ཤ་ཧྲཱིཿ། ཞེས་པ་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཁྲིགས་མ་མདུད་པ་བྱས་པ་ནི་ཛ ་རྗེ་ཞགས་པའི་ཕྱག་རྒྱའོ།། རྡོ་རྗེ་བ་དན་གྱིས་ནུབ་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་བཛྲ་པ་ཏཱཾ་ཀེ་པ་ཏཱཾ་ཀི་ནི་རཊ། ཞེས་པ་དང་། རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་སེམས་དཔའི་སྐྱིལ་ཀྲུང་བྱས་ལ ་མཛུབ་མོ་གཉིས་མཉམ་པོར་གཤིབས་ཏེ་ཕྱེ་ལ་མཐེའུ་ཆུང་བ་ངན་ལྟར་བྱས་པ་ནི་རྡོ་རྗེ་བ་དན་གྱིའོ།། ཕྱོགས་དང་། མཚམས་དང་། སྟེང་དང་། འོག་གི་བགེགས་རྣམས་ཚར་གཙང་བར་བྱའོ།། ་རྡོ་རྗེ་དུས་ཀྱིས་བྱང་ཕྱོགས་བཅིངས་ཏེ། ཧྲཱིཿབཛྲ་ཀཱ་ལ་ལི་རུ་ཊ་མ་ཊ། ཅེས་པ་དང་། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་སྙིང་ཁར་བསྟན་པར་བྱས་པ་ནི་རྡོ་རྗེ་དུས་ཀྱིའོ།། རྡོ་རྗེ་རྩེ་མོས་ལྷོ་བཅིངས་ཏེ། ཨོཾ་བཛྲ ་ཤི་ཁ་རེ་རུ་ཊ་མཊ། ཅེས་བྱ་བ་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རི་བོ་འདེགས་པའི་ཚུལ་ནི་རྡོ་རྗེ་རྩེ་མོའིའོ།། རྡོ་རྗེ་ལས་ཀྱི་དཀྱིལ་འཁོར་བཅིང་བར་བྱས་ལ་ར་བ་བྱའོ།། ཧཱུཾ་བཛྲ་ཀརྨ་ཞེས་པའོ།། ་ཡང་རྡོ་རྗེ་ཧཱུཾ་མཛད་ཀྱི་ནང་དུ་རབ་བྱ་སྟེ། ཧཱུཾ་ཧཱུཾ་ཧཱུཾ། ཤེས་པ་དང་། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་རྡོ་རྗེ་མཁྲིག་མ་གཉིས་བསྣོལ་ཏེ་མཐེའུ་ཆུང་གཉིས་ལྕགས་ཀྱུ་སྤེལ་ལ་མཛུབ་མོ་གཉིས་སྡིགས་མཛུབ ་ཏུ་སྒྲེང་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་རྡོ་རྗེ་ཧཱུཾ་མཛད་ཀྱིའོ།། འདི་ཉིད་ལས་མཛུབ་མོ་དང་གུང་མོ་གཉིས་རྡོ་རྗེ་ལྟར་བྱས་པ་ནི་རྡོ་རྗེ་ལས་ཀྱིའོ།། ་བསྡམས་པས་རྡོ་རྗེའི་གུར་སྦྱིན་པར་བྱ་སྟེ། བཛྲ་བན་དྷ་བ། ཞེས་པ་འདིས་སོ།། དེ་ནས་རྡོ་རྗེ་འཁོར་མའི་ཕྱག་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་མདུན་དུ་རྫོགས་པར་བྱ་སྟེ། ་བཛ་བི་དྲཱ་བམ་ཙག་ཛྲ། ནས་བྱའོ།། ངོམ་བུ་ཚུང་གཉིས་བཅིངས་ནས། མཛུབ་མོ་མཐེའུ་ཆུང་ངོ་བཅིང་།། རྡོ་རྗེ་འཁོར་མ་ནས་གྲགས་པ།། དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱེད་མིས།། འཇ ་ཕྱོགས་ཐམས་ཅད་དུ་གཡས་སྐོར་ཉིད་ཀྱིས་བསྐོར་བ་ལས་དཀྱིལ་འཁོར་ཐམས་ཅད་དུ་སྤྲུལ་པར་འགྱུར་རོ།། འདི་ཉིད་ཁར་བཞག་ནས་ངེས་པར་ལྟ་བཞིན་དུ་རྡོ་རྗེ་འཁོར་ལོའི་སྔགས་ལན་བརྒྱད་བཟླས་སོ།། ་ཡིས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ།། དེ་ནས་མངོན་སུམ་ལྟ་བུར་བློས་དམིགས་ལ་མེ་ཏོག་ལ་ལ་སོགས་པས་ཡང་དག་པར་མཆོད་དེ། ཕྱོགས་ཐམས་ཅད་དུ་ཡན་ལག་ལྔ་པ་དང་འདིས ་ཕྱག་བྱའོ།། ཨོཾ་སརྦ་བི་དྡྷ་ཀཱ་ལ་བགྱིཏ་པྲ་ཎ་མ~ཾན་བརྡ་བན་སྙན་པ་མ། ཤེས་པའོ།། དེ་ནས་ཕྱག་བའི་བྱ་བ་སྟེ། འདི་ལྟར་ལུས་ཐམས་ཅད་ཅད་ཀྱིས་དང་། རྡོ་ཐལ་མོ་བརྐྱང་བས་ཤར་ཕྱོགས་སུ ་ཕྱག་བྱས་ཏེ། ཨོཾ་སརྦ་བ~ཾདྷ་པཱ་ཨུ་བསྠཱན་ས་ཨཱ་ཏྨ་ནི་ཪྵ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛ་ས་ཏྭ་ཨ་དྷི་ཏཥྛནཱ~ཾ། ཞེས་པ་འདས་སོ།། དེ་ནས་དེ་བཞིན་དུ་ལངས་ལ་རྡོ་རྗེ་ཐལ་ལ་སྙི་པར་བྱས་ཏེ། ལྷོ་ཕྱོགས ་སུ་དཔྲལ་བ་ས་ལ་རེག་ཅིང་ཕྱག་བྱས་ཏེ། ཨོཾ་སརྦ་བིདྱཱ་བཛྲ་ཨ་བྷི་ཥེ་ཀཱ་ཡ། ཨཱ་ཛྙཱ་ནཾ་ནི་དྱཱ་ཏ་པཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ་ཞེས་པ་འདིས་སོ།། དེ་ནས་དེ་བཞིན་དུ་ལངས་ལ་ཛེཿ ་ཐལ་མོ་སྤྱི་བོར་བཞག་སྟེ། ནུབ་ཕྱོགས་སུ་ཁ་ས་ལ་རེག་ཅིང་ཕྱག་བྱ་སྟེ། ཨོཾ་སརྦ་བིདྡྷ་པཱུ་ཛ་པྲ་བ་ཏ་ནཱ་ཡ་ཨཱཏྨ་ན་ནཻརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛ་དྷརྨ་པྲ་བརྟ་ཡ་ནཱཾ། ཞེས་བྱ་བ་འདིས་སོ།། དེ་ནས ་བཞིན་དུ་ལངས་ལ་རྡོ་རྗེ་ཐལ་མོ་སྤྱི་བོ་ནས་པབ་སྟེ་སྙིང་ཁར་བྱས་ལ། བྱང་ཕྱོགས་སུ་སྤྱི་བོ་ས་ལ་རེག་ཅིང་ཕྱག་བྱས་ཏེ། ཨོཾ་སརྦ་བིདྱཱ་པཱུ་ད་ཀ་མཎེ་ཨཱཏྨན་ནི་རཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛ་ཀ་མ་ཀུ་རུ ་ཞེས་པ་འདིས་སོ།། དེ་ནས་པུས་མོའི་ལྷ་ང་གཉིས་ས་ལ་བཙུགས་ཏེ། རྡོ་རྗེ་ཐལ་མོ་སྙིང་ཁར་བྱས་ལ་སྡིག་པ་ཐམས་ཅད་སོ་སོར་བཤགས་པར་བྱ་སྟེ། ཕྱོགས་བཅུ་ན་སངས་རྒྱས་དང་། བྱང་ཆུབ ་སེམས་དཔའ་ཐམས་ཅད་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། ནོར་བུ་དང་། པདྨ་དང་། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། སྔགས་དང ་རིག་པ་དང་། ལྷ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཆེ་གེ་མོ་ཞེས་བྱ་བ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱད་སྔ་དང་། དེ་བཞིན་གཤེགས་པ་དང་། རྡོ ་དང་། ནོར་བུ་དང་། པདྨ་དང་།། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། སྔགས་དང་། རིག་པ་དང་། སྔགས་ཀྱི་ལྷ་ཐམས་ཅད་ཀྱིའང་སྤྱན་སྔར་སྡིག་པ་ཐམས ་སོ་སོར་བཤགས་པར་བགྱིའོ།། ཕྱོགས་བཅུ་ནས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། 8ང་། ་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་རྣམས་དང་། སེམས་ཅན་གྱི་རིགས་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་རྒྱ་ཆེར་རྗེས་སུ་ཡི་རང ་བར་བགྱིའོ།། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་མོ་བསྐོར་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ཕྱིར་བསྐུལ་བར་བགྱིའོ།། ཕྱོགས་བཅུའི་སངས་རྒྱས ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བང་བཞེད་པ་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ།། དེ་ནས་མེ་ཏོག་གི་ཕྱག་རྒྱབཅིངས་ལ་འདི་སྐད་ཅེས་རྗོད་དོ།། ཨོཾ་སརྦ་བིདྡྷ ་པུབུཥྤ་བྷ་ཛ་མེ་གྷ་ས་མུ་དྲ་སྥ་ར་རྫ་ས་མ་ཡེ་ཧཱུ~ཾ། ཞེས་པའོ།། བདུག་པའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དོ།། ཨོཾ་སརྦ་བིདྱཱ་དྷཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུ~ཾ། ཞེས་པའོ།། མ ་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དེ། ཨོཾ་སརྦ་བིདྱཱ་དཱི་པཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་པའོ།། དྲིའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དེ། ཨོཾ་སརྦ་བིདྱཱ་གནྡྷ་པཱུ་ཛ་མེ་གྷ་ས ་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུ~ཾ། ཞེས་པའོ།། ཐལ་མོ་སྙིམ་པ་ཁོང་སྟོང་དུ་སྦྱར་བ་བཅིངས་ལ་འདི་སྐད་ཅེས་བརྗོད་དེ། ཨོཾ་སརྦ་བིདྡྷ་བོ་དྷྱངྒ་རཏྣ་ཨ་ལང་ཀཱ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུ~ཾ། ཞེས་པའོ།། ་ཨོཾ་སརྦ་བིདྡྷ་ཧྲསྱ་ལཱ་སྭ་ར་ཏི་ཀྲི་ཀྵ་སོ་ཁྱ་ཨ་ནུཏྟ་པཱུ་ཥ་མེ་གྷ་ས་མུ་དྲ་སྭ་ར་\ུ0f7fས་མ་ཡེ་ནྟུ། ནས་པ་དང་། ཨོཾ་སརྦ་བིཥྛ་ཨ་ནུདྡྷ་ར་བོ་དྷི་ཨ་ལང་ཀཱར་བསྟྲ་པཱུ་ཥ་མེ་གྷ་ས་མུ་དྲ་མྦ་ར་ཎ་ས་མ་ཡེ་དྷུ། ཞེས་པའོ།། ་དེ་ནས་འཁོར་བའི་སྡུག་བསྔལ་ཐམས་ཅད་རྗེས་སུ་དྲན་པར་བྱས་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། སྙིང་རྗེའི་དབང་གིས་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་བྱང ་ཆུབ་ཀྱི་སེམས་བསྐྱེད་པར་བྱ་སྟེ། མ་བསྒྲལ་པ་རྣམས་བསྐལ་བའི་ཕྱིར་དང་། མ་གྲོལ་བ་རྣམས་གྲོལ་བར་བྱ་བའི་ཕྱིར་དང་། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བའི་ཕྱིར་དང་། ཡོངས་སུ ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱ་བའི་ཕྱིར་དང་། སེམས་ཅན་གྱི་ཁམས་མ་ལུས་པ་འཁོར་བའི་རྒྱ་མཚོ་ལས་ཡང་དག་པར་བསྒྲལ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པར ་བགྱིའོ།། ཨོཾ་སརྦ་བིདྱཱ་བཛྲ་བོ་དྷི་ཙིཏྟ་པཱུ་ཛ~ཾ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་པའོ།། དེ་ནས་སྒེག་མོའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དེ། སེམས་ཅན་ཐམས་ཅད་ཡོ་བྱད་ཐམས་ཅད ་དང་ཡང་དག་པར་ལྡན་ནིང་ཕུན་སུམ་ཚོགས་པ་རྣམས་འདོད་པ་ཙམ་ལ་སོ་སོར་འབྱོར་པར་གྱུར་ཅིག། ཨོཾ་སརྦ་བི་དྱཱ་མ་ཧཱ་བཛྲ་ཨུད་བྷ་བ་དཱ་ན་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། འཕྲེང་བ་མའི ་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དེ། སེམས་ཅན་ཐམས་ཅད་མི་དགེ་བའི་ལུས་དང་། ངག་དང་། ཡི་དཀྱི་ལས་ཀྱི་མཐའ་ཐམས་ཅད་དང་བྲལ་བར་གྱུར་ཅིག། དགེ་བའི་ལུས་དང་། ངག་དང་། ་ཡིད་ཀྱི་ལས་ཀྱི་མཐའ་ཐམས་ཅད་དང་ཡང་དག་པར་ལྡན་པར་གྱུར་ཅིག། ཨོཾ་སརྦ་བི་བཱ་ས་ནུ་དྷ་ར་མ་ཧཱ་བོ་བྷ་ག་ཨཱ་ཧཱ་ར་ཤཱི་ལ་པཱ་ར་མི་ཏཱ་པཱུ་ར་མེ་གས་སུ་དྲ་སཱ་ར། ས་མ་ཡེ་ཧཱུཾ། གྲུམ ་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དེ། སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱད་ཀྱིས་ཡང་དག་པར་བརྒྱན་པའི་ལུས་དང་ལྡན་པ་དང་། རྟག་ཏུ་ཕན་ཚུན་འཇིགས་པ་མེད་པ་དང་། ནེ་འགྲས་པ ་མེད་པར་ཞུགས་ཤིང་སྙིང་དང་མིག་མངོན་པར་དགའ་བ་དང་། ཆོས་ཟབ་མོ་ལ་བཟོད་པ་དང་ལྡན་པར་གྱུར་ཅིག། ཨོཾ་སརྦ་བིདྱཱ་ཨ་རུཏྟཱ་ར་མ་ཧཱ་དྷརྨ་ཨ་བ་བོ་དྷཀྵནྟི་པཱ་ར་མི་ཏྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས ་མ་ཡེ་ཧཱུཾ། ཤེས་པའོ།། གར་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དེ། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྤྱོད་པ་དང་མངོན་པར་ལྡན་ཞིང་། སངས་རྒྱས་ཉིད་ལ་མཆོག་ཏུ་གཞོལ་ཞིང་འཁོར།། ་བ་ཡོངས་སུ་མི་སྤོང་བའི་བརྩོན་འགྲུས་དང་ལྡན་པར་གྱུར་ཅིག། ཨོཾ་སརྦ་བིདྡྷ་སཾ་སཱ་རཱུ་པ་རི་ཏྭཱ་ག་ཨ་ནུཏྟ་ར་བིདྱཱ་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་པའོ།། མེ་ཏོག་མའི་ཕྱག ་བཅིངས་ལ་འདི་སྐད་ཅེས་བརྗོད་དེ། སེམས་ཅན་ཐམས་ཅད་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་བྲལ་ཞིང་བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པ ་འཇུག་པ་དང་། མངོན་པར་ཤེས་པ་དང་། རིག་པ་དང་། དབང་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་ཅིག། ཨོཾ་སརྦ་བིདྱ་ཨ་ནུདྷར་སོ་ཁྱ་བི་ཧཱ་ར་དྷཱ་ན་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ་ཞེས་པའོ།། བདུག་པ་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དེ། སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་རབ་དང་། ཡེ་ཤེས་དང་ཡང་དག་པར་ལྡན་པར་གྱུར་ཅིག། ་སོ་སོ་ཡང་དག་པར་རིག་པ་བཞི་ཡང་དག་པར་ཐོབ་སྟེ་བཟོ་དང་བསྟན་བཅོས་ཐམས་ཅད་ཤེས་ཤིང་། སྒྱུ་རྩལ་དང་། སྦྱོར་བ་དང་། ཆོ་ག་ཤེས་པ་དང་། དེ་ཁོ་ན་ཉིད་མཐོང་བ་དང་། ཉོན་མོངས་པ ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཡང་དག་པར་གཅོད་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག། ཨོཾ་སརྦ་བིདྡྷ་ཨ་རུཏྟ་ཀྲེ་ཤཙྪེ་ང་སརྦ་དྷམ་ས་མནྟ་ཛྙཱ་ན་མ་ཧཱ་པྲཛྙཱ་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་མ་ར་ཎ་ས་མ་ཡེ་ཙྪ ་ཞེས་པའོ།། མར་མེ་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དེ། སེམས་ཅན་ཐམས་ཅད་ལོག་པར་ལྟུང་བ་ཐམས་ཅད་དང་བྲལ་བར་གྱུར་ཅིག། ཨོཾ་སརྦ་བིདྡྷ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་ཛྙཱ་ན་ཨཱ་ལོ ་ཀ་པྲ་ཎི་དྷི་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཤེས་པའོ།། དྲི་ཆབ་མའི་ཕྱག་རྒྱ་བཅིང་ས་ལ་འདི་སྐད་ཅེས་བརྗོད་དེ། སེམས་ཅན་ཐམས་ཅད་མི་ཤེས་པ་དང་བྲལ་བར་གྱུར་ཅིག། ཨོཾ་སརྦ། ་བིདྱཱ་སརྦ་ཨ་པཱ་ཡ་གནྡྷ་བི་ནཱ་ས་ནི་བཛྲ་གནྡྷ་ཨུ་པཱ་ཡ་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་པའོ།། ལུས་ཀྱི་བསྙེན་བཀུར་བྱ་བའི་ཕྱིར་བདག་ཉིད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ། ་ལུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་ཕྱིན་པར་ལྷག་པར་མོས་པར་བྱས་ལ། ཨོཾ་སརྦ་བི་དྱཱ་ཀཱ་ཡ་ནི་རཱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བྱའོ།། ཐམས་ཅད་དུ ་ལྕེ་བརྒྱ་པའི་ཁ་ཡིས་མཉམ་མེད་མི་གཡོ་ནས་བྱ་བ་ལ་སོགས་པའི་བསྟོད་པ་ཉེ་བར་སྤྱོད་པ་ལྷག་པར་མོས་པར་བྱས་ལ། ཨོཾ་སརྦ་བིདྲཱ་བཱ་ཀ་ནི་བཱ་ཏན་པཱུ་ཛ་མེ་གྷ་ས་སུ་དྲ་སྭ་ར། \ུ0f7f། ་ས་མ་ཡེ་དྷཱུ། ཞེས་བྱའོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་དགོངས་པ་གཅིག་པའི་སྦྱོར་བ་ཉིད་ཀྱིས་ཆོས་མཉམ་པ་ཉིད་དུ་རྣག་པར་མོས་པར་བྱ་སྟེ། ཨོཾ་སརྦ་བི་དྱཱ་ཙིཏྟ་ནིརྱཱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲཿ ་ཎ་ས་མ་ཡི་ཧཱུཾ། ཞེས་པའོ།། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པའོ་ཞེས་ལྷག་པར་མོས་པ་བྱས་ལ་ཨོཾ་སརྦ་བིནྡ ་གུ་ཧྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བྱའོ།། དེ་ལྟར་མཆོད་པ་རྣམ་པ་ཉི་ཤུས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་མཆོད་ལ་བདག་ཉིད་དབུལ་བར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ཐམས་ཅད་ལ་བདག་ཉིད་དབུལ་བར་བགྱིའོ།། བདག་དུས་ཐམས་ཅད་དང་རྣམ་པ་ཐམས་ཅད་དུ་སོ་སོར་བ་ཞེས་སུ་གསོལ་ལོ།། ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་ཁྱེད་རྣམས་ཀྱིས་དམ་ཚིག་ཆེན ་བོའི་དངོས་གྲུབ་བདག་ལ་སྩལ་དུ་གསོལ་ཞེས་བྱའོ།། དགེ་བའི་རྩ་བ་དེའང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། དགེ་བའི་རྩ་བ་འདི་དག་གིས་བདག་དང་སེམས་ཅན་ཐམས་ཅད་འཇིག་རྟེན་དང ་འཇིག་རྟེན་ལས་འདས་པའི་ཆུང་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཡང་དག་པར་ལྡན་པར་གྱུར་ཅིག། བདེ་བ་དང་ཡིད ་བདེ་བ་ཉིད་ཀྱིས་མི་ཡི་མཆོག་སངས་རྒྱས་སུ་ཚེ་འདི་ཉིད་ལ་གྱུར་ཅིག། བདག་གི་དགེ་བའི་ལས་རྣམས་འདི་དག་གིས།། འཇིག་རྟེན་དུ་ནི་མྱུར་དུ་སངས་རྒྱས་ཤོག། འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན ་བགྱིད་ཅིང་།། སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་སྒྲོལ།། ཞེས་བྱའོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ཡོངས་སུ་བསྔོས་ལ་སྡོམ་པར་གཟུང་བར་བྱ་སྟེ ་ལྟར་དུས་གསུམ་མགོན་པོ་རྣམས།། བྱང་ཆུབ་ཏུ་ནི་ངེས་མཛད་པ།། བྱང་ཆུབ་སེམས་ནི་བླ་ན་མེད།། དམ་པ་བདག་གིས་བསྐྱེད་པར་བགྱི།། ཚུལ་ཁྲིམས་བསླབ་པ་རྣམ་པ་གསུམ།། དགེ་བ ་དང་ནི་ཆོས་སྡུད་དང་།། སེམས་ཅན་དོན་བྱེང་ཚུལ་ཁྲིམས་ནི།། བདག་གིས་སོ་སོར་བརྟན་པོར་གཟུང་།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། དཀོན་མཆོག་གསུམ་མཆོག་བླ་ན་མེད།། སྡོམ་པ ་སངས་རྒྱས་རྣལ་འབྱོར་བྱུང་།། དེང་ནས་བརྩམས་ཏེ་གཟུང་བར་བགྱི།། རྡོ་རྗེ་ཆེན་པོའི་རིགས་བསྡུས་ལ།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་།། དེ་ཉིད་ཀྱིས་ནི་རབ་ཏུ་གཟུང་།། སློབ་དཔོན་དག་ཀྱང ་གཟུང་བར་བགྱི།། རིན་ཆེན་ཆེན་པོའི་རིགས་མཆོག་གི། དམ་ཚིག་ཡིད་དུ་འོང་བ་ལ།། ཉིན་རེ་བཞིན་དུ་ལན་དྲུག་ཏུ།། སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན།། པདྨ་ཆེན་པོའི་རིགས་དག་པ། བྱང་། ་ཆུབ་ཆེན་པོ་འབྱུང་བ་ལ།། ཕྱི་དང་གསང་བ་ཐེག་པ་གསུམ།། དམ་ཆོས་སོ་སོར་གཟུང་བར་བགྱི།། ལས་ཆེན་རིགས་ནི་བསྡུས་པ་ལས།། སྡོམ་པ་ཐམས་ཅད་ཡང་དག་ལྡན།། མཆོད་པའི ་ལས་ནི་ཅི་ནུས་བཞིན།། ཀུན་ནས་སོ་སོར་གཟུང་བར་བགྱི།། སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། བྱང་ཆུབ་སེམས་ནི་བླ་མེད་པ།། དམ་པ་ཡང་དག་བསྐྱེད་བགྱིས། ་ཤིང་། སྡོམ་པ་མ་ལུས་བཟུང་བགྱིས་ནས།། མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི།། མ་གྲོལ་བ་རྣམས་བདག་གིས་དགྲོལ།། དབུགས་མ་ཕྱིན་པ་དབུགས་དབྱུང་བགྱི།། སེམས་ཅན ་མྱ་ངན་འདས་ལ་དགོད།། ཅེས་བྱའོ།། དེ་ནས་ནམ་མཁའི་དཀྱིལ་འཁོར་ལ་ལྷ་ལ་སོགས་པ་རྣམས་ཀྱིས་མཆོད་པར་ལྷག་པར་མོས་ཏེ། ཉེ་བར་སྤྱོད་པ་ལྔ་ལ་སོགས་པས་མཆོད་པར་བྱའོ།། ་ཡང་དག་པར་མཆོད་ནས་ནི་བཅོམ་ལྡན་འདས་ཀྱི་ཡོན་ཏན་བསྔགས་པར་བྱེད་དེ། ཨེ་མའོ་སངས་རྒྱས་ཨེ་སངས་རྒྱས།། སངས་རྒྱས་མཛད་པ་མཆོག་ལེགས་སོ།། ངན་སོང་ཐམས་ཅད་ལེགས ་སྦྱངས་ནས།། སེམས་ཅན་བྱང་ཆུབ་ཐོབ་མཛད་ཕྱིར།། ཞེས་པའོ།། དེ་ནས་བཛྲ་ཨཉྫ་ལི་ཞེས་པ་དང་རྡོ་རྗེ་བསྡམས་པ་སྙིང་ཁར་དྲལ་བར་བྱ་སྟེ། ཨོཾ་སརྦ་བིདྱཱ་བཛྲ་བན་དྷ་ཏྲཱ་ཊ་ཀ་ཅེས ་བརྗོད་བཅིང་ངོ་།། རྡོ་རྗེ་འབེབས་པའི་ཕྱག་རྒྱ་བཅིངས་ལ་ཨོཾ་ཏིཥྛ་བཛྲ་ཛ་ཌྷོ་མེ་བྷ་བ་ཤཱ་ཤྭ་དྷ་མེ་བྷ་བ་ཧྲི་ད་ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷིམྨེ་པྲ་ཡཙྪ་ཧཱུཾ། ཧ་ཧ་ཧ་ཧ་ཏོ། ཞེས་བྱའོ།། ཨོཾ་བཛྲ་མུཥྚི་བཾ ་སེམས་མ་རྡོ་རྗེ་བཅིངས་ནས། ཨོཾ་སརྦ་བི་དྱཱ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པ~ཾ་ཨ་ན་མ་རྦུ། རྡོ་རྗེ་བསྡམས་པ་བརྟན་བཅིངས་ནས།། རྡོ་རྗེའི་ཕྱག་རྒྱ་གཉིས་པར་ནས།། མྱུར་དུ་གྱེན་དུ་ལེགས་འཕེན་ལ། ་ལྟུང་བ་སློང་བར་བྱེད་པའི་བཆོག། ཅེས་པའོ།། ཨོཾ་སརྦ་བི་དྲཱ་སརྦ་ཨཱ་པཱ་ཡ་བི་ཤོ་དྷནེ་ནུ་པར། སྡིག་པ་ཐམས་ཅད་རྣམ་པར་སྟོང་བའི་སྔགས་སོ།། རྡོ་རྗེ་བསྡམས་པ་བརྟན་བྱས་ནས། ་གུང་མོ་དག་ནི་ཁ་སྦྱར་ཏེ།། མཐའ་མ་བཞི་པོ་ཁ་སྤྲད་པ།། མྱུར་དུ་སྡིག་པ་དྲལ་བར་འགྱུར།། ཨོཾ་སརྦ་བིདྱཱ་ཏཱཿཧཱུཾ། སེམས་མ་རྡོ་རྗེ་བཅིངས་ལ། ཨོཾ་སརྦ་བིདྱཱ་སརྦ་ཨཱ་པ་རཎབི་ཤོ་དྷན་སུ ་ནི་ཧཱུཾ་ཕཊ། འདོན་པའི་མཚན་ཉིད་དོ།། དེ་ནས་དེའི་རྗེས་ལ་རྣལ་འབྱོར་པས་སྙིང་ཁའི་དབུས་སུ་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་དང་དེའི་སྟེང་དུ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཨོཾ་ནམ ་སརྦ་དུན་ཏི་ཤོ་དྷ་ནི། ཤོ་དྷ་ནེ་སརྦ་པཱ་པ་བི་ཤོ་དྷ་ནི། ཤུད་དྷེ་བྷི་ཤུད་དྷེ། སརྦ་ཀརྨ་ཨ་པ་ར་ཎ་བི་ཤུད་དྷེ་སྭཱ་ཧཱ། དེ་དག་གིས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ཡོངས་སུ་རྫོག ་པར་འགྱུར་རོ།། དེ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་བཀུག་ནས་བཅུག་སྟེ་བཅིངས་ནས་དབང་དུ་བྱས་ནས། ནམ་མཁའི་དཀྱིལ་འཁོར་ལ་གཞུག་སྟེ། དཀྱིལ་འཁོར་གཉིས་ཀྱིས་དཀྱིལ་འཁོར ་གཅིག་ཏུ་འགྱུར་རོ།། རྫོགས་པའི་རྣལ་འབྱོར་དུ་གྱུར་པ་ལས་དམ་ཚིག་གི་དཀྱིལ་འཁོར་གྱི་ལྷ་ཡོངས་སུ་རྫོགས་པར་འགྱུར་རོ།། དེ་ལ་དཀྱིལ་འཁོར་གྱི་དབུས་སུ་བདག་ཉིད་ཀྱི་དངོས་པོ་འཁོར་ལོས ་སྦྱར་བའི་གཟུགས་ས་མ་མེད་གེ་མཔ་མོ།། དེནས་པསུ་གྲུབ་པའི་ཐུགས་སོ་ས་ཡལས་ཟ་བར་དཀྱིལ་ལ་བར་མམས་ཟ་བའི་དཀྱིལ་ལབ་གྱི་དབྲས་སུ་། ཨེ་མུའི་སུ་ནི་མ་མུན་པ་ལྡང ་དེ་ནས་རྡོ་རྗེ་རྒྱུའི་ལས་ཀྱི་ཕྱག་རྒྱས་དཀྱིལ་འཁོར་སྤྲུལ་ཏེ། ཨོཾ་སརྦ་བིདྡྷ་བཛྲ་ཙཀྲ་དྷུ་ཞེས་པས་སོ།། སེམས་མ་རྡོ་རྗེ་བཅིངས་ནས། དེ་ནས་དེ་ཉིད་ཀྱི་སོང་མོ་དབུས ་མ་གཉིས་ཀྱིས་འཕྲེང་བཐོགས་ལ། ས་མ་ཡ་ཏྲུ། ཞེས་པ་འདིས་ཡིད་ཀྱིས་འཇུག་གོ།། འབྲིང་བ་དེའང་རང་གི་མགོ་བོར་གཞག་སྟེ། པྲ་ཏཱིཙྪ་བཛྲ་ཧོཿཞེས་པ་འདིས་སོ།། དེ་ནས་རང་གི་མཚོ ་བོར་བཅིངས་ཏེ། ཨོཾ་པྲཱ་ཏི་གྲཧྞ་རྫྫ་མ་མས་ཏྭ་མཛབ་ལཱ། ཞེས་པ་འདིས་སོ།། གདོང་བ་བཅིངས་ལ་ཡང་འདིས་དགྲོལ་ལོ།། མཽ་རྡོ་རྗེ་སེམས་དཔའ་རང་ཉིད་ཀྱི།། ཁྱེད་ཀྱི་མིག་ནི་འབྱེད་པ ་བརྩོན།། རྡོ་རྗེའི་མིག་ནི་བླ་ན་མེད།། ཐམས་ཅད་མིག་ནི་བྱེ་བར་འགྱུར།། ཞེས་པ་དང་། ཧེ་བཛ་པ་ཤྱ། ཞེས་པའོ།། དེ་ནས་དཀྱིལ་འཁོར་ཆེན་པོར་ཇི་སྲིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་སྲིད ་དུ་བལྟའོ།། ཡང་སེམས་མ་རྡོ་རྗེ་བཅིངས་ལ་ཐུགས་ཀར་དགྲོལ་ཞིང་རྡོ་རྗེར་བྱིན་གྱིས་བརླབས་པའི་བུམ་པ་ནས་དབང་བསྐུར་བ་རྡོ་རྗེ་ཁུ་ཚུར་གྱིས་སྦྱིན་པའོ།། ཨོཾ་སརྦ་བིདྱཱ་བཛྲ་ཨ་བྷི་ཥིཉྩ། ཞེས་པའོ།། ་ཡང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་ཕྱག་རྒྱས་རྒྱས་གདབ་སྟེ། ཨོཾ་སརྦ་བིདྡྷ་བཛྲ་དྷ་ར་ཏིཥྛ་བཛྲ་ཎི་ཧཱུ~ཾ། ཨ་བྷི་ཥིཉྩ་མཱཾ། ཨོཾ་སརྦ་བིདྷ་རཏྣ་བཛྲི་ཎི་ཧཱུཾ་ཀ་ཨ་བྷི་ཥིཉྩ་མཱཾ། ཨོཾ་སརྦ་བིདྱཱ་དྷརྠ ་བཛི་ཎི་ཧཱུ~ཾ.་བྷིཥི་ཉྩ་མཱ~ཾ། ཨོཾ་སརྦ་བིདྱཱ་ཀརྨྨ་བཛི་ཎི་ཧཱུ~ཾ་། ཨ་བྷི་ཥིཉྩ་མཱ~ཾ། ཨོཾ་ཊུ་བཛྲ་ཏུཥྱེ་ཧོ། ཡི་གེ་གཉིས་ཀྱི་གོ་ཆས་གོ་བགོས་ལ་དེ་ནས་རང་ཉིད་རྡོ་རྗེའི་དབང་བསྐུར་བ་གཟུང་བར་བྱ་སྟེ། ་སངས་རྒྱས་རྣམས་ཀྱི་རྡོ་རྗེམས།། དབང་གིས་དེ་རིང་ཁྱོད་དབང་བསྲུར།། འདི་སྟེ་སངས་རྒྱས་ཐམས་ཅད་ཉིད།། རྡོ་རྗེ་རབ་ཏུ་གྲུབ་ཕྱིར་གཟུང་།། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཉྩ་མི་ཏིཥྛབ ་ས་མ་ཡ་སྟྭཾ། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མཱ~ཾ། འདི་སྟེ་སངས་རྒྱས་ཐམས་ཅད་ཉིད།། རྡོ་རྗེ་སེམས་དཔའི་ཕྱག་ན་གནས།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་།། ཕྱག་ན་ངོ། ་བརྟུལ་ཞུགས་བརྟན།། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷ་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥསྟྭཾ་དྷཱ་ར་ཡཱ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཛྫ། ཞེས་པའོ།། ཨོཾ་སརྦ་བིདྱཱ་བཛྲ་ཨ་དྷིཥྛ་ན་ས་མ་ཡེ་ཧཱུཾ་བདག་ཉིད་བྱིན་གྱིས་བརླབ ་པའི་སྔགས་སོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཐེ་བོང་དང་། གུང་མོ་དང་། མཐེའུ་ཆུང་གྱེན་དུ་བསྒྲེང་སྟེ་ཁ་སྦྱར་ནས་མཛུབ་མོ་དང་མིང་མེད་སེམས་དཔའི་སྐྱིལ་ཀྲུང་བྱས་པ་ནི་རྡོ་རྗེའི་ཕྱག་རྒྱ་སྟེ། ་སྙིང་ཁ་དང་། མགྲིན་པ་དང་། དཔྲལ་བ་དང་། མཛོད་སྤུ་དང་། སྨིན་མཚམས་དང་། སྣ་དང་། རྣ་བ་དང་། དཀུ་དང་། པུས་མོ་དང་། རྐང་པ་དག་དང་། བྱིན་པ་དང་། མིག་གཉིས་དང ་གསང་བར་བྱིན་གྱིས་བརླབ་པའང་བྱའོ།། དེ་ནས་རང་གི་ལུས་ལ། ས་མ་ཡ་ཨཿཡི་གེ་ཨ་ལས་ཕྲ་བའི་དཀྱིལ་འཁོར་ས་བོན་ལས་བྱུང་བའི་མཚན་མ་ཐམས་ཅད་ཀྱི་སྙིང་པོའི་ང་རྒྱལ་བསྐྱེད་ཅིང་། ་ཨ་སརྦ་བི་པྣ་\ུ0f89\ུ0f4་བྱང་ཆུབ་རྟོས་མ་ཡ་ཙྪ། ས་མ་ལ་ཆོམས་སུན་མུ་ནེ་མ་མུར་ལེ་སྭཱཿ། ཞེས་ལན་གསུམ་བརྗོད་པར་བྱའོ།། ཐུན་མང་བའང་ངོ་།། དེ་ནས་རང་གི་ལུས་ལ་རྡོ་རྗེ་བསྡུ་བའི་ཕྱག་ཏུ ་བཅིངས་ཏེ། ཕ་དྷཱུ་བ་ཧོ།། བརྗོད་ཅིང་གནས་ཇི་ལྟ་བ་རྣབས་སུ་བཀུག་ནས་བཅུག་སྟེ་བཅིངས་ལ་དབང་དུ་བྱའོ།། རང་གི་ཐུགས་ཀར་ཧཱུཾ་ཡིག་ནི།། སྦྱོར་བས་རྡོ་རྗེ ་ལྔ་པད་ཤཱུཀྱ་སེང་གེའི་དམ་ཚིག་གི། ཕྱག་རྒྱ་རབ་ཏུ་བཤད་པར་བྱ།། དབུས་སུ་ཏིང་འཛིན་མཆོག་གིས་ནི།། བཞུགས་པ་དམ་ཚིག་ཕྱག་རྒྱར་བཤད།། རྡོ་རྗེ་བཅིངས་པ་དམ་བྱས་ལ།། གུང ་མོ་གཉིས་ཀྱི་རྩེ་མོ་སྦྱར།། རྡོ་རྗེ་ཕྱག་རྒྱ་དམ་བཅས་པ།། རྡོ་རྗེ་གཙུག་ཏོར་ཕྱག་རྒྱའོ།། དེ་ཉིད་གུང་མོ་རིན་ཆེན་དང་།། གུང་མོ་པདྨའི་རྣམ་པ་དང་།། དེ་ཉིད་གུང་མོ་རྡོ་རྗེ་ལས།། སོར་མོ་ལྷག ་མ་འབར་བྱས་ཉིད།། སོར་མོ་དེ་ཉིད་འབར་བྱས་ལ།། གཙུག་ཏོར་གཟི་བརྗིད་ཕྱག་རྒྱའོ།། དེ་ཉིད་ལས་ནི་སྲིན་ལག་དང་།། མཐེའུ་ཆུང་གཉིས་ནི་མཉམ་སྟེ་བསྒྲེང་།། མཛུབ་མོ་པདྨའི་འདག ་མ་ལས།། གུང་མོ་རྡོ་རྗེ་བསྒྲེང་བ་དང་།། དེ་ཉིད་མདུན་དུ་བཞག་ནས་ནི།། རྡོ་རྗེ་དྲ་བའི་ཚུལ་དུ་བྱ།། སྙིང་ཁར་ཡང་ནི་མཐེ་བོང་མཉམ།། རབ་ཏུ་བརྐྱང་བ་འཕྲེང་བ་འམ།། ཐལ་མོ་སྦྱར་བ་ལ། ་ནས་དབྱུང་།། གར་བྱེད་སྤྱི་བོར་ཐལ་མོ་སྦྱར།། རྡོ་རྗེ་བསྡམས་པ་ཐུར་དུ་སྦྱིན།། ཐལ་མོ་ལེགས་སྦྱར་གྱེན་དུ་གཏོར།། མཐེ་བོང་མཉམ་སྟེ་རབ་ཏུ་བསྡམས།། རབ་ཏུ་བརྐྱང་བ་བྱུག་པའོ།། ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས།། མཛུབ་མོ་མཐེ་བོང་གུང་པོ་རྣམས།། རེ་རེ་ཞིང་ཡང་ཕན་ཚུན་དུ།། མངོན་དུ་ཕྱོགས་པ་གཟུང་བར་བྱ།། མཛུབ་མོ་གཅིག་ནི་ཅུང་ཟད་བཀུག། མཐེ་བོང ་གཉིས་ནི་མདུད་པ་བཅིང་།། མཐེ་བོང་མཛུབ་མོ་བསྣོལ་བ་བཅིང་།། རྡོ་རྗེ་ཁུ་ཚུར་རྩེ་མོ་བསྡམས།། མགྲིན་པར་བད་ཟའི་དཀྱིལ་འཁོར་དུ།། ཆོས་ཀྱི་ཕྱག་རྒྱ་རྣམ་པར་བསྒོམ།། སྔར་གྱི ་འབྱིན་པའི་སྔགས་ཀྱིས་ནི།། ཆོས་ཀྱི་ཕྱག་རྒྱ་ཡིན་པར་བཤད།། ཐུགས་ཀར་སྣ་ཚོགས་རྡོ་རྗེ་ནི།། བསམས་ཏེ་ལས་ཀྱི་ཕྱག་རྒྱ་བྱ།། ཇི་སྐད་བཤད་པའི་ཆོས་འཁོར་ལོ།། ཤཱཀྱའི་རྒྱལ་པོའི ་ཕྱག་རྒྱའོ།། ས་གནོན་མཆོག་སྦྱིན་ཏིང་འཛིན་དང་།། མི་འཇིགས་སྦྱིན་སོགས་རིམ་པ་བཞིན།། ཏིང་འཛིན་མཆོག་ཏུ་གནས་པ་ནི།། གཙུག་ཏོར་གཟི་བརྗིད་ཕྱག་རྒྱའོ།། གཡས་པའི་ལག་པ ་དབྱུག་པ་དང་།། གཡོན་པ་སྟོང་ཁར་རལ་གྲི་འཕྱར།། གཡོན་པ་སྡིགས་མཛུབ་བསྒྲེང་བྱ་སྟེ། གཡས་པ་བཏེག་སྟེ་བརྐྱང་བར་བྱ།། ལག་པ་གཉིས་ཀ་གར་བསྡོམས་ནས།། གདུགས ་ཀྱི་རྣམ་པར་གཞག་པར་བྱ།། ཆོས་ཀྱི་ཕྱག་རྒྱའི་ཆོ་ག་གང་།། རྫོགས་སངས་རྒྱས་སྐྱེ་བ་མིན་པའི་ཡང་།། རྡོ་རྗེ་བསྒྱིངས་པའི་སྦྱོར་བ་ཡིས།། བརྟགས་པའི་བསམ་པས་མདུད་པར་བྱ།། འཕྲེད ་བ་བཅིང་དང་ཁ་ནས་དབྱུང་།། གར་གྱིས་ཡོངས་སུ་བསྐོར་བ་ཉིད།། རྡོ་རྗེ་ཁུ་ཚུར་སྦྱོར་བ་ཡིས།། བདུག་པ་ལ་སོགས་དེ་བཞིན་སྦྱ་བ། མཛུབ་མོ་ལྕགས་ཀྱུ་བཅིང་བ་ཡིས།། མཐེའུ་ཆུང་ལ་ནི ་ལྕགས་སྒྲོག་ཆེ།། མི་ཁྲིག་མ་མདུད་ཅིང་མཛུབ་གཉིས་བསྣོལ།། རྒྱབ་དག་ཀྱང་ནི་ངེས་པར་བསྡམ།། དེ་ནས་དཔྱིར་གོ་རིམས་བཞིན།། བྱང་ཆུབ་སེམས་དཔའ་བདག་ཉིད་ཆེའི།། ལས ་ཀྱི་ཕྱག་ཏུ་འཆང་བ་ས།། མཚན་ཉིད་ཡང་དག་རབ་ཏུ་བཀང། དེམེ་བུ་ཆུང་གཉིས་བཅིངས་ནས། ཕན་ཚུན་ལྷན་ཅིགག་གིས་ནས་ནི། མཛུབ་མོ་དང་ནི་ཀྲུང་མོ་དགུག་པས། ་ཏོག་རྣམ་པར་གཟུང་བར་བྱ།། བྱམས་པའི་ཕྱག་རྒྱའོ།། གཡོན་པ་ཁུ་ཚུར་དཀུར་བཞག་ལ།། གཡས་པའི་དཔུང་པའི་ཐད་ཀར་ནི།། མཛུབ་མོ་གུང་མོ་བརྐྱང་ནས་ནི།། མིག་གི་ཚུལ་དུ་གཞག ་པར་བྱ།། མཐོང་བ་དོན་ཡོད་ཀྱིའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས།། མཛུབ་མོ་དག་ནི་བརྐྱང་ནས་སུ།། གཡས་པ་ལྕགས་ཀྱུ་ལེགས་བཞག་པ།། ངན་སོང་ཐམས་ཅད་སྤོང་བའི་ཡིན། ་གཡོན་པ་ཁུ་ཚུར་དཀུར་བཞག་ལ།། གཡས་པ་དབྱིག་པ་ལྟ་བུར་ནི།། གྱེན་དུ་བསྒྲེངས་ལ་བཞག་པར་བྱ།། མྱ་ངན་མུན་པ་ཀུན་འཇོམས་ཀྱིའོ།། གཡོན་པ་ཁུ་ཚུར་ལྟེ་བར་གཞག། ལག་པ་གལ། ་པ་གླང་པོ་ཆེའི།། སྣ་ཡི་ཚུལ་དུ་བཞག་པ་ནི།། སྤོས་ཀྱི་གླང་པོའི་ཕྱག་རྒྱའོ།། གཡོན་པ་བུ་ཚུར་དཀུར་གཞག་སྟེ།། གཡས་པ་རལ་གྲི་ཐོགས་པ་ཡི།། ཚུལ་དུ་འཇོག་པར་བྱེད་པ་ནི།། དཔའ་བར ་འགྲོ་བའི་ཕྱག་རྒྱ་ཡིན།། གཡོན་པ་ཁུ་ཚུར་སྙིང་པར་གཞག། གཡས་པ་སྟེང་བསྐོར་མཁའ་མཛོད་ཀྱི།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་པ།། རྒྱལ་མཚན་འཛིན་པ་ལྟ་བུར་ནི།། གཡས་ཀྱི་ལོགས་སུ ་འཇོག་བྱེད་པ།། ཡེ་ཤེས་ཏོག་གི་བྱག་རྒྱའོ།། ལག་པ་གཉིས་ཀྱིས་བུམ་འཛིན་ལྟར།། བཞག་པ་འོད་དཔག་མེད་པའིའོ།། གཡོན་པའི་ཁུ་ཚུར་བཛྲ་སྟེངས་གཞག། གཡས་པའི་ཁུ་ཚུར་གཞོགས་། ་ནི་དམཐེ་བོང་མཐེའུ་ཆུང་བརྐྱང་བྱས་ལ།། ཐ་ཚེས་རྣམ་པ་ཐ་འོད་ཀྱིའོ།། ལག་པ་གཉིས་ནི་སྙིང་ཁ་རུ།། པདྨའི་རྣམ་པར་རྣམ་ཕྱེ་ལ། རྩེ་མོ་ཕན་ཚུན་སྦྱར་བ་ནི།། བཟང་སྐྱོང་གི་ནི་ཕྱག་རྒྱ་ཡིས། ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ།། གོ་ཆ་འཛིན་པ་ལྟ་བུར་ནི།། ནུ་མ་གཉིས་སུ་ལེགས་བཞག་པ།། དྲ་བ་ཅན་འོད་ཕྱག་རྒྱ་ཡིན།། གཡོན་པའི་ཁུ་ཚུར་དཀུར་བཞག་ལ།། གཡས་པ་སྙིང་ཁར་བཞག་ནས ་ནིནི། སོར་མོ་དབུས་མ་བསྒྲེངས་བྱས་ལ།། རྡོ་རྗེ་སྙིང་པོའི་ཕྱག་རྒྱ་ཡིན།། གཡོན་པ་ཁུ་ཚུར་སྙིང་ཁར་གཞག། གཡས་པ་མི་འཇིགས་སྦྱིན་རྣམས་ལ།། བློ་གྲོས་མི་ཟད་པ་ཡིའོ།། གཡོན་པའི་ཆུ ་ཚུར་ལྟ་བར་གཞག། གཡས་པའི་སེ་གོལ་གཏོགས་པ་ནི།། སྤོབས་པ་བརྩེགས་པའི་ཕྱག་རྒྱ་ཡིན།། གཡོན་པའི་ཁུ་ཚུར་དཀུར་བཞག་སྟེ།། གཡས་པ་རིན་ཆེན་ཁུ་ཚུར་བྱ།། ཀུན་ཏུ་བཟང་པོའི ་ཕྱག་རྒྱ་ཡིན།། མཚན་མ་དང་བྲལ་ཆོ་ག་ཡིས།། ལས་ཀྱི་ཕྱག་རྒྱར་བཤང་བ་ཡིན།། སྙིང་ཁར་རྡོ་རྗེ་རྩེ་ལྔ་པའི།། གཟུགས་ཅན་ཡང་དག་གཟུང་བྱ་ཞིང་།། འབྱིན་པ་རྣམས་སུ་ཇི་ལྟར་བཟུང་།། བྱ། ་རྒྱ་མཚན་མ་བསྣམས་པ་དག། རྡོ་རྗེ་དྲིལ་བུ་བཟུང་ནས་ནི།། ཐུགས་ཀར་རྡོ་རྗེ་འཛིན་པ་ནི།། ཕྱག་རྒྱ་ཆེ་ཞེས་བྱང་ཆུབ་གང་།། བྱང་ཆུབ་སེམས་དཔའ་བདག་ཉིད་ཆེའི།། འབྱིན་པ་རྣམས་སུ་ཇི ་ལྟར་བཟུང་།། ཕྱག་རྒྱ་མཚོན་ཆ་བསྣམས་པ་རྣམས།། བདག་ཉིད་ཆེན་པོ་གང་གང་གིས།། ཕྱག་རྒྱ་གང་དང་གང་བཅིངས་ནས།། སྙིང་པོ་དོན་གྱི་བཟླས་པ་དང་།། རང་གི་བདག་ཉིད་བསྒོམ་པར་བྱ།། ་ཕྱག་རྒྱ་བཞི་རྣམས་སྒྲུབ་བྱེད་པ།། ལྷ་རྣམས་ཐམས་ཅད་རྒྱས་བཏབ་དང་།། ཀུན་མཁྱེན་ཡོན་ཏན་རྫོགས་པ་དང་།། སེམས་ཅན་ཀུན་གྱི་དོན་བྱའི་ཕྱིར།། ངན་སོང་ཐམས་ཅད་ལེགས ་སྦྱངས་ནས།། སེམས་ཅན་བྱང་ཆུབ་ཐོབ་བྱའི་ཕྱིར།། དེ་ནས་སྔགས་རབ་བཤད་བྱ་སྟེ།། ངན་སོང་ཀུན་སྦྱོང་དཀྱིལ་འཁོར་དུ།། ཕྱག་རྒྱ་སྔགས་ཀྱིས་རབ་སྦྱོར་གྱིས།། བྱ་བ་ཐམས་ཅད་ནུས་པར་འགྱུར།། ་སི་མ་ས་སོར་རྡོ་ཛ་གར།། བྱས་ནས་སྔགས་རྣམས་བརྗོད་པར་བྱ།། ཡོ་ན་མོ་བྷ་ག་བ་ཏེ། སརྦ་དུན་ཏི་པ་རི་ཤོ་དྷ་ན་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨན་ཏེ་སམཱཀ་ས~ཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་གོ་དྷ་ནེ་ཤོདྷ་ནེ། ་སརྦ་པཱ་པཾ་བི་ཤོ་དྷ་ནེ། ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་དྲིལ་བུ་བླངས་ལ། ལག་པ་གཡས་པས་རྡོ་རྗེ་འགྱིང་བ་དང་བཅས་པས་རྡོ་རྗེ་གསོར་ཞིང་འདི་སྐད ་ཅེས་བརྗོད་དོ།། བཛྲ་བཱ་ཙ་ན་ཊཀླྀ་ཧཱུཾ་ཛཿཛཿཛཿརང་གི་སྙིང་ཁར་བསྒྲེང་སྟེ་གསལ་བའི་སྦྱོར་བས་གཟུང་ཞིང་། ཊཀྐི་ཛཿཧོ།། ཤེས་བརྗོད་དེ། དེ་ནས་ཡི་གེ་བརྒྱ་པས་བརྟན་པར་བྱ་སྟེ། དེ་དག་གིས་བྱང་ཆུབ ་སེམས་དཔའ་ས་བཅུ་པའི་དབང་ཕྱུག་དང་འདྲ་བར་འགྱུར་རོ།། དེ་རྣམས་བལྟས་ལ་མཆོད་པ་ཐམས་ཅད་ཀྱིས་རབ་ཏུ་མཆོད་དོ།། དེ་ནས་དེ་རྣམས་ཀྱིས་བསྟོད་པ་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱ་སྟེ། ཆོས་ཀྱི ་འཁོར་ལོ་བསྐོར་མཛད་པ།། ཁམས་གསུམ་པ་ཡི་འགྲོ་ཀུན་གྱི།། ངན་སོང་ཐམས་ཅད་སྐྱོང་མཛད་པ།། ཤཱཀྱ་སེང་གེ་ཁྱོད་ཕྱག་འཚལ།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས།། སེམས་ཅན་ཀུན་ལ་ཕན ་བའི་ཕྱིར། རང་གི་དེ་ཉིད་སྟོན་མཛད་པ།། རྡོ་རྗེ་གཙུག་ཏོར་ཁྱོད་ཕྱག་འཚལ།། མཉམ་ཉིད་དེ་ཉིད་བསྒོམས་པ་ཡིས།། ཁམས་གསུམ་ལ་གནས་ཐམས་ཅད་ལ།། དབང་བསྐུར་རབ་ཏུ་གསོལ་མཛདས་། ་རིན་ཆེན་གཙུག་ཏོར་ཁྱོད་ཕྱག་འཚལ།། སོ་སོར་ཀུན་རྟོག་རང་བཞིན་ཅན།། ཆོས་ཀྱི་བདུད་རྩིའི་ཆར་འབེབས་པས།། སེམས་ཅན་དབུགས་འབྱིན་མཛད་པ་པོ།། པདྨའི་གཙུག་ཏོར་ཁྱོད་ཕྱག་འཚལ། ་སེམས་ཅན་སྡུག་བསྔལ་ནི་བྱའི་ཕྱིར།། བྱ་བ་རྗེས་སྒྲུབ་རང་བཞིན་ཅན།། འཕྲིན་ལས་སྣ་ཚོགས་མཛད་པ་པོ།། སྣ་ཚོགས་གཙུག་ཏོར་ཁྱོད་ཕྱག་འཚལ།། ཁམས་གསུམ་འོད་ཀྱིས་གསལ་མཛད ་ནས། སེམས་ཅན་ཀུན་གྱིས་འཕགས་པ་ཡི།། བདེན་པ་མཐོང་བར་མཛད་པ་པོ།། གཙུག་ཏོར་གཟི་བརྗིད་ཁྱོད་ཕྱག་འཚལ།། ཡིད་བཞིན་ནོར་བུའི་རྒྱལ་མཚན་བསྣམས།། སྦྱིན་པས་སེམས་ཅན་ཐམས ་ཅད་ཀྱི།། བསམ་པ་ཐམས་ཅད་རྫོགས་མཛད་པ།། གཙུག་ཏོར་རྒྱལ་མཚན་ཁྱོད་ཕྱག་འཚལ།། ཉོན་མོངས་ཉེ་བའི་ཉོར་མོངས་དག། གཅོད་ཅིང་བདུད་བཞིའི་སྟོབས་བཅོམ་ནས།། སེམས་ཅན་བྱང་ཆུབ ་ཐོབ་མཛད་པ།། གཙུག་ཏོར་རྣོན་པོ་ཁྱོད་ཕྱག་འཚལ།། ཁམས་གསུམ་འགྲོ་བ་ཐམས་ཅད་ཀྱིས།། གདུགས་དཀར་གྱིས་ནི་བརྒྱན་པ་ཡི།། ཆོས་ཀྱི་རྒྱལ་པོ་ཐོབ་མཛད་པ།། གཙུག་ཏོར་གདུགས ་དཀར་ཁྱོད་ཕྱག་འཚལ།། སྒེག་མོ་འཕྲེང་བ་དེ་བཞིན་གྲུ།། གར་མཁན་ལྷ་མོ་བཞི་པོ་དང་།། སྤོས་དང་མེ་ཏོག་མར་མེ་མ།། དྲི་ཡི་ལྷ་མོ་ཁྱོད་ཕྱག་འཚལ།། དང་སོགས་ངོ་བོ་ལས་བྱུང་བ།། སྒོ་བཞིའི ་དབུས་ན་གང་བཞུགས་པ།། ལྕགས་ཀྱུ་ཞགས་པ་ལྕགས་ཟློག་དྲིལ།། སྒོ་སློང་ཁྱེད་རྣམས་ལ་ཕྱག་འཚལ།། སྒོ་ཕན་ལི་ནི་ལོགས་དགན།། ཁྱམས་རྣམས་སུ་ནི་བཅུགས ་མཛད་པ།། རབ་དགའ་ལ་སོགས་བཅུ་གཉིས་གནས།། བྱང་ཆུབ་སེམས་དཔའ་ཁྱེད་ཕྱག་འཚལ།། ཚངས་དབང་དྲག་པོ་བླ་བ་སོགས།། ཕྱོགས་བཞིར་འཇིག་རྟེན་སྐྱོང་བ་རྣམས།། མེ་དང་སྲིན་པོ ་རླུང་ལྷ་དང་།། འབྱུང་པོའི་བདག་པོ་ཁྱེད་ཕྱག་འཚལ།། བསྟོད་པའི་རྒྱལ་པོ་འདི་ཡིས་ནི།། དཀྱིལ་འཁོར་མདུན་དུ་ཀུན་བསྟོད་ནས།། སྔགས་པ་རྡོ་རྗེ་དྲིལ་འཆང་བས།། བསྟོད་པ་འདི་དག་ཡང་དག ་བརྗོད།། ཕྱི་ནས་རང་གི་ལུས་ལ་ནི། བདག་ཉིད་དཀྱིལ་འཁོར་རབ་ཏུ་གཞུག། དེ་ལྟར་ངེས་པར་སྒོམ་བཞིན་པའི།། དཀྱིལ་འཁོར་དང་པོ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ་ནས་དཀྱིལ་འཁོར་རྒྱལ་མཆོག་ཅེས་བྱ་བ་རབ་ཏུ་བཤད་པར་བྱ་སྟེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་པྲཱ་ཎཱ་ཨཱ་དྷ་ནུ་ཏ་བན་ཏྭཱ་ཏ། དེའི་དོན་ནི་རྣམ་པར་ཐར་པ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་མ ་ཅིང་བཅུ་དྲུག་ཏུ་ལྷག་པ་མོས་པར་གྱུ། རང་འ་ཆེན་པའི་བདག་ཉིད་སྟོང་པ་ཉིད་དུ་བཅུའོ།། དེ་ནས་མི་ག་རྡུལ་མཚོགས་པ་དི་རྗེས་རླུང་གི་དཀྱིལ་འཁོར་དང་། མི་གཽར་གྱིས་མེའི་དཀྱིལ་འཁང་དང ་སྟེང་དུམི་གི་ཐ་ལས་ཆུ་ག་ཏེ་ཆེན་པོ་དང་། རོའི་སྟེང་དུ་ཡི་གེ་གེ་ལས་གསེར་གྱི་དཀྱིལ་འཁོར་དང་། ངོའི་སྟེའི་དུ་དབུས་སུ་ཆུ་སུ་རྨུཞེས་བྱ་བ་སྟེ། དེ་ལས་རབ་རྩུ་བན་པཆེན་པ་ཅིའི་རང་བཞིནི་རིན་པོ་ཅམ་མ ་ཅད་ཀྱིས་བརྒྱན་པ་བསྐྱེད་ལ། ཨོཾ་བཛྲ་ཛཿ། ཞེས་པ་ལ་སོགས་པ་དང་རྡོ་རྗེ་བསྡམས་པས་བྱིན་གྱིས་བརླབ་བོ།། དེའི་སྟེང་དུ་རྡོ་རྗེ་རྒྱུའི་ལས་ཀྱི་ཕྱག་རྒྱས་ཡི་གེ་བྷྲཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་དང་། ནོར་\ུ0f7f། ་དངང་རིན་པོ་ཆེའི་རྩེ་མོ་ཅན་གཞལ་ཡས་ཁང་། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞི་ཡིས་རྣམ་པར་བརྒྱར།། གྲཝ་བཞི་རྣམས་ནི་ཐམས་ཅད་དུ།། སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ།། ཟ་བ ་མཚན་མ་རྡོ་རྗེས་སྤྲས།། དྲ་བ་དྲ་བྱེད་ཀྱིས་བརྒྱན་ཅིང་།། ཐིག་ལེ་དང་ནི་ཡང་དག་ལྡན།། དར་དང་མེ་ཏོག་འཕྲེང་བས་བརྒྱན།། ནང་གི་དཀྱིལ་འཁོར་ནི་འཁོར་ལོ་རྩིབས་བརྒྱད་པ་རྡོ་རྗེ་འབྲང་བས་ཡོངས ་སུ་བསྐོར་བའོ།། དེའི་ལྟེ་བའི་སྟེང་དུ་སེང་གེའི་གདན་ནོ།། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རོ།། འཁོར་ལོ་རྩིབས་བརྒྱད་པའི་ནང་རྣམས་སུ་ཟ་བའི་དཀྱིལ་འཁོར་ཏེ་ལྷ་རྣམས་ཀྱི་གནས་སོ།། ཕྱིའི ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་གནས་ནི་སྣམ་བུ་རྣམས་ལ་ཟླ་བའི་དཀྱིལ་འཁོར་ཉི་ཤུ་རྩ་བརྒྱད་བལྟའོ།། སེང་གེའི་གདན་གྱི་སྟེང་གི་ཟླ་བའི་དཀྱིལ་འཁོར་ཡི་གེ་ཨ་ལ་སོགས་པ་དང་། ཡི་གེ་ཀ་ལ་སོགས ་པ་ཤེས་རབ་དང་ཐབས་ཀྱི་ཡི་གེ་ཞུ་བར་གྱུར་པ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་སེམས་ཅན་གྱི་དོན་གྱི་རྒྱུ་རྫོགས་པའི་སྔགས་ཀྱི་གཟུངས་སུ་གྱུར་ཏེ། ་ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། སྔགས་འདིས་དཔལ་ཤཱཀྱའི་རྒྱལ་པོ་རྫོགས་པར་འགྱུར་ཏེ། སྒྲིབ་པ་ཐམས་ཅད་སེལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ།། དེ་ནས་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེའི་ཕྱག་རྒྱ་དང་སྔགས་བཤད་པར་བྱ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས།། རིམ་གྱིས་རྣམ་པར་དབྱེ་བར་བྱ། ་ཀྱི་འཁོར་ལོའི་ཕྱག་རྒྱ་ནི།། འཁོར་བ་ཐམས་ཅད་གཅོད་བྱེད་ཡིན།། དེ་ཡི་དཔེ་ནི་འདི་ལྟ་སྟེ།། ཇི་ལྟར་པདྨ་ལ་ཆགས་པའི།། བུང་བ་ལ་སོགས་བསྡམས་པ་རྣམས།། པདྨའི་འདབ་མ་ཁ་ཕྱེ་ན།། ་བཅིངས་པའི་སྡུག་བསྔལ་ལས་ཐར་བྱེད།། དེ་བཞིན་འཁོར་བའི་སྡུག་བསྔལ་གྱི།། སྲིད་གསུམ་འཁོར་བར་བཅིངས་པ་འདི།། ཐུགས་རྗེའི་བདག་ཉིད་ཤཱཀྱ་ཡི།། སེང་གེས་བཅིངས་པ་ལས་གྲོལ ་མཛད། དེ་ནས་དཔལ་ཤཱཀྱ་ཐུབ་པའི་ཐུགས་ཀར་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ།། དེ་ནས་ཟླ་བའི་དཀྱིལ་འཁོར་ལ་སྔགས་ཐམས་ཅད་ཀྱིས་བསྐྱེད་པར་བྱ་སྟེ། རྡོ་རྗེ་གཙུག་ཏོར་ནས་བརྩམས ་ཏེའི་སྲིང་རྡོ་རྗེ་འབེབས་པའི་མཐར་ཐུག་པ་འབྱུང་བ་ཡིན་ནོ།། དེ་ནས་སྔགས་རྣམས་འབྱུང་སྟེ། ཨོཾ་ན་མོ་བྷ་ག་བཱ་ཏེ། སརྦ་དུརྦ་ཏི་པ་རི་ཤོ་དྷ་ན་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྠ་ཏེ་ས་མྦ་ཀ་ས~ཾ་པྲདྡྷ ་ཡ་ཏདྱ་ཐཱ། ཤོ་དྷ་ནེ་ཤོ་དྷ་ནེ། སརྦྦ་པཱ་པཾ་བི་ཤོ་དྷ་ནེ། བིཀྲ་དྷི་བིཤུདྡྷེ་སརྦྦ་ཀརྨ་ཨཱ་བ་ར་ཎ་བི་ཤུད་དྷེ་སྭཱ་ཧཱ། སྔགས་འདི་ངེས་པར་བརྗོད་དོ།། དེ་ན་དེའི་ཕྱིར་གོ་རིམས་བཞིན་ཡང་དག། རིམ་བཞིན་ཡང་དགེ ་རབ་བཤད་བྱ།། ཨོཾ་བཛྲ་ཧཱུཾ་ཕཊ། ཁ་ཡི་སྒོ་ནས་ཕྱུང་ནས་ནི།། ཀུན་ནས་འོད་ཟེར་ལྔ་པར་འཐོན།། ཀུན་ནས་ཕྱོགས་བཅུར་སྣང་བྱས་ནས།། སེམས་ཅན་རྣམས་ནི་ཐམས་ཅད་ཀྱི།། སྡུག་བསྔལ ་རྣམས་ནི་ཐར་མཛད་དེ།། འོད་ཟེར་རྣམས་ནི་སྔར་ལོག་ནས།། ཟུགས་ཀར་ཞུགས་ཏེ་དེ་རྗེས་ལ།། སྔགས་དང་འོད་ཟེར་གཉིས་འདྲེས་པ།། ལས་བྱུང་སུན་ཡོངས་རྫོགས་པ། ནང་གི་དཀྱིལ ་འཁོར་འཁོར་ལོའི་རྩིབས།། ཤར་ཕྱོགས་པདྨ་ཟླ་བར་བཞུགས།། རྡོ་རྗེ་གཙུག་ཏོར་དེ་བཞིན་གཤེགས།། སེམས་ཅན་ཀུན་ལ་ཕན་དོན་དུ།། ཐུགས་ཀ་ལས་བྱུང་བཞུགས་པ་ནི།། སྐུ་མདོག ་དཀར་ཞིང་འོད་ཟེར་འབར།། ས་ནོན་ཕྱག་རྒྱ་ཡང་དག་བཞུགས།། དེ་ལྟར་འོད་ཟེར་སྤྲོ་བསྡུ་ནི།། སྔར་བཤད་པ་ཡི་ཐམས་ཅད་ཀྱང་།། སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས།། སྔགས་དང་འོད་ཟེར ་ལེགས་འདྲེས་དང་།། སྐུ་ནི་བསྐྱེད་ཅིང་ཡང་དག་རྫོགས།། ཇི་བཞིན་གནས་སུ་བཞུགས་པར་བྱ།། ཨོཾ་ར་ཏ་ནོཏ་ཏ་མ་ཏཱཾ་ཞེས་བྱ་བས་དབྱུང་བར་བྱའོ།། མོ་རྩིབས་སུ་ཡང་དག་བཞུགས། ་པདྨ་ཟླ་བའི་དབུས་སུ་ནི།། རིན་ཆེན་གཙུག་ཏོར་དེ་བཞིན་གཤེགས།། ཐུགས་ཀ་ནས་ནི་ངེས་བཏོར་ནས།། སངས་རྒྱས་མཚན་གྱིས་ཡང་དག་བརྒྱད།། སྐུ་མདོག་སྔོ་ཞིང་ཤིན་ཏུ་མཛེས།། འཛིས། ་ཕྱག་རྒྱ་མཆོག་སྦྱིན་ཉིད།། ཁམས་གསུམ་པ་ནི་མ་ལུས་པའི།། སེམས་ཅན་ཀུན་ལ་དབང་བསྐུར་མཛོད།། སྔར་བཞིན་སྤྲོ་དང་བསྡུ་བ་དང་།། གཟུགས་བསྐྱེད་པ་ཡི་རིམ་པ་ཡིས།། ཨོཾ་པད་མོད་ཏ ་མ་ཧྲཱིཿ། ཞེས་དབྱུང་བར་བྱའོ།། དེ་ནས་ནུབ་ཀྱི་རྩིབས་གནས་པའི།། པད་སྟེངས་ཟླ་བའི་དཀྱིལ་འཁོར་ལ།། ས་བོན་འོད་ཟེར་གྱིས་རྫོགས་པའི།། པང་སྟེངས་གཙུག་ཏོར་དེ་བཞིན་གཤེགས།། ཐུགས། ་ཀ་ལས་ནི་ཕྱང་གྱུར་ནས།། རྗེས་སུ་སྟོན་མཛད་བཞུགས་པ་ནི།། པདྨ་ར་གའི་འོད་འབར་ལ།། བསམ་གཏན་ཕྱག་རྒྱས་རྣམ་པར་བཞུགས།། ཨོཾ་བཤོདྷམ་མཿ། ཞེས་དབྱུང་ངོ་།། ་བྱང་ཕྱོགས་རྩིབས་གནས་པདྨ་ཡི།། སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ།། ཐུགས་ཀ་ནས་བཏོན་སངས་རྒྱས་ནི།། སྣ་ཚོགས་གཙུག་ཏོར་དེ་བཞིན་གཤེགས།། སྐུ་མདོག་ལྗང་ཁུ་འོད་འབར་བ།། འདི་ཡི་ཕྱར། ་རྒྱས་མི་འཇིགས་སྦྱིན།། ཕྱག་རྒྱས་འཕྲིན་ལས་སྣ་ཚོགས་མཛད།། སེམས་ཅན་འཁོར་བ་ལས་སྒྲོལ་བའོ།། ཡི་གེ་ཨོཾ་གྱིས་སངས་རྒྱས་དབྱུང་།། གཙུག་ཏོར་གཟི་བརྗིད་དེ་བཞིན་གཤེགས།། མེ་ཡི། ་མཚམས་གནས་པདྨར་གནས།། ཡང་དག་ཟླ་བའི་དཀྱིལ་འཁོར་ལ།། གཡས་པ་ཉི་མ་ཡང་དག་བསྣམས།། ཕྱག་གཡོན་པ་ནི་དགུ་ལ་གནས།། སྐུ་མདོག་དཀར་དམར་འོད་ཀྱིས་ནི།། ཁམས་གསུམ། ་པ་ནི་སྣང་བར་མཛད།། ཧཱུཾ་གི་ས་བོན་ལས་བྱུང་བ།། གཙུག་ཏོར་རྒྱལ་མཚན་དེ་བཞིན་གཤེགས།། ཐུགས་ཀ་ལས་བྱང་ཕྱུང་ནས་ནི།། བདེན་བྲལ་རྩིབས་ལ་བཞུགས་ནས་ནི།། པད་གནས་ཟླ་བའི།། ་གཟུགས་ལ་ཡང་།། སྐུ་མདོག་དམར་ཞིང་གནག་པ་ལ།། ཡིད་བཞིན་ནོར་བུའི་རྒྱལ་མཚན་བསྣམས།། སེམས་ཅན་སེར་སྣ་སྐྱོང་མཛད་པ།། དྷཱིཿཡིག་ས་བོན་ལས་རྫོགས་པའི།། གཙུག་ཏོར་ནན། ་པོ་དེ་བཞིན་གཤེགས།། ཉོན་མོངས་ཆེ་བའི་ཉོན་མོངས་རྣམས།། གཅོད་མཛད་རླུང་གི་རྩིབས་སུ་བྱུང་།། པཛྲ་ཟླ་བ་ལ་བཞུགས་ཤིང་།། འདི་ཡི་ཕྱག་མཚན་གཡས་རལ་གྲི།། གཡོན་ན་གླེགས་པམ། ་བསྣམས་པ་ནི།། སྐུ་མདོག་མཁའ་ལྟར་སྔོ་བའོ།། པདྨ་ལ་གནས་ཟླ་བར་བཞུགས།། ཀྲྀ་ཡིག་ས་བོན་ལས་བྱུང་བའི།། གཙུག་ཏོར་གདུགས་དཀར་དེ་བཞིན་གཤེགས།། སེམས་ཅན་རྣམས་ཀྱི ་ཆོས་ཀྱི་རྗེ།། དབང་ལྡན་རྩིབས་སུ་དབྱུང་བར་བྱ།། ཀུན་ད་ལྟ་བུའི་མདོག་ལྟ་བུ།། འདི་ཡི་ཕྱག་མཚན་གདུགས་བསྣམས་པ།། དེ་ཀུན་སྣ་ཚོགས་པདྨར་གནས།། ཟླ་བའི་དཀྱིལ་འཁོར་ལ་བཞུག ་པའིད་ཨོཾ་ཏྲཱཾ་ཥྚྲྀཿཿ། སྔགས་དེ་རྣམས་སུ་བརྗོད་ནས་སུ།། ཐུགས་ཀ་ནས་ནི་དབྱུང་བ་དང་།། མཚམས་ཀྱི་གནས་ནི་བཞི་པོ་རུ།། པདྨ་ཟླ་བའི་དཀྱིལ་འཁོར་ལ།། སྒེག་མོ་ལ་སོགས་ལྷ་མོ་བནི།། རིགས ་ཀྱི་སྐུ་མདོག་འཛིན་པ་སྟེ།། དཀར་སེར་དམར་པོ་སྣ་ཚོགས་མདོག། དེ་ནས་ཕྱག་རྒྱ་བཅིངས་པ་ནི།། སྔར་བཤད་ཇི་སྐད་བཤད་བཞིན་དུ།། བསྔགས་པ་ཉིད་ནི་བརྗོད་ནས་སུ།། ཐུགས་ཀ་ནས་ཀྱང་དབྱང ་བྱ་སྟེ།། བདུག་པ་ལ་སོགས་ལྷ་མོ་བཞི།། པདྨ་ལ་གནས་ཟླ་བ་ཡི།། དཀྱིལ་འཁོར་དུ་ནི་མཚམས་བཞིའོ།། ཐམས་ཅད་དུ་ཡང་སྐུ་མདོག་ནི།། རིགས་ཀྱི་རིམ་པ་ཉིད་ཀྱིས་སོ།། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུད ་དྷ་དྷརྨཱ་ཏེ། ག་ག་ན་ས་མུ་ག་ཏེ་སཱ་བྷ་བ་བི་ཤུད་དྷེ་མ་ཧཱ་ན་ཡ་པ་རི་བཱ་རེ་སྭཱ་ཧཱ། སྔགས་ཀྱིས་དབྱུང་སྟེ་ཤར་གྱི་སྒོའི།། གཞོགས་གཉིས་དག་ཏུ་གནས་པ་ནི།། བྱམས་པ་ལ་སོགས་གནས་བཞི་གོ། པད ་གནས་ཟླ་བའི་དཀྱིལ་འཁོར་ལ།། ཐམས་ཅད་སེམས་དཔའི་སྐྱིལ་ཀྲུང་ཅན།། ཕྱག་རྒྱ་སྐུ་མདོག་རིམ་པ་ཡང་།། བྱམས་པ་ཐུགས་ནི་རྣམ་དག་པ།། སྐུ་མདོག་སེར་པོ་འོད་ཟེར་བཟང་།། གཡས་བཀྲུ། ་ཤིང་མེ་ཏོག་ཅན།། གཡོན་པས་སྤྱི་ཐུགས་བསྣམས་པའོ།། གཉིས་པ་མཐོང་བ་དོན་ཡོད་ནི།། སྐུ་མདོག་སེར་པོ་འོད་ཟེར་འབར།། ཕྱག་གཡས་པདྨ་སྤྱན་ཅན་ཏེ།། གཡོན ་པའི་ཕྱག་ནི་དཀུར་བཞག་པའོ།། བྱང་ཆུབ་སེམས་དཔའ་གསུམ་པ་ཡང་།། མཚན་ནི་ངན་སོང་སྤོང་འཇོམས་པ།། སྐུ་མདོག་དཀར་པོ་འོད་འབར་ཞིང་།། ཕྱག་རྒྱ་ལྕགས་ཀྱུ་བསྣམས་པ་ཅན། ་བཞི་པ་མྱ་ངན་མུན་པ་ཀུན།། ངེས་འཇོམས་བློ་གྲོས་དེ་བཞིན་ཏེ།། དཀར་སེར་འདྲེས་པའི་མདོག་ཏུ་སྣང་།། དེ་ཡི་ཕྱག་རྒྱ་དབྱུག་པ་བསྣམས།། གཡོན་པ་ཁུ་ཚུར་དཀུར་བཞག་ཅིང་།། སེམས ་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས།། བྱང་ཆུབ་སེམས་དཔའ་བཞི་རྣམས་ཀྱང་།། ལྕེ་སྒོར་རབ་ཏུ་བཞུགས་པའོ།། དང་པོ་སྤོས་ཀྱི་གླང་པོ་ཡང་།། དཀར་པོ་སྔོ་བའི་སྐུ་མདོག་ཅན།། འདི་ཡི་ཕྱག་རྒྱ་ཕྱག་གཡས ་ན།། དྲི་ཡིས་དུང་ནི་རབ་ཏུ་བཀང་།། གཡོན་པ་ཁུ་ཚུར་དཀུར་བཞག་ལ།། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་།། གཉིས་པ་དཔའ་བར་འགྲོ་བ་མཚོན།། ཉོན་མོངས་ཐམས་ཅད་རབ་གྲོལ་མཛད།། ལ ་གྱི་མདོག་ཅན་འོད་བཟང་བ།། འདི་ཡི་ཕྱག་རྒྱ་རལ་གྲི་བསྣམས།། གཡོན་པའི་ཕྱག་ནི་དཀུར་བནག་ནས།། སེམས་ཅན་སྡུག་བསྔལ་ནི་མཛད་པའོ།། གསུམ་པ་ནམ་མཁའ་མཛོད་ཉིད་དེ།། རྒྱན་ནི ་ཐམས་ཅད་ཀྱིས་བརྒྱན་པ།། དཀར་སེར་བསྲེས་པའི་སྐུ་མདོག་འོད།། སྒྲིབ་པ་ཐམས་ཅད་རྣམ་པར་སྤངས།། འདི་ཡི་ཕྱག་རྒྱ་ཕྱག་གཡས་ན།། པདྨ་ལ་གནས་ཆོས་ཀྱི་མཛོད།། གཡོན་པའི་རྩ ་ནི་དགུར་བནག་ལ།། ནམ་མཁའ་ནོར་ཀུན་འཆང་བ་གོ།། བཞི་པ་ཡང་ནི་ཡེ་ཤེས་ཏོག་བསམ་པ་ཐམས་ཅད་ཡོངས་རྫོགས་མཛད།། སྔོན་པོའི་མདོག་ཅན་ཡང་དག་གསལ།། ཡིད་བཞིན ་ནོར་བུའི་རྒྱལ་མཚན་བསྣམས།། གཡོན་པ་ཁུ་ཚུར་དཀུར་འཇོག་ཅིང་།། དབུལ་བའི་སྡུག་བསྔལ་དགྲོལ་མཛད་པ།། ནུབ་སྒོའི་དྲུང་དུ་པདྒལ།། གནས་པའི་ཕྲ་བའི་དཀྱིལ་འཁོར་དུ།། དང་པོ། ་བདུད་རྩི་འོད་ཅེས་བྱ།། ཟླ་བའི་མདོག་གིས་རྣམ་པར་མཛེས།། བདུད་རྩིའི་བུམ་པ་ལེགས་པར་བསྡམས།། ཅོད་པན་རིན་ཆེན་ཕྱག་གིས་སོ།། གཡོན་པ་ཁུ་ཚུར་དཀུར་འཇོག་ཅིང་།། རྒྱ་ཆེན་ཚེ ་ནི་སྩོལ་བ་པོ།། གཉིས་པའི་མཚན་ནི་ཟླ་བའི་འོད།། མི་ཤེས་པ་ཡི་མུན་པ་གསལ།། སྐུ་མདོག་དཀར་པོ་མཛེས་པ་ནི།། ཕྱག་རྒྱ་གཡས་པའི་ཕྱག་གཉིས་ཀྱིས།། པདྨང་གནས་པའི་ཟླ་བའི ་གཟུགས།། དགཡོན་པ་ཁུ་ཚུར་དཀུར་བཞག་པའོ།། གསུམ་པ་བབང་སྐྱོང་ཞེས་བྱ་བ།། དཀར་ཞིང་མངར་བའི་མདོག་ཅན་ཉིད།། ཆོས་རྣམས་ཐམས་ཅད་རབ་གསལ་མཛད།། ཕྱག་རྒྱ་ཕྱག་ནི ་གཡས་པ་ཡིས།། རིན་ཆེན་འབར་བ་ཡང་དག་བསྣམས།། གཡོན་པ་ཁུ་ཚུར་དཀུར་གནས་པའོ།། བྱང་ཆུབ་སེམས་དཔའ་བཞི་པ་ཡང་།། དྲ་བ་ཅན་གྱི་འོང་མཚན་ཅན།། སྐུ་མདོག་དམར་པོ ་འོད་འབར་བ།། རྡོ་རྗེའི་གུར་ནི་བསྣམས་པ་ཅན།། བྱང་སྒོའི་རྩ་བར་པདྨ་ལ།། གནས་པའི་ཟླ་བའི་དཀྱིལ་འཁོར་དུ།། སངས་རྒྱས་སྲས་པོ་དང་པོ་ཉིད།། མཚན་ནི་རྡོ་རྗེ་སྙིང་པོ་ཞེས།། དས ་མ་མ་པ་མདོག་དང་ལྡན། ཁྲུགས་བྱུག་ན་གསས་པ་སེས།། སུ་ཏྲས་ནི་རྡོ་རྗེ་མརྫན།། གཡོན་གསུ་ཚུར་དཀུར་གནས་པའོ།། གཅེས་པ་བློ་གས་སེས་པ་ཡི།། མི་ཟ་། ་མཐར་ཡང་ཡང་དག་ལྡན།། ཀུན་ཏུ་ཕྲ་བའི་མདོག་ལྟར་གསལ།། ཕྱག་རྒྱ་ཕྱག་ནི་གཡས་པ་ཡིས།། ཡེ་ཤེས་བུམ་པ་ཡང་དག་བསྣམས།། སེམས་ཅན་ཐམས་ཅད་རབ་ཆེམ་མཛད།། སངས་རྒྱས་སྲས་། ་གསུམ་པ་ཡང་།། སྤོབས་པ་བརྩེགས་པའི་ཐ་སྙད་ཅན།། སྐུ་མདོག་དམར་ཞིང་འོད་འབར་བ།། ཕྱག་རྒྱ་ཕྱག་གཡས་པདྨལ།། གནས་པའི་རིན་ཆེན་ཕུང་པོ་ཉིད།། གཡོན་པ་ཁུ་ཚུར་དཀུར་གནས་པའོ།། ་རྒྱལ་བའི་སྲས་པོ་བཞི་པ་ནི།། ཀུན་ཏུ་བཟང་པོ་ཞེས་བྱ་སྟེ།། སྐུ་མདོག་སེར་ནིང་འོད་འབར་བ།། གཡས་པའི་ཕྱག་གི་ཕྱག་རྒྱ་ནི།། རིན་ཆེན་སྙེ་མ་བསྣམས་པ་ལ།། གཡོན་པ་ཁུ་ཚུར་དཀུར་བརྟེན ་པའོད་དདེ་ལྷའི་གཟུགས་དང་ཡང་དག་ལྡན།། བྱང་ཆུབ་སེམས་དཔའ་བརྩེ་བདག་ཉིད།། དཀྱིལ་འཁོར་རྒྱལ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཧཱ། ་མཿསརྦྦ་དུརྒ་ཏི་པ་རི་ཤོ་དྷ་ན་རཱ་ཛཱ་ཡ་། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ས་མྱཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ་། ཤུད་དྷེ་བི་ཤུདྡྷེ་སརྦ་ཀརྨྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སཱཧཱ། སྔགས་འདིས ་ཤཱཀྱའི་རྒྱལ་པོ་ལ་སོགས་པ་ལྷ་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པར་བསྒོམ་མོ།། དེ་ནས་དེའི་རྗེས་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བར་བྱའོ།། སྔགས་དང་ཕྱག་རྒྱ་མཉམ་ལྡན་པས།། སྒོ་ནི་དབྱེ་བར་བྱས། ་ནས་སུ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ།། མཛུབ་མོ་གཉིས་ནི་རབ་ཏུ་བརྐྱང་།། མཐེན་ཆང་ཝཱ་གུ་སྒང་བྱས་ལ།། སྒོ་དབྱེ་བ་ཡི་ཕྱག་རྒྱ་ཡིས།། ཨོཾ་སརྦྦ་བི་དྷཱདྷཱ་བ་སུང་གྷཱ་ཥ་ཡ་རྡྷ། སྒོ་དབྱེ་བའི་སྔམ། ་དང་ཕྱག་རྒྱས་སྒོ་དབྱེའོ།། རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་དཀྱིལ་འཁོར་ཡོངས་སུ་བཏེག་སྟེ། ཨོཾ་སརྦྦ་བིདྱཱ་བཛྲ་ཙཀྲ་ཧཱུཾ། ལག་དར་ངག་ནི་རྡོ་རྗེར་བཅིངས།། རྡོ་རྗེ་སེ་གོལ་རྣམ་གྲོལ་བས།། ཤཱཀྱའི་རྒྱལ ་པོ་སྦྱོར་བདག་དཔལ།། སངས་རྒྱས་ཐམས་ཅད་བསྡུ་བར་བྱ།། གཡས་པ་སེ་གོལ་བརྡབས་པ་ཡིས།། མཉམ་པར་བརྡབས་པས་གྲུབ་པར་འགྱུར།། གཡས་པ་ཡིས་ཀྱང་བརྡབ་པར་གསུངས།། ག ་ཀ་ཡང་ནི་སྡུད་པ་ཡིན།། ཨོཾ་བཛྲ་ས་མཱ་ཛ་ཛཿཧཱུཾ་བཾ་ཧོཿ། བཀའ་བསྒོ་བ་འདི་བསྒྲགས་ཙམ་གྱིས།། འཁོར་དང་བཅས་པའི་འཁོར་ལོའི་ཚོགས།། སངས་རྒྱས་ཐམས་ཅད་བྱོན་འགྱུར་ཏེ།། གཞན་ནམ ་རབ་འཇུག་ལྟ་ཅི་སྨོས།། དེ་ནས་མདུན་གྱི་ནམ་མཁར་དཀྱིལ་འཁོར་གྱི་འཁོར་ལོ་བལྟས་ལ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཀྱིས་མཆོད་ཡོན་གྱི་སྣོད་ན་གནས་པའི་དྲིའི་ཆུས་ཡང་དག་པར་བསངས་ཏེ་ཞབས་བསིལ ་དབུལ་ལོ།། དེ་ནས་མཆོད་ཡོན་གྱི་ཕྱག་རྒྱས་མཆོད་ཡོན་དབུལ་ལོ།། དེ་ནས་ནལ་བསིལ་གྱི་ཕྱག་རྒྱས་ཞལ་བསིལ་དབུལ་ལོ།། དེ་ནས་ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་དྷུ་བེ་ཧཱུཾ། ཨོཾ་བཛྲ་དཱི་བ་ཧཱུཾ། ཨོཾ་བ་ཛབ ་ཧཱུཾརྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་བགེགས་བསྐད་ལ་དཀྱིལ་འཁོར་དུ་གཞུག་གོ། དེ་ནས་ཡང་ཕྱག་རྒྱ་དང་པོར་སྔར་བཤད་པའི་ཕྱག་རྒྱའི་ཆོ་གས་དམ་ཚིག་གི་ཕྱག་རྒྱ་རྣམས་བཅིང་ངོ་།། དེ་ནས་སྔར ་བཤད་པའི་སྔགས་ཀྱིས་ཆོས་ཀྱི་ཕྱག་རྒྱའི་ཆོ་ག་བླའོ།། དེ་ནས་ལས་ཀྱི་ཕྱག་རྒྱའི་སྔགས་ཀྱིས་ལས་ཀྱི་ཕྱག་རྒྱ་བཅིང་ངོ་།། དེ་ནས་ཕྱག་རྒྱ་ཆེན་པོའི་སྔགས་ཀྱིས་ཕྱག་རྒྱ་ཆེན་པོ ་བསྒྲུབ་པར་བྱའོ།། དེ་ནས་རྡོ་རྗེ་གཙུག་ཏོར་ལ་སོགས་པའི་དེ་གཞིན་གཤེགས་པ་རྣམས་ཀྱིས་སེམས་མ་རྡོ་རྗེ་མ་དང་། རིན་ཆེན་རྡོ་རྗེ་མ་དང་། ཆོས་ཀྱི་རྡོ་རྗེ་མ་དང་། ལས་ཀྱི་རྡོ་རྗེ་མ་རྣམས་སྤོས་ཏེ། ་དཀྱིལ་འཁོར་དང་བཅས་པའི་ལྷ་དཔལ་ཤཱཀྱའི་རྒྱལ་པོ་ནས་བརྩམས་པའི་རྡོ་རྗེ་འབེབས་པའི་མཐར་ཐུག་པ་ལ་དབང་བསྐུར་བ་སྦྱིན་པར་བྱ་སྟེ། དབང་བསྐུར་བལྔ་དང་། བདག་པོ་སྟེ་ས་བཅུའི་མཐར་ཐུག ་པ་སྦྱིན་ནོ།། དབང་བསྐུར་མ་ཐག་ཏུ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་དྷཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པུཥྤ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་དཱི་རླུང་མེ་གྷ་ས་རྦ། ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་གན་དྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་སྒེག་མོ་ལ་སོགས་པ་བཞིས་མཆོད་དོ།། རྡོ་རྗེ་གསོར་ཞིང་རྡོ་རྗེའི་ཚིག་ཡི་གེ་བརྒྱ་པ་སྔོན་དུ་འགྲོ་བས་སྔར་བཞིན ་དུ་བསྟོད་པ་བྱའོ།། དེ་ནས་དམཉམ་མེད་མི་གཡོ་མཉམ་མེད་སྙིང་པོའི་ཆོས་ཅན་ནི།། ཐུགས་རྗེའི་བདག་ཉིད་ཅན་ཉིད་འགྲོ་བའི་སྡུག་བསྔལ་སེལ།། ཡོན་ཏན་དངོས་གྲུབ་ཐམས་ཅད་མཐའ་ཡས་སྦྱིན ་མཛད་པ།། དྲི་མེད་མི་གཡོ་མཉམ་མེད་མཆོག་རབ་ཆོས་ཅན་རྣམས།། ཡོན་ཏན་མཆོག་ནི་ཕྲ་མོའི་ཆ་ལའང་མཚམས་མེད་དོ།། ནམ་མཁའ་དང་མཉམ་དཔེར་གྱུར་པ་ཉིད་ཡོད་མ་ཡིན།། སེམས་ཅན ་མ་གྲུབ་མཆོག་སྩོལ་པ་རྣམས་ལ་གསོལ།། དངོས་གྲུབ་མཐའ་ལས་རྣམས་ལ་དབེ་དང་རྣམ་པར་ཟག།། ཇི་མ་ཐུགས་རྗེབ་རྒྱ་པ་ཉིད་ཀྱི་ཤུགས་ལས་བྱུང་།། སྨོམ་ལམ་གྲུབ་པ་འགག་པ་མེད་མམ། ་ཉིད་ཅན།། འགྲོ་བའི་དོན་སྒྲུབ་ལྷུར་མཛད་མཐའ་ཡས་མངའ་བ་ཅན།། ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་།། འགག་མེད་ཉིད་ཀྱི་ཐུགས་རྗེའི་སྤྱོད་པ་མི་གཡོ་བ།། འཇིག་རྟེན་གསུམ ་ལ་མཆོག་གི་དངོས་གྲུབ་སྩོལ་བ་འཇུག། དཔག་མེད་དཔག་བྲལ་རྣམས་ལ་ཤིན་ཏུ་རྫོགས་ཉིད་རྫོགས།། བདེ་བའི་གནས་སུ་གཤེགས་ཀྱང་ཨེ་མའོ་ཆོས་ཉིད་བཟང་།། རྟག་ཏུ་མཆོག་སྦྱིན་ཉིད་དེ་བདེ ་འགྲོ་ཉིད་དུ་གཤེགས།། མཐའ་དག་འཇིག་རྟེན་གསུམ་ལ་དངོས་གྲུབ་མཆོག་ནི་སྩོལ་བ་པོ།། བདེ་གཤེགས་དུས་གསུམ་བགྲོད་ཉིད་སྒྲིབ་པ་མི་མངའ་ཉིད།། དམ་ཚིག་གསུམ་མཆོག་དངོས་གྲུབ ་མཆོག་སྦྱིན་བདག་ལ་སྩོལ།། ཅེས་པ་དང་ཐམས་ཅད་ལ་ལྕེ་བརྒྱ་པའི་ཁ་ཡིས་བསྟོད་པ་ཉེ་བར་སྤྱོད་པར་མོས་ཏེ། རྡོ་རྗེ་དང་དྲིལ་བུ་འཛིན་པས་བསྟོད་པར་བྱའོ།། དེ་ནས་ཕྱོགས་བཅུར་དེ་བཞིན་གཤེགས ་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕྱི་རོལ་གྱི་ལྷ་རྣམས་ལ་མཆོད་པ་ཐམས་ཅད་དང་གཏོར་མའི་ཆོ་ག་ཉེ་བར་མཁོ་བ་དང་བཅས་པའི་གཏོར་བ ་དབུལ་ལོ།། དཔུང་པ་བཟང་པོའི་ཚིགས་བཅང་བརྗོད་དོ།། དང་པོར་སེ་གོལ་ལ་སོགས་སྨྲས།། ཁམས་གསུམ་རྣམ་རྒྱལ་ཕྱག་རྒྱ་ཡིས།། སྡིག་པའི་ཕུང་པོ་དགུག་བྱ་ཞིང་།། ཡི་གེ་གསུམ་སོགས ་ཡང་དག་ལྡན།། འཇིག་རྟེན་ཁམས་ནི་མ་ལུས་པའི།། སྡིག་པ་ཐམས་ཅད་མཉམ་པོར་སྤོང་།། དགུག་དང་གནོད་དང་བཅིང་བ་རྣམ་པར་གཞོམ།། སྔགས་བཞི་པོ་རྣམས་ལེགས ་པར་སྦྱར་བ་ནི།། བདག་སོགས་སྔགས་ཏེ་ཉུངས་ཀར་དཀར་པོ་བརྡེག། ཤི་བའི་རུས་པ་གོས་ལ་རབ་བཀྲུ་བ།། ཨོཾ་ཤོ་དྷ་ནེ་ཞེས་སོགས་སྔགས་ཀྱིས་ནི།། སྲིད་གསུམ་དྲི་མཆུ་ཡིས་བཀྲུ་བར་བྱ།། ཨོཾ་ཀ ་ཀ་ནི་ཞེས་སོགས་སྔགས་ཀྱིས་ནི།། བ་ཡི་རྣམ་པ་ལྔ་ཡིས་བཀྲུ་བར་བྱ།། ཨོཾ་རཏྣེ་རཏྣེ་ནེས་སོགས་སྔགས་ཀྱིས་ནི།། དྲི་བཟང་རྣམས་ནི་ཀུན་གྱིས་བཀྲུ་བར་བྱ།། ཨོཾ་ཨ་ཥོགྷ་ཨཱ་བ་ར་ཎ་སོགས། ་སྔགས་ཀྱིས་པ་ཡི་འོ་མས་བཀྲུ་བར་བྱ།། ཨོཾ་ཨ་མི་ཏེ་ཨ་མི་ཏེ་ཞེས་སོགས།། སྔགས་ཀྱིས་ཆར་མཆོག་གིས་ཀྱང་བཀྲུ་བར་བྱ།། ཨོཾ་པུཎྱེ་སོགས་པའི་སྔགས་ཀྱིས་ནི།། བར་དང་བར་དུ་ཆུ་ཡི་ས་བཀྲུ་བར ་བྱད་ན་ཡང་བཀྲ་ཤིས་ཀྱི་གླུ་བླང་ནིང་དབང་བསྐུར་རོ།། ལམ་སྦྱང་བ་བྱའོ།། བདུག་པ་ལ་སོགས་ལྷ་མོ་བཞིའི་སྔགས་སོ།། དེ་ནས་འདི་ཡི་ཐབ་ཁུང་ནི།། ཁྲུ་གང་ཙམ་ལ་སྦྱིན་སྲེག་བྱ།། ངན་འགྲོ་ཀུན ་ཏུ་གནས་པ་ཡི།། སེམས་ཅན་དེ་རྗེས་དྲན་བྱས་ནས།། དགེ་བའི་རྒྱུད་ཕྱིར་སྡིག་པ་དང་།། སྒྲིབ་པནི་ཕྱིར་བསྲེག་བྱ་སྟེ།། མར་དང་འོ་མ་སྦྲང་རྩི་དང་།། འབྲས་ཡོས་ཉུངས་ཀར་བསྲེས་པ་དང་།། ཏིལ། ་དང་འབྲུ་དང་འབྲས་ལ་སོགས།། བུད་ཤིང་རྣམས་སུ་ལག་གཉིས་ཀྱིས།། ལས་རྣམས་གཞན་དང་གཞན་དག་ཀྱང་།། སྔ་མ་ཇི་ལྟར་དེ་ལྟར་གྱིས།། དེ་ཡིས་མྱུར་དུ་སེམས་ཅན་རྣམས།། བདེ་བ་ཕུན ་སུམ་ཚོགས་བཐོབ།། ལས་ཀྱི་རྒྱལ་པོ་མཆོག་ཅེས་པའི་ཏིང་ངེ་འཛིན་ཏོ།། ། དེ་དག་ཀྱང་སེམས་ཅན་དེ་ལ་བྱས་པ་དེ་ནས་དེ་དབྱལ་བའི་སྡུག་བསྔལ་ལས་རྣམ་པར་གྲོལ་བར་གྱུར་ཏེ། དགའ ་ལྡན་གྱི་གནས་སུ་སེམས་ཅན་ཐམས་ཅད་ལ་ཕན་པར་མཛད་པ་བདེ་བར་གཤེགས་པ་དང་ལྡན་པར་སྐྱེས་སོ།། དེ་ནས་དབང་པོ་དང་བཅས་པའི་ལྷ་རྣམས་སྙན་གྲགས་དང་བཅས་པས་གར་བྱེད་ཅིང་།། སྔགས་ཀྱི ་མཆོད་པའི་སྤྲིན་མཐའ་ཡས་པས་སྐྱེ་བ་འདི་ཉིད་ལ་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་ལྷའི་ཚོགས་རྣམས་མདུན་དུ་བྱས་ཏེ། བྱང་ཆུབ་ཀྱི་སེམས་བསྐྱེད་ནས་ལྷ་རྫས་ཀྱི་མེ་ཏོག་དང་།། བདུག་པ་དང་། ་མར་མེ་དང་། དྲི་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པ་སྣ་ཚོགས་པ་དང་། རྒྱན་དུ་མ་རྣམས་ཀྱིས་ཀྱང་མཛེས་ཤིང་། ན་བཟའ་དང་རིན་པོ་ཆེའི་ཆར་ལ་སོགས་པས་ཀྱང་དགའ ་བའི་ཚལ་ཡོངས་སུ་གང་བར་བྱས་སོ།། དེ་ནས་ངོ་མཚར་ཆེ་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས ་ཀྱི་སྔགས་ཀྱི་བརྟག་པའི་རྒྱལ་པོ་བརྟག་པ་ཕྱི་མར་གསུངས་ཏེ། དཔའ་བོ་གདན་ལས་བཞེངས་ནས་ནི།། དགྱེས་པས་རྡོ་རྗེ་གསོར་ཞིང་ཤཱཀྱའི་བདག་པོ་དགྱེས་པ་ཐུབ་པའི་དབང་ཕྱུག་ལ་ཕྱག་འཚལ་ནས ་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་སྙིང་པོ་འདི་ཉིད་རང་གི་ཐུགས་ཀ་ནས་ཕྱུང་ངོ་།། ཨོཾ ་སརྦྦ་པཱ་བད་གན་བང་དྲུག་། ཨོཾ་སརྦྦ་ས་པཱ་ལ་བ་གོནན་པ་ཛྙཱ་ག། ཨོཾ་སརྦྦ་གརྨཱ་ཨ་བཱ་ར་ཛྙཱ་ནི་ཌྷ་སྨྲྀ་ཀུརྦ་ནུ་པནྡྷ། ཨ་བྷཱ་བ་ས་མཱ་ལ་ཨཱ་བར་ཛྙཱནི་བ་དྲུ་མ་དྷཿ། ་ཤོ་དྷ་ཡ་ཨ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ་དྷ་ཀ་རྡྷ་ཀ་ཧ་ན་ཧ་ན་ཨ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་སུ~ཾ་ས་ར་ས་ར་པྲ་ས་ར་པྲ་ས་ར་ཨཱ་བ་ར་ཎཱ་ནི་ཧཱུ~ཾ་ཕཊ། ཨོཾ་ཧཱུ~ཾ་ཧ་ར་ཧ་ར་སརྦྦ་ཨཱ་བ་ར་ཎཱ་ནི་ཧཱུ~ཾ་ཕཊ། ཨོཾ་ཧཱུཾ་ཕཊ་སརྦྦ ་ཨཱ་བ་ར་ཏཱ་ནི་ཧཱུཾ་ཕཊ། ཨོཾ་བྷཱུ་ཏ་བྷྲྀ་ཏ་སརྦྦཱ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཏཱ་རྦ་ཏྲཱ་ཊ་སརྦྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཙྪིན་ད་ཪྵི་ན་ད་བི་དྲ་བ་སརྦྦ་ཨཱ་བ་ར་ཎཱ་ནི་ཧཱུ~ཾ་ཕཊ། ཨོཾ་ད་ཧ་ད་ཧ་སརྦྦ་ན་ར་ཀ་ག་ཏི་ཧེ་ཧཱུཾ་ཧཱུཾ་ཕཊ། ཨོཾ ་པ་ཙུ་པ་ཙ་སརྦྦ་པྲ་ཏེ་ག་ཏི་ཧེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦྦ་ཏིར་ཡ་ག་ག་ཏི་ཧེ་ཧཱུཾ་ཧཱུཾ་ཕཊ། དེ་ནས་དེ་དག་གི་ཉེ་བར་མ་ཁོ་བ་རྣམས་སྤྱད་དེ། ཨོཾ་སརྦྦ་པཱ་པེ་བི་ཤོ་དྷ་ནི་དྷ་མ་དྷ་མ་དྷཱུ་བ་ཡ་ཧཱུཾ་པཊ། ཨོཾ་སརྦྦ་དུཿ། ་ཏི་བི་ཤོ་དྷ་ནེ་པུཥྤ་བི་ལོ་ཀི་ནི་ཧཱུཾ་ཕཊ། ཨོཾ་སརྦྦ་ཨ་པཱ་ཡ་བི་ཤོ་དྷ་ནི་ཛྙཱ་ནཱ་ལོ་ཀ་ཀ་རི་ཧཱུ~ཾ་ཕཊ། ཨོཾ་སརྦྦ་ཨ་པཱ་ཡ་ག་ཏི་གནྡྷ་ནཱ་ཤཱ་ནི་གནྡྷ་བ་ཏི་ཧཱུཾ་ཕཊ། ཨོཾ་སརྦྦ་ན་ར་ཀ་ག་ཏི་ཨཱ་ཀཪྵ་ཎི་ཧཱུཾ་ཛ་ཕཊ། ཨོཾ་སརྦྦ་ན། ་ར་ཀ་ཨུ་དྷཱ་ར་ཎི་ཧཱུཾ་ཕཊ། ཨོཾ་སརྦྦ་ཨ་པཱ་ཡ་བན་དྷ་ན་བི་མོ་ཙ་ནི་ཧཱུཾ་བ~ཾ་ཕེཊ། ཨོཾ་སརྦྦ་ཨ་པཱ་ཡ་ག་ཏི་ག་ཧ་ན་བི་ནཱ་ཤ་ནི་ཧཱུཾ་ཧོཿཕཊ། དེ་ནས་དཀྱིལ་འཁོར་བཤད་པར་བྱ་སྟེ། ནང་གི་དཀྱིལ་འཁོར་འཁོར་ལོ་ནི། ་རྩིབས་བརྒྱད་པ་ཡིས་ཤིན་ཏུ་མཛེས།། ལྟེ་བ་མུ་ཁྱུད་ཡང་དག་ལྡན།། ནང་གི་རིམ་པ་བྲིས་ནས་ནི།། ལྟེ་བར་ཤཱཀྱའི་དབང་པོ་ཡི།། བདག་པོ་ཐུབ་པ་བྲི་བར་བྱ།། ཕྱག་ན་རྡོ་རྗེ་སྟོབས་ཆེན་ནི། ་དཔའ་ཟོ་ངམ་སྤྱན་སྔར་བྲི།། རྒྱབ་ཏུ་འཁོར་ལོ་སྒྱུར་བ་ཡང་།། ལེགས་པར་མངོན་པར་བྲི་བར་བྱ།། གཡས་སུ་རྒྱལ་བའི་གཙུག་ཏོར་བྲི།། གཡོན་དུ་རྣམ་པར་རྒྱལ་བཟི།། ག་བི་བརྗིད་ཕུང་བ ་ཡང་ནི་མེད།། དབང་ལྡན་དུ་ནི་གདུགས་དཀར་པོ།། རྣམ་པར་འཐོར་བ་རླུང་ཉིད་དུ།། རྣམ་པར་འཇོམས་པ་བདེན་བྲལ་བྲི།། དེ་ནས་ཕྱི་རོལ་ཡང་དག་ཟི།། གྲུ་བཞི་པ་ལ་སྒོ་བཞི་པ། རྩུབནྡྷ ་བཞི་པ་ཤིན་ཏུ་མཛེས།། དཔའ་བོ་ལྕགས་ཀྱུ་ནགས་པ་དང་།། ལྕགས་སྒྲོག་དྲིལ་བུ་བརྙན་རྣམས་གཞག། གྲཝ་ཡི་ཕྱོགས་ནི་ཐམས་ཅད་དུ།། བདུག་པ་ལ་སོགས་བྲི་བར་བྱ།། དེ་ནས་མེ་ཏོག ་འཕྲེང་བ་དང་།། དྲི་སོགས་རང་གི་ལུས་ལ་བྱུག། སློབ་དཔོན་འཇུག་པར་བྱ་བ་སྟེ།། ཛཿཧཱུཾ་བཾ་ཧོཿ། བྷ་ག་བཱ~ཾ། ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲ་ཤྱ་ཧོཿཞེས་བྱ་བ་ས་ལྷ་ཐམས་ཅད་སྤྱན་དྲང་ངོ་།། དེ་བཞིན ་དུ་བཅུག་སྟེ་དབང་བསྐུར་ན་ངན་སོང་ཐམས་ཅད་ལས་རྣམ་པར་གྲོལ་ཏེ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དང་ས་གོང་མ་རྣམས་སུ་སྐྱེ་བར་འགྱུར་རོ།། དངོས་གྲུབ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ།། ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་གདོན་མི་ཟ་བར་ཐོབ་པར་འགྱུར་རོ།། སྔ་མ་བཞིན་དུ་ལས་ཐམས་ཅད་ཀྱང་བྱེད་ཅིང་ཐམས་ཅད་ལ་ཐོགས་པ་མེད་པར་འགྱུར་རོ།། བྱ་བ་བྱས་པས་རིམས ་ཐམས་ཅད་དང་གདོན་ལ་སོགས་པ་རྣམས་ལས་ཐར་བར་འགྱུར་རོ།། ཕྱག་ན་རྡོ་རྗེ་ཧཱུཾ་ཞེས་བྱ་བས་ལས་ཐམས་ཅད་བྱེད་དོ།། བརྟག་པ་གཞན་གྱི་ཆོ་གས་ཀྱང་ལས་ཐམས་ཅད་འགྲུབ་པར་འགྱུར་རོ།། ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་ལ་སོགས་པ་ངན་སོང་གི་དབང་དུ་གྱུར་པ་རྣམས་འགྲོ་བ་ཐམས་ཅད་ཀྱི་གཟུགས་བརྙན་ལ་སོགས་པ་མངོན་པར་བྲིས་པ་ལས་བཟླས ་པ་དང་། སྦྱིན་སྲེག་དང་། དབང་བསྐུར་བ་རྣམས་ཀྱིས་ངན་སོང་ཐམས་ཅད་ལས་ཡོངས་སུ་འགྲོལ་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་སེང་གེའི་ལྟ་སྟངས་ཀྱིས་བཅོམ་ལྡན ་འདས་ཀྱི་ཞལ་དུ་བལྟས་ཏེ། ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཕྱག་རྒྱ་མཆོག་གི་མཚན་ཉིད་དམ་པ་བཤད་པར་བྱ་སྟེ། ཐུགས་རྗེའི་གདུང་བའི་དབང་དུ་གྱུར་པའི་སེམས ་ཀྱི་རྒྱལ་བ་ཐམས་ཅད་ཀྱི་བྱིན་གྱིས་བརླབ་པར་བྱའོ།། ཏིང་ངེ་འཛིན་དུ་གནས་པས་དཔྲལ་བར་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ།། སངས་རྒྱས་རྣམས་ཀྱི་ཕྱག་འཚལ་བའི་ཕྱག་རྒྱའོ།། རྣལ་འབྱོར་རིག ་པས་མགྲིན་པའི་ཕྱོགས་སུ་ཐལ་མོ་ཁ་ཕྱེ་བ་པདྨའི་རྣམ་པར་བྱའོ།། ཐུགས་ཀར་རྡོ་རྗེ་ཐལ་མོ་བྱས་སོར་མོ་དབུས་མ་རྩེ་མོ་སྦྱར་བ་འདི་ནི་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའོ།། ལག་པ་གཡོན་པ་གན་རྒྱལ་དུ། ་བང་པར་བཞག་ལ། དེའི་སྟེང་དུ་གཡས་པ་བཟློག་སྟེ་བཞག་ལ་མཐེ་བོང་གཉིས་སྦྱར་ཏེ་ཞི་བའི་ལྟ་བས་བལྟའོ།། འདི་ནི་དེ་བཞིན་གཤེགས་པའི་རིགས་དམ་ཚིག་གི་ཏིང་ངེ་འཛིན་གྱི་ཕྱག་རྒྱའོ།། དེ་ཉིད ་ཡོངས་སུ་བསྐོར་ཏེ་ཕན་ཚུན་སྦྱར་ཏེ་མཐེའུ་ཆུང་དག་དང་མཐེ་བོང་དག་ལུ་གུ་རྒྱུད་ཀྱི་རྣམ་པར་བཅིངས་ལ་སྙིང་ཁར་གཞག་གོ།། འདི་ནི་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའོ།། ཐལ་མོ་གང་བར་སྦྱར་ནས ་མཐེའུ་ཆུང་དང་མཐེ་བོང་སྦྱར་ཏེ་གཟུང་ཞིང་ལྷག་མ་རྣམས་རབ་ཏུ་བརྐྱང་བའོ།། འདི་ནི་པདྨ་རིགས་ཀྱི་པདྨའི་ཕྱག་རྒྱའོ།། རྡོ་རྗེ་བསྡམས་པར་བརྟན་པར་བྱས་ནས་གུ་མོ་གཉིས་རྡོ་རྗེ་རྩེ་མོར་བྱས་ལ ་མཐེའུ་ཆུང་དང་མཐེ་བོང་རབ་ཏུ་བརྐྱང་བའོ།། འདི་ནི་ཕྱག་ན་རྡོ་རྗེའི་ཕྱག་རྒྱའོ།། དེ་ཉིད་ཀྱིས་མཐེའུ་ཆུང་དང་མཐེ་བོང་གཉིས་དེ་བཞིན་དུ་བྱས་ལ་མཛུབ་མོ་དང་མིང་མེད་པདྨའི་འདབ་མའི་རྣམ་པར་བྱ ་འདི་ནི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའི་ཕྱག་རྒྱའོ།། དེ་ཉིད་ཀྱི་མཛུབ་མོ་དང་མིང་མེད་དག་རིན་པོ་ཆེའི་རྣམ་པར་བྱའོ།། འདི་ནི་དབང་བསྐུར་བའི་ཕྱག་རྒྱའོ།། མཐེའུ་ཆུང་དང་མཐེ་བོང ་སོ་སོ་སོ་སོར་སྦྱར་ནས་ལྷག་མ་རྣམས་རབ་ཏུ་བརྐྱང་བ་ནི་མཚོན་ཆ་ཐམས་ཅད་ཀྱི་ཕྱག་རྒྱའོ།། ལག་པ་གཡོན་པ་དེ་ཁོ་ན་བཞིན་དུ་རབ་ཏུ་འཇུག་པ་ནི་ལས་ཐམས་ཅད་པའི་ཕྱག་རྒྱའོ།། སྙིམ་པ་གྱེན་དུ ་འཐོར་བ་ནི་མེ་ཏོག་གི་ཕྱག་རྒྱའོ།། དེ་ཉིད་འོག་ནས་འཐོར་བ་ནི་བདུག་སྤོས་ཀྱི་ཕྱག་རྒྱའོ།། དེ་ཉིད་མཐེ་བོང་གཉིས་གྱེན་དུ་བསྙམས་ལ་འཛིན་པ་ནི་མར་མེའི་ཕྱག་རྒྱའོ།། དེ་ཉིད་དུང་འདྲ་བར་བྱས་པ ་ནི་འདྲིའི་ཕྱག་རྒྱའོ།། དེ་ཉིད་རབ་ཏུ་བརྐྱང་སྟེ་འཛིན་པ་ནི་གཏོར་མའི་ཕྱག་རྒྱའོ།། དེ་ཉིད་གུང་མོ་ནམས་ནང་དུ་བཅུག་པ་ནི་ཨརྒའི་ཕྱག་རྒྱའོ།། རྡོ་རྗེ་བཅིངས་པ་ལས་གུང་མོ་གཉིས་བསྐམས་ཏེ་ཚིག ་བར་མ་བཅག་ནས་སོར་མོ་ཐམས་ཅད་བརྐྱང་བ་འདི་ནི་རྣམ་པར་འཐོར་བའི་ཕྱག་རྒྱའོ།། དེ་ཉིད་མཐེ་བོང་དང་མཐེའུ་ཆུང་གཉིས་བཀུག་པ་ནི་རྣམ་པར་འཇོམས་པའི་ཕྱག་རྒྱའོ།། དེ་ཉིད་ཀྱི་སྙིམ་པ་འོད་ཟེར ་གྱི་རྣམ་པ་ནི་གཟི་བརྗིད་ཕུང་པོའི་ཕྱག་རྒྱའོ།། དེ་ཉིད་སྤྱི་བོའི་གནས་སུ་བསྐོར་བ་ནི་གདུགས་དཀར་པོའི་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཐེ་བོང་དང་མཐེའུ་ཆུང་གཉིས་ལུ། ་གུ་རྒྱུད་དུ་བཅིངས་ལ་བསྐོར་བ་འདི་ནི་འཁོར་ལོའི་ཕྱག་རྒྱའོ།། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་རྡོ་རྗེར་བྱས་ལ་མཛུབ་མོ་གཉིས་རིན་པོ་ཆེ་ལྟར་བྱ་སྟེ། ལྷག་མ་འོད་ཟེར་འདྲ་བར་བྱས་པ་ནི་རྒྱལ་བའི་གཙུཿ། ་ཏོར་གྱི་ཕྱག་རྒྱའོ།། དེ་བཞིན་དུ་མཛུབ་མོ་གཉིས་རྡོ་རྗེར་བྱས་ལ་སོར་མོ་ལྷག་མ་རྣམས་བསྡམས་ནས་རྡོ་རྗེ་འདྲ་བར་བྱས་པ་ནི་རྣམ་པར་རྒྱལ་བའི་ཕྱག་རྒྱའོ།། གཡས་པས་མཆོག་སྦྱིན་དང་གཡོན་པ་མི་འཛིཿ ་པ་སྦྱིན་པ་ནི་དེ་བཞིན་གཤེགས་པའི་ཡིན་ནོ།། རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་རྡོ་རྗེ་འདྲ་བར་བྱས་པ་ནི་རྡོ་རྗེའི་ཕྱག་རྒྱའོ།། དེ་ཉིད་ལས་མཛུབ་མོ་གཡས་པ་བཀུག་པ་ནི་ལྕགས་ཀྱུའི་ཕྱག་རྒྱའོ།། ་དེ་ཉིད་ལས་རྭ་འདྲ་བར་བྱས་པ་ནི་མདའི་ཕྱག་རྒྱའོ།། དེ་ཉིད་ཀྱི་ཕྱག་རྒྱ་དང་མཐེ་བོང་རྩེ་སྤྲད་པ་ནི་བློ་གྲོས་ལེགས་པའི་འོ།། དེ་ཉིད་ཀྱི་ཚིགས་བར་མ་བཅག་པ་ནི་རིན་པོ་ཆེའིའོ།། དེ་ཉིད་སོར་མོ་རྣམས་འོད་ཟེར། ་འདྲ་བ་ནི་གཟི་བརྗིད་ཀྱིའོ།། དེ་ཉིད་སྤྱི་བོར་བཞག་པ་ནི་མེ་ཏོག་གི་ཕྱག་རྒྱའོ།། དེ་ཉིད་མདུན་དུ་བཞག་པ་ནི་བཤད་པའིའོ།། དེ་ཉིད་པདྨ་འདྲ་བར་བྱས་པ་ནི་པདྨའིའོ།། དེ་ཉིད་གུང་མོ་དང་མཛུབ་མོ་བཀུག ་པ་ནི་རལ་གྲིའིའོ།། དེ་ཉིད་གདུ་བུ་འདྲ་བར་བྱས་པ་ནི་འཁོར་ལོའའོ།། དེ་ཉིད་པདྨའི་འདབ་མ་འདྲ་བར་བྱས་པ་ནི་ལྕེའིའོ།། དེ་ཉིད་བསྐྱེད་པ་ནི་སྣ་ཚོགས་ཀྱིའོ།། དེ་ཉིད་ཤིན་ཏུ་བསྐྱེད་པ་ནི་སྲུང་བའིའོ།། ་དེ་རྩེ་མོ་གཉིས་སླར་བཀུག་པ་ནི་གནོད་སྦྱིན་གྱིའོ།། དེ་ཉིད་དམ་དུ་བཀུག་པ་ནི་བསྡམས་པའིའོ།། དེ་ཉིད་མཛུབ་མོ་གཉིས་པ་ནི་ལྕགས་ཀྱུའི་འོ།། དེ་ཉིད་རྩེ་མོ་གཉིས་སྤང་བ་ནི་ཞགས་པའིའོ།། དེ་ཉིད། ་ཕན་ཚུན་མདུན་པ་ནི་ལྕགས་སྒྲོག་གིའོ།། དེ་ཉིད་བསྐྱོད་པ་ནི་དྲིལ་བུའིའོ།། དེ་ནས་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ལྷའི་བུ་རྣམས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ ་ཏོ། བཅོམ་ལྡན་འདས་ཚེ་ཐུང་བ་དང་སྐལ་བ་ཆུང་བ་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བ་དང་། ཚེ་བསྲིང་བའི་སླད་དུ་བཤད་དུ་གསོལ། བདག་ལ་གསང་བའི་བདག་པོ་བཤད་དུ་གསོལ། དེ་ནས ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས། བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་དག་ལ་གཟིགས་ནས་ལེགས་སོ་ཞེས་བྱ་བས་མགུ་བར་བྱས་ཏེ། བརྒྱ་བྱིན་ལ་སོགས་པ་ལྷའི་བུ ་རྣམས་གང་ཁྱེད་ལ་འདི་ལྟ་བུའི་སྤོབས་པ་ཡང་དག་པར་སྐྱེས་པ་དེ་ནི་ལེགས་སོ་ལེགས་སོ།། ལེགས་པར་སྒྲུབས་ཤིག་དང་བཤད་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཐམས་ཅད་ཚེ་དཔ ་ཏུ་མེད་པར་ཁྱབ་པར་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཚེ་དང་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་འཕེལ་བ་ཞེས་བྱ་བ་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་།། ཨོཾ་པུ་ཎྱེ་པུ་ཎྱེ་མངྒ་བུ་ཎྱེ་ཨ་པ་རི་མི་ཏ་ཨཱ་ཡུ་པུ་ཎྱེ་ནཱན་སཾ་བྷ་རོ་ལ་ཙི་ཏེ་ཡ་ཀ་རི་ཎི་སཱཧཱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་གཟུ ་འདི་བཤད་པ་ཙམ་གྱིས་ངན་སོང་ཐམས་ཅད་རབ་ཏུ་ནི་སྟེ། སེམས་ཅན་དམྱལ་བ་དང་། ཡི་དགས་དང་། བྱོལ་སོང་གི་འགྲོ་བ་རྣམས་སུ་སྐྱེས་པའི་སེམས་ཅན་ཐམས་ཅད་གྲོལ། ་བར་བདག་ཉིད་ཀྱིས་རབ་ཏུ་ཤེས་སོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཤིང་། སྣང་བར་བྱས་ནས་ཀྱང་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་བྱས་ནས། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་སྙིང་པོའི་ཆོས་ཀྱི་ཡི་གེ་དེ་ཉིད་དུ་ཞུགས་པར་གྱུར་ཏོ།། དེ་ནས་སླར་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དཔག་ཏུ་མེད་པའི་རྡོ་རྗེ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ཚེ་དཔག་ཏུ་མེད་པའི་རྡོ་རྗེ་ཞེས་བྱ་བའི་སྙིང་པོའི་གཟུངས་འདི་བཤད་དོ།། ཨོཾ་ཨ་མི་ཏེ་ཨ་མི་ཏེ། ཨ་མི་ཏོད་བྷ་བེ་ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀཱནྟེ། ཨ་མི་ཏ་བི་ཀྲཱནྟ་གཱ་མི་ནི། ་སརྦྦ་ཀཪྻ་ཀྲེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། དེ་ནས་འདི་བཤད་པ་ཙམ་གྱིས་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བའོ།། དེ་ནས་སླར་ཡང་བཅོམ་ལྡན་འདས་ཀྱིས་གདོན་མི་ཟ་བར ་སྒྲིབ་པ་ཐམས་ཅད་རྣམ་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པ་བཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲིབ་པ་གཅོད་པ་ཞེས་བྱ་བའི་སྙིང་པོའི་གཟུངས་འདི་རང་གི་ཐུགས་ཀ ་ནས་ཕྱུང་ངོ་།། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི་ཏཱ་ས་ནི་ཏཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན་སརྦྦ་ཀརྨྨ་བ་ར་པ་ར་ཎི་མེ་སརྦྦ་སཏྭཱ་ཉྩ་སཱ་ཧཱ། འདི་བཤད་པ་ཙམ་གྱིས་ཐམས་ཅད་དེ་ཁོ་ན་བཞིན། ་དུ་འགྱུར་རོ།། དེནས་སླར་ཡང་བཅོམ་ལྡན་འདས་ཀྱིས་སྒྲིབ་པ་ཐམས་ཅད་དྲིམ་མེད་ཅིང་རྣམ་པར་དག་པའི་ཛན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྡོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྦྱིཿ། ་པ་མ་ལུས་པ་རྣམ་པར་འཇོམས་པ་ཞེས་བྱ་བའི་སྲིང་པའི་གཟུངས་འདི་རང་གི་ཐུགས་ཀ་ནས་བྱུང་ངོ་།། ཨོཾ་རཀྵེ་དྡེ། མཧཱ་ར་ཏྲེར་ཐཱ་ས་བྷ་བེ། ར་ཏྣ་ཀི་ར་ཎེ། རཏྣ་མཱ་ལ་བི་ཀུ་ཎྱེ་ཤོ་དྷ་ཡ། ཡརྦྦ་པ་པ་ཙུང ་དེ་ནས་འདི་བཤད་མ་ཐག་ཏུ་བདུད་ཀྱི་གནས་ཐམས་ཅད་བཅོམ་ནིང་རྣམ་པར་བཅོམ་པར་གྱུར་ཏོ།། དེ་ནས་སླར་ཡང་བཅོམ་ལྡན་འདས་ཀྱིས་གདོན་མི་ཟ་བར་མི་ཆོམས་པར་སྒྲིབ་པ་ཐམས་ཅད་རྣམ་པར་འཇོམས ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་གཟུངས་འདི་རང་གི་ཐུགས་ཀ་ནས་བྱུང་ངོ་།། ཨོཾ་ཨ་མོ་གྷ་ཨ་པྲ་ཏི་ཧ་ཏ་སརྦྦ་ཨཱ་བ་ར་ཎ་བི་ཤོ་དྷ་ནི་ཧ ་ར་ཧ་ར་ཧཱུ~ཾ་བཊ། འདི་བཤད་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་གཡོས། རབ་ཏུ་གཡོས། ཡང་དག་པར་རབ་ཏུ་གཡོས། བསྐྱོད། རབ་ཏུ་བསྐྱོད། ཡང་དག་པར་རབ་ཏུ་བསྐྱོད། བསྐུ་ལ། ་རབ་ཏུ་བསྐུལ། ཡང་དག་པར་རབ་ཏུ་བསྐུལ་ཞིང་། ངོ་མཚར་ཆེ་ཞིང་རྨད་དུ་བྱུང་བ་དུ་མ་འཇིག་རྟེན་དུ་སྣང་བར་འགྱུར་རོ།། དེ་ནས་དེ་དག་གི་དཀྱིལ་འཁོར་ནི་འདི་ཡིན་ཏེ། གྲུ་བཞི་པ་ལ་སྒོ་བཞི་པ ་ལོགས་པཞི་དང་ཡང་ཡང་དག་ལྡན།། རྟ་བབས་པའི་དང་ཀུན་ཏུ་ལྡན།། ཁ་ཁྱེར་དང་ནི་སྒོ་ཁྱུང་བཅས།། དེ་ཡི་དབུས་སུ་འཁོར་ལ་ལ།། དཀྱིལ་འཁོར་དམ་འགྲི་བར་བྱ།། རྩིབས་བཞི་དང་ནི་ཡང་དག ་ལྡན་ལྟེ་བའི་དཀྱིལ་འཁོར་མཆོག་ཡིན་ནོ།། དེ་ཡི་དབུས་སུ་མགོན་པོ་ནི།། ཕྱག་ན་རྡོ་རྗེ་སྟོབས་ཆེ་ཞིང་།། ཕྱག་ན་རྡོ་རྗེ་དྲིལ་བུ་ཅན།། ཟླ་བརྒྱས་ནལ་འཛུམ་པ་བྲི།། ཤར་གྱི ་རྩིབས་ཀྱི་དབུས་ཀྱི་ཆར།། གཙོ་བོ་མི་བསྐྱོད་པ་ཉིད་བྲི།། ལྷོར་ནི་རིན་ཆེན་བྲི་བྱ་ཞིང་།། ནུབ་ཏུ་ཆུ་སྐྱེས་པདྨ་སྟེ།། བྱང་དུ་གདོན་མི་ཟ་ཞེས་གྲགས།། དཔའ་བོ་སྟོབས་ཆེན་བྲི་བར་བྱ།། དེ་བཞིན་གཤེགས ་པ་ཐམས་ཅད་ནི།། འཁོར་ལོས་སྒྱུར་བའི་ཆ་ལུགས་མཛད།། ཟླ་བའི་དཀྱིལ་འཁོར་མདོག་འདྲ་ཞིང་།། རྒྱན་རྣམས་ཀུན་གྱིས་བརྒྱན་པ་རྣམས།། ཕྱག་ན་མཆོག་སྦྱིན་མི་འཇིགས་པ།། རྡོ་རྗེ་སྐྱིལ་ཀྲུང་བཅུག། ་པ་བྲི་དགྲཝ་ཡི་ཆ་རྣམས་ཐམས་ཅད་དུ།། དེ་བཞིན་བདུག་པ་ལ་སོགས་བྲི།། སྒོ་སྐྱོང་རྣམས་ཀྱང་ཁྲོ་བོ་དང་།། མཆོག་ཏུ་ཁྲོ་བར་གཞོལ་བ་བྲི།། དེ་ནས་རྣལ་འབྱོར་རང་ཉིད་ཞུགས།། སྔགས་ཀྱིས་ལྷ ་རྣམས་སྤྱན་དྲངས་ཏེ།། ཛཿཧཱུཾ་བཾ་ཧོཿ། བྷ་ག་བཾ། བཛྲ་ཨེ་ཧྱེ་ཧི་ས་མ་ཡ་སྟྭཾ། དེ་ནས་མགོན་པོ་བྱོན་པ་ལ།། མདོར་ན་མཆོད་པ་བྱས་ནས་ནི།། འཆི་བདག་ཉིད་དང་སྦྲུལ་འཇིགས་པའི།། འཆི་བདག་གནོམ་ཕྱིར ་གཙུག་པར་བྱ།། ཨོཾ་བཛྲ་ས་མ་ཡེ་ཧཱུཾ། རྡོ་རྗེ་ཏི་རིན་ཏི་རི་བཅིང་།། ལག་ན་རིན་ཆེན་ཐོགས་པ་གཙུག་ཡང་ན་མེ་ཏོག་འཕྲེང་ལྡན་པ།། དེ་དག་དཀྱིལ་འཁོར་ཉིད་དུ་དོར།། ཨོཾ་པྲ་ཏཱིཙྪ་བཛྲ་ཧཱུཾ། དེ་ནས་དམ ་ཚིག་སྦྱིན་ཏེ། ཨོཾ་བཛྲ་ས་མ་ཡ་ཧཱུ~ཾ། དེ་ནས་འདིས་གདོང་གཡོགས་དགྲོལ་བར་བྱའོ།། ཨོཾ་བཛྲ་ཧཱ་སྱ་ཨུད་གྷ་ཊ་མ་ཛུ། དེ་ནས་འདིས་བརྟན་པར་བྱའོ།། ཨོཾ་བཛྲ་ཛྭ་གྱ་ཧོ།། དེ་ནས་དབང་བསྐུར་བ་སྦྱིན་ཏེ། ་ཨོཾ་བམས་དྷི་ཨཱ། ཨོཾ་བུདྡྷ་ཨ་བྷིའི་རྒྱ་ཡོ། ཨོཾ་རརཱཏྣ་ཨ་དྷི་ཙྪ་ཛྫཿ། ཨོཾ་བཀྲམ་བྷཱ་མཱ་ཛ~ཾ། ཨོ་ཀམྦ་ཡ་བྷཱའི་ས། དེ་ནས་བུམ་པའི་དབང་བསྐུར་བྱིན་ཏེ། ཨོཾ་བརྡ་ཀ་ལ་ག་ཨ་བྷི་ཥྛཙྪ ་ཨོཾ་པྲདྡྷ་ཀ་ལ་ཤ་ཨ་དྷི་ཉྩ་ཨོཾ། ཨོཾ་རཧཱ་ཀཱ་ལ་ཤ་ཡ་དྷིཛྫ། ཨོཾ་པདྨ་ཀ་ལ་ཤ་ཨ་དྷི་ཥི་ཧྲཱིཿ། ཨོཾ་ཀཱརྨྨ་ཀཱ་ལ་ཤ་ཨ་བྷི་རྠ་ས། དེ་ནས་འཕྲེང་བའི་དབང་བསྐུང་བར་བྱའོ།། ཨོཾ་ཥཱ་མཱ་ལ་ཨ་བྷིའཾཿ ་དྷཱ་ཏཱ་ཛཱཾ། ཨོཾ་བཛྲ་པཊྚ་ཨ་བ་ལཾ་བ་ན་ཨ་བྷི་ཥིཉྩ་ཏཱཾ། ཨོཾ་བཛྲ་མུ་དྲཱ་ཨ་བྷི་ཥཉྩ་ཧཱུཾ། ཨོཾ་བུདྷ་མུ་དྲཱ་ཨ་བྷི་ཥིཉྩཱ་ཨོ། ཨོཾ་རཏྣ་རུ་དྲཱ་ཨ་བྷི་ཥིཉྩཱ་ཏྲཱཾ། ཨོཾ་པདྨ་མུ་དྷ་ཨ་བྷུ་ཥིཉྩཱ་དྷཱིཿ། ཨོཾ་ཀརྠ་མུ་དྲཱ་ཨ་བྷི་ཥིཉྩ་ཨཿ། ་ཨོཾ་བི་ཛ་ནཱ་མ་ཨ་བྷི་ཥིཉྩཱ་ཧཱུཾ། ཨོཾ་ཙཱུ་ཛྙཱ་ཧྲཱིཿཿ། ཨོཾ་བཛྲ་ཀརྦྦ་ཨ་བྷི་ཥིཉྩ་ཛྙཱ་ཨཿ། ཨོཾ་བཛྲ་ཙཀྲ་ཨ་བྷི་ཥིཙྪི་དྷུ་བྲུཾ། ཨོཾ་བཛྲ་ཙཀྲ་ཨ་དྷི་པ་དྷི་སྟཾ་ཨ་ཥིཙྪ་ཛུ་ཧཱུཾ་ཧཱུཾ། ཨོཾ་ཨ་ཨཽ། ཏཱ་ཏཱཾ་ཏཱཾ། ཧཱི་ཡཱཾ་ཧྲཱིཿ། ཨཿཿ། ་ཨོཾ་བཛྲ་དྷཱ་ར་ར་ཎི་ཨ་བྷི་ཥིཉྩ་ཧཱུཾ། ཨཽ་ཏ་ཐཱ་ག་ཏ་དྷཱ་ར་ཎི་ཨ་བྷི་ཥིཉྩ་ཨཽ། ཨོཾ་ར་ཏཱ་དྷཱ་ར་ཎི་ཨ་བྷི་ཥིཉྩ་ཏཱཾ། ཨོཾ་པདྨ་དྷཱ་ར་ཎི་ཨ་བྷི་ཥིཉྩ་ཛཱིཿ། ཨོཾ་ཀཪྻ་དྷཱ་ར་ཎི་ཨ་བྷི་ཥིཉྩ་ཨཿ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་གུ་ཧྱ་ཨ་བྷི་ཥིཉྩ་ཨཽ། ་ཨོཾ་བཛྲ་གུ་ཧྱ་ཨ་བྷི་ཥིཙྪ་ཛྫ། ཨོཾ་རཏྣ་གུ་ཧྱ་ཨ་བྷི་ཥིཉྩ་ཏཱཾ། ཨོཾ་པདྨ་གུ་ཧྱ་ཨ་དྷི་ཥིཉྩ་ཧྲཱིཿ། ཨོཾ་ཀརྨྨ་གུ་ཧྱ་ཨ་བྷི་ཥིཉྩ་ཨ། ཨོཾ་པྲ་དྲོ་པཱ་ཡ་ས་མ་ཡོ་ག་ཨ་བྷི་ཥིཉྩ་ཚུ་ཨཿ། དེ་ལྟར་དབང་བསྐུར་ནས་ཚེ་འཕེལ་བའི་རིག་པ ་འདི་ཡིན་ནོ།། ཨོཾ་བཛ་ཨཱ་ཡུ་ཥེ་ཙུས་། འདིའི་སྒྲུབ་པ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་རྡོ་རྗེ་ཚེ་དཔག་མེད་ཟ་བའི་འོད་ཅན། ཟླ་བའི་དཀྱིལ་འཁོར་ལ་བཞུགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱག ་གཉིས་མི་འཇིགས་པ་དང་མཆོག་སྦྱིན་མཛད་པ་ལས་བདུད་ཅི་འཛག་བཟིའོ།། དེའི་འོག་ཏུ་སྒྲུབ་པ་པོ་ལག་པ་ཐལ་མོ་སྦྱར་བ་བརྐྱང་བ་གདོང་གྱེན་དུ་བཅོམ་ལྡན་འདས་ལ་ལྟ་བ་བྲིས་ལ།། ་མཆོད་པ་རྣམ་པ་ལྔས་མཆོད་པ་བྱས་ཏེ། དེའི་སྤྱན་སྔར་སྟོང་ཕྲག་བརྒྱ་བཟླས་སོ།། དེ་ནས་ཟླ་བ་ཉ་ལ་མཆོད་པ་ཆེན་པོ་བྱས་ལ་བ་དམར་སེར་གྱི་མར་སྣོད་གསར་པར་བཅུག་ལ་གཡོན་པའི་རྡོ་རྗེས་མནན་ཏེ། ་བཅོམ་ལྡན་འདས་ལ་རབ་ཏུ་སེམས་ཤིང་མཚན་ཐོག་ཐག་བཟླས་པ་བྱའོ།། དེ་ནས་དྲི་བ་སྣམ་ཞིང་སྔོན་མ་བྱུང་བའི་དྲིའི་ངད་ཀྱང་ལྡང་ངོ་།། དྲོ་བ་དང་། དུ་བ་དང་། མེའང་འབྱུང་ངོ་།། འོད་ཟེར་གྱི་སྣང་བ་རབ ་ཏུ་འཕྲོས་ཏེ། དེ་ལ་སོགས་པའི་མཚན་མ་བྱུང་ན་མར་དེ་མར་གསར་པ་འམ་ཏིལ་མར་རམ། ཆུ་འམ། འོ་མ་འམ། ཞོ་འམ། ཆང་ངམ། ཁྲག་གམ། ཞག་གམ། ཀླད་པའམ། ཤ་འམ། གང་ཡང་རུང་བ་དང ་ལྷན་ཅིག་ཏུ་རབ་ཏུ་བསྒྲུབས་ཏེ་ནང་པར་སྔར་སྲུང་བ་ལ་སོགས་པ་བྱས་ནས་བདག་ཉིད་སྦྱངས་ཏེ་འཐུངས་སམ་ཟོས་ན། མཚན་མ་ཇི་ལྟ་བ་ཉི་མ་ཇི་སྲིད་པའི་ཚེར་འགྱུར་ཞིང་། རྡོ་རྗེ་སེམས་དཔའི་ཚེར་ཡང ་འགྱུར་རོ།། ཐ་མས་ནི་དངོས་གྲུབ་ཐ་མར་འགྱུར་ཏེ་འདི་ལ་ཐེ་ཚོམ་མེད་དོ།། མཚན་མ་མ་བྱུང་ནའང་འཇིག་རྟེན་ན་ནད་མེད་པ་དང་ཡིད་གཞུངས་པ་དང་ལྡན་ཞིང་། སྐྲ་དཀར་དང་གཉེར་མ་མེད་པ་དང་ལུས་བརྟན ་ཞིང་ཚེ་ལོ་བརྒྱ་པར་འགྱུར་རོ།། གཞན་ཡང་བཟླས་པ་བྱས་པ་ཙམ་གྱིས་ཞི་བ་དང་། རྒྱས་པ་དང་། དབང་ལ་སོགས་པའི་ལས་རྣམས་བརྟག་མི་དགོས་པར་འགྲུབ་སྟེ་ཐེ་ཚོམ་མེད་དོ།། དེ་ནས ་རྒྱལ་པོ་ཆེན་པོ་བཞིས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དང་བན་པ་དང་། བདེ་བའི་སྲང་། ་དུ་རང་རང་གི་སྙིང་པོ་བཤད་པར་འཚལ་གྱིས། བཅོམ་ལྡན་འདས་ཀྱིས་བཀའ་གནང་བར་ནུ་། རྡོ་རྗེ་འཛིན་པས་བཀའ་གནང་བ་ཅུ། རྒྱལ་པོ་ཆེན་པོ་དག་ལེགས་སོ་ལེགས་སོ་ཤོད་ཅིག་དང་། ངས་རྫས ་སུ་ཡི་རང་ཞིང་རང་གི་དམ་ཚིག་གི་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་གནོད་སྦྱིན་གྱི་རྒྱལ་པོ་ངལ་བསོ་བོས་བཅོམ་ལྡན་འདས་ཀྱིས་གནང་ནིང་རྗེས་སུ་ཡི་རང་སྟེ་བྱིན་གྱིས་བརླབས་པས་རང་གི་སྙིང་པོ་རང་གི་སྙིང ་ཁ་ནས་ཕྱུང་ལ། ཨོཾ་བེ། དེ་ནས་དྲི་ཟའི་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གིས་དེ་ཁོ་ན་བཞིན་རང་གི་སྙིང་པོ་བཤད་པ། ཨོཾ་དྷྲི་དེ་ནས་གྲུལ་བུམ་གྱི་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོས་དེ་ཁོ་ན་བཞིན་དུ་རང་གི ་སྙིང་པོ་བཤད་པ། ཨོཾ་བི། དེ་ནས་ཀླུའི་རྒྱལ་པོ་ཆེན་པོ་མིག་མི་བཟང་གིས་དེ་ཁོ་ན་བཞིན་དུ་རང་གི་སྙིང་པོ་བཤད་པ། ཨོཾ་ཀྵ་དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། གྲུ་བཞི་པ་ལ་སྒོ་བཞི་པ།། དཀྱིལ ་འཁོར་ལྔས་ནི་བརྒྱན་པ་སྟེ།། དེ་ཡི་དབུས་སུ་མགོན་པོ་ནི།། ཕྱག་ན་རྡོ་རྗེ་འགྱིངས་བཅས་བྲི།། དེ་ཡི་གཡོན་པའི་ལོགས་སུ་ནི།། ངལ་བསོ་དགེ་བ་ལག་པ་ནི།། བེ་ཅོན་དང་ནི་ནེའུ་ལེ།། རིན་པོ་ཆེ་ཡི ་རྒྱན་གྱིས་བརྒྱད།། སྒོམ་ཞིང་སེང་གེའི་གདན་ལ་བཞུགས།། གསེར་མདོག་གཟི་བརྗིང་ལྡན་པ་བྲི།། མཁས་པས་བུམ་པ་བཟང་ལ་སོགས།། རིན་ཆེན་ཚོགས་ཆར་འབབ་པ་བྲི།། མདུན་དུ་ཡུལ ་འཁོར་སྒོང་ཉིད་ནི།། བི་ཝ་སྒྲོག་པར་ཡང་དག་བརྩོན།། རོལ་ཅིང་བདོག་ལྡང་ཁྲུ་ཉིད།། རྒྱན་རྣམས་ཀུན་གྱིས་བརྒྱན་བབྲི།། གཡས་སུ་དཔའ་བོ་ལུས་འཕགས་སོ། ་རལ་གྲི་ཕྱག་ན་བསྣམས་པབྲི།། ནུབ་ཏུ་ཡང་ནི་མིག་མི་བཟང་།། རྡོ་རྗེ་ནགས་པ་འཛིན་ཅིང་མཆོག། སྦྲུལ་མགོ་མདུན་གྱིས་ཡོངས་སུ་བསྐོར།། མིག་ནི་དམར་ཞིང་ཤིན་ཏུ་འབུར།། སྒོ་ཡི་ཕྱོག ་ནི་ཐམས་ཅད་དུ།། སྒོ་སྐྱོང་རྣམས་ཀྱང་དེ་བཞིན་ནོ།། དེ་ནས་སྔགས་པ་རང་ཉིད་འཇུག། འཁོར་ལོའོ་ཕྱག་རྒྱ་ཞེས་གྲགས་པའི།། བཅོམ་ལྡན་དེ་ཉིད་སྤྱན་དྲང་ཞིང་།། དེ་ནས་རྒྱལ་པོ་སྤྱན་དྲང་ངོ་།། ་སྤྱན་དྲངས་ནས་ནི་མཁས་པས་མཆོད།། མཆོད་ཡོན་ཞབས་བསིལ་ཆོ་ག་བཞིན།། དེ་ནས་སློབ་མ་རྒྱལ་རིགས་སམ།། རྗེའུ་རིགས་བྲམ་ཟེ་ལ་སོགས་ཀྱང་།། མེ་ཏོག་འཕྲེང་བས་ནམ་བརྒྱན་པ། ་སྔགས་ཤེས་པ་ཡི་སྔགས་འདི་དང་།། རྡོ་རྗེ་འཛིན་མའི་ཕྱག་རྒྱས་གཞུག། ཨོཾ་བཛ་ས་མ་ཡེ་ཧཱུཾ། དེ་ནས་མེ་ཏོག་གམ་རིན་པོ་ཆེ་འདིས་ཀྱང་དོར་བར་བྱའོ།། ཨོཾ་བཛྲ་པྲ་ཏཱིཙྪ་ཛྷ་མ་ཧོ་ཏ་ཏ་མ། གང་ལ་ལྷུང་བའི ་རྒྱལ་པོ་དེ།། འདི་ཡིས་འགྲུབ་འགྱུར་གཞན་དུ་མིན།། དེ་ནས་གྲཱ་ན་གནས་པ་ཡི།། བུམ་པ་བཞིས་ཀྱང་དབང་བསྐུར་ཏེ།། ལྔ་པ་ཕྱག་ན་རྡོ་རྗེའིའོ།། ཕྱག་རྒྱ་ཉིད་ཀྱིས་དབང་བསྐུར་བྱ།། དེ་ལ་སོགས ་པའི་གོ་རིམས་བཞིན།། དཀྱིལ་འཁོར་བྲིས་ནས་དབང་བསྐུར་བས།། རྒྱལ་པོ་མ་ཡིན་རྒྱལ་པོར་འགྱུར།། རྒྱལ་པོ་ཡིན་ན་ཆེན་པོར་འགྱུར།། འཛམ་བུ་གླིང་དབང་དཔལ་དང་ལྡན།། གླིང་བཞི་པོ་ཡི ་བདག་པོ་མཆོག། ལན་བཞིར་དབང་ནི་བསྐུར་བ་དང་།། ལན་བཞིར་རབ་ཏུ་ཚུགས་ན་ནི།། དེ་ལ་རྡོ་རྗེ་འཛིན་རྒྱལ་བ་དག། རང་གི་བུ་བཞིན་བསྐྱང་བར་བྱ།། བདག་ཅག་རྒྱལ་ཆེན་བཞི་པོས་ཀྱང་། ་འབངས་དང་འཁོར་དུ་བཅས་པ་དང་།། ཡུལ་འཁོར་ཕོ་བྲང་བཅས་པ་ཡི།། རྒྱལ་པོས་རྟག་ཏུ་བསྐྱང་བགྱི་སྟེ།། དེ་ཡི་མ་རུངས་པ་རྣམས་དང་།། དེ་ཡི་ཕ་རོལ་སྡེ་དང་ནད།། འཆི་བདག་འཇིགས་པ ་མུ་གེ་དང་།། ཡམས་དང་ཉེར་འཚེ་གཞོམ་པར་བགྱི།། ངལ་བསོ་བོས་ནི་རྒྱས་པར་བགྱིད།། ཡུལ་འཁོར་སྲུང་གིས་ནི་བ་ཉིད།། ཕྱུགས་དང་གཉེན་བཅས་དུས་མིན་པའི།། འཆི་བདག་ལུས་འཕགས ་པོ་ཡིས་འཇོམས།། མིག་མི་བཟང་གིས་བདེ་བར་བྱེད།། མུ་གེ་ལ་སོགས་རྣམ་པར་འཇོམས།། མདོར་ན་བདག་གིས་དེ་ཡི་ནི།། རེ་བ་ཀུན་དང་བསམ་པ་ཀུན།། བགྱི་སྟེ་གལ་ཏེ་མ་ངེས་ན། ་ཕྱག་ན་རྡོ་རྗེ་བསླུས་པ་ཡིན།། དེ་ནས་ཕྱོགས་སྐྱོང་བཅུ་ས། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་ཀྱང་སེམས་ཅན་ཐམས་ཅད ་ལ་ཕན་པ་དང་བདེ་བའི་སླད་དུ་རང་རང་གི་སྙིང་པོ་རབ་ཏུ་དབུལ་ལོ།། འཇིག་རྟེན་སྐྱོང་བ་རྣམས་ལེགས་སོ་ལེགས་སོ།། དེ་ལེགས་པར་སྨྲོས་ཤིག། དེ་ནས་འབྱུང་པོའི་བདག་པོ་དབང་ལྡན་ལ་སོགས་པས ་རང་རང་གི་སྙིང་པོ་རྣམས་ཕུལ་བ། ཨོཾ་ཨཱི། ཨོཾ་ཡ~ཾ། ཨོཾ་ཨ། ཨོཾ་ཡ། ཨོཾ་རི། ཨོཾ་བཾ། ཨོཾ་ཡེ། ཨོཾ་ཀུ། ཨོཾ་ཨཾ། ཨོཾ་བཱ། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ། ་མགོན་པོ་དབུས་སུ་དེ་བཞིན་གཞག། ཕྱོགས་སྐྱོང་རང་གི་ཕྱོགས་ཀྱི་ཆར།། གཞག་བྱ་སྤྱན་སྔར་རྣམ་པ་གཉིས།། ཉི་མ་དང་ནི་ཕག་གི་གཟུགས།། སྒོ་སྐྱོང་རྣམས་ཀྱང་དེ་བཞིན་ནོ།། ་དེ་ནས་དེ་ཀུན་སྤྱན་དྲངས་ལ།། མཆོད་པ་ཀུན་གྱིས་མཆོད་པར་བྱ།། དེ་ནས་རང་ཉིད་ཞུགས་ནས་ཀྱང་།། སློབ་མ་རྣམས་ནི་གཞུག་བྱ་ཞིང་། ཕྱོགས་སྐྱོང་ལ་སོགས་སྔགས་བཟླས་པའི།། བུམ་པ་རྣམ ་ཀྱིས་དབང་བསྐུར་རོ།། དེ་ནས་ཕན་པར་འདོད་པ་ཡིས།། སྒྲུབ་ཕྱིར་སྙིང་པོ་སྦྱིན་པར་བྱ།། ཕྱོགས་སྐྱོང་རང་གི་ཕྱོགས་གནས་རྣམས།། བརྟག་མི་དགོས་པར་འགྲུབ་པར་འགྱུར།། དེ་ནས་དེ་དག་མགུནས ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་སུ་ཞིག་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བས་དཀྱིལ་འཁོར་འདིར་ཞུགས་ཏེ་དབང་བསྐུར་བ་འཛིན་པ་དང་། གཞན་ཡང་རིགས་ཀྱི་བུ་འམ་། རིགས་ཀྱི་བུ། ་མོ་དད་པ་དེ་དག་བཅོམ་ལྡན་འདས་བདག་ཅག་གིས་ཀུན་ནས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིའོ།། ཕ་རོལ་གྱི་སྡེ་རྣམས་གཞོམ་པར་བགྱིའོ།། དུས་དང་དུས་སུ་ཆར་དབབ་པར་བགྱིའོ།། ་དང་མེ་ཏོག་དང་། འབྲས་བུ་རྣམས་བསྐྱེད་པར་བགྱིའོ།། ། དེ་ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེས། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་བདག་གིས་རྒྱལ་པོ་ཆེན་པོ་དེའི་ཚེ་བསྲིང་བར་བགྱིའོ།། དུས་མ་ཡིན་པའི་འཆི་བ་བརྒྱད་པོ་སོ་སོར་དགག་པར་བགྲོའོ།། སྲིན་པོ་རྣམས་ཀྱི་བདག་པོ་ཆེན་པོ་བདེན་བྲལ་གྱིས་འདི་སྐད་ཅེས་གས ་ཏོ།། བཅོམ་ལྡན་འདས་བདག་གིས་རྒྱལ་པོ་ཆེན་པོ་དེ་དང་། རྒྱལ་པོ་ཆེན་པོའི་བུ་དང་། བྲམ་ཟེ་འམ། ཛེའུ་རིགས་སམསམི་གཞན་གང་ཡང་རུང་བ་དག་ལ་ནང་མེད་པ་དང་། ཡི་དགས་དང་། འདྲེས ་འཇིགས་པ་མེད་པ་དང་། སྲིན་པོ་ལ་སོགས་པའི་འཇིགས་པ་མེད་པ་དང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་མེད་པར་བགྱིའོ།། དུས་ཐམས་ཅད་དུ་བསྲུང་བ་དང་། བསྒྲུབ་པ་དང་ཀ་སྦ་བར་བགྱིའོ།། ་དེ་ནས་ཀླུའི་རྒྱལ་པོ་ཆེན་པོ་ཆུ་བདག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་དུས་ཐམས་ཅད་དུ་རྒྱལ་པོ་ང་དང་། ཡུལ་ཐམས་ཅད་ཀུན་ནས་སོ་སོར་བསྐྱང་བར་བགྱིའོ།། ་ཀུན་ཏུ་བསྲུང་བར་བགྱིའོ།། འབྲུ་རྣམས་ཀྱང་བསྐྱེད་པར་བགྱིའོ།། ཀླུའི་ཉེས་པ་རྣམས་མི་འབྱུང་བར་བགྱིའོ།། དུག་དང་ཐོག་ཀྱང་མི་འབྱུང་བར་བགྱིའོ།། མེ་ཏོག་དང་འབྲས་བུ་ཐམས་ཅད་ཀྱང ་ཡོངས་སུ་རྫོགས་པར་བགྱིའོ།། འཇིགས་པ་ཐམས་ཅད་ཀྱང་སོ་སོར་དགག་པར་བགྱིའོ།། ། དེ་ནས་རླུང་གི་བདག་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་ཀྱང་སེམས ་ཅན་ཆེན་པོ་དེ་དག་ལ་དུས་ཐམས་ཅད་དུ་རླུང་གི་འཇིགས་པ་མི་འབྱུང་བར་བགྱི། དུས་མ་ལགས་པའི་རླུང་མི་འབྱུང་བར་བགྱི། འབྲུ་དང་། མེ་ཏོག་དང་། འབྲུ་ཐམས་ཅད་ཀྱང་ཡོངས་སུ་བསྐྱེད་པར་བགྱིའོ།། ་དེ་ནས་གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་ལུས་ངན་པོས། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད ་ཅུ་དང་ལྷན་ཅིག་ཏུ་མཆིས་ཏེ། སྟོབས་དང་ལྡན་པས་སེམས་ཅན་ཆེན་པོ་དེ་ལ་དུས་ཐམས་ཅད་དུ་འཇིག་པ་ཐམ་སོ་སོར་དགག་པར་བགྱིའོ།། ནོར་དང་འབྲུ་ཐམས་ཅད་ལེགས་པར་འབྱོར། ་པར་བགྱིའོ།། རང་གི་སྐྱེ་བོ་དང་། ཡོངས་ཀྱི་སྐྱེ་བོ་དང་། ཡུལ་དང་ཀ་གནས་དང་། བྲན་དང་། སྣག་གི་གཉེན་དང་། གྲོགས་དང་། བུ་དང་། བུ་མོ་དང་། ཆུང་མ་ལ་སོགས་པའང་བསྲུང་བར་བགྱིའོ།། ་གླང་དང་། བ་དང་། བོང་བུ་དང་། རྔ་མོ་དང་། ལུག་དང་། མ་ཧེ་དང་། གླང་པོ་ཆེ་དང་། རྟ་དང་། ར་ལ་སོགས་པའང་བསྲུང་བར་བགྱིའོ།། ། དེ་ནས་འབྱུང་པོ་ཐམས་ཅད་ཀྱི་བདག་པོ་དབང་ལྡན ་གྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་རྒྱལ་པོ་དང་། རྒྱལ་པོའི་བུ་དང་། རྒྱལ་རིགས་དང་། བྲམ་ཟེ་རྣམས་འདི་དང་ཕ་རོལ་ཏུ་ཡོངས ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བཀྲ་ཤིས་པ་དང་། ཆད་པ་ཡོངས་སུ་སྤང་བ་དང་། དུག་གཞིལ་བ་དང་། དུག་གཞོམ་པ་དང་། མཚམས་བཅིང་བ ་དང་ས་གཞི་བཅིང་བ་དང་། ཕྱོགས་བཅིང་བ་དང་། རྡོ་རྗེའི་ར་བ་དང་། རྡོ་རྗེའི་ཕུར་བུས་གདབ་པ་དང་། རྡོ་རྗེའི་གུར་ཡང་བགྱིའོ།། དགོས་པ་ཐམས་ཅད་ལ་ཉེ་བར་གནས་པར་བགྱིའོ།། བྱ་བ་དང ་བྱ་བ་མ་ཡིན་པ་རྣམས་ཀྱི་མཚན་མཉེ་བར་བསྟན་པར་བགྱི། དགེ་བ་དང་དགེ་བ་མ་ཡིན་པ་ཐམས་ཅད་རྨི་ལམ་དུའང་བསྒོ་བར་བགྱི། གྲུབ་པ་ཐམས་ཅད་ལ་བགེགས་མ་མཆིས་པར་དངོས་གྲུབ་ཐམས་ཅད་ཀྱ ་སྩལ་བར་བགྱིའོ།། ། དེ་ནས་ཡང་ནམ་མཁའ་ལ་སྤྱོད་ཅིང་ནམ་མཁའ་ལ་འགྲོ་བའི་བདག་པོས། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག ་གིས་དུས་ཐམས་ཅད་དུ་རྒྱལ་པོ་དང་། རྒྱལ་པོའི་བུ་དང་། རྒྱལ་པོའི་བློན་པོ་དང་། བྲམ་ཟེ་དང་། རྒྱལ་རིགས་ལམ་ལ་གནས་པ་ཐམས་ཅད་ལ་བདག་ཉིད་འཁོར་ཐམས་ཅད་དང་བཅས་པ་མཆིས་ཏེ་བསྲུང་བ ་དང་བསྐྱབ་པ་དང་། སྦ་བ་ཀུན་ནས་བསྒྲུབ་པར་བགྱིའོ།། བགེགས་ཀྱི་གནས་ཐམས་ཅད་སོ་སོར་བཟློག་པར་བགྱིའོ།། ནར་ཐམས་ཅད་བསལ་བར་བགྱིའོ།། དུས་ཐམས་ཅད་དུ་ཕྱི་བཞིན་དུ ་འབྲང་བར་བགྱིའོ།། དེ་ནས་སའི་འོག་གི་བདག་པོ་ཕག་ཆེན་པོས་ཀྱང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་མིའི་བདག་པོ་དང་། ཇེའུ ་རིགས་དང་། བྲམ་ཟེ་དང་། དམངས་རིགས་དང་། གཞན་ཡང་རིགས་ཀྱི་བུ་དང་། རིགས་བུ་མོ་དད་པ་རྣམས་ཀྱི་དུས་ཐམས་ཅད་དུ་དོན་བསྒྲུབ་པར་བགྱིའོ།། འཇིགས་པ་ཐམས་ཅད་ལས་ཀྱང ་བསྲུང་བར་བགྱིའོ།། གཞན་ཡང་ཡོངས་སུ་བསྐྱབ་པར་བགྱིའོ།། དེ་ནས་གཟབ་ཆེན་པོ་བརྒྱད་འཁོར་རྒྱུ་སྐར་དང་བཅས་པ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་བདག་ཅག་འཁོར་དང་བཅས་པ་རྣམས་ཀྱིས་ཀྱང་རང་རང་གི་སྙིང་པོ་རྣམས་འབུལ་བར་འཚལ་ན། དེ་ལ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། ལེགས་སོ་ལེགས་སོ།། ངས་བྱིན་གྱིས ་བརླབས་ཀྱིས། གཟའ་ཆེན་པོ་རྣམས་ཤོད་ཅིག། དེ་ནས་ཉི་མ་ལ་སོགས་པའི་གཟའ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཕྱགས་འཚལ་ནས་སྤྲོས་པ། ཨོཾ་ཨ། མ་ལ།། ་ཨོཾ་ཨེ། ཨོཾ་བུ། ཨོཾ་པྲ། ཨོཾ་ཤུ། ཨོཾ་ས། ཨོཾ་ནཱ། དེ་ན་དེ་དག་གི་དཀྱིལ་འཁོར་འབྱུང་སྟེ། དབུས་སུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུགས་སུ་བྲིའོ།། མཐའ ་རྣམས་སུ་ནི་རྒྱ་མཚོ་ཆེན་པོ་བཞི་ཟའོ།། དེ་ཡི་མདུན་དུ་བཝ་སངས།། ཟླ་བ་རླབ་ཏུ་ཐོ་བར་བྱ།། གཡས་སུ་ཐུར་བུ་བྲི་བྱ་ཞིང་།། གཡོན་དུ་ལྷག་པབྲི་བར་བྱ།། མེ་ཡི་གནས་སུ་མིག་དམ་པ་ཉིད།། ཆུང ་ཕྱོགས་སུ་ཉི་མ་སྟེ། དབང་ལྡན་དུ་ནི་སྤེན་པ་ཉིད།། སྲིན་པོའི་ཕྱོགས་སུ་སྒྲ་གཅན་བྲི།། དཀྱིལ་འཁོར་ཕྱི་རོལ་ཁོར་ཡུག་ཏུ།། རྒྱུ་སྐར་ཐམས་ཅད་བྲི་བར་བྱ།། སྒོ་སྐོར་དེ་བཞིན་སྒོ་བ་རྣམས།། ཆོས ་པའི་ཡིད་དུ་བྲི་བར་བྱ།། རྡོ་རྗེ་འཛིན་པས་འཇུག་བྱ་སྟེ།། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས།། ཐམས་ཅད་ཀྱང་ནི་སྤྱན་དྲང་ངོ་།། དེ་ནས་སློབ་མ་རྣམས་བཞུག་སྟེ།། ཨོཾ་བཛྲ་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲས? ་ཧ་ས་མ་ཡེ་ཧཱུཾ། ཨོཾ་བཛྲ་གྲ་ཧ་པྲ་ཏཱིཙྪ་ཧཱུཾ། དེ་ནས་གཟའ་བརྒྱད་སྔགས་ནི་བསྔགས་པ་ཡིས།། བུམ་པ་བརྒྱད་པོ་རྣམས་ཀྱིས་དབང་བསྐུར་རོ།། དེ་ནས་རྡོ་རྗེ་ཕྱག་རྒྱས་དབང་བསྐུར་ཏེ། དེ་ནས་གཟའ ་ནམས་ཐམས་ཅད་བསྒྲུབ་པར་བྱའོ།། དེ་ནས་གཟའ་ཆེན་པོ་དེ་དག་གིས། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གཔའ་ཆེན་པོ་བརྒྱད་ཀྱིས ་རྒྱལ་པོ་ཆེན་པོ་དེ་དང་། རྒྱལ་པོའི་བུ་ལ་ཀུན་ཏུ་དུས་ཐམས་ཅད་དུ་དེ་ཁོ་ན་བཞིན་དུ་ཐམས་ཅད་བགྱིའོ།། དེ་ནས་རྒྱུ་སྐར་དང་། སྐད་ཅིག་དང་། ཟང་ཅིག་དང་། ཡུད་ཙམ་རྣམས་སོ།། ་ཆོས་དང་། སྦྱོར་བ་དང་། ཁྱིམ་དང་། དུས་སྤྱོང་དང་། མཇུག་བོང་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་དེ་བཞིན་དུ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་བདག་ཅག་གིས་ཀྱང་དུས་ཐམས་ཅད་དུ་སེམས་ཅན་ཆེན་པོའི་བཀའ་མི་བཅག་ཅིང་དཔོན་པོ་བཞིན་དུ་བསྐྱང་བར་བགྱིའོ།། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི ་ཕོ་བྲང་གི་གནས་ཐམས་ཅད་སོ་སོར་བསྐྱབ་པར་བགྱིའོ།། འཇིགས་པ་ཆེན་པོ་འབྱུང་བའི་ཚེ་ནའང་ངེས་བདག་ཅག་མཆོད་ན་གདོན་མི་འཚལ་བར་འཇིགས་པ་དེ་མི་འབྱུང་ངོ་།། ། དེན ་ཀླུ་ཆེན་པོ་བརྒྱད་ཀྱིས་ཕུད་ཅེས་བྱ་བའི་སྒྲས་བཅོམ་ལྡན་འདས་མཉེས་པར་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་རྣམས་ཀྱི་གསང་བའི་སྙིང་པོ་རྣམས་འབུལ་ལོ།། ཀླུ་ཆེན ་པོ་རྣམས་ལེགས་སོ་ལེགས་སོ།། གསང་བའི་སྙིང་པོ་རྣམས་ཕུལ་ཅིག། དེ་ནས་དེ་དག་མགུ་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། ཨོཾ་ཕུ། ཨོཾ་ཕུ། ཨོཾ་ཕེཾ། ཨོཾ་ཕུ ་ཨོཾ་བཱི། ཨོཾ་ཕེཾ། ཨོཾ་གོ། ཨོ། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དོ།། པདྨ་ཆེན་པོ་འདབ་བརྒྱད་པ།། ཁ་དོག་དཀར་པོ་ལེགས་པར་བྲི།། དཀྱིལ་འཁོར་དེ་ཡི་དབུས་བཞུགས་པ།། ཕྱག་ན་རྡོ་རྗེར ་ཏུ་ནག། སྦྲུལ་མགོ་མཐའ་ཡས་གདེངས་ཀ་བདུན།། ལྟོས་འགྲོ་ཆེན་པོ་བསྡིགས་པ་བྲི།། མཐའ་ཡས་འཇོག་པོ་དེ་བཞིན་དུ།། སྟོབས་ཀྱི་རྒྱུ་དང་རིགས་ལྡན་དང་། ་རྒྱུརྒྱས་བུ་དང་དུང་སྐྱོང་དང་།། པདྨ་ཆུ་བདག་དེ་བཞིན་དུ།། མདོར་ན་འདབ་མ་རེ་རེ་ལ།། དེ་དག་སྦྲུལ་མགོ་འབར་བ་བྲི།། སྦྲུལ་མགོ་བདུན་བདུན་ཆུང་མ་ཡིས།། མགུལ་ནས་འཁྱུང་དང་བཅས་པ ་བྲིད་དབུམ་པ་བརྒྱད་རྣམས་གཞག་བྱ་སྟེ།། གཏོར་མ་ལྷ་བཤོས་མཛེས་པ་དང་། མར་དང་འོ་མ་སྦྲང་རྩིར་བཅས།། བཅོས་པའི་དབྱེ་བ་རྣམས་ཀྱང་ངོ་།། རྡོ་རྗེའི་བདག་ཉིད་བཙུགས་པ་ནི།། སྦྲུལ་མགོས ་སྦྲུལ་མགོ་ཅན་རྣམས་དགུག། ཕུད་ཅེས་བྱ་བ་ལྷན་ཅིག་སྟེ།། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དོ།། དེ་ནས་རྒྱལ་པོ་འམ་རྒྱལ་རིགས་ནི།། དེ་དག་ཐམས་ཅད་བཅུག་ནས་སུ།། དུག་གི་ཉེས་སྐྱོན་བསལ་བའི་ཕྱིར།། ་ཕུད་ཅེས་བྱ་བས་དབང་བསྐུར་རོ།། དེ་ནས་མིང་ཙམ་བཟུང་བས་ཀྱང་།། ཀླུ་རྣམས་དེ་དག་ཐམས་ཅད་འགྲུབ།། དེ་ནས་དེ་དག་ཀུན་མགུ་ནས།། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ།། སྤྱན་སྔར་ཐལ ་མོ་སྦྱར་འཁོད་ནས།། སྨན་ལམ་རབ་ཏུ་འདེབས་པར་འགྱུར།། བཅོམ་ལྡན་འདས་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དགའ་བ་གང་དག་དཀྱིལ་འཁོར་འདིར་ཞུགས་པ་དེ་དག ་བསླུས་པར་གྱུར་ན། དེའི་ཚེ་བཅོམ་ལྡན་འདས་འདི་ཉིད་ལ་བསླུས་པར་གྱུར་ཅིག། དེའི་ཚེ་བདག་ཅག་བྱེ་ཚན་གྱིས་བསྲེགས་པར་གྱུར་ཅིག། རྡོ་རྗེ་ཀུན་ཏུ་འབར་བས་བདག་ཅག་གི་མགོ་འགེམས་པར ་གྱུང་ཅིག། རྟག་པར་དུས་ཐམས་ཅད་དུ་སེམས་ཅན་ཆེན་པོ་བསྲུང་བ་དང་། བསླབ་པ་དང་། སླ་བར་བརྒྱལ་། གཟི་བྱེར་ཆེན་པོ་དང་། སྟོབས་དང་། བརྩོན་འགྲུས་བསྐྱེད་པར་བགྱིའོ་། དེའི་དུས ་ནམས་དྲུག་མ་མཆིས་པར་བགྱིའོ།། དུས་དང་དུས་སུ་ཆར་དབབ་པར་བགྱིའོ།། མེ་ཏོག་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ།། ཕ་རོལ་གྱི་གཡུལ་ཐམས་ཅད་ལ་དུས་དང་དུས་མ་ཡིན་པའི་ཆར་དཔས ་པར་བགྱིའོ།། འཇིག་རྟེན་པ་ཐམས་ཅད་བསྐྱེད་པར་བགྱིའོ།། རྒྱལ་བའི་བཀའ་དང་རྡོ་རྗེ་འཛིན་པའི་བཀའ་རབ་ཏུ་བསྒྲུབ་པར་བགྱིའོ།། དེ་ནས་སྒྲུབ་པ་བཤད་དེ། ལྷ་རྫས་འོད་འཕྲོ་དཀར་པོ་ཅན། ་ཀླུ་རྣམས་འདུད་པས་གནས་པ་ཡིས།། རྡོ་རྗེ་འཛིན་གཙོ་བསམས་ནས་ནི།། ཕུད་ཅེས་བྱ་བ་འབུམ་དུ་བཟླས།། དེ་ནས་དུག་གིས་ཟིན་པ་ལ།། བུད་ཅེས་བྱ་བའི་དཀྱིལ་འཁོར་ནི།། ལྷ་རྫས་འོད་ཟེར ་འབྲིང་བ་འཁྲིགས།། བསམས་ནས་དེ་ལ་ཕུང་ཡིག་བསམ།། ལག་པ་སྦྲུལ་མགོ་ཞགས་འདྲ་དང་།། ཕུད་ཀྱི་རླུང་གིས་པགས་པ་ཤ། རུས་གནས་ཕུད་ཀྱི་རྣམ་པའི་དུག། མཐའ་དག་དྲངས་ཏེ་གས ་བར་བྱ།། དེ་ནས་ལས་རྣམས་ཀུན་བྱེད་ཅིང་།། དུག་རིམས་དུག་སྦྱར་ལ་སོགས་པ།། ཁུ་ཚུར་གྱིས་ཀྱང་ཀུན་སེལ་ན།། སྦྲུལ་མགོའི་ཕྱག་རྒྱས་སྨོས་ཅི་དགོས། དེ་ནས་ལྟོ་འཕྱེ་ཆེན ་བོའི་བདག་པོ་འཇིགས་བྱེད་ཆེན་པོའི་མ་མོ་ཆེན་པོ་བརྒྱད་ཀྱིས་བསྐོར་བས། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གི་འཇིགས་པ་དང་མ་མོ ་རྣམས་ཀྱི་འཇིགས་པས་ཤ་གྷ་དང་ཀླུ་ལ་སོགས་པ་ཀུན་ཏུ་སྐྲག་རྣམ་པར་སྐྲག་སྟེ་ཁ་སྦུབ་ཏུ་འགྱེལ་ནས་གོས་དང་བྲལ་ཏེ། སེམས་སྟོར་ནས་ཀུན་ཏུ་འཕྱན་པ་དག་ལ་ཕན ་གདགས་པའི་སླད་དུ་བདག་ཅག་གི་སྙིང་པོ་འབུལ་བར་འཚལ་གྱིས། བཅོམ་ལྡན་འདས་ཀྱིས་དེ་ལེགས་པར་བྱིན་གྱིས་བརླབ་ཏུ་གསོལ། འཇིགས་བྱེད་ཆེན་པོ་ལེགས་སོ་ལེགས་སོ།། རབ་ཏུ་འཇིགས ་པར་བྱེད་པས་རང་ཉིད་དང་ལྷའི་བུ་མོ་ཐམས་ཅད་ཀྱི་སྙིང་པོ་རྣམས་ཤོད་ཅིག། དེ་ནས་འཇིགས་བྱེད་ཆེན་པོས་འཇིགས་པར་བྱེད་པའི་སྒྲ་བྱུང་ནས་འདི་སྐད་ཅེས་གསོལ་ཏོ།། ཨོཾ་བྷཻ་ར་བ་བྷཻ་ར་སྭཱ་ཧཱ། ཨོཾ་བྷ ་སྭ་ཧཱ། ཨོཾ་བྷི་སྭཱ་ཧཱ། ཨོཾ་བྷུ་སྭཱ་ཧཱ། ཨོཾ་བྷེ་སྭཱ་ཧཱ། ཨོཾ་བྷཾ་སྭཧྨ། ཨོཾ་བྷོ་སྭཱ་ཧཱ། ཨོཾ་བྷཾ་སྭཱ་ཧཱ། ཨོཾ་བྷཿསྭཱ་ཧཱ། བཅོམ་ལྡན་འཇིགས་བྱེད་ཆེན་པོ་ནི།། བརྒྱད་པོ་དེ་དག་ག་དམ་ངག་ཉན།། དེ་ནས་དེ་དག་གི། ་དཀྱིལ་འཁོར་བཤད་དེ། འཁོར་ལོ་ཆེན་པོ་རྩིབ་ས་བརྒྱད་བྲི།། དབུས་སུ་ཕྱག་ན་རྡོ་རྗེ་ནི།། ཁྲོ་བོ་ཆེན་པོ་འཇིག་རྟེན་གསུམ།། རྣམ་པར་རྒྱལ་བ་ཞེས་བྱ་གཞག། དེ་ཡི་ཞབས་འོག་མ་རུངས་པ།། འཇིག ་བྱེད་རྣམས་ཀྱི་བདག་པོ་ཆེ།། འཇིགས་བྱེད་མ་དང་བཅས་པ་བྲི།། རྩིབས་ཀྱི་ནང་རྣམས་ཐམས་ཅད་དུ།། གཞན་ཡང་འཇིགས་བྱེད་བརྒྱད་པ་ནི།། མ་མོ་རྣམས་དང་ལྡན་པ་ནི།། ཁྲོས་པའི་བཞིན་དང ་ཡིད་ཁྲོས་པར།། ཅི་བདེ་བར་ནི་བྲི་བར་བྱ།། འདིར་ནི་སྒོ་སྒོར་དེ་བཞིན་དུ།། སྒོ་བ་ཤིན་ཏུ་ཁྲོས་ལྡན་བྲི།། དེ་ནས་ལྕགས་ཀྱུ་ལ་སོགས་པས།། བཀུག་སྟེ་མགོ་བོའིའཐོད་པ་ནི།། ཁྲག་གིས་གང་བས ་མཆོད་ནས་སུ།། ཤཱ་ཆང་གཏོར་མ་བབང་པོ་དང་།། སྣོད་རྣམས་ཁྲག་གིས་བཀང་བ་དང་།། མགོ་ཟོང་མགོ་ཡི་དུམ་བུ་དང་།། ཁྲག་གམ་ཆང་བཀང་བུམ་པ་བརྒྱད།། དཀྱིལ་འཁོར་འདིར་ནིགས། ་པར་བྱ།། དེ་ནས་འཇིག་རྟེན་གསུམ་རྣམ་རྒྱལ།། མཆོག་གིས་སློབ་མ་རྣམས་གཞུག་བྱ།། ཐོད་པ་དང་ནི་བུམ་པ་ཡང་།། བརྒྱད་པོ་རྣམས་ཀྱིས་དབང་བསྐུར་རོ།། དེ་ནས་ལས་རྣམས་སྦྱིན་པར་བྱ།། མ ་མོའི་ཁྱིམ་མམ་མཚན་གཅིག་པར།། འཇིག་རྟེན་གསུམ་ནི་འདུལ་བའི་མཆོག། ཚུལ་བཞིན་དུ་ནི་མཆོད་བྱས་ནས།། འབུམ་ཕྲག་བཞིར་ནི་བཟླས་པར་བྱ།། དེ་ནས་འཇིགས་པར་བྱེད་པའི་སྒྲ། ་བདག་ཉིད་ཆེན་པོས་ཐོས་གྱུར་ཏེ།། མི་འཇིགས་པ་ནི་ཐོད་པ་རུ།། ཁྲག་མཆོག་བཀང་བའི་ཨརྒ་དབུལ།། དེ་ནས་ཁྲོ་བོ་འཇིགས་བྱེད་པ།། མ་རུངས་ཡིད་ཅན་མ་མོ་ནི།། ཚོགས་ཀྱིས་བསྐོར་བ་མཐོང་བར ་འགྱུར།། དེ་མཐོང་འཇིགས་པ་མེད་བྱས་ལ།། ཙཱུ་ཞེས་བྱ་བ་དྲན་བྱེད་ཅིང་།། ཤ་འམ་ཡང་ན་ཆང་མཆོག་གིས།། ཐོད་པ་བཀང་སྟེ་དབུལ་བར་བྱ།། དེ་ནས་འཇིགས་བྱེད་མ་རུངས་འཇོམས།། མགུ་ཞིང ་རབ་ཏུ་འགྲུབ་གྱུར་ནས།། ཅི་འདོད་སྨོས་ཤིག་ཅེས་བྱ་བ།། མགུ་བའི་ཡིད་ཀྱིས་དེ་སྦྱིན་བྱེད།། ས་རྣམས་སྦྱིན་པ་མ་གཏོགས་པར།། རོ་དང་བཅུད་ལེན་རྫས་དང་ནི།། རལ་གྲི་འཁོར་ལོ་རྩེ་གསུམ་དང་།། ་མཐོ་རེས་སྟེངས་ས་འོག་དང་།། གླིང་དང་གླིང་བཞིའི་རྒྱལ་སྲིད་དང་།། བརྒྱ་བྱིན་ཉིད་དང་གནོད་སྦྱིན་དབང་།། སྲིན་པོ་ཉིད་དང་རིག་འཛིན་ཉིད།། རིག་འཛིན་འཁོར་ལོས་སྒྱུར་བ་ཉིད།། འཇིག ་རྟེན་གསུམ་གྱི་བདག་པོ་ཉིད།། བཀའ་ཉན་ཉིད་ཀྱང་རང་ཉིད་ངམ།། མ་མོའི་ཚོགས་རྣམས་སྟེར་བར་འགྱུར།། དངོས་གྲུབ་གང་ཡང་རུང་བ་ནི།། ཇི་ལྟར་འདོད་པ་བླང་བར་བྱ།། ཧཱུཾ་གི་ནམ ་པར་མངོན་ཕྱོགས་ཤིང་།། བྱིན་ནས་དགོད་ཅིང་འགྲོ་བར་བྱེད།། སྐྲག་ན་དེ་མ་ཐག་ཏུ་གསོད།། ། དེ་ནས་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་རྣམས་ཀྱིས། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་ཀྱང་བཀའ་གནང་ན་རང་གི་རྟོག་པ་བཤད་པར་འཚལ་གྱིས།། དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བར་དགོངས་ཏེ་བྱིན་གྱིས་བརླབ་པར ་གསོལ། དེ་ནས་ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱིས་རང་རང་གི་སྙིང་པོ་རྣམས་བཤད་དོ།། ཨོཾ་ཨ། ཨོཾ་བི། ཨོཾ་རུ། ཨོཾ་ཨི། ཨོཾ་ཀཾ། ཨོཾ་ག། ཨོཾ་བྲི། ཨོཾ་ཀ། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། ་དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ།། དབུས་སུ་འཇིག་རྟེན་གསུམ་འདུལ་བ།། དེ་ཡི་མདུན་དུ་དཔའ་བོ་ནི།། དབང་ཕྱུག་ལག་ན་རྩེ་གསུམ་བྲི།། རྒྱབ་ཏུ་ཚངས་པའི་རྣམ་པར་བྲི།། གཡོན་དུ་ལག་ན་འཁོར་ལོ།། ་བྲིད་དག་ཡས་ན་དབང་པོ་རང་ཉིད་ཀྱི།། ཕྱག་རྒྱའི་མཚན་མ་ལག་ཐོགས་བྲི།། སྒོ་སྐྱོང་རང་བཞིན་འདིར་དེ་རྣམས།། ཆུང་མ་རང་གི་དཀྱིལ་འཁོར་དུ།། བུམ་པ་བུམ་པ་བཀང་བ་ཡང་།། ཕྱི་རོལ་དཀྱིལ་འཁོར ་དུ་ནི་གཞག། སྟོབས་བཟང་ལ་སོགས་མཐུ་ཆེན་ཡང་།། དེ་ནས་འཇུག་བྱ་ལྷ་རྣམས་ཡིན།། མཁས་པས་ཀུན་ནས་སྤྱན་དྲངས་ཤིང་།། ཛཿཧཱུཾ་བཾ་ཧོས་ལྷ་ཐམས་ཅད།། ཕོ་བྲང་དམ་པར་འཇུག་པར ་མཛོད་འདི་ནས་དེ་རྣམས་གཤེགས་བལྟས་ནས།། དགའ་བ་ཆེན་པོ་མཆོད་པར་བྱ།། དེ་ནས་རྡོ་རྗེ་འཛིན་པ་ཡིས།། ཕྱག་རྒྱ་སློབ་མ་རྣམས་གཟུག་སྟེ།། ཨོཾ་པྲ་ཏི་ཙྪཙྪ་མ་ཐཱས་ཏྭ་བཛྲ་དྷ་ར་ཨ་ཛྭཱ་ལ་དྷ་\ུ0f7f། ་ཧཱཧཧོ། མེ་ཏོག་ཇི་ལྟ་བཞིན་དུ་དོང་།། མིག་ཕྱེ་ནས་ནི་བསྟན་པར་བྱ།། དེ་ནས་མངོན་པར་བསྔགས་པ་ཡི།། བུམ་པའི་ཆུ་ཡིས་དབང་བསྐུར་རོ།། དེ་ནས་ལྷ་རྣམས་གང་འདོད་པ། དངོས་གྲུབ་རབ་ཏུ ་སྦྱིན་པར་བྱ།། འབུམ་ཕྲག་གཅིག་གམ་འབུམ་ཕྲག་གཉིས།། སྔོན་དུ་བསྙེན་པ་བྱས་ནས་ནི།། དབང་ཕྱུག་ལ་སོགས་ལྷ་མཆོག་ནི།། དེ་རྣམས་སྒྲུབ་པ་པོ་ཡིས་འགྲུབ།། མཚན་མ་གཅིག་པ་ལ་སོ། ་སུ་འམ།། ཡང་ན་ཕྱག་ན་རྡོ་རྗེའི་གནས།། དེ་བཞིན་གཤེགས་པའི་ཕོ་བྲང་ངམ།། རིང་བསྲེལ་ལྡན་པའི་མཆོད་རྟེན་དུ།། ལྷ་རྣམས་ཐམས་ཅད་ཆོ་ག་བཞིན།། སྒྲུབ་པ་པོ་ཡིས་རྟག་ཏུ་སྒྲུབ།། དེ་ནས་ནམ ་ཕྱེད་ན་ནི་ལྷ།། འོངས་ནས་ཁྱོད་ཀྱི་འདོད་པ་ཅི།། ཇི་ལྟར་བདེ་ཞིང་ཕན་པ་ནི།། སྦྱིན་ཞིང་ངེས་པར་གོ་བར་བྱེད།། བཟང་པོ་མྱུར་དུ་སེམས་ཏེ་སྨྲོས།། གང་ཕྱིར་མཆོག་ནི་ཁྱོད་ལ་སྦྱིན།། དེ་ནས་སྔགས་ཤེས ་དངོས་གྲུབ་དང་།། མཆོག་གི་ལྷ་ལ་གསོལ་བ་གདབ།། ལྷ་རྫས་བཅུད་དང་བཅུད་ལེན་དང་།། མི་སྣང་བ་དང་མཁའ་འགྲོ་དང་།། རིལ་བུ་རྒྱལ་སྲིད་རྫས་ལ་སོགས།། ཡིད་འདོད་ཚད་མེད་གསོལ་བ ་གདག། དེ་ནས་དབང་ཕྱུག་ཆེན་པོ་ལ་སོགས་པས། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་དག་འཇིག་རྟེན་དང་འཇིག་རྟེན་ལས་འདས ་པའི་དཀྱིལ་འཁོར་དུ་ཞུགས་པ་དེ་དག་གིས་བཅོམ་ལྡན་འདས་བདག་ཅག་ལྷ་རྣམས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱང་ངོ་།། མཐོ་རིས་ཀྱི་ལམ་བསྟན་པར་བགྱིའོ།། བདེ་འགྲོམ ་ལམ་བསྟན་པར་བགྱིའོ།། དམ་པའི་ཆོས་ཀྱི་ལམ་བསྟན་པར་བགྱིའོ།། སྒྲིབ་པ་མ་མཆིས་པའི་ལམ་བསྟན་པར་བགྱིའོ།། རྣམ་པར་འབྱོད་པའི་ལམ་བསྟན་པར་བགྱིའོ།། ངེས་པར་འབྱུང་བའི་ལམ་བསྟན ་པར་བགྱིའོ།། མྱ་ངན་ལས་འདས་པའི་ལམ་བསྟན་པར་བགྱིའོ།། སྤོང་བའི་ལམ་བསྟན་པར་བགྱིའོ།། ཉོན་མོངས་པ་མེད་པའི་ལམ་བསྟན་པར་བགྱིའོ།། སངས་རྒྱས་ཉིད་དུ་འགྲུབ་པའི་ལམ་བསྟན་པར་བགྱིས ་བྱང་ཆུབ་སེམས་དཔའི་ཉིད་དུ་འགྲུབ་པའི་ལམ་བསྟན་པར་བགྱིའོ།། རྡོ་རྗེ་འཛིན་པ་ཉིད་དུ་འགྲུབ་པའི་ལམ་བསྟན་པར་བགྱིའོ།། དུས་ཐམས་ཅད་དུ་འཇིགས་པ་ཐམས་ཅད་ལས་བསྲུང་བ་དང་། བསྐྱབ་པ། ་དང་། སྦ་བར་བགྱིའོ།། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་བསྲུང་བར་བགྱིའོ།། ཡུལ་དང་། ཕྱོགས་དང་། གྲོང་འཁོར་རྣམས་ཀྱང ་བསྲུང་བར་བགྱིའོ།། རྒྱལ་པོའང་སྩལ་བར་བགྱིའོ།། རྒྱལ་པོ་ཐོབ་པའི་རྒྱལ་པོ་ཆེ་བར་བགྱིའོ།། གླིང་གཅིག་དང་། གླིང་གཉིས་དང་། གླིང་གསུམ་དང་། གླིང་བཞི་པ་དང་། བདེ་འགྲོ་དང་། ས་སྟེངས ་དང་ན་ས་འོག་གི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་སྩལ་བར་བགྱིའོ།། མདོར་ན་བརྒྱ་བྱིན་ཉིད་དང་། ཚངས་པ་ཉིད་དང་། ཁྱབ་འཇུག་ཉིད་དང་། དབང་ཕྱུག་ཆེན་པོ་ཉིད་ཀྱང་སྩལ་བར་བགྱིའོ།། ་དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སླར་ཡང་ཉིད་ཀྱི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་འཛུམ་པ་མཛད་དོ།། དེ་ནས་འཁོར་གྱི་དཀྱིལ་འཁོར་དེ་དག་གཡོས། རབ་ཏུ་གཡོས། ཡང་དག་པར་རབ་ཏུ ་གཡོས་འགུལ། རབ་ཏུ་འགུལ། ཡང་དག་པར་རབ་ཏུ་འགུལ། འབར། རབ་ཏུ་འབར། ཡང་དག་པར་རབ་ཏུ་འབར། དགའ། རབ་ཏུ་དགའ། ཡང་དག་པར་རབ་ཏུ་དགའརྩེ། རབ་ཏུ་རྩེག་ཡང་དག ་པར་རབ་ཏུ་རྩེ་ཞིང་ངོ་མཚར་རྨད་དུ་བྱུང་བ་ཡང་དག་པར་རབ་ཏུ་མཐོང་ངོ་།། དེ་ནས་ཚངས་པ་ལ་སོགས་པའི་ལྷ་རྣམས་ཤིན་ཏུ་ཡ་མཚན་སྐྱེས་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ། ་ཏོ།། བཅོམ་ལྡན་འདས་འཛུམ་པ་མཛད་པ་འདིའི་རྒྱུ་གང་ལགས། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་རྒྱུ་མ་མཆིས་པར་འཛུམ་པ་མི་མཛད་དོ།། བཅོམ་ལྡན་འདས་དེའི ་ཕྱིར་འཛུམ་པ་མཛད་པའི་རྒྱུ་ལུང་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ལྷ་རྣམས་ཀྱིས་གསོལ་བའི་ཚིག་གསན་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་ལ་སོགས་པ་ལྷ་རྣམས ་གང་སྔོན་སངས་རྒྱས་ཐམས་ཅད་ཀྱིས་བཤད་པ་འཆི་བདག་ཞི་བར་བྱེད་པའི་རིག་པ་དང་། དུས་མ་ཡིན་པར་འཆི་བ་འཇོམས་པར་བྱེད་པའི་རིག་པའི་སྔགས་གཟི་བརྗིད་ཆེན་པོ་ཉོན་ཅིག། དེ་ནས་བཅོམ་ལྡན ་འདས་ཕྱག་ན་ངོ་མལ། ཚངས་པ་ལ་སོགས་པའི་ལྷ་རྣམས་ཀུན་ཏུ་དགའ་ནིང་པ་སྤུ་ལངས་ཤིང་ཕྱག་འཚལ་ནས་ལེགས་སོ་ཞེས་བྱ་བ་རབ་ཏུ་ཕུལ་ཏེ། བཅོམ་ལྡན་འདས་ལེགས་སོ་ལེགས་སོ།། རྡོ་རྗེ ་འཛིན་པ་ལེགས་སོ་ལེགས་སོ།། གང་གིས་ཚེ་ཐུང་བའི་སེམས་ཅན་རྣམས་ཚེ་རིང་བར་འགྱུར་བ་དང་། དུས་མ་ཡིན་པའི་འཆི་བདག་གིས་ཟིན་པ་རྣམས་དུས་མ་ཡིན་པར་འཆི་བ ་ལས་རྣམ་པར་གྲོལ་བ་དང་། ངན་སོང་དུ་སྐྱེས་པའི་སེམས་ཅན་རྣམས་ངན་སོང་ལས་ཇི་ལྟར་གྲོལ་བ་དང་། འཁོར་བའི་འཇིགས་པས་སྐྲག་པའི་སེམས་ཅན་རྣམས་བདེ་བའི་ཐབས་ཀྱི་འཁོར་བ་ལ་རྒྱབ་ཀྱིས། ་ཕྱོགས་པར་འགྱུར་ཞིང་། མྱུར་བ་ཉིད་དུ་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་གཟི་བརྗིད་ཆེ་ཞིང་སྟོབས་ཆེ་བ་ཕ་རོལ་གནོན་པའི་རིག་པ་བཤད།། ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱིས་གསོལ་བ་འདེབས་པའི་ཚིག་གསན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རིག་པ་འདི་རང་གི་སྐུ་གསུང། ་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ་ཨ་པ་རི་མི་ཏ་ཨཱ་ཡུཿཔུ་ཎྱེ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ་སྭཱ་ཧཱ། སྙིང་པོའི་རིག་པའོ།། ཨོཾ་བ་ཛ~ཾ་སྭཱ་ཧཱ། ཉེ་བའི་སྙིང་པོའི་རིག་པའོ།། ཨོཾ་བྷྲཱུཾ་སྭཱ་ཧཱ། སྙིང་པོའི་ཉེ ་བའི་སྙིང་པོའི་རིག་པའོ།། ཨོཾ་ཏཱཾ་སྭཱ་ཧཱ། སྙིང་པོ་ཡང་དག་པར་བསྐུལ་བའི་རིག་པའོ།། ཨོཾ་ཏཱཾ་སྭཱ་ཧཱ། སྙིང་པོ་དམ་པའོ།། ཨོཾ་ཧྲཱིཿསྭཱ་ཧཱ་། གསང་བའི་སྙིང་པོའོ།། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ།། ་དཀྱིལ་འཁོར་རྩིབས་བཞི་པར་བྱས་ལ། དེའི་དབུས་སུ་དེ་བཞིན་གཤེགས་པ་ཚེ་དང་། བསེད་རྣམས་དང་། ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པགཟི་བརྗིད་ཀྱི་རྒྱལ་བ་ཞེས་བྱ་བ་གཞག་སྟེ། བྷཱུཾ་ཤེས་བྱབ། ་གླིང་བའོ།། དེའི་སྤྱན་སྦྱར་ཕྱག་ནརྡོ་རྗེ་སྟེ། བཛྲཱི་ཞེས་བྱ་བ་འབྱུང་བའོ།། གཡོན་དུ་མ་ཁྲོ་ཟ་སྟེ། ག་ཞེས་བྱ་བའི་སྲིང་བའོ།། གཡས་སུ་ནམ་མཁའི་སྙིང་པོ་སྟེ་། ཧཱུཾ་ཞེས་བྱ་བའི་སྙིང་པའོ།། ཆུབ་ཏུ ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མི་འཇིགས་པའི་སྦྱིན་པ་ཞེས་བྱ་བ་སྟེ། ཧྲཱིཿཞེས་བྱ་བའི་སྙིང་པོའོ།། དེ་བཞིན་གཤེགས་པའི་འོད་ཀྱི་དཀྱིལ་འཁོར་ལ་རེག་པར་བྲིའོ།། བུམ་པ་ལྔ་དང་བརྒྱད། ་འཁོར་ལོས་སྒྱུར་བའི་སྔགས་ཀྱིས་བཏབ་ལ་གཞག་གོ་། ག་ལས་ཐམས་ཅད་པས་མངོན་པར་བསྔགས་པ་ཡང་ངོ་།། བདུག་པ་ལ་སོགས་གཞག་གོ།། མཆོད་པའི་དང་པོ་ཅན་སྒོ་སྐྱོང་ཐམས་ཅད་ཉིད་ཀྱང་ངོ་། ་དེ་ནས་སྔགས་པ་ཡང་དག་པར་འཇུག་པའི་ཕྱིར་བདེ་བར་གཤེགས་པ་དམ་པ་སྲས་དང་བཅས་པ་འཁོར་གྱི་ཚོགས་ཀྱིས་བསྐོར་བ་རིག་པ་དང་ལྷན་ཅིག་སྤྱན་དྲང་ངོ་།། རིག་པའང་བདེ་བར་གཤེགས་པའི་གཡོན ་གྱི་ལོགས་སུ་བྲིའོ།། དེ་ནས་བདག་ཉིད་དབང་བསྐུར་ཏེ་སྐྱིལ་མོ་ཀྲུང་གིས་འདུག་ལ་སྟོང་ཕྲག་བརྒྱར་བཟླས་སོ།། དེ་བཞིན་གཤེགས་པ་མངོན་སུམ་དུ་མཐོང་བར་འགྱུར་ཞིང་རྡོ་རྗེ་འཛིན་པའམ། འཕགས་པ ་སྤྱན་རས་གཟིགས་དབང་ཕྱུག་གམ། ཇི་ལྟར་འདོད་པའི་མཆོག་སོ་སོར་ཐོབ་བོ།། གང་གི་ཚེ་མཉམ་པར་བཞག་པ་དེའི་ཚེ་ཡིད་ཀྱིས་ལས་ཐམས་ཅད་ནུས་པར་འགྱུར་རོ།། དེ་ནས་སློབ་མ་རྣམས་གཞུག་སྟེ ་ཇི་འཛིན་པའི་ཕྱག་རྒྱས་ང་རྒྱལ་འདིར་བསྐྱེད་པར་བྱའོ།། ཨོཾ་བཛྲ་དྷ་ར། རཏྣ་དྷ་ར། པདྨ་དྷ་ར། བི་ཤྭ་དྷ་ར། ཏ་ཐཱ་ག་ཏ་ས་མ་ཡ་ཨ་ན་ཏི་ཀྲ་མ་ག་ཏ་ཐཱ་ག་ཏ་ས་མ་ཡ་ཧཱ་ར་ཀོན་ཆེ་ཞེས་པའོ།། དེ་ནས་འདིས་མེ་ཏོག ་དོ་བར་བྱའོ།། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པྲ་སྩ་ཆོས་མ་པ་སྟེ། དེ་ནས་འགྲེང་བ་དེ་མགོ་ལ་བཅིངས་ལ་དབང་བསྲུང་། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིནྡྲ་དྷཱ་ར་ཨཱ་རཱུ་པ་ཡ་དྷཱུ་བྷཱུ། ཨོཾ་བཛྲ་ཨཿ། ་ཧཱུ~ཾ་བྷྲཱུཾ། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཧཱུཾ་ཏྲཱུཾ། ཨོཾ་བཛྲ་བཛྲ་ཨ་བྷི་ཥིཿཧཱུ~ཾ་ཧྲཱིཿ། ཨོཾ་ཀརྨ་ཨ་དྷི། ཉྩ་ཧཱུཾ་ཨཿ། དེ་ནས་དམ་ཚིག་དང་བཀའི་དབང་བསྐུར་བསྦྱིན་ནོ།། དེ་ལ་དམ་ཚིག་ནི། དཀོན་མཆོག་གསུམ་དང ་བྱང་ཆུབ་སེམས།། བླ་མ་དམ་པ་ཡོང་མི་སྤང་།། སྲོག་ཆགས་རྣམས་ནི་གསང་མི་བྱ།། མ་བྱིན་པར་ཡང་མི་བྲང་ཉིད།། བརྫུན་ཡང་སྨྲ་བར་མི་བྱའོ།། ཕ་རོལ་བུད་མེད་སྤྱད་མི་བྱ།། བླ་མ་སྨད་པར་མི་བྱ། ་ཞིང་།། གྲིབ་མའང་མགོམ་པར་མི་བྱའོ།། སློབ་དཔོན་མ་ཡིན་མི་གཟུང་ཞིང་།། མཚན་མ་སློབ་དཔོན་སྤངས་པ་ཡང་།། སྔགས་དང་ཕྱག་རྒྱ་མི་སྨད་དེ།། ལྷ་རྣམས་ལ་ཡང་ག་ལ་ཞིག། གལ་ཏེ་རྨོངས ་པས་སྨད་ན་ནི།། ནད་ཀྱིས་ངེས་པར་འཆི་བར་འགྱུར།། མཆོད་རྙིང་ལྷ་ཡི་གྲིབ་མ་དང་།། འཇིག་རྟེན་འཇིག་རྟེན་ལས་འདས་པའི།། ཕྱག་རྒྱ་ཡི་གེ་མཚན་མ་ཡང་།། གོམ་པས་བགོམ་པར་མི་བྱའོ།། བླུན་པོ ་དཀོན་མཆོག་གསུམ་སོགས་དང་།། སངས་རྒྱས་བསྟན་ལ་གནོད་བྱེད་དང་།། བླ་མ་སྨོད་ལ་བརྩོན་པ་རྣམས།། མཁས་པས་བསྒྲིམས་ཏེ་བསད་པར་བྱ།། ཆོས་མི་ལྡན་དང་སྲེག་པ་དག། རྟག་ཏུ་སེམས ་ཅན་གནོད་བརྩོན་དང་།། དམ་ཚིག་ལྡང་རྣམས་སྙིང་བརྩེ་བས།། སྔགས་པས་སྔགས་ཀྱི་གནོམ་པར་བྱ།། འཇུངས་པའི་ནོར་ཡང་ཡང་དག་བླང་།། སེམས་ཅན་སྡུག་བསྔལ་ཅན་ལ་སྦྱིན།། བླ་མ་མཆོད ་པའི་རྒྱུ་མཛར་དང་།། དེ་བཞིན་དམ་ཚིག་སྒྲུབ་པ་དང་། དཀྱིལ་འཁོར་དོན་དང་རྒྱལ་སྲས་ལ།། མཆོད་པའི་དོན་ཕྱིར་བསམས་པ་ཡིས།། ནོར་འཕྲོག་འདུངས་པའི་ནོར་ཡང་འོང་།། སེམས་ཅན་རྣམས་ལ། ་པན་དགའ་བས།། དམ་ཚིག་དང་ནི་བླ་མ་འོངས།། སེམས་ཅན་རྣམས་ཀྱི་སྲོག་སྲུང་ཕྱིར།། རྟག་ཏུ་བརྫུན་ནི་སྨྲ་བར་བྱ།། སངས་རྒྱས་རྣམས་ནི་མཉེས་བྱ་དང་།། དམ་ཚིག་རྣམས་ནི་སྲུང་བ་དང་། ་སྔགས་རིག་པ་ཡིས་གྲུབ་པའི་ཕྱིར།། གཞན་གྱི་བུད་མེད་ཀྱང་བསྟེན་བྱ།། རྡོ་རྗེ་སེམས་དཔའི་གནས་འདུག་པས།། ཐམས་ཅད་སྤྱོད་ཅིང་ཀུན་བྱས་ཀྱང་།། འགྲུབ་འགྱུར་ཉེས་པར་མི་འགྱུར་ན།། སྙིང ་ལྡན་པས་སྨོས་ཅི་དགོས།། དེ་ནས་འདིས་བཀའ་ཡི་དབང་བསྐུར་རོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ཛཱ་ད་དཱ་སྱ་མི་གྲིཧྞ་བཛྲ་སུ་སིད་དྷ་ཡེ། ཨོཾ་བཛྲ་ཏིཥྛ་ཧཱུཾ། འདིས་རྡོ་རྗེ་ལག་ཏུ་བྱིན་ལ་འཕྲིན་ལས་ཀྱི་དབང་བསྐུར་སྦྱིན ་ནོད། ཨོཾ་སརྦ་ཀརྨཱ་ཎི་ཀུ་རུ་བུད་དྷཱ་ནཱ~ཾ་ཧཱུཾ། དེ་ནས་ད་བླ་མ་བླ་མར་བྱ་བའི་ཕྱིར།། ཁྱོད་ཀྱི་ལུས་མཆོག་སྦྱིན་པར་བྱ།། རྫས་དང་ནོར་དང་འབྲུ་རྣམས་དང་།། ཏ་དང་བཞོན་པ་ཉིད་དང་ནི།། བྲན་གྱི་མཆོག ་དང་ཁང་པ་དང་།། རྒྱལ་སྲིད་དབང་ཕྱུག་དེ་བཞིན་ཏེ།། བུ་དང་བུ་མོ་ཆུང་མ་དང་།། མ་དང་སྲིང་མོ་ཚ་མ་དང་།། གཞན་ཡང་ཅི་བཞེད་ཐམས་ཅད་ནི།། ཕན་པའི་བསམ་པས་བླ་མར་དབུལ།། དེ་ནས་དངོས ་གྲུབ་སངས་རྒྱས་དང་།། བྱང་ཆུབ་སྒྲུབ་དང་གཞན་ཡང་ནི།། འཇིག་རྟེན་པ་ཡི་མཐུ་ཆེན་རྣམས།། ཇི་ལྟར་འདོད་པས་གསོལ་བ་གདབ།། དེ་ནས་བུ་ལ་ཕན་པའི་ཕྱིར།། སྔགས་རིགས་སེར་སྣ་མེད་སེམ ་དང་དད་དད་པས་དད་པའི་སེམས་ལྡན་པ།། དངོས་གྲུབ་རྣམས་ནི་སྦྱིན་པར་བྱ།། ཆོས་རྣམས་རང་བཞིན་མེད་པར་ནི།། སེམས་ཀྱིས་བསྒོམ་པར་བྱས་ནས་ཀྱང་།། ཨ་ལས་ཟླ་བའི ་དཀྱིལ་འཁོར་བསམ།། རང་གི་ས་བོན་དེ་དབུས་སུ།། བ་སམས་ནས་དམ་ཚིག་ཕྱག་རྒྱ་ཡང་།། བསམས་བཞིན་དེ་བཞིན་དེ་ཉིད་ཀྱང་།། ལྷ་ཡི་རྣམ་པའི་རྣལ་འབྱོར་དུ།། སྒྲུབ་པ་པོ་ཡིས་ཡོངས་སུ་བསྒྱུར ་དེ་ནས་རང་གི་ས་བོན་དང་།། ཕྱག་རྒྱས་ཕྱག་རྒྱ་དེ་བྱིན་བརླབ།། གོང་འོག་གོ་རིམས་ཇི་བཞིན་དུ།། སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ།། དེ་ལྟར་ང་རྒྱལ་བ་སྐྱེད་ནས་ནི།། མཁས་པ་ཡིས་ནི ་བསྒྲུབ་བྱ་སྟེ།། དེ་བཞིན་གཤེགས་ཀྱང་འགྲུབ་འགྱུར་ན།། དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས།། ། དེ་ནས་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་རྣམས་ཀྱིས། བཅོམ་ལྡན་འདས་ལ་ཕྱག ་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱལ་པོ་དང་། རྒྱལ་པོའི་བུ་དང་། རྒྱལ་པོའི་བློན་པོ་དང་། རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་དམངས་རིགས་དང་། གཞན ་ཡང་དམན་པ་ཕྱག་བདར་བ་དང་། མཐའ་འཁོབ་ཀྱི་སྐྱེ་བོའི་གནས་དང་། སྐྱེ་བོའི་གནས་ཀྱི་རིགས་སུ་སྐྱེས་པ་དཀྱིལ་འཁོར་གྱི་རྒྱལ་པོ་འདིར་ཞུགས་པ་དེ་དག་གི་རྣམ་པར་སྨིན་པ་ཇི་ལྟ་བུར་འགྱུར། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ་། ཚངས་པ་ལ་སོགས་པ་ལྷའི་ཚོགས་རྣམས་གང་མ་འོངས་པའི་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་ནུས་པ་ནི་ལེགས་སོ་ལེགས་སོ།། ལྷའི་ཚོགས་རྣམས་དཀྱིལ་འཁོར་གྱི ་རྒྱལ་པོ་འདིར་ཞུགས་ཤིང་དབང་བསྐུར་བ་དང་། བྲིས་པ་དང་། འདྲིར་བཅུག་པ་དང་། རྗེས་སུ་ཡི་རང་བ་དང་། ཕྱག་བྱས་པ་དང་། མཆོད་པ་བྱས་པའི་འབྲས་བུ་རྣམ་པར་སྨིན་པ་ཡོན་ཅིག། ལྷའི་བུ་རྣམས ་མདོར་ན་ང་ལའང་དེའི་ཕན་ཡོན་བཤད་པར་སྤོ་བ་མེད་དེ། གང་ངལ་བསོད་ནམས་ཀྱི་ཕུང་པོ་དེ་བརྒྱ་ཕྲག་སྟོང་དུ་མར་བསྒྱུར་ཡང་གྲངས་སུའང་། བགྲང་བར་ཡང་། དཔེར་ཡང་མི་བཟོད་དེ། དེ་བཞིན་གཤེགས ་པ་ཐམས་ཅད་ལ་བསོད་ནམས་ཀྱི་ཕུང་པོའི་བར་གྱིས་ཀྱང་མི་བཟོད་དོ།། གང་དཀྱིལ་འཁོར་དུ་ཞུགས་པའི་སེམས་ཅན་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་འདི་ནི་བཅོམ་ལྡན་འདས་ངོ་མཚར་ཆེའོ།། ངོ་རྗེ་འཛིན ་པ་ངོ་མཚར་ཆེའོ།། བཅོམ་ལྡན་འདས་བདག་ཅག་རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ལ་སོགས་པར་ཞུགས་པ་སྤྲོའོ།། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་སྤོའོ།། དེ་ནས་ལྷ་དེ་དག་གིས་དེ་བཞིན་དུ་ཕྱག་འཚལ་ནས། ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཛམ་བུའི་གླིང་པའི་སེམས་ཅན་རྣམས་བསོད་ནམས་ཆུང་ཞིང་ཚེ་ཐུང་བ་དང་། ངན་སོང་གི་རྒྱུད་དང་ལྡན་པ་དང་། དམྱལ་བ་དང་། ཡི་དགས་དང་བྱོལ ་སོང་རྣམས་སུ་སྐྱེས་པ་དག་ཀྱང་མཆིས་ན། བཅོམ་ལྡན་འདས་དེ་དག་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བྱ།། ཀྱེ་ལྷའི་བུ་དེ་དག་ནི་དཀྱིལ་འཁོར་འདི་ཉིད་དུ་ཆུ་གཅིག། བཅུག་ནས་ཀྱང་དབང་བསྲུར ་ཅིག་ཆོས་ཀྱི་ཡི་གེའང་ཟློས་སུ་ཆུག་ཅིག། དེ་ནས་སེམས་ཅན་དེ་དག་ཚེ་རིང་བར་འགྱུར། བསོད་ནམས་དང་བྲལ་བ་བསོད་ནམས་དང་ལྡན་པར་འགྱུར། ངན་སོང་ལས་རྣམ་པར་གྲོལ་བར་འགྱུར་རོ།། ་ལྷའི་བུ་རྣམས་གང་ངན་སོང་དུ་སྐྱེས་པ་དེ་དག་གི་མིང་ལ་དབང་བསྐུར་བ་མཛོད་ཅིག། གཟུགས་བརྙན་ལའང་དབང་བསྐུར་བར་བྱོས་ཤིག། རང་གི་ལྷའི་སྐུ་ལའང་དབང་བསྐུར་བར ་བྱོས་ཤིག། ཐ་ན་དེ་དང་རིགས་མཐུན་པ་དང་། དེའི་བུ་དང་། དེ་དང་རུས་མཐུན་པ་དང་། དེའི་མིང་འཛིན་པ་དང་། བྲན་ལའང་དབང་བསྐུར་ཅིག། གཞག་བདུན་ལན་བདུན་དཀྱིལ་འཁོར་དུ་བཅུག་སྟེ ་དབང་བསྐུར་བས། ངེས་པར་ངན་སོང་གི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ།། ལྷའི་བུ་རྣམས་དེའི་མིང་ནས་སྨོས་ཏེ་འབུམ་ཕྲག་གཉིས་དང་། འབུམ་ཕྲག་གསུམ་དང་། འབུམ་ཕྲག་བཞི་དང་། ་འབུམ་ཕྲག་བརྒྱ་སྟོང་གི་བར་དུ་བཟླ་ས་ན་མཚམས་མེད་པ་ལྔ་བྱས་པའང་རྣམ་པར་གྲོལ་བར་འགྱུར་ན། སྡིག་པ་ཆུང་ངུ་བྱས་པ་རྣམས་ལྟ་ཅི་སྨོས་ལྷའི་བུ་རྣམས་ཞི་བའི་ཐབ་ཁུང་ཐུམ་པོ་ཐ་མ་དང ་བར་མ་དང་། མཆོག་ཁྲུ་གང་ངམ། ཁྲུ་དོ་འམ། ཁྲུ་བ་ཞི་པ་བྱས་ནས། དེའི་མིང་གིས་ཉུངས་ཀ་ར་དཀར་པོ་རྣམས་བརྒྱ་ཕྲ་ག་སྟོང་དུ་བ་སྲེག་ས་ཏེ་ངན་སོང་ཀུན་ལ་ས་ཐར་པར་འགྱུར་རོ།། དེའི་ཤ་དང ་རུས་པ་དང་། སྒྲ་དང་།། ཕལ་བ་ལ་སོགས་པ་ལ་ཆོ་ག་དེ་ཉིད་ཀྱིས་སྡིག་པ་ཀུན་ལས་རྣམ་པར་གྲོལ་བར་འགྱུར་རོ།། དེ་ཡི་དབུས་སུ་འཁོར་ལོ་ནི།། རྩིབས་བརྒྱད་དཀར་པོ་འོད་ཟེར་འབར།། ཁོར་ཡུག་དོ ་རྗེ་རྩེ་ལྔ་པ།། འོད་ཟེར་དཀར་པོ་དང་ལྡན་བྲི།། དེ་ནས་སྣ་ཚོགས་རྡོ་རྗེ་བྱ།། རྡོ་རྗེ་རིན་ཆེན་ཆུ་སྐྱེས་མཆོག། དེ་ནས་སྡིག་པ་གཞོམ་པའི་ཕྱིར།། ཕྱག་རྒྱ་རྣམ་པ་སྣ་ཚོགས་བྱ།། ཕྱི་རོལ་རྡོ་རྗེ་རིགས ་རྣམས་ཀྱི།། ཕྱག་རྒྱ་རྣམས་ནི་ཕྱིརོལ་ཟེ།། གཔའ་དང་སྐར་མའི་མཚན་མ་དང་།། དེ་ལྟར་འཇིག་རྟེན་འཁོར་རྣམས་ཀྱང་།། གཙོ་བ་ཟང་མོ་ལུགས་ས་དང་།། རྡོ་རྗེ་ཅན་དང་ལྷན་ཅིག་གཞག་གབྲུམ ་བབུམ་པ་གང་བ་དང་།། གཏོར་མ་ལྟ་བཤོས་ཤིན་ཏུ་དཀར།། མདོར་ན་ཐིག་ནི་བཏབ་ནས་ཀྱང་།། ཆོ་ག་བཞིན་དུ་བྲི་བར་བྱ།། དཀར་པོ་གོས་ནི་གྱོན་ནས་སུ།། སངས་རྒྱས་གཟུགས་ཅན ་འཇིགས་པས།། ངན་སོང་འགྲོ་བར་གནས་པ་ཡི།། སེམས་ཅན་དེ་རྗེས་དྲན་བྱེད་ཅིང་།། སྡིག་པ་སྒྲིབ་པ་ཞི་བའི་ཕྱིར།། རྒྱུད་དག་པ་ཡིས་སྦྱིན་སྲེག་ནི།། མར་དང་འོ་མ་སྦྲང་རྩིར་བཅས།། འབྲས ་ཡོས་ཉུངས་ཀར་བསྲེས་པ་དང་།། དེ་ཡི་རུས་པ་ཤ་ལ་སོགས།། ཡང་ན་མིང་ཙམ་གྱིས་ཀྱང་ནི།། དེ་ནས་པ་དེ་འགྲོར་སྐྱེས་ནས་སུ།། མཁས་པས་རྒྱས་པར་བྱ་བ་ནི།། ཁྲུ་དོ་པའམ་ཁྲུ་བ་ནི་ག ་བཞིན་མཆོག་ནི་ཁྲུ་བརྒྱད་པར།། བྱས་ནས་ཐབ་ཁུང་ཁྲུ་བཞི་པ།། ཀུན་ཏུ་མུ་རན་དང་ལྡན་པ།། དེ་དབུས་པདྨ་རིན་ཆེན་ཅན།། འོད་ཟེར་སེར་པོ་ཅན་བྲི་ཞིང་།། ཁོར་ཡུག་ཏུ་ནི་རིན་ཆེན་དང་།། མུ ་རན་ལ་ནི་ཆུ་སྐྱེས་བྲི།། ཕྱི་རོལ་ཏུ་ནི་རིགས་ལྔ་ཡི།། དབྱེ་བས་ཕྱག་རྒྱ་བྲི་བར་བྱ།། དེ་བཞིན་ཕྱི་ཡི་ལྷ་རྣམས་དང་།། ལྕགས་ཀྱུ་ལ་སོགས་བྲི་བར་བྱ།། ན་བཟའ་སེར་པོ་གྱོན་བྱས་ནས།། མཐོ་རིས ་གནས་པ་རྗེས་དྲན་ཞིང་།། དེ་ལ་ཕན་ཕྱིར་རྒྱས་པ་ཡི།། དོན་དུ་རྒྱས་པའི་ལས་བྱས་ནས།། ལུས་ཅན་དེ་ཡི་ཚེ་དང་དཔལ།། གབ་བརྗིད་སྐལ་བ་བཟང་པོ་འཕེལ།། དེ་ནས་དེ་ལ་ཕན་པ་ཡི། གདབང་། ་དུ་བྱ་བའི་ལས་བྱ་སྟེ།། ཟབ་ཁུང་གཅུ་ཡི་དབྱིབས་འཇུག། ཁྲུ་གང་པའམ་ཁྲུ་དོག། ཁྲུ་བའི་བྱ་ས་དེ་དབུས་སུ།། མུ་སྐྱེས་དམར་པོ་ཡང་དག་བྲི།། དེ་མི་དབུས་སུ་པ་དང་བཅས ་པཔའིའདི་དག་ཞུ་ཉིད་ཀྱང་ནི་བྲི་བར་བྱ།། ཁོར་ཡུག་ཏུ་ནི་མངར་བ་ཡི།། གཞུ་ནི་ཁ་དོག་དམར་པོ་བྲི།། སྔགས་འཛིན་པ་ཡིས་རྟག་པར་ཡང་།། ཕྱི་རོལ་དེ་ཡི་ལྷ་ཡི་བྱ།། སེམས་ཅན་དེ་ནི་བྲན་བྱས་ལ།། ན་བཟའ ་དམར་པོས་བརྒྱན་པ་ཡི།། མེ་ཏོག་དམར་ཞིང་པདྨ་ཡང་།། འབྲས་བུ་དམར་དང་ཁམས་བཅས་པ།། མར་དང་གུར་ཀུམ་བསྲེས་པ་དང་།། ཙན་ངན་དམར་པོའི་ཕྱེ་མ་དང་།། སྦྱིན་སྲེག་བྱས་ནས་ལྷ་ལ་སོགས། ་ཐམས་ཅད་དེ་ཡི་དབང་དུ་འགྱུར།། དེ་ཡི་གདོན་རྣམས་རྣམ་གཞོམ་ཕྱིར།། མངོན་སྤྱོད་ཡང་དག་བརྩམ་པར་བྱ།། ཁྲུ་དོ་ཕྱེད་བཅས་ཁྲུ་གསུམ་མམ།། དེ་བཞིན་མཆོག་ནི་ཁྲུ་དགུ་པ།། ཟུར་གསུམ་དང་ནི་ལྡན།། ་པར་བྱ།། དབུས་སུ་རྡོ་རྗེ་རྩེ་དགུ་པ།། རྩེ་གསུམ་པ་ཡིས་མུ་རན་བྱ།། སྣ་ཚོགས་རྡོ་རྗེ་ཡང་བྱས་ལ།། དབྱུག་པ་མགོ་དང་རྩེ་གསུམ་རྣམས།། རྡོ་རྗེ་དགྲ་སྟ་རྩེ་གཅིག་གིས།། ཕྱི་རོལ་དུ་ཡང་མཚན་པར་བྱ།། ་རིག་པ་གསུམ་པ་སྔར་བཞིན་བརྒྱན།། བུམ་པ་གཏོར་མ་བུམ་པ་ཡང་།། ཞལ་ཟས་མང་པོ་གཞག་པར་བྱ།། ཤ་དང་ཁྲག་གིས་བཀང་བ་ཡི།། ཐོད་པ་རྣམས་ཀྱང་ཀུན་ཏུ་ཡང་།། དེ་ནས་གོས་ནག་བགོས ་ཤིང་ཁྲོས།། རང་ཉིད་འཇིག་རྟེན་གསུམ་ནམ་རྒྱལ།། ལུས་ཅན་དེ་ཡི་སྡིག་ལ་སོགས།། དེ་ནས་དེ་ཡི་སྡིག་བཅོམ་ཞིང་།། བགེགས་དང་བྲལ་ཏེ་ཅི་བདེ་བར།། མཐོ་རིས་འཇིག་རྟེན་མི་རྣམས་ཉིད། ་ཇི་སྐད་ཁམས་གསུམ་འཇིག་རྟེན་སྤྱོད།། མྱུར་དུ་གོ་རིམས་འདི་ཉིད་ཀྱིས།། ཚེ་འདིར་གནས་པ་རྣམས་ལ་བྱ།། དེ་ནས་གང་གི་ཕྱིར་བྱས་པ།། དེ་ཡི་ཕྱིར་ནི་དེ་བཞིན་འགྱུར།། གཞན་དག་ཀྱང་ནི་ལས་ནམ། ་ཀྱང་།། སྔ་མ་ཇི་བཞིན་དེ་བཞིན་བྱ།། དེ་ནི་སེམས་ཅན་རྣམས་ལ་ཡང་།། མྱུར་དུ་བདེ་སྐྱིང་འགྲུབ་པར་འགྱུར།། དེ་ནས་ཚངས་པ་ལ་སོགས་པའི་ལྷ་རྣམས་ཡང་དག་པར་དགའ་བས ་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་ངན་སོང་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་དོན་དང་། ཕན་ཡོན་དང་ག་བདེ་བའི་སླད་དུ་བརྟག་པའི་རྒྱལ་པོ་འདི་འདྲི ་བ་དང་འདྲིར་འཇུག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་བདག་ཅག་ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱིས་བུ་བཞིན་དུ་ཡོངས་སུ་བསྐྱང་བར་བགྱི་སྟེ། ཡང་ཇི་ལྟར་བཤད་པ་མ་ཚང་བ་མེད་པར་བགྱིད ་བ་ལྟ་ཅི་སྨོས། གང་ཡང་རྒྱལ་པོ་དང་། རྒྱལ་པོའི་བུ་དང་། རྒྱལ་པོའི་བློན་པོ་ཇི་ལྟར་གསུངས་པའི་སྔགས་རྗེས་སུ་སློབ་པ་དེའི་རྒྱལ་སྲིད་འཕེལ་བར་བགྱིའོ།། ཡུལ་དང་། ཕྱོགས་དང་ཀ་སྐྱེ་བོའི་གནས ་དང་། འཁོར་གྱི་སྐྱེ་བོའི་ལོ་ཏོག་ལ་སོགས་པའང་བསྲུང་བར་བགྱིའོ།། ནོར་དང་འབྲུ་རྣམས་མང་དུ་འབྱོར་པར་བགྱིའོ།། བུད་མེད་དང་ཀ་སྐྱེས་པ་དང་། ཁྱེའུ་དང་། བུ་མོ་རྣམས་ཕུན་སུམ་ཚོགས་པར ་ཡང་བགྱིའོ།། འབྱོར་པ་དང་། རྒྱས་པ་དང་། ལོ་ལེགས་པ་དང་། བདེ་བར་བགྱིའོ།། གང་ཞིག་བརྟག་པའི་རྒྱལ་པོ་འདི་ལ་དད་པས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་གྲོང་དང་གྲོང་ཁྱེར་ལ་སོགས ་པར་འཇུག་པ་བདག་ཉིད་ཀྱིས་བསྡུ་བར་ཡང་བགྱིའོ།། གླང་པོ་ཆེའི་སྟེང་དུ་བཞག་ལ་གྲོང་དང་གྲོང་ཁྱེར་ལ་སོགས་པ་ཐམས་ཅད་དུ་བསྐོར་བར་བྱ་སྟེ། དུས་མ་ཡིན་པར་འཆི་བ་དང ་ཉེ་བར་འཚེ་བ་ཐམས་ཅད་ཞི་བར་འགྱུར་རོ།། སེམས་ཅན་ཆེན་པོ་དེའི་དྲུང་ན་བདག་ཅག་བྲན་གྱི་ཚུལ་ལམ་བུའི་ཚུལ་དུ་གནས་པ་ཤེས་པར་བགྱིའོ།། གང་ན་འདི་རབ་ཏུ་སྤྱོད་པ་དེ་ན་བཅོམ་ལྡན་འདས་ཕྱག་ན་དོ།། ་རྗེ་རང་ཉིད་ལོངས་སྤྱོད་རྫོགས་པའི་སྐུས་རྡོ་རྗེ་སེམས་དཔའི་སྐུར་བཞུགས་པར་འཚལ་བར་བགྱིའོ།། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཀུན་ཏུ་བཟང་པོ་རེ་བ་ཐམས་ཅད་ཡོངས་སུ་སྐོང་བ་དེ་ཉིད་བརྟག ་པའི་རྒྱལ་པོའི་གཟུགས་སུ་བཞུག་པར་འཚལ་བར་བགྱིའོ།། ས་ཕྱོགས་དེའང་མཆོད་རྟེན་དུ་གྱུར་པར་འཚལ་བར་བགྱི་སྟེ། མཆོད་པར་བགྱི། ཕྱག་འཚལ་བར་བགྱིའོ།། ཀུན་ཏུ་བསྲུང་བར་བགྱིའོ།། ་གང་ཡང་བརྟག་པའི་རྒྱལ་པོ་འདི་རབ་ཏུ་སྤྱོད་པའི་རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེན་པོ་ལ་བདག་ཅག་ཚངས་པ་ལ་སོགས་པའི་ལྷ་རྣམས་ཀྱིས་གཡོག་བགྱིའོ།། བྲན་གྱི་ཚུལ་དུ་གནས་པར་བགྱིའོ།། མ་ངག ་གཞུག་པ་ཉིད་དུ་གནས་པར་བགྱིའོ།། བསྒོ་བ་ཐམས་ཅད་མཉན་པར་བགྱིའོ།། ཕན་པ་དང་བདེ་བ་ཐམས་ཅད་བགྱིའོ།། དངོས་གྲུབ་ཐམས་ཅད་སྩལ་བར་བགྱི་སྟེ། བཅོམ་ལྡན་འདས་མདོར་ན་དེའི ་རྐང་པའི་རྡུལ་མགོ་བོས་གཟུང་བར་བགྱིའོ།། བཅོམ་ལྡན་འདས་ལ་ཕྱག་འཚལ་བར་བགྱིའོ།། དེའི་ཕྱི་བཞིན་དུ་རྗེས་སུ་འབྲང་བར་བགྱིའོ།། བཅོམ་ལྡན་འདས་གང་དཀྱིལ་འཁོར་དུ་ཞུགས་ཏེ་དབང ་བསྲུང་བ་ལ་བཅགགས་ང་བདག་ལ་བང་བཚལ།། ཟགསང་ལགས་པ་རྒྱས་པར་འོ།། ཛརྣམམས་དཔའ་ཕགས་པར་འཚས་པར་བའོ།། བདབ་ན་སུས་ཁ ་ལགས་པར་འཚལ་བར་བགྱིའོ།། དེ་བཞིན་གཤེགས་པ་ལགས་པར་འཚལ་བར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས། ཚངས་པ་ལ་སོགས་པའི་ལྷ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ ་ཏོ། ཚངས་པ་ལ་སོགས་པ་ལྷ་རྣམས་གང་ཆོས་ལ་རིམ་གྲོ་གཅིག་གཉིས་བྱས་པས་དེ་ལྟར་ཡང་དག་པའི་དམ་བཅའ་ནི་ལེགས་སོ་ལེགས་པར་སྒྲུབས་ཤིག།། དེ་ནས་བཅོམ་ལྡན་འདས ་ཕྱག་ན་རྡོ་རྗེས་སྔགས་དང་། རིག་པ་དང་། སྙིང་པོ་ཐམས་ཅད་བརྟན་པར་བྱ་བའི་ཕྱིར་རང་གི་སྙིང་པོ་འདི་བཤད་དོ།། ཨོཾ་བྷུ་དྲུཾ་བཛྲ་པཱ་ཎི་ཛ་ན་ཏིཥྛ་ཧཱུཾ། ཨོཾ་དྷུ་ཨཿ། ཨོཾ་བཛྲ་དྷུ་ཕཊ། ཨོཾ་ཛ་དྷ་བཛྲ་ཧཱུཾ། ་བཛྲ་ཧཱུཾས། ཨོཾ་བཛྲ་དྷུ་ཨཿ། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ།། དབུས་སུ་རྡོ་རྗེ་བྲི་བར་བྱ།། ཡང་ན་རྡོ་རྗེ་སེམས་དཔའ་འམ།། ཀུན་ཏུ་བཟང་པོ་བདེ་བ་ཆེ། ་སྤྱན་སྔར་ཕྱག་ན་རྡོ་རྗེ་ཉིད།། གཡས་སུ་ཕྱག་ན་རིན་ཆེན་སྤྱན།། ཕྱག་ན་པདྨ་ནུབ་ཕྱོགས་བྲི།། བྱང་དུ་ཕྱག་ན་སྣ་ཚོགས་བྲི།། ཕྱི་རོལ་དུ་ནི་ཟླུམ་པོར་བསྐོར།། སངས་རྒྱས་ཐམས་ཅད་དགོད་པར་བྱ།། ་དེ་ཡི་ཕྱི་རོལ་སེམས་དཔའ་རྣམས།། གོ་རིམས་བཞིན་དུ་བྲི་བར་བྱ།། དེ་ཡི་ཕྱི་རོལ་སེམས་དཔའ་ཡང་།། བྱམས་པ་ལ་སོགས་མཆོག་ཆེན་བྲི།། དེ་ཕྱིར་དེ་བཞིན་དགེ་སློང་ནི།། ཀུན་དགའ་བོ་སོགས ་ཐུབ་པ་བྲི།། རང་གི་ཆུང་མ་བུས་བསྐོར་བའི།། ཚངས་པ་ལ་སོགས་ཕྱི་རོལ་བྲི།། གཟའ་དང་རྒྱུ་སྐར་ཉི་མ་དང་།། རྒྱལ་པོ་བཞི་པོ་རྣམས་དང་ནི།། ཕྱོགས་སྐྱོང་འཇིག་རྟེན་སྐྱོང། ་བ་རྣམས།། དཀྱིལ་འཁོར་འདིར་ནི་ཡང་དག་བྲི།། ཕྱི་རོལ་དུ་ནི་དམྱལ་བ་སོགས།། ཀླུ་ལ་སོགས་བདུད་འགྲོའི་དཔེ།། སྒོ་དང་སྒོར་ནི་དེ་བཞིན་དུ།། སྒོ་སྐྱོང་སྟོབས་ཀྱི་དམ་པ་རྣམས།། དཀར་པོ་འདོད ་པའི་ཉི་མ་ལ།། རབ་ཏུ་འབད་པས་དཀྱིལ་འཁོར་བྲི།། གང་བསྔགས་ནག་པོའི་ཕྱོགས་ལ་ཡང་།། དཀྱིལ་འཁོར་འགལ་བ་མ་ཡིན་ནོ།། ལྔ་པ་དེ་རྗེས་བདུན་པ་དང་།། ཉ་གང་བ་ནི་ཁྱད་པར་ནི།། བསྔག། ་ཏེ་ཕྱག་ན་པདྨ་ཡི།། དཀྱིལ་འཁོར་བྱ་བའི་ཆོ་ག་ལའོ།། གང་ཡང་དྲག་པོའི་ལས་རྣམས་ལ།། དེ་ནི་ནག་པོ་ལ་ཡང་བྲི།། ཁྲོ་བོ་རྣམས་ཀྱི་དཀྱིལ་འཁོར་ཡང་།། ཟླ་བ་ཉ་བ་ཁྱད་པར་དུ།། རྒྱལ་བ་རྣམས ་ཀྱིས་དཀྱིལ་འཁོར་བསྔགས།། གཞན་ཡང་རང་གིས་འདུས་བྱས་པའི།། དཀྱིལ་འཁོར་ལ་བརྩོན་གདབ་བྱ་ཞིང་།། ཤར་ནས་འཆར་བའི་དབང་བྱ་སྟེ།། ཕྱོགས་ཀྱི་ཆ་ནི་བརྟག་པར་བྱ།། དེ་ནས་དཀྱིལ ་འཁོར་དགོད་པ་ནི།། ཡིད་ཀྱིས་ཡོངས་སུ་བརྟག་པར་བྱ།། སྔགས་དང་རྒྱུད་ནི་དང་པོར་བྱས།། འཇམ་ཞིང་སྔགས་གཟུགས་དགེ་ཞིང་ནི།། རྗེས་མཐུན་རང་གི་སློབ་ཉིད་ཀྱི།། སློབ་མ་ལྷན་ཅིག་ཙམ་གྱིས། ་སྤྱང་།། དེ་ནས་ནང་པར་རབ་སྔར་ལངས།། ལེགས་བཀྲུས་གོས་དཀར་འཆང་ཞིང་གཙང་།། བློ་ལྡན་བླ་མ་སློབ་མར་བཅས།། དཀྱིལ་འཁོར་དྲུང་དུ་ཀུན་ནས་འགྲོ།། དཀྱིལ་འཁོར་ཕྱོགས་ཉིད་ཤིན་ཏུ་ཡང ་ཉེ་བར་བྱུགས་ཤིང་ལེགས་པར་མཉེད།། ཁྲོ་མཚན་པོ་བཟླས་པ་ཡི།། དྲི་ཡི་ཆུ་ཡིས་བསམས་པ་ཡིས།། དབུས་སུ་རིགས་རྣམས་སྙིང་བ་ཡས།། ལྷག་པར་གནས་པར་བྱ་བ་ཉིད།། དཀྱིལ་འཁོར་རྒྱན། ་གཙོ་བ་ཡི།། སྔགས་ཀྱི་ལས་རྣམས་ཐམས་ཅད་བྱ།། ས་ལ་སོར་ནི་བཅུ་གཉིས་པའི།། དཀྱིལ་འཁོར་དྲི་ཡིས་བྱས་ནས་སུ།། དཀྱིལ་འཁོར་རིག་པས་ལས་བདུན་དུ།། ལྷག་པ་དེ་ནས་བཟླས་པར་བྱ།། ་དེ་རྗེས་ལྷ་རྣམས་ཉིད་ཀྱི་སང་།། བྱང་ཆུབ་ཆེན་པོ་ཞེས་བྱ་བའི།། སྙིང་པོས་སྐལ་བ་ཇི་ལྟ་བར།། དྲི་དང་མེ་ཏོག་སོགས་མཆོད་པ།། བྱས་ནས་གཏོར་མ་དབུལ་བྱ་ཞིང་།། མངོན་པར་བསྔགས་པའི་རྫས ་ཀྱང་ངོ་།། དེ་ནས་ཙན་དན་ལ་སོགས་པ།། བསྲེས་པའི་ཆུ་ལ་མངོན་པར་བསྔགས།། དེ་ལ་དབུལ་བའི་མེ་ཏོག་དང་།། བདུག་པ་ལ་ཡང་ཆོ་ག་བཞིན།། སོ་ཤིང་ཨུ་དུམ་པ་ར་དང་།། ཨ་ཤྭ་ཐ་སོགས་མ ་མེད་ཅིང་།། ཤིན་ཏུ་ཕྲ་མིན་སྦོམ་པ་མིན།། སོར་མོ་བཅུ་གཉིས་ཚད་ཙམ་ནི།། དྲི་ཡི་ཆུ་ཡིས་རབ་བསྐུས་ཤིང་།། མེ་ཏོག་འཕྲེང་བ་ཡིས་ཀྱང་བཅིངས།། དྲི་བཟང་ལ་སོགས་བྱུགས་ཤིང་བདུག། ལག ་པས་རེག་ན་སྙིང་པོ་ནི།། མང་པོ་ཡང་ནི་བཟླས་བྱ་ཞིང་།། རིགས་ཉིད་ཀྱིས་ནི་ལན་བདུན་ནམ།། སློབ་མ་རྣམས་ཀྱིས་ཚད་གཞལ་བར།། སོ་ཤིང་ལ་སོགས་ཡང་དག་གཟུང་།། གཅིག་ལ་སོགས་པས ་གོ་རིམས་བཞིན།། རྩེ་མོ་ཉིད་ནས་བཅའ་བར་བྱ།། དེ་ནས་མཁས་པས་བདག་ཉིད་ཀྱིས།། སློབ་མ་སྲུང་བ་བརྟན་བྱས་ནས།། སྦྱིན་སྲེག་ལས་ནི་མར་བྱུགས་པའི།། ཡམ་ཤིང་རྣམས་ནི་མར་དང་བཅས ་སྦྲང་རྩི་མར་དང་བསྲེས་པ་དང་།། མར་གྱི་སྲེག་ཐུགས་བསྲེག་བྱ་ཞིང་།། ནོ་ཟན་གྱི་ཡང་སྦྱིན་སྲེག་བྱ།། དང་པོར་བགེགས་ནི་ནི་བྱའི་ཕྱིར།། དེ་ནས་ཐུགས་ཀྱིས་རྗེས་འཛིན་ཕྱིར། ་དེ་ནས་ཞི་བའི་སྦྱིན་སྲེག་ཅིང་།། སྡིག་པ་ཞི་བར་བྱ་ཕྱིར་རམ།། དེ་ནས་སློབ་མ་རྣམས་བརྟགས་ནས།། ཆོ་ག་ཡི་ནི་ལྷག་གནས་བྱ།། དེ་ཡིས་ཇི་ལྟར་ནུས་པ་ཡིས།། དེ་བཞིན་སྡོམ་པ་གཟུང་བར་བྱ།། དེ ་རྣམས་ཆོ་ག་འདི་ཡིན་ཏེ།། གཙང་ཞིང་དཀར་བའི་གོས་ཅན་ནི།། མདུན་དུ་བལྟས་ཏེ་འདུག་པ་ལ།། ལྷག་པར་གནས་པ་བརྩམ་པར་བྱ།། བླ་མས་དང་པོར་སྐྱབས་གསུམ་སྦྱིན།། དེ་ཡི་རྗེས་ལ་བྱང་ཆུབ ་སེམས།། མ་བསྐྱེད་པ་ནི་བསྐྱེད་བྱ་ཞིང་།། བསྐྱེད་པ་སླར་ཡང་རྗེས་དྲན་བྱ།། དེ་ནས་ཁྲོ་བོ་མངོན་བཟླས་པའི།། ཆུ་ཡིས་སྤྱི་བོར་བསང་གཏོར་བྱ།། མགོ་བོར་ཀུན་ཏུ་རེག་ནས་ནི།། མཉམ་པར་བཞག་པར ་ལན་བདུན་བཟླས།། རིག་པའི་རྒྱལ་པོ་སྙིང་པོ་ནི།། ལག་པས་དྲི་བཟང་སྦགས་པ་ལས།། འཇིགས་པ་བཟློག་ལ་མཁས་པ་ཡིས།། ལན་བདུན་རྟག་ཏུ་བཟླས་པར་བྱ།། འཁོར་ལོས་སྒྱུར་བ་རྒྱལ་པོ ་ཡིས།། རིག་པའི་རྒྱལ་པོ་ཡི་གེ་གཅིག། རྟ་མགྲིན་ཆུ་སྐྱེས་རིགས་ལ་ནི།། རིག་པའི་རྒྱལ་པོ་ཡི་གེ་བཅུ།། སུམ་བྷ་ཞེས་བྱ་རྡོ་རྗེའི་རིགས།། རིག་པའི་རྒྱལ་པོ་རྫུ་འཕྲུལ་ཆེ།། ཡི་གེ་ཧཱུཾ་བཞི་རྣམས་དང་ལྡན། ་ལས་ཀུན་རབ་ཏུ་སྤྲོས་པ་ལའོ།། རིགས་གསུམ་རྣམས་ལ་ཐུན་མོང་བ།། ཁྲོ་བོ་བདུད་རྩི་འཁྱིལ་བ་ཉིད།། བགེགས་ཀུན་རྣམ་པར་གཞོམ་པའི་ཕྱིར།། གསང་བ་པ་ཡི་བདག་པོ་གསུངས།། ལས་ནི་ཐམས ་ཅད་པ་ཡི་སྔགས།། སྤྱི་བོར་རེག་ཅིང་བཟླས་དེ་ནས།། བསང་གཏོར་ཡང་བྱ་ཉིད་ཀྱིས།། བདུག་པ་ཡིས་ཀྱང་བདུག་པར་བྱ།། དབང་བསྲུང་བ་ནི་བུམ་པ་བཅས།། འབྲུ་ལ་སོགས་པ་ཐམས་ཅད་ལྔ། ་རླུང་ཟང་ཅུང་ཟད་གང་དུ་ཐུགས།། རིག་པའི་རྒྱལ་པོས་མངོན་པར་བསྔགས།། ཆོ་ག་བཞིན་དུ་ལྷག་གནས་བྱ།། དྲི་ཡི་ཆུ་ཡིས་མཆོད་ཡོན་སྦྱིན།། མེ་ཏོག་ཀྱང་ནི་གཞུག་པར་བྱ།། བདུག་པ་ཡིས་ཀྱི ་བདུག་པར་བྱ།། དབང་བསྐུར་བ་ནི་བུམ་པ་བཅས།། མཁས་པས་ཡང་དག་ཡོངས་སུ་བཟླས།། དེ་ཡིས་དབང་བསྐུར་བྱ་བ་ཡིན།། སླར་ཡང་བཟླས་པ་དཀྱིལ་འཁོར་དུ།། སློབ་མ་དམ་ཚིག་ཅན ་རྣམས་ནི།། ཐལ་མོ་སྦྱར་ཞིང་མངོན་ཕྱོགས་ལ།། དེ་ནས་སོ་ཤིང་སྦྱིན་པར་བྱ།། སློབ་མ་རྣམས་ནི་གོ་རིམས་བཞིན།། བཟུང་ཞིང་ཤར་དུ་ཁ་བལྟས་ཏེ།། ཕྱི་རོལ་ཉིད་དུ་སོ་ཤིང་བཅའ།། མགས ་པར་ནི་འཆོས་ནས་སུ།། ལོགས་མ་ཡིན་པར་དོར་བྱ་སྟེ།། སོ་ཤིང་མདུན་དུ་དོར་བྱས་པ།། གང་ཚེ་མདུན་དུ་རྩེ་མོ་ལྷུང་།། དེ་ཚེ་དངོས་གྲུབ་མཆོག་ཤེས་བྱ།། གང་ཞིག་སྟེང་དུ་བལྟས་པ་ཡང་།། ་དེ་བཞིན་ཤར་དུ་རྩེ་མོ་བསྟན།། དངོས་གྲུབ་འབྲིང་དུ་ཡོངས་སུ་གྲགས།། བྱང་དུ་བལྟས་ན་ཟང་ཀ་ཉིད།། རིག་པའི་རིངས་གྲུབ་འཇིག་རྟེན་པ།། སོ་ཤིང་དོར་བ་བརྒྱ་ལམ་དུ།། གང་རྗེ་འོག་ཏུ ་བལྟས་པ།། དེ་ཚེ་ས་འོག་དངོས་གྲུབ་ནི།། འབྱུང་བ་འདི་ལ་ཐེ་ཚོམ་མེད།། སློབ་མ་ཉེ་བར་རེག་པ་ནི།། སྔ་མ་བཞིན་དུ་བཟུང་བྱས་ལ།། ཐམས་ཅད་ལས་བྱེད་སྔགས་ཀྱིས་ནི།། བླ་མས་དྲི་བཟང། ་ཆུ་སྦྱིན་ནོ།། རེ་རེ་ལ་ཡང་བཏུང་བའི་ཕྱིར།། ཁྱོར་བ་གསུམ་ནི་སྦྱིན་པར་བྱ།། དེ་ནས་བློ་ལྡན་ལངས་ནས་སུ།། འདི་དག་ཀུན་ཏུ་སྤྱད་པར་བྱ།། དེ་ནས་མཆོད་པ་ཡང་བྱས་ནས། ་ལག་པས་སྤོས་ནི་བཏེག་ནས་སུ།། བློ་ལྡན་གུས་པས་ལྷ་རྣམས་ལ།། གསོལ་བ་གདབ་ཅིང་གུས་གནས་བྱ།། དང་པོར་སྔགས་ནི་སྙན་གསན་དབབ།། དེ་ཡི་དཀྱིལ་འཁོར་གང་ཡིན་པ།། དེ་ཡི་རིམ་པའི་སྦྱིན ་པ་ཡིས།། ལྷ་རྣམས་སྤྱན་འདྲེན་པ་ཡིན་ནོ།། བཅོམ་ལྡན་ཆེ་གེ་མོ་ཞེས་བྱ།། རིག་པའི་རྒྱལ་པོ་ཁྱོད་ལ་འདུད།། སློབ་མ་རྣམས་ལ་བརྩེ་ཕྱིར་དང་།། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར།། ཉིད་ཀྱི་དཀྱིལ ་འཁོར་ཐུགས་རྗེ་ཡི།། བདག་ཉིད་ཀྱང་ནི་བྲི་བར་འཚལ།། བཅོམ་ལྡན་དེ་ནི་བདག་གུས་ལ།། བཀའ་དྲིན་མཛད་པ་རིགས་ལགས་སོ།། འཇིག་རྟེན་མགོན་པོ་བརྩེ་བ་ཅན།། སངས་རྒྱས་བྱང་ཆུབ ་སེམས་དཔའ་དང་།། དགྲ་བཅོམ་གང་གཞན་སྔགས་ཀྱི་ལྷ།། ལྷ་དང་འཇིག་རྟེན་སྐྱོང་རྣམས་དང་།། འབྱུང་པོ་རྫུ་འཕྲུལ་ཆེ་གང་དང་།། སངས་རྒྱས་བསྟན་ལ་མངོན་དགའ་རྣམས།། བདག་ལ་ཡང་དག ་དགོངས་སུ་གསོལ།། ཆེ་གེ་མོ་ཞེས་བྱ་བ་ང།། ཆེ་གེ་མོ་ཡི་དཀྱིལ་འཁོར་ནི།། རང་ཉིད་འབྱུང་བ་བགྱིད་པར་འཚལ།། ཇི་ལྟར་གུས་པའི་ཉེར་སྤྱོད་ཀྱིས།། སློབ་མ་དང་བཅས་བདག་ལ་ནི།། རྗེས་སུ་བརྩེ ་བས་ཉེར་བཟུང་ནས།། དཀྱིལ་འཁོར་དང་བཅས་ཐམས་ཅད་ནི།། ཉེ་བར་བྱོན་པར་མཛད་པར་རིགས།། དེ་སྐད་སྨྲས་ཏེ་ཚིག་གང་ཞིག། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས།། བསྟོད་པའི་ཉེར་སྤྱོད ་ཀྱང་བྱས་ནས།། དེ་དག་གཤེགས་སུ་གསོལ་བར་བྱ།། ཆགས་བྲལ་སམ་ལྡན་པ་ཡི།། སློབ་མ་རྣམས་ལ་ཆོས་བཤད་བྱ།། ཐོ་ལྡན་ཤར་དུ་དགོ་བསྟན་ཏེ།། དགེ་བའི་གཉིད་ཀྱིས་ཉལ་དུ་གཟུག ་ནས་སྔ་དྲོ་ཉིད་དུ་ནི།། མཚན་མོའིཆེ་ལ་མ་མཐོང་བ་བྲི།། གང་ཚེ་དགེ་བའམ་མི་དགེ་བ།། ངོགས་མེད་ཉིན་པར་ཐོས་ནས་སུ།། སངས་རྒྱས་རྡོ་རྗེ་འཛིན་པས་ནི།། རིགས་བདུན་རྣམས་ཀྱི་དམ་ཚིག་ཀྱང་། ་དེ་ནས་བུ་ཁྱོད་དམ་ཚིག་དང་།། སྡོམ་པ་རྒྱལ་བ་ཡིས་གསུངས་པ།། དད་པས་བླ་མའི་བཀའ་ཡང་བསྐྱང་།། ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ།། མ་བྱིན་མི་བླང་འདོད་ལོག་དང་།། དངོས་གྲུབ་འདོད ་པས་མི་བྱའོ།། ཆང་མི་བཏུང་ཤིང་ཤ་ལ་སོགས།། བཟའ་བ་ནམ་ཡང་མ་ཡིན་ཉིད།། སེམས་ཅན་ཀུན་ལ་གནོད་མི་བྱ།། དཀོན་མཆོག་གསུམ་ཡང་མི་སྤང་ཞིང་།། དུས་རྣམས་ཀུན་ཏུ་བྱང་ཆུབ་སེམ། ་སྙིང་པོ་སྔགས་དང་ཕྱག་རྒྱ་དང་།། བླ་མ་ལྷ་རྣམས་དེ་བཞིན་ཉིད།། བླ་མའི་བཀའ་ལས་འདའ་མི་བྱ།། གང་ལས་སྡིག་འགྱུར་དེ་ལས་འདའ།། དེ་ལ་ཕུལ་བའི་རྙིང་པ་དང་།། གྲིབ་མ་ལ་ཡང་འགོམ ་མི་བྱེད་ན་ཕྱག་རྒྱའི་རྣམ་པའང་དེ་བཞིན་ཉིད།། སྔགས་དང་ལྷ་ལ་མི་སྨད་ཅིང་།། གདོན་གྱི་ལས་རྣམས་མི་བྱའོ།། མུ་སྟེགས་པ་ཡང་སྨད་མི་བྱ།། མདོར་ན་བདག་ཉིད་ཐེ་ཚོམ་དང་།། སོམ་ཉི་ཡིད ་གཉིས་མི་བྱ་སྟེ།། རྒྱུད་དང་ལྷ་ཚོགས་ལ་དེ་བཞིན།། དད་པ་བརྟན་པས་དམ་བཅས་ནས།། སརྦ་བིད་ཀྱིས་དབང་དེ་བཞིན།། མཆོག་བུམ་ལ་སོགས་མཆོག་རྣམས་ཀྱིས།། དབང་བསྐུར་བཅུ་པོ་འདོད ་ཇི་བཞིན།། དེ་ནས་ལག་ཏུ་རྡོ་རྗེ་དང་།། དྲིལ་བུ་སྦྱིན་བྱ་དེ་རྗེས་སུ།། འཁོར་མོ་ལ་སོགས་རིན་ཆེན་བདུན།། བཟུང་ནས་འཁོར་ལོས་སྒྱུར་བ་ཡི།། རྒྱལ་པོ་དབང་ཕྱུག་ཐོབ་བྱིར་དང་། ་སྡིག་པ་གཞོམ་ཕྱིར་དབང་བསྐུར་ཞིང་།། སྔགས་སྒྲུབ་འདོད་པའི་སློབ་མ་ལོ།། རྗེས་སུ་གནང་བ་མཉན་དུ་གཞུག། དེ་ནས་བསྟོད་པས་མགོ་བོ་ཡིས།། ཕྱག་འཚལ་ཇི་ལྟར་འདོད་པའི་རྫས།། བླ་མ་ལ་ནི་དབུལ ་བྱ་སྟེད། རིན་ཆེན་གཏེར་དང་འབྲུ་དང་དབྱིག། གསེར་དང་བཞོན་པ་ཁྱིམ་དང་གདན།། བུ་དང་བུ་མོ་སྐྱེས་པ་དང་།། བུད་མེད་རྣམས་ནི་དབུལ་བྱ་ཞིང་།། གྲོང་དང་གྲོང་ཁྱེར་ཅི་བཞེད་རྣམས།། རང་གི་སེམས། ་ནི་རབ་དང་བས།། ཡོན་རྣམས་ངེས་པར་དབུལ་བྱ་ཞིང་།། དངོས་གྲུབ་མྱུར་ཕྱིར་བླ་མ་ལ།། མདོར་ན་བདག་ཉིད་ཀྱང་འབུལ་བྱ།། ཚེ་འདིའི་བདེ་བ་མ་ལུས་དང་།། འཇིག་རྟེན་ཕ་རོལ་བདེ་བའི་མཆོག ་སངས་རྒྱས་ཉིད་ཀྱང་འཐོབ་འགྱུར་ཏེ།། ལྷ་ཡི་བདེ་བ་ལྟ་ཅི་སྨོས།། བླ་མ་སངས་རྒྱས་ཀུན་དང་མཉམ།། རྡོ་རྗེ་སློབ་དཔོན་སྨོད་པ་གང་།། དེ་ཡིས་རྟག་ཏུ་སྡུག་བསྔལ་འཐོབ།། དེ་ཕྱིར་སློབ་དཔོན་སྨད་མི་བྱ། ་རྡོ་རྗེ་སྤུན་དང་སྲིང་མོ་དང་།། གང་ཡང་སྨད་པར་མི་བྱ་ཞིང་།། ཁོན་པར་ཡང་ནི་མི་བྱའོ།། དཀོན་མཆོག་གསུམ་ལ་གནོད་བྱེད་དང་།། བླ་མ་སྤོང་བྱེད་མ་རུངས་རྣམས།། དམ་ཚིག་འདས་ལ་བཟོད་མི་བྱ།། ་དེ་ལྟ་བུ་སོགས་གནོད་བྱེད་ལའང་།། དེ་ལྟ་ཉིད་དོ་དེ་བྱས་ན།། ཀུན་རིག་གིས་གསུངས་དངོས་གྲུབ་འཐོབ།། སེམས་ཅན་ཀུན་ལ་རྗེས་བརྩེ་བས།། དངོས་གྲུབ་མྱུར་དུ་འབྱུང་བ་འཐོབ།། ། དེ ་ནས་བཅོམ་ལྡན་འདས་ཀྱིས། ལྷའི་དབང་པོ་དང་ལྷ་དང་བཅས་པ་ལ་འཇིག་རྟེན་ལ་ཕན་པ་དང་བདེ་བའི་དོན་དུ་སྒྲུབ་པའི་ཆོ་ག་གསུངས་ཏེ། བྲི་གཞི་ལ་བཅོམ་ལྡན་འདས་ཐམས་ཅད་རིག་པ་དེ་ཁོ་ན་བཞིན་དུ་ཟླ ་ཞིང་། གཡས་སུ་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་དང་། གཡོན་དུ་ཤཱཀྱ་ཐུབ་པ་དང་། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའི་འོག་ཏུ་འཕགས་པ་སྤྱན་རས ་གཟིགས་དབང་ཕྱུག་སྐུ་མདོག་ཟླ་བ་ལྟ་བུ་ཕྱག་ན་པདྨ་ཅན་དང་། ཤཱཀྱ་ཐུབ་པའི་འོག་ན་ཕྱག་ན་རྡོ་རྗེ་དང་། དེ་དག་གི་དབུས་སུ་སྨན་པའི་རྒྱལ་པོ་ཕྱག་གཅིག་གིས་ཨ་རུ་རའི་འབྲས་བུ་བསྣམས་ཤིང་། དེ ་ལས་གཞན་ནི་མཆོག་སྦྱིན་དུ་བྱའོ།། རྟ་མགྲིན་དང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་མ་རུངས་པ་འཇོམས་པ་ལ་བརྩོན་པ་དག་ནི་རང་གི་ལྷ་ལ་མངོན་པར་ཕྱོགས་པར་བྲི་ཞིང་། དེ་དག་གི་དབུས་སུ། ་ལོ་ཙ་ནཱ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་དག་ཕྱག་ན་རང་གི་མཚན་མ་ཅན་བྲིའོ།། དེ་རྣམས་ཀྱི་འོག་ཏུ་རྫིང་བུ་ཆུ་སྲིན་དང་ཉ་དང་། རུས་སྦལ་དང་སྦལ་པ་དཀར་པོ་ལ་སོགས་པ། ་དང་བཅས་པ་ཆུ་ལས་སྐྱེས་པའི་མེ་ཏོག་དུ་མ་ས་ཡོངས་སུ་གང་བར་བྲི་ཞིང་། བདུག་པ་དང་། མར་མེ་དང་། དྲི་དང་ག་འཕྲེང་བ་དང་། ཞལ་ཟས་དང་། མེ་ཏོག་དང་། འབྲས་བུ་རྣམ་པ་སྣ་ཚོགས་བྲི ་བར་བྱའོ།། འོག་ཉིད་དུ་སྒྲུབ་པ་པོ་ཐལ་མོ་སྦྱར་ཏེ་རབ་ཏུ་འདུག་ཅིང་འདུད་པར་བྲིའོ།། དེ་ནས་དེ་རྫོགས་པ་ལ་བྱིན་གྱིས་བརླབ་པ་དམིགས་པར་བྱ་སྟེ། སྤྱན་དབྱེ་བ་བྱས་ནས་མཆོད་པས་མཆོད་པར་བྱའོ།། ་དེ་ནས་གལ་ཏེ་མཚན་མ་མཐོང་ན་མྱུར་དུ་འགྲུབ་བོ།། གལ་ཏེ་མ་མཐོང་ན་རིང་མོ་ནི་གན་འགྲུབ་པའོ།། བནང་པ་དང་ནི་རྔ་སྒྲ་དང་།། དྲིལ་བུའི་སྒྲ་དང་འབྲུག་སྒྲ་ཉིད།། དགེ་སློང་བྲམ་ཟེ ་བུ་མོ་དང་།། འབྲས་བུ་མཐོང་ན་དངོས་གྲུབ་ནི།། མཆོག་འབྲིང་ཐ་མ་མྱུར་དུ་འགྲུབ།། དེ་ནས་སྐུ་གཟུགས་ཕྱག་རྒྱ་དང་།། སྔགས་རྣམས་ཀྱིས་ནི་བྱིན་གྱིས་བརླབས།། ཇི་ལྟར་བསྐྱེད་པས་ཐོབ་བྱ་ཞིང་། ་འཇིག་རྟེན་གསུམ་ནི་རྣམ་རྒྱལ་གྱིས།། བདག་སྲུང་ལ་སོགས་བྱས་ནས་སུ།། བདག་གི་དེ་ཉིད་ཀྱང་བསྒོམས་ནས།། ཇི་སྲིད་དངོས་གྲུབ་རྟགས་འབྱུང་བ།། འབུམ་ཕྲག་གསུམ་མམ་དྲུག་འབུམ་བཟླས ་དེ་ནས་དབེན་པའི་གནས་སུ་ནི།། སྔགས་ཀྱང་ཆད་ལྷག་བཀང་བྱ་སྟེ།། བརྒྱ་ཕྲག་བརྒྱད་རྣམས་བཟླས་པར་བྱ།། དེ་ནས་བཟླས་པ་དེ་ཡི་མཐར།། དཀྱིལ་འཁོར་སྔ་མ་བཞིན་བསམས་ལ།། མཆོད་པ་རྒྱ ་ཆེན་ཡང་བྱས་ནས།། མཚན་མོ་གཅིག་ནི་བཟླས་པར་བྱ།། དེ་ནས་གལ་ཏེ་གཙོ་བོ་འམ།། སྲས་སམ་ལྷ་རྣམས་མཐོང་གྱུར་ན།། དེ་ཚེ་སྣོད་འདོད་ཇི་ལྟ་བར།། དངོས་གྲུབ་མཆོག་ནི་གསོལ་བ་གདག ་ལྷརྣམས་རྟག་ཏུ་དགྱེས་པ་ཡིས།། དངོས་གྲུབ་འབྲས་བུ་དེ་ལ་རྩོལ།། ཕྱག་བྱས་ཀྱང་ནི་དངོས་གྲུབ་ནི།། མཆོག་ལ་སོགས་པ་བླང་བར་བྱ།། ཐ་མ་དཀོན་མཆོག་གསུམ་པོ་ལ།། རང་རང་སྐལ་བ ་པུཕུལ་ནས་ནི།། དེ་ནས་རྟག་ཏུ་བདག་ཉིད་སྤང་།། དེ་རྣམ་མེད་ན་ཤེས་རབ་ཅན།། བླངས་ནས་རང་ཉིད་སྤང་བར་བྱ།། སེམས་ཅན་ཀུན་ལ་ཕན་བརྩོན་ནིང་།། བསྐལ་པ་དུ་མར་གནས་པར་འགྱུར། ་ལེགས་པར་བསྒྲུབ་ན་ཐམས་ཅད་བྱེད།། གནོད་སྦྱིན་རྒྱུ་སྐར་གདོང་ལ་སོགས།། ཚིག་ཙམ་གྱིས་ནི་བྲན་བཞིན་དུ།། ཞི་བའི་ལས་ལ་སོགས་པ་ནི།། ཐམས་ཅད་བྱེད་པར་འགྱུར་བ་ཡིན།། ་དེནས་བཅོམ་ལྡན་འདས་ལ། ལྷའི་དབང་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་སྡིག་པ་བགྱིས་པ་དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པ་རྣམས་ཀྱིས་དམྱལ་བ་ལ་སོགས་པའི ་སྡུག་བསྔལ་རབ་ཏུ་སྤང་བའི་ཕྱིར་ཇི་ལྟར་རབ་ཏུ་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པའི་སེམས་ཅན་སྡིག་པ་ཆེན་པོ་བྱེད་པ་དེ་ནམ ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་རྣམས་ལས་ཚོགས་མེད་པར་གྲོལ་བར་འགྱུར་བ་ཉིད་དེ་བཞིན་དུ་ཉོན་ཅིག། དེ་བཞིན་དཀྱིལ་འཁོར་བྲིས་ནས་ནི།། བརྒྱ་རྩ་བརྒྱད་ནི་བཟླས་པ་ཡི།། བུམ་པ་རྣམས་ནི་སྔ ་མ་བཞིན།། དབང་བསྲུར་བ་ནི་བརྟག་པར་བྱ།། དེ་ནས་སྔོན་གྱི་སྡིག་བྱང་ཞིང་།། དམྱལ་བ་ལ་སོགས་སྡུག་བསྔལ་ནི།། ཀུན་ལས་མྱུར་དུ་ནམ་གྲོལ་འགྱུར།། སྡིག་ལས་ནམ་གྲོལ་བདག་ཉིད་ཆེ།། དེ་ཡང ་གནས་གཙང་ལྷར་སྐྱེས་ནས།། རྟག་ཏུ་སངས་རྒྱས་ཆོས་བགྲོ་ཐོས།། ཕྱིར་མི་ལྡོག་པའི་ས་ལ་གནས།། རིམ་གྱིས་བྱང་ཆུབ་མངོན་སུ་བྱེད།། དེ་ཡི་གཟུགས་བརྙན་དང་ནི་མིང་།། གུར་ཀུམ་གྱིས་ནི་བྲིས ་ནས་སུ།། ངན་སོང་གསུམ་གྱི་འཇིགས་ཆེན་ལས།། སེམས་ཅན་རྣམས་ནི་ཐར་པའི་ཕྱིར།། སྔགས་པ་གཞན་ལ་ཕན་བརྩོན་ཤིང་།། བརྩེ་བས་མངོན་པར་དབང་བསྐུར་རོ།། དེ་ནས་རྣལ་འབྱོར་ཅན་གྱིས་ནི།། ་སྔགས་དང་ཕྱག་རྒྱས་དབང་བསྐུར་ཏེ།། ལྷ་ཡི་གཟུགས་སུ་བརྟགས་ནས་སུ།། མཆོད་རྟེན་དབུས་སུ་གཞག་པར་བྱ།། རང་གཞན་ལྷ་ཡི་སྙིང་པོ་ནི།། སྙིང་ཁ་དེ་ཡི་ཕྱོགས་བྲིས།། ་ནསད་ད་ལྷ་མཉམ་པར་ནི་སེམས་བསྐྱེད་དེ།། ཁྱིམ་དུ་ཡང་ནི་གཞག་པར་བྱ།། དེ་ཡི་མིང་དང་སྤེལ་བའི་སྔགས།། གུར་ཀུམ་བཟང་པོས་བྲིས་ནས་ནི།། འབུམ་ནི་ཡོངས་སུ་རྫོགས་པར་དུ།། མཆོད་རྟེན ་ལས་ནི་རབ་ཏུ་བྱ།། སྡིག་ཆེན་སྡིག་ནི་ཟད་བྱའི་ཕྱིར།། བྱེ་བ་ཡང་ནི་རྫོགས་པར་བྱ།། དེ་ལྟར་བྱས་ན་དེ་ངེས་པར།། དམྱལ་བ་ལས་ནི་གྲོལ་བར་འགྱུར།། དེ་བཞིན་ཡི་དགས་བྱོལ་སོང་ལས།། གྲོལ་ཏེ་ལྷ ་རིགས་རྣམས་སུ་སྐྱེས།། དེ་ཡི་མིང་ནས་སྤེལ་ནས་ནི།། ཇི་ལྟར་གསུངས་པའི་སྔགས་སྟོང་བཟླས།། གལ་ཏེ་བརྒྱ་ཕྲག་སྟོང་ཡང་ཚང་།། བྱེ་བའི་བར་དུ་རྫོགས་པར་བྱ།། ལྷ་རིགས་རྣམས་སུ་སྐྱེ་བར ་འགྱུརྡ། དེ་ཡི་མིང་ནས་སྤེལ་བ་ཡི།། མཁས་པས་འབུམ་ཕྲག་བརྒྱ་འམ་ནི།། ཡང་ན་བརྒྱ་ཕྲག་སྟོང་སྙེད་དུ།། སྦྱིན་སྲེག་བྱས་ནི་དམྱལ་བ་ནི།། ཆེན་པོའི་སྡིག་པ་ལས་གྲོལ་འགྱུར།། ཇི་སྲིད་མཚན་མ ་འབར་བ་ཡི།། གནས་སུ་ཡང་དག་སྐྱེ་བར་འགྱུར།། ཉུངས་ཀར་དཀར་པོ་ཏིལ་དང་འབྲས།། ར་ཡི་འོ་མ་ཡང་དག་ལྡན།། དེ་བསྐུས་ལམ་ཤིང་དེ་སྲིད་དུ།། ཆོ་ག་ཇི་བཞིན་སྦྱིན་སྲེག་བྱ།། དེ་ནས་དེ་ནི་ངེས་པ ་ཡང་། དསུ་རིགས་རྣམས་སུ་སྐྱེས་པའོ།། མཚན་མཉེ་བར་མང་བར་འགྱུར།། གལ་ཏེ་ལྷའིམཆོག་སྐྱེས་དང་།། མང་ནཐའི་ཁུང་མང་ངུན།། དགང་པོགསས་པན་པ་བ་བ་དང་། གྱེན་དུ་མེད ་ཞིང་དྲི་མ་མེད།། འཕྲོ་བ་སྡོམས་བཞིན་འབར་བ་དང་།། གློག་བཞིན་དྲིམ་མེད་འོང་བཏན།། མེ་རྟགས་འདི་རྣམས་མཐོང་བར་འགྱུར།། ཡང་ན་མེ་ལྷ་བདག་ཉིད་ནི།། དེ་བཞིན་ཡོནར་སྟོན་འགྱུར་ཏེ།། ཟ་བ། ་བཞིན་དུ་དྲི་མ་མེད།། དཀར་པོ་བཞིན་མདོག་འབར་བའོ།། མཚན་མ་འདི་དག་མཐོང་བ་ལ།། དེ་ནས་དམྱལ་སོགས་ནམ་གྲོལ་ཞིང་།། སྡིག་པ་བཅོམ་ནས་བདེ་འགྲོར་ནི།། སྐྱེས་པ་ཡིན་པར་ཤེས་པར ་བྱད་ད་ཁྲུ་བཞི་པ་ཡི་ཚད་དུ་ནི།། ཆོ་ག་ཇི་བཞིན་ཐ་བ་ཁུང་བརྐོ།། རྡོ་རྗེས་མཐའ་མ་བསྐོར་བ་ཡི།། འཁོར་ལོ་དབུས་སུ་བྲི་བར་བྱ།། རིགས་ལྔ་ཡི་ནི་ཕྱག་རྒྱ་རྣམས།། ཇི་བཞིན་རང་གི་ཕྱོགས་སུ་བྲི། ་ཇི་བཞིན་སེམས་དཔའ་རྣམས་དང་ནི།། འཇིག་རྟེན་ལ་སོགས་ཕྱི་ནས་བྲི།། དེ་ནས་བུམ་པ་གང་བ་དང་།། གཏོར་མས་སྣོད་རྣམས་བཀང་བ་ནི།། བརྒྱད་དམ་བཅུ་དྲུག་དག་ཏུ་གཞག། བཟའ་དང ་བཅའ་བ་ཞལ་ཟས་དང་།། མེ་ཏོག་འཕྲེང་སོགས་དེ་བཞིན་ཏེ།། བླ་རེ་རྒྱལ་མཚན་དར་ལ་སོགས།། གདུགས་སོགས་རྣམས་ཀྱིས་ལེགས་པར་བརྒྱན།། དེ་ལྟར་སྦྱིན་སྲེག་ཐབ་ཁུང་ནི།། མཆོག་ཏུ ་ཡང་དག་སྦྱིན་སྲེག་བྱ།། ཆོ་ག་ཤེས་པས་དེ་བྲིས་ནས།། ལྷ་ཡི་ཚོགས་ནི་སྤྱན་དྲངས་ཏེ།། སྔགས་ཤེས་པས་སྔགས་ཕྱག་རྒྱ་ཡིས།། ཨརྒ་ལ་སོགས་ཕུལ་ནས་ནི།། མདོར་བསྡུས་མཆོད་པར་བྱས ་ནས་སུ།། ལྷ་ཡི་སྦྱོར་བས་རབ་གནས་ལ།། ག་པུར་གུར་ཀུམ་ལ་སོགས་པས།། མར་དང་འོ་མ་ཏིལ་བསྒོས་ལ།། ཏིལ་དང་ཉུངས་ཀར་འབྲས་རྣམས་དང་།། དྲི་ཡི་ཆུས་ནི་ལེགས་བཀང་སྟེ།། འབྲས། ་ཆན་སྤོས་དངལ་དུ་བ།། སྦྲང་རྩི་ཤ་ཀ་རང་ལྡན་ལ།། བརྒྱ་ཕྲག་དུ་མར་ཡོངས་སུ་བཟླས།། ཡམ་ཤིང་ལ་ཡང་དེ་བཞིན་ཏེ།། རང་གི་སྔགས་ཀྱིས་བཏབ་པའི་ཤིང་།། ཁུང་། ་བུའི་ནང་དུ་བཞག་པར་བྱ།། ལྷ་དང་ཀླུ་དང་གནོད་སྦྱིན་དང་།། དྲི་ཟ་སོགས་སུ་གནས་པ་ཡི།། རོལ་སྔགས་ཀྱིས་བཏབ་ནས་སུ།། ཆུ་མཆོག་གིས་ནི་བཀྲུས་ནས་ནི།། སྔགས་བཟླས་དྲི་ཡིས་བྱུགས ་པར་བྱ།། གོས་དང་རྒྱན་གྱིས་བརྒྱན་བྱ་ཞིང་།། སྔགས་ཀྱིས་བཏབ་པའི་བདུག་པས་བདུག། མེ་ཏོག་འཕྲེང་བ་ལ་སོགས་མཆོག། གཙུག་པུད་དཔུང་པར་དེ་བཞིན་དུ།། སྔགས་བྲིས་ནས་ནི་གདགས་པ ་བྱད་དསྙིང་ཁ་མགྲིན་པ་ཁ་ཕྱོགས་སུ།། སརྦ་བིདྱཱས་བྱིན་གྱིས་བརླབས།། དཔྲལ་བ་མཛོད་སྤུ་རྣ་བ་གཉིས།། མགོ་བོ་སྤྱི་གཙུག་དཔུང་པ་གཉིས།། རྣ་བ་དཀུ་དང་པུས་མོ་བོལ།། སྣ་ཡི་རྩེ་མོ་ལོང་བུ་དང་། ་མིག་གཉིས་དང་ནི་གསང་བ་ཡི།། དབང་པོ་རྣམས་ཀྱི་གནས་དང་ནི།། དེ་ལྟར་གཞན་དུའང་གནས་ཡི་གེ། མཆོག་ཏུ་དགེ་བ་དེ་དག་གཞག། དེ་དག་ངན་སོང་ཡོངས་སྤྱད་ཕྱིར།། སྟན་དང་བཅས་ཏེ་ཟབ ་དབུས་གཞག། དེ་ནས་སྔགས་པས་སྔགས་ཀྱིས་ནི།། མངོན་པར་བསྔགས་པའི་གོས་ཀྱིས་གཡོགས།། དེ་ནས་བྱིན་ཟ་ཡང་དག་རབ་སྤར་ལ།། མེ་ལྕེ་སྟོང་གིས་དཀྲིགས་ཤིང་འབར་བའི་ལུས།། ཟླ་བ ་ཀུན་དེ་བཞིན་དུ་ནི་བའི་ཡིད།། དཔག་མེད་ཀུན་ལ་མཆོད་ཡོན་ཡོངས་སུ་བརྟག། དེ་བཞིན་ཇི་ལྟར་གསུངས་པའི་མཆོད་པ་བྱ།། དེ་ནས་དང་པོ་དེ་ཡི་སྦྱིན་སྲེག་ནི།། རྫོགས་པར་བྱས་ཤིང་འབར་བ་ཉིད་ལ ་ནི་ནཡོངས་བརྟགས་ནས་ནི་རྒྱལ་བ་ལས།། སོགས་པ་རྣམས་ཀྱི་བརྒྱད་ནི་ལྷག་པ་དང་།། བཅས་པའི་བརྒྱ་ནི་ཡོངས་སུ་བརྟག་པར་བྱ།། དེ་ནས་སྦྱོང་བའི་སྔགས་ཀྱི་རྒྱལ་པོ་ཡང་།། བསྲེག་བྱ་ཉི་ཤུ་རྩ ་གཅིག་ཡོངས་སུ་བརྟག། དེ་ནས་ཞལ་རས་དཀར་པོ་སྤྱན་དྲངས་ལ།། ཡོ་བྱད་རྣམས་སམ་མཆོད་ཡོན་སོགས་གསུམ་མཆོད།། ཕྱག་ན་རྡོ་རྗེ་པདྨ་ཞགས་པ་བསྡམས།། རྒྱན་རྣམས་ཐམས་ཅད་ཀྱིས་ནི་རབ ་བརྒྱན་ཅིང་།། རྫོགས་པའི་སངས་རྒྱས་དབུ་རྒྱན་ཅན།། བསམ་པར་བྱ་ཞིང་ཡང་ནི་བྲི་བར་བྱ།། དེ་ཡི་སྙིང་པོ་བརྒྱ་ཕྲག་སྟོང་ངམ་ནི།། ཇི་སྲིད་བྱ་བའི་བར་དུ་སྦྱིན་སྲེག་བྱ།། ཡང་ན་མཚན་མ་ཡང་དག་བྱུང ་ན་ནི། དེ་བཞིན་སྡིག་རྒྱུན་སྤངས་པར་ཤེས་པར་བྱ།། དེ་ནས་ཐལ་བར་འགྱུར་བ་ཆོ་ག་བཞིན།། རྡོ་རྗེ་བསྡུ་བས་ཐལ་བ་རུས་པ་བསྡུ།། རྡོ་རྗེ་བདུད་རྩིའི་དྲི་ཆུ་དང་།། བ་ཡི་རྣམ་ལྔ་དང་བཅས་ལ། ་སྐྱོང་བའི་སྔགས་ནི་འབུམ་བཟླས་ཏེ།། གོང་བུ་བྱས་ནས་ག་པུར་དྲིར།། ས་དང་ལེགས་པར་བསྲེས་བྱས་ལ།། སྐུ་གཟུགས་མཆོད་རྟེན་ལྷར་བསམ་ནིང་།། ལན་ཅིག་གཉིས་གསུམ་བཞི་ལྔ་འམ། ་ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད།། སྔགས་དང་ཕྱག་རྒྱས་བྱིན་བརླབས་ལ།། འབུམ་ཕྲག་གཉིས་ནི་བཟླས་པར་བྱ།། དེ་ནས་མཆོད་རྟེན་འབར་གྱུར་ཏམ།། ཡང་ན་སྐུ་གཟུགས་ཞལ་འཛུམ་མམ། ་དྲི་སྤྱོས་ངན་ལྡང་འོད་སྣང་ངམ།། ལྷ་ལ་སོགས་པ་སྣ་ཚོགས་པ།། རྫུ་འཕྲུལ་རྣམ་པར་འཕྲུལ་པ་དང་།། མེ་ཏོག་ལ་སོགས་འདོར་བ་དང་།། དུང་དང་རྔ་དང་གླིང་བུ་དང་།། བི་ཝ་ང་ལ་སོགས་སྒྲ་ཐོས ་འགྱུར།། གལ་ཏེ་ལྷ་ཡི་མཚན་མ་དེ།། སྡིག་མང་ཉིད་ཀྱིས་མ་མཐོང་བ།། དེ་ཚེ་འབུམ་ཕྲག་བརྒྱ་སྟོང་བཟླས།། ཇི་སྲིད་མཚན་མ་བྱུང་བར་དུ།། དེ་བཞིན་གཤེགས་པ ་མཆོད་ནས་ནི།། མཉམ་པར་བཞག་པས་བཟླས་པར་བྱ།། དེ་མཐར་ཆོ་ག་ཤེས་པ་ཡིས།། མཚན་གཅིག་ཐོག་ཐག་མི་ཉལ་བཟླས།། དེ་ནས་དེ་ཡི་སྡིག་པ་ནི།། རྣམ་དག་བདག་ཉིད་ངེས་པར་མཐོང་།། ་ལྷ་ཡི་ལུས་ཀྱི་གཟུགས་དང་ནི།། དེ་ཡི་རྒྱུད་དུ་ངོ་ཤེས་འགྱུར།། མཚན་མ་འདི་དག་ཤེས་ནས་སུ།། རྣམ་པར་མི་རྟོག་སེམས་ཀྱིས་ནི།། བྱམས་དང་སྙིང་རྗེ་ལྡན་པ་ཡིས།། ལས་རྣམས་ཐམས་ཅད་རབ་ཏུ། ་བྱད་དགལ་ཏེ་དེ་ཡང་མེད་གྱུར་ན།། དེ་ཚེ་བཟླས་བསྒོམ་ཚུལ་གྱི་བྱ།། དེ་ཡི་མིང་ཙམ་བྲིས་ནས་སུ།། མཆོད་རྟེན་འཕྲེང་བ་བྱ་བ་དང་།། སྐུ་གཟུགས་ཀྱང་ནི་བྱས་ནས་སུ།། སྦྱིན་སྲེག་དབང་བསྐུར་བྱས ་གྱུར་ན།། གདོན་མི་ཟ་བར་བདེ་འགྲོར་སྐྱེ།། ཐལ་བ་ཉུངས་ཀར་བྱེ་མ་སོགས།། མིང་སྤེལ་སྔགས་ནི་མངོན་བཏབ་ནས།། རྒྱ་མཚོར་འབབ་པའི་ཆུ་ཀླུང་དོར།། དེ་ལྟར་བྱས་ན་སྡིག་པ་ཅན།། ཡིན་ཡང ་ངན་སོང་རྣམས་ལས་ནི།། རྣམ་པར་ཐར་པར་གྱུར་ནས་ཀྱང་།། དགེ་བ་མཆོག་གི་ས་བོན་ནི།། བསྐྱེད་དང་ལྡན་པས་སངས་རྒྱས་ཉིད།། འབྲས་བུར་ཡང་དག་ལྡན་པ་ཡི།། སྦྱིན་པ་ཚུལ་ཁྲིམས་བཟོད་པ ་དང་དན་བརྩོན་འགྲུས་བསམ་གཏན་ཤེས་རབ་རྒྱ།། རབ་ཏུ་བསྒོམས་པའི་བསོད་ནམས་ལྡན།། འཇིག་རྟེན་ངན་སོང་བཅོམ་པ་ནི།། འདི་ལྟར་ལྷ་ཡང་ཅི་ཞིག་སྤོས།། འདི་ལ་ཐེ་ཚོམ་མེད་པ་ཡིན།། གང ་ཡང་དགེ་བའི་རྩ་བ་མ་བསྐྱེད་པ་དང་ག་གང་ཡང་མེད་པའི་ལྟ་བ་ཅན་དང་། གང་བྱང་ཆུབ་ཀྱི་ལམ་ལས་རྣམ་པར་འདས་པས་བསྟན་པ་ལ་ནི་སྡང་གིས་གནོད་པ་བྱེད་པ་དང་། སྡིག་པའི་རང་བཞིན་མི་ཤེས་པ་པ་དང་། ་མ་ལ་སེམས་མི་བརྩེ་བ་དང་། བྱང་ཆུབ་ཀྱི་སེམས་ལ་མི་བརྟེན་པ་དང་། འདོད་ཆགས་དང་བྲལ་བ་བསད་པ་དང་། ལྷ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། སྔགས་དང་། ཕྱག་རྒྱའི ་ཚོགས་ལ་སོགས་པ་རྣམས་ལ་མེད་པ་ཉིད་དུ་ལྟ་བ་ལ་སོགས་པའི་སྡིག་པ་ཅན་རྣམས་ལ་དེ་ལྟ་བུའི་ཤེས་རབ་ཅན་དང་ཐབས་མེད་ན་གྲོལ་བ་མེད་དོ་ཞེས་པ། བདེ་བར་གཤེགས་པ་རྒྱལ་བ་རྣམས་ཀྱིས་གསུངས་སོ།། ་དེ་ནས་བརྒྱ་བྱིན་ལ་སོགས་པ་སྤྱན་པདྨ་རྒྱས་པ་རྣམས་ལེགས་སོ་ཞེས་བྱ་བས་མཉེས་པར་མཛད་དོ།། མཉེས་པར་མཛད་ནས་མཆོད་པ་མཛད་དོ།། བརྒྱ་བྱིན་གཞན་ལ་ཕན་པར་བརྩོན་པས་ཀྱང་ཇི་ལྟར་བཀའ ་སྩལ་པ་བཞིན་དུ་བྱས་སོ།། འབྲས་བུ་དེ་བཞིན་དུ་ཐོབ་པར་གྱུར་ཏོ།། དབང་ལྡན་དུ་མགྲིན་པ་སྔོན་པོ་གླང་ཁྱུ་མཆོག་ལ་ཞོན་པ། སྐུ་མདོག་དཀར་པོ་ཕྱག་བཞི་པ། གཡས་པའི་དང་པོ་དང་གཉིས་པ་རྡོ་རྗེ ་རྩེ་གསུམ་པ་དང་མཆོག་སྦྱིན་དུ་བཅས་པ། གཡོན་པའི་གཅིག་གིས་རྩེ་གསུམ་པ་འཛིན་ཅིང་གཉིས་པས་རལ་གྲི་འཛིན་པ་སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཅན་བྲིས་ཏེ། ཨོཾ་པ་ཤུ་བ་ཏི་ནཱི་ལ་ཀརྞ་ཨུ་མ་ཟི ་ཡ་སྭཱ་ཧཱ། ཞེས་པ་འདིས་སོ།། དེ་ནས་ཕྱག་རྒྱ་འདི་ཡིན་ཏེ། ལག་པ་རྡོ་རྗེ་ཁུ་ཚུར་བྱས་ལ་མཐེའུ་ཆུང་མཐེ་བོང་གིས་མནན་ཏེ་སོར་མོ་ལྷག་མ་རྣམས་རྡོ་རྗེའི་མཚན་ཉིད་དུ་བྱས་ཤིང་མིང་མེད་དང་མཛུབ་མོའང ་རྡོ་རྗེའི་རྣམ་པར་ཅུང་བད་མདུད་པར་བྱའོ།། འདི་ནི་བླུགས་བདག་གི་ཕྱག་རྒྱའོ།། ཁྱབ་འཇུག་ཁྱུང་ལ་སོན་པ་། མདོག་ནག་པོ་ཕྱག་བཞི་པ། ཕྱག་གཡས་པ་དགན་དབྱུག་ཏོ་དང་རྡོཿ། ་འཛིན་ཅིང་། གཡོན་པ་དག་ན་དུང་དང་འཁོར་ལོ་འཛིན་པའོ།། གསེར་གྱི་རྡོ་རྗེ་མ་ཁྱབ་འཇུག་ལྟ་བུ་གསེར་གྱི་མདོག་ཅན་དུ་ཤེས་པར་བྱའོ།། རྡོ་རྗེ་དྲིལ་བུ་རྨ་བྱ་ལ་ཞོན་པ་ཞལ་དྲུག་པ་དམར་པོ་གཡས་པ་དག་ན ་ཤ་ག་ཏི་དང་རྡོ་རྗེ། གཡོན་པ་དག་ན་ཁྱིམ་བྱ་དང་དྲིལ་བུ་འཛིན་པའོ།། རྡོ་རྗེ་གཞོན་ནུ་མ་རྡོ་རྗེ་དྲིལ་བུ་ལྟ་བུར་ཤེས་པར་བྱའོ།། མི་སྨྲ་བ་རྡོ་རྗེ་ངང་པ་ལ་ཞོན་པ། གསེར་མདོག་ཅན་ཞལ་བཞི་པ་ཕྱག་བཞི་པ། ་ཕྱག་གཡས་པ་དག་ན་རྡོ་རྗེ་དང་བགྲང་འཕྲེང་འཛིན་ཅིང་། གཡོན་པ་དག་ན་དབྱུག་ཏོ་དང་སྤྱི་བླུགས་འཛིན་པའོ།། རྡོ་རྗེ་ཞི་བ་མཚངས་པ་ལྟ་བུར་ཤེས་པར་བྱའོ།། རྡོ་རྗེ་མཚོན་ཆ་གྲང་པོ་ཆེ་དཀར་པོ་ལ་ཞོན་པ། ་ཕྱག་གཡོན་པས་རང་གི་རྡོ་རྗེ་འཛིན་ཅིང་།། གཡས་པས་འཇིག་རྟེན་ལས་འདས་པའི་རྡོ་རྗེ་འཛིན་པའོ།། རྡོ་རྗེ་ཁུ་ཚུར་མ་རྡོ་རྗེ་མཚོན་ཆ་ལྟར་ཤེས་པར་བྱའོ།། རྡོ་རྗེ་འཁྱིལ་པ་ཁྲོ་བོའང་ཤིང་རྟ་ལ་ནོན་པ། མདོག ་དམར་པོ། གཡས་པ་དང་གཡོན་པ་ན་པདྨ་དང་ཉི་མའི་དཀྱིལ་འཁོར་འཛིན་པའོ།། རྡོ་རྗེ་བདུད་རྩི་མ་ནི་རྡོ་རྗེ་འཁྱིལ་པ་ཁྲོ་བོ་ལྟ་བུ་ཉིད་དོ།། རྡོ་རྗེ་འོད་ཟེར་ཁྲོ་བོ་དཀར་པོ་ངང་པ་ལ་ཞོན་པ། གཡས་པས་རྡོ་རྗེ ་འཛིན་ཅིང་། གཡོན་པས་པདྨ་དང་ཟླ་བ་འཛིན་པའོ།། རྡོ་རྗེ་འོད་ཟེར་མ་རྡོ་རྗེ་ཁྲོ་བོ་ལྟ་བུའོ།། རྡོ་རྗེ་དབྱུག་པ་ཁྲོ་བོ་རུས་སྦལ་ལ་ཞོན་པ། མདོག་སྔོན་པོ། ཕྱག་གཡས་ན་རྡོ་རྗེ་འཛིན་ཅིང་། གཡོན་པས ་དབྱུག་པ་འཛིན་པའོ།། རྡོ་རྗེ་མཆོག་མ་རྡོ་རྗེ་དབྱུག་པ་ཁྲོ་བོ་སྟ་བུའོ།། རྡོ་རྗེ་དཔར་སེར་ཁྲོ་བོ་གླང་པོ་ཆེ་ལ་ཞོན་པ། མདོག་དམར་པོ། ཕྱག་གཡས་ན་རྡོ་རྗེ་འཛིན་ཅིང་། གཡོན་པས་མི་བཟུང་ནས་པ ་ཤིང་གནས་པའོ།། རྡོ་རྗེ་སྐ་རགས་མ་རྡོ་རྗེ་དམར་སེར་ཁྲོ་བོ་ལྟ་བུའོ།། རྡོ་རྗེ་ཚོགས་བདག་གླང་སྣ་གླང་པོ་ཆེ་ཞོན་པ་ཅན། ཕྱག་གཡས་པས་རྡོ་རྗེ་འཛིན་ཅིང་། གཡོན་པས་གཤོལ་འཛིན་ཅིང་གནས་པ ་མདོག་དཀར་པོའོ།། རྡོ་རྗེ་འདུལ་བ་མ་རྡོ་རྗེ་གླང་སྣ་ལྟ་བུའོ།། འདི་ནི་ཁྱད་པར་ཏེ། གང་ཞེ་ན། ཕྱག་གཡོན་གྱིས་ཁ་ཊྭཱཾ་ག་འཛིན་པའོ།། རྡོ་རྗེ་འཕྲེང་བ་ཚོགས་ཀྱི་བདག་པོ་མདོག་ལྗང་ཁུ། བྱ་ཀུ་ལི ་ཀའི་ཤིང་རྟ་ནོན་པ། ཕྱག་གཡས་ཀྱིས་རྡོ་རྗེ་འཛིན་པ། གཡོན་པས་མེ་ཏོག་གི་འཕྲེང་བ་འཛིན་པའོ།། རྡོ་རྗེ་གདན་མ་རྡོ་རྗེ་འཕྲེང་བ་ལྟ་བུའོ།། འདི་ནི་ཁྱད་པར་ཏེ། གང་ཞེ་ན། ཕྱག་ཡོན་གྱིས་ཤག་ཏི ་འཛིན་པའོ།། རྡོ་རྗེ་དབང་ཅན་ནེ་ཙོའི་ཤིང་རྟ་ནོན་པ། མདོག་དཀར་སེར། ཕྱག་གཡས་པས་རྡོ་རྗེ་འཛིན་པ། གཡོན་པས་ཆུ་སྲིན་གྱི་རྒྱལ་མཚན་བསྣམས་པའོ།། རྡོ་རྗེ་དབང་ཅན་མ་རྡོ་རྗེ་དབང་ཅན་ལྟ་བུ་སྟེ། ་འདི་ནི་ཁྱད་པར་རོ།། གང་ཞེ་ན། མདོག་དམར་པོའོ།། རྣམ་རྒྱལ་རྡོ་རྗེ་ཚོགས་ཀྱི་བདག་པོ་སྦལ་པ་ཞོན་པ། མདོག་དཀར་པོའོ།། ཕྱག་གཡས་ན་རྡོ་རྗེ་འཛིན་པ། གཡོན་པས་རལ་གྲི་འཛིན་པའོ།། ་རྡོ་རྗེ་གདེངས་པ་མ་ནམ་རྒྱལ་རྡོ་རྗེ་ལྟ་བུའོ།། རྡོ་རྗེ་གཏུན་ཤིང་པ་ཉ་མ་མེ་ཏོག་གི་ཤིང་རྟའི་ཁུང་བུ་ནོན་པ། མདོག་དཀར་སེར་། ཕྱག་གཡས་པས་རྡོ་རྗེ་འཛིན་པ། གཡོན་པས་གཏུན་ཤིང་འཛིན་པའོ།། ་རྡོ་རྗེ་གཏུན་ཤིང་པོ་ཉ་མོ་རྡོ་རྗེ་གཏུན་ཤིང་ལྟ་བུ་སྟེ། འདི་ནི་ཁྱད་པར་རོ།། གང་ཞེ་ན། གཡོན་གྱིས་ཁ་ཊྭཱཾ་ག་འཛིན་པའོ།། རྡོ་རྗེ་ཆུང་གི་པོ་ཉ་མདོག་སྔོན་པོ་རི་དགས་ཞོན་པ། ཕྱག་གས། ་པས་རྔ་རྗེ་འཛིན་པ། གཡོན་པས་ངར་འཛིན་པའོ།། མགྱོགས་པའི་རྡོ་རྗེམཛོ་རྗེ་ཆུང་གི་པོ་ཉ་བུའོ།། རྡོ་རྗེ་མེའི་ཕོཉ་མོ་སྐྱེས་གོན་པ། མདོག་དམར་པོ་གྱེད་དུ་འབར་བའི་འོད་རྩེ་གསུམ་པ་འབར་བ ་ཕྱག་གཡས་པ་དགན་རྡོ་རྗེ་དང་གོ་ཆ་འཛིན་པ། གཡོན་པ་དག་ན་དབྱུག་པ་དང་སྤྱི་བླུགས་འཛིན་པའོ།། རྡོ་རྗེ་འབར་བ་མ་རྡོ་རྗེ་མེ་ལྟ་བུའོ།། རྡོ་རྗེ་འཇིགས་བྱེད་པོ་ཉ་སྔོན་པོ་རོལ་ངས་སོན་པ། ཕྱག་གཡས་པས ་རྡོ་རྗེ་འཛིན་པ། གཡོན་པས་རྩེ་གསུམ་འཛིན་པའོ།། རྡོ་རྗེ་གཙིགས་པ་པོ་ཉ་མོ་རྡོ་རྗེ་འཇིགས་བྱེད་ལྟ་བུ་སྟེ། འདི་ནི་ཁྱད་པར་རོ།། གང་ཞེ་ན། གཡོན་པས་ཞགས་པ་འཛིན་པའོ།། རྡོ་རྗེ་ལྕགས་ཀྱུ་བྲན་ཀྲུ ་ལྷག་པ་ལ་ཞོན་པ། སྔོན་པོ་ཕག་གི་གདོང་པ་ཅན། གཡས་པས་རྡོ་རྗེ་འཛིན་པ། གཡོན་པས་ལྕགས་ཀྱུ་འཛིན་པའོ།། རྡོ་རྗེ་ནག་པོ་བྲན་མོ་རོ་ལངས་ཀྱི་ནོན་པ་ཅན། ཕྱག་གཡོན་གྱིས་ཁ་ཊྭཱཾ་ག་འཛིན་པ། ་ཕྱག་གཡས་ཀྱིས་རྡོ་རྗེ་འཛིན་པ་མདོག་ནག་མོ། རྡོ་རྗེ་ལོག་འདྲེན་བྲན་བྲ་བ་བྱི་བཞོན་བུ་། མདོག་དཀར་པོ་གླང་པོ་ཆེའི་གདོང་པ་ཅན་ཕྱག་གཡས་དག་ན་རྡོ་རྗེ་དང་དགྲ་སྟ་འཛིན་པ། གཡོན་དག་ན་རྩེ་གསུམ ་དང་དབྱུག་པ་འཛིན་པ། སྦྲུལ་གྱི་མཆོད་ཕྱིར་ཐོགས་པའོ།། རྡོ་རྗེ་སྲུལ་མོ་བྲན་མོ་མདོག་སྔོན་མོ། གཡས་ན་རྡོ་རྗེ་འཛིན་པ། གཡོན་པ་ཕྱགས་མ་འཛིན་པ། ཟ་བ་བྱི་བཞོན་པའོ།། ཀླུ་རྡོ་རྗེའི་ཆུ་སྲིན་ལ་ནོན ་པད་གདེངས་ཀ་བརྒྱད་པ་མདོག་དཀར་པོ། གཡས་པས་རྡོ་རྗེ་འཛིན་པ། གཡོན་པས་ཀླུའི་ནགས་པ་འཛིན་པའོ།། རྡོ་རྗེ་ཆུ་སྲིན་མ་བྲན་མོ་ཆུ་སྲིན་ལ་ཞོན་པ།། མདོག་དཀར་མོ། གདེངས་ཀ་བརྒྱད་མ ་གཡས་པས་རྡོ་རྗེ་འཛིན་པ། གཡོན་པས་རྡོ་རྗེས་མཚན་པའི་ཆུ་སྲིན་འཛིན་པའོ།། འཇིགས་མདོག་མ་ལྗང་ཁུ་གཡས་པས་རྡོ་རྗེ་འཛིན་ཅིང་། གཡོན་པས་རལ་གྲི་པེ་ཊ་ཀ་འཛིན་པའོ།། དཔལ་མོ་མདོག ་དཀར་སེར། གཡས་པས་རྡོ་རྗེ་འཛིན་ཅིང་། གཡོན་པས་པདྨ་འཛིན་པའོ།། དབྱངས་ཅན་མ་མདོག་དཀར་མོ། ཕྱག་གཡོན་པ་སརྦ་དང་། གཡས་པས་རྡོ་རྗེ་མའོ།། བགྲོད་དཀའ་མདོག་ལྗང་ཁུ་སེང ་གེ་ལ་ཞོན་པ། ཕྱག་གཡས་པ་དག་ན་རྡོ་རྗེ་དང་འཁོར་ལོ་འཛིན་པ། གཡོན་པ་དག་ན་ལྡེ་མེན་དང་རལ་གྲི་འཛིན་པའོ།། མ་མོ་ཐམས་ཅད་དང་། དྲག་པོ་ལ་སོགས་པ་དང་། ཆུ་བདག་གི་མཐར་ཐུག་པ་རྣམ ་ཀྱི་དང་། གང་ཕྱག་གཡས་སུ་རྡོ་རྗེ་གསུངས་པ་དེ་ནི་རྡོ་རྗེ་རྩེ་གསུམ་པར་ཤེས་པར་བྱའོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་རྣམ་པར་སྣང་མཛད་ལ་མངོན་དུ་བལྟས་པའོ།། དེ་ནས་ཐུན ་མཚམས་ཀྱི་དུས་སུ་རྡོ་རྗེ་ཏི་རིན་ཏི་རིས་དག་པར་བཅིངས་ཏེ། མེ་ཏོག་སྔོན་པོའི་འཕྲེང་བ་བཟུང་ལ་དཀྱིལ་འཁོར་དུ་འཇུག་གོ།། ཡི་གེ་ཧཱུཾ་བཞི་པ་བརྗོད་ཅིང་རྡོ་རྗེ་རྣམ་པར་སྣང་མཛད་ལ་བསྐོར་བ་བདུན་དང་། རུང ་དང་དྲིལ་བུའི་སྒྲ་བསྒྲག་པར་བྱའོ།། དཀྱིལ་འཁོར་ཐམས་ཅད་ཀྱི་ཡང་ལྷག་པ་དང་ཆད་པའི་ཉེས་པ་ཞི་བར་བྱ་བའི་ངེས་པར་བལྟས་ཏེ་འཕྲེང་བ་བཅོམ་ལྡན་འདས་ལ་ཕུལ་ནས། རྡོ་རྗེའི་གར་བྱས་ལ་བླངས་ཏེ ་ཡི་གེ་ཧཱུཾ་བཞི་པ་ཉིད་ཀྱིས་རང་གི་མགོ་བོར་བཅིང་ངོ་།། ཇི་ལྟར་ཆོ་ག་བཞིན་དུ་ཡང་།། གང་ཞིག་ཆད་པ་ཡོངས་སུ་བསྐང་།། མཁས་པས་ལྷག་པ་རྣམས་སྤང་བྱིར།། རྡོ་རྗེ་དྲིལ། ་བུ་ཀུན་རྟོག་བྱ།། འགྲུབ་འགྱུར་ཉེས་པ་སྤང་མི་བྱ།། ཞེས་གསུངས་སོ།། དེ་ནས་འདུག་པར་གྱུར་པ་ཡི།། རྡོ་རྗེ་སློབ་དཔོན་མཉམ་གཞག་པས།། རྡོ་རྗེ་སྒོ་ནི་བཞི་པོ་རྣམས།། ཡིད་ཀྱིས་དབྱེ་བར་བྱ་བ་ཉིད། ་ཨོཾ་བཛྲ་ཨུ་ཏགྷཱ་ཥ་ཡས་མ་མ་རྦ་བེ་ཤརྫྫ། ཞེས་བྱའོ།། ཕྱག་རྒྱའང་འདི་ཡིན་ཏེ། ངོ་རྗེ་ཁུ་ཚུར་གཉིས་གཞབས་ཏེ།། མཛུབ་མོ་གན་རྒྱལ་ཡང་དག་བཟུང་།། ལེགས་པར་དྲུག་ཏུ་རྣམ་པར་བྱེ།། ་དབྱེ་བ་མི་ཆོག་མིན།། ཞེས་པའོ།། དེ་ནས་ལྕགས་ཀྱུ་ལ་སོགས་པས་ལས་རྣམས་བྱས་ལ། རིན་པོ་ཆེ་བདུན་ལས་བྱས་པ་འམ། ས་ལས་བྱས་པའི་བུམ་པ་ནག་པོ་ལ་སོགས་པ་མེད་པ། མགྲིན་པ་རིང་བ། ་མཆུ་འབྲང་བ། ལྟོ་བ་ཆེ་བ། ལྷ་རྫས་ཀྱི་དྲིའི་ཆུ་དང་། རིན་པོ་ཆེ་དང་། སྨན་ཐམས་ཅད་དང་། འབྲུ་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པ། ཡལ་འདབ་དང་བཅས་པ། མགྲིན་པ་ལ་གོས་དམ་པས ་སས་བསྲུ་བ་ལ་བ་གྱུ་ས་བསྒྱིངས་སུ་བྱུགས་པ། མེ་ཏོག་གི་འབྱུང་བ་བཏགས་པ་འདངས་སྙེད་དུ་ན་། ན་པས་བྱིན་གྱིས་བརྡབས་པ། ཐ་ཟ ་རིས་མངས་སུ་བཟུང་བའི་ཛི་རྗེ་དང་མེ་ཏོག་གི་ཡལ་འདབ་ཀྱིས། ཨོཾ་བཛྲ་ཨུ་ད་ཀ་ཧཱུ~ཾ། ཞེས་བྱ་བ་འདི་སྟོང་རྩ་བརྒྱད་མངོན་པར་བསྔགས་པའི་ཡི་གེ་ནུ་བཞི་པ་བརྒྱརྩ་བརྒྱད་མངོན་པར་བསྔགས་པ་བྱས་ལ ་བཅོམ་ལྡན་འདས་རྔོན་ཙུ་མཛད་ཀྱི་སྤྱན་སྔར་ལེགས་པར་གཞག་གོ།། འདུག་པའི་སྒྲོལ་མངོན་པར་ཕྱོགས་པར་ཕྱི་རོལ་དུ་བུམ་པ་གཉིས་པ་ལ་ཡི་གེ་ཆུབཞི་པ་བརྩམ་བརླང་བཟླས་པ་གཞག་གོ།། དེའི་དུས་བདས། ་ཉིད་དང་སློབ་མ་དབང་བསྐུར་བ་བྱ་སྟེ། གཞུག་པའི་ཕྱག་རྒྱ་བཅིངས་ནས་སམ་བཅིངས་པའང་ངོ་།། བྱཱ་རུ་དེ་བཞིན་ས་ལེ་སྦྲམ།། དུང་དང་དེ་བཞིན་ནོར་བུ་ནི།། རིན་ཆེན་ཀུན་ཏེ་སིང་བ་དང་།། བྱཱ་གྷྲྀ་གཽ་རི་བེ་བེ་རེ། ་སྨན་ཀུན་ཏིལ་དང་སྲན་མ་ཤ། འབྲས་དང་གྲོ་ནི་ལྔ་པ་སྟེ།། སྨན་ལྔ་འབྲུ་ཀུན་སྒྲས་མཚོན་པའོ།། དེའི་རྗེས་ལ་ཕྱག་བཞི་ལ་སོགས་པ་སྔོན་དུ་འགྲོ་བའི་སྡོམ་པ་འཛིན་དུ་བཅུག་ནས། རྡོ་རྗེ་གནོད་སྦྱིན་གྱི་གོས ་སྔོན་པོ་ལའང་ཡོངས་སུ་བཟླས་ཏེ། སེམས་དཔའི་གཙུག་ཏོར་གྱིས་སྒོ་སྐྱོང་གི་གདོང་བཅིངས་པ་དང་། རྡོ་རྗེ་གོ་ཆས་སྟོང་གཡོགས་དང་། གཙུག་ཏོར་ལ་སོགས་པ་ཅན་གྱི་སློབ་དཔོན་གྱིས་ཁྲོ་བོ་ཏི་རིན ་ཏི་རིས་མེ་ཏོག་སྔོན་པོའི་འཕྲེང་བ་བཟུང་ནས། ཨོཾ་བཛྲ་ས་མ་ཡཾ་པྲ་བེ་ཤཱ་མི། ཞེས་བརྗོད་ཅིང་ཞུགས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་སྟེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས ་པས་སོ།། དེ་ནས་རྡོ་རྗེའི་ཆུ་འཐུངས་ནས་བདག་ཉིད་འཇུག་པར་བྱས་ལ། འཕྲེང་བ་དེ་དཀྱིལ་འཁོར་ཆེན་པོར་དོར་ལ་རང་རང་གི་མགོ་ལ་བཅིངས་ཏེ་གདོང་བཅིངས་པ་བཀྲོལ་ལ། ཇི་ལྟ་བ་བཞིན་དུ་དཀྱིལ ་འཁོར་ལ་བལྟས་ཏེ། ཏིཥྛ་བཛྲ། ཞེས་པ་ལ་སོགས་པས་གཞུག་པའི་ཕྱག་རྒྱ་དགྲོལ་བའང་བྱས་ལ། ཆུའི་དབང་བསྲུང་བ་དང་། སངས་རྒྱས་ལྔའི་ཅོད་པན་དང་། དར་དབྱངས་དང་། རྡོ་རྗེ་དང་། ་འཕྲེང་བ་དང་། བདག་པོ་ལ་སོགས་པས་དབང་བསྐུར་བ་དགུ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་བླངས་པ་དེ་ཁོ་ན་ཉིད་དང་།། ཆོས་དང་། ་དམ་ཚིག་དང་། དངོས་གྲུབ་དང་། རྡོ་རྗེ་བརྟུལ་ཞུགས་ཀྱང་བཟང་ལ། མེ་ཏོག་ལ་སོགས་པས་ཀྱང་བདག་ཉིད་ལེགས་པར་མཆོད་དེ་ཚིགས་སུ་བཅད་པ་ལྔ་པས་རྗེས་སུ་གནང་བ་དང་། ཡི་གེ་ཧཱུཾ་གིས ་གཟེངས་པསྟོད་པ་དང་། ལུང་བསྟན་པའང་སྤོས་ལ། སླར་ཡང་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ལ། ཇི་ལྟར་མངོན་པར་འདོད་པའི་བཟླས་པ་ཡང་སྟེ། ཧཱུཾ་ཀཱ་ར་བཛྲ་ཙཱུ། ཞེས་པའོ།། ་རང་གི་མཚན་བརྗོད་པར་བྱ་ཡིས། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེའི་སྔགས་ཨའི་རྣམ་པའི་མཐའ་ཅན་གྱི་རྣམ་པར་སྣང་མཛད་ཀྱི་གནས་སུ་དེ་བཞིན་གཤེགས་པ་རྡོ་རྗེའི་བདག་ཉིད ་དབབ་བོ།། པཛོ་\ུ྅། ཞེས་བྱ་བ་རྡོ་རྗེའི་ང་རྒྱལ་རྣམ་པར་བསྒོམས་ལ་དེ་རྡོ་རྗེ་རྣམ་པར་སྣང་མཛད་དུ་བསྒོམས་ཏེ། བཛྲ་དྷཱ་ཏུ་ཨ་ཧཾ་ར་ཞེས་པའོ།། དེ་ལྟར་རྡོ་རྗེ་འབེབས་པའི་བར་གྱི་ཕྱག་རྒྱ་ཆེན་པོ ་བཅིངས་ལ་བྱང་གི་སྒོར་དེའི་སྔགས་ཨཿའི་རྣམ་པའི་མཐའ་ཅན་གྱི་རྣམ་པར་སྣང་མཛད་ཀྱི་རྡོ་རྗེ་རྡོ་རྗེ་དྲིལ་བུའི་བདག་ཉིད་དབབ་པའོ།། བཛྲ་གྷཎྜོ&ཧཾ། ཞེས་པའི་ང་རྒྱལ་བསྐྱེད་ལ། དེ་བཛྲ་ཨཱ་བེ་ཤ ་ཀྲོ་དྷོ&ཧཾ་ཞེས་བསྒོམ་མོ།། དེ་ལྟ་བུས་རྡོ་རྗེས་བསྒྲུབས་པ་ཡིན་ནོ།། དེ་ནས་ཡང་རྡོ་རྗེ་སློབ་དཔོན་གྱིས་སེམས་དཔའ་རྡོ་རྗེ་ལྕགས་ཀྱུས་བཅིངས་ལ་སེ་གོལ་ལེགས་པར་གཏོག་པ་བྱེད་ཅིང་སངས ་རྒྱས་ཐམས་ཅད་འདུས་པར་བྱ་སྟེ། ཨོཾ་བཛྲ་ས་མཱ་ཛ་ཛཿཧཱུཾ་བཾ་ཧོཿཞེས་པ་ལན་ཉི་ཤུ་རྩ་གཅིག་རབ་ཏུ་བརྗོད་དོ།། དེ་ནས་མྱུར་དུ་ཕྱག་རྒྱ་ཆེན་པོ་དང་རྡོ་རྗེ་ཁྲོ་བོའི་དམ་ཚིག་བརྗོད་དོ།། དེ་མ་ཐག་ཏུ་མཚན ་བརྒྱ་རྩ་བརྒྱད་པ་མཆོག་གོ།། དེ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་རང་གི་སྒོ་ནས་སྤྱན་དྲངས་ལ་བཅུག་སྟེ་བཅིངས་ནས་དབང་དུ་བྱས་ལ། ཇི་ལྟ་བ་བཞིན་དུ་ཡི་གེ་ཧཱུཾ་བཞི་པས་མཆོད་ཡོན་ཕུལ་ཏེ། དཔལ ་རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་དང་། བསྐལ་པ་བཟང་པོའི་མཐར་ཐུག་པ་རྣམས་བསྒྲུབས་ཏེ་རང་གི་སྔགས་བརྗོད་པ་ཇི་ལྟ་བུར་བརྗོད་ཅིང་། ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ ་ཡ་སྟྭཾ་ཨ་ཧཾ། དེ་ནས་རང་གི་སྔགས་བརྗོད་དོ།། དེ་ལྟ་བུས་འགྲུབ་པར་འགྱུར་རོ།། དེ་ནས་དམ་ཚིག་གི་ཕྱག་རྒྱ་རྣམས་དབྱུང་སྟེ། རྡོ་རྗེ་ལས་གསང་དམ་པ་བྱུང་།། དམ་ཚིག་མཆོག་རྣམས་ཉིད་དུ་གྲགས ་ཁྲོ་བོའི་བཅིང་བ་བླ་མེད་པ།། དེ་རྣམས་བཅིང་བར་རབ་བཤད་བྱ།། ལག་པར་རྡོ་རྗེ་ཀུན་ཏུ་བསྣོལ།། མཐེའུ་ཆུང་ལྕགས་ཀྱུ་བཅིང་བ་ཉིད།། མཛུབ་མོ་དག་ནི་རབ་ཏུ་བརྐྱང་།། འཇིག་རྟེན་གསུམ་པོ་རྣམ་རྒྱལ ་ཞེས་ད། དེ་བཞིན་མཛུབ་མོ་ཁ་སྤད་ཅིང་།། ནོར་བུ་ཉིད་ནི་བར་མ་བསྐུམ།། བསྣམས་ལ་དབུ་མ་པདྨ་ཉིད།། གུང་མོ་མཛུབ་མོ་གཉིས་སྡིགས་མཛུབ།། སྡིགས་མཛུབ་གཉིས་ནི་རྡོ་རྗེ་ཡང་།། གཡས ་པ་བཀུག་པ་ལྕགས་ཀྱུའོ།། དེ་དག་ཉིད་སྦྱར་ཡི་གེ་ཧཱུཾ།། ལེགས་པའི་རྣམ་པ་དེ་བཞིན་ཡང་།། མཛུབ་གཉིས་ལོགས་གནས་ཁྲོ་གཉེར་དུ།། སྙིང་ཁར་ཉི་མ་མཛུབ་གཉིས་ཟུམ།། ལག་པ་མགོ་བོར་རབ ་ཏུ་བརྐྱང་།། མཛུབ་མོ་ཁ་རུ་དགོད་པ་ཅན།། མཛུབ་མོ་སེན་མོ་ཀུན་ཏུ་རིག། གཡས་པ་མཛོད་ཀྱི་ཁུ་ཚུར་ཡང་།། གུང་མོའི་མགོ་བཅས་འཁོར་ལོ་ཉིད།། ཁ་ལས་རབ ་མཆོག་འཐོན་པ་ཡི།། མཛུབ་མོ་དབུ་མ་རྡོ་རྗེ་ཡང་།། མཛུབ་མོ་མགྲིན་པ་བསྐོར་བ་དང་།། མཛུབ་མོ་ལྷག་མ་མཆེ་བ་ཆེ།། རྡོ་རྗེ་ཁུ་ཚུར་མཐེ་བོང་བསྡམས།། སྒེག་མོ་ལ་སོགས་པ་རྣམས་པ་ནི་རྡོ་རྗེ ་དབྱིངས་སུ་བཤད་པ་བཞིན་དུ་བྱ་བ་འདི་ལྟ་སྟེ། རྡོ་རྗེ་བསྡམས་པ་བཅིངས་ནས་སུ།། སྙིང་ཁར་ཡང་ན་མཐེ་བོང་བསྐམས།། ལེགས་པར་རབ་བརྐྱང་འཕྲེང་བ་མ།། ཐལ་མོ་སྦྱར་མཆོག་ཁ་ནས་དབྱུང་། ་གར་ལས་སྤྱི་བོར་ཐལ་མོ་སྦྱར།། རྡོ་རྗེ་བསྡ་མས་པ་ཐུར་དུ་སྦྱིན།། ཐལ་མོ་ལེགས་སྦྱར་གྱེན་དུ་གཏོར།། མཐེ་བོང་བསྙམས་ཏེ་ངེས་པར་བསྡམས།། རབ་ཏུ་བརྐྱང་བ་བྱུགས་པ་ཡི།། མཛུབ་མོ་གཅིག་ནི ་བཀུག་པ་དང་།། མཐེ་བོང་གཉིས་ནི་མདུད་པ་བཅིངས།། མཐེ་བོང་མཛུབ་མོ་བསྣོལ་བ་བཅིང་།། རྡོ་རྗེ་ཁུ་ཚུར་མཆོག་བསྡམས་ཉིད།། ཅེས་པའོ།། སྙིང་པོའི་དཀྱིལ་འཁོར་ལ་རྡོ་རྗེ་རྩེ་ལྔ་པ་རྣམ་པ ་བསམས་ལ་ཧཱུཾ་གི་རྣམ་པ་ཉིད་བརྗོད་ཅིང་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ།། དེ་ནས་ཕྱག་རྒྱའི་ངེས་པར་འབྱུང་བ་སྟེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ནི་རྣམ་པར་སྣང་མཛད་རྡོ་རྗེ་ཧཱུཾ་མཛད།། རིན་ཆེན་ཧཱུཾ་མཛད།། ཆོ ་ཧཱུཾ་མཛད་ག་ལས་ཀྱི་ཧཱུཾ་མཛད་ཀྱི་གནས་སུའང་ངོ་།། དེ་ནས་རིན་ཆེན་ཧཱུཾ་མཛད་ལ་སོགས་པ་རྣམས་ཀྱི་སྔགས་རྣམས་འབྱུང་སྟེ། ཨོཾ་བཛྲ་བྷི་ཀུ་ཊི་ཀྲོ་དྷ་ཨཱ་ན་ཡ་སརྦ་རཏྣ་ནི་ཧྲཱིཿཧཱུཾ་ཕཊཿ། ཨོཾ་བཛྲ་ཧཱུཿཥྚི་ཀྲོ་དྷ་དུ་ཏྲ་མཱ་ར ་ཡ་ཧཱུཾ་ཕཊ། ཡོ་བ་ཛ་བི་ཤྭ་ཀྲོ་དྷ་ཀུ་རུ་སརྦ་བི་ཤྭ་རུ་པ་ཡཱ་པ་དྷ་ཡ་ཧཱུཾ་པཊ། ཕྱག་རྒྱ་གནན་རྣམས་ནི་སེམས་དཔའ་རྡོ་རྗེ་མ་ནས་བརྩམས་པར་བལྟའོ།། དེ་ཉིད་ཀྱི་ཕྱིར་རིག་པ་ཐམས་ཅད་ཀྱི་མཆོག་རྣམས་ཀྱི་རྣམ་པར ་རྒྱལ་བའི་སྔགས་སུ་བཤད་དོ།། རྡོ་རྗེ་ཧཱུཾ་མཛད་དང་བཅས་པའི་ཕྱག་རྒྱ་བསྡུ་བས་ཡང་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀློག་པར་བྱའོ།། གཞན་རྣམས་རྡོ་རྗེ་ཧཱུཾ་མཛད་དུ་འགྱུར་བ་རིགས་པའང་མ་ཡིན་ཏེ། ་རྒྱུད་ཐམས་ཅད་དུ་ཧཱུཾ་མཛད་ངེས་པར་བསྟན་པའང་མ་ཡིན་ནོ།། དེའི་རྗེས་སུ་དེ་ཁོ་ན་བཞིན་ལྕེ་ལ་རྡོ་རྗེ་བཀོད་དེ་རིམ་པ་བཞིན་དུ་སངས་རྒྱས་རྡོ་རྗེ་འཆང་ལ་སོགས་པའི་ཆོས་ཀྱི་ཡི་གེ་རྣམས་དགོད་དོ།། དེ་རྣམས ་ཀྱང་ད་ཧཱུཾ་ཡིག་སངས་རྒྱས་རྡོ་རྗེ་ཅན།། ཏཱཾ་ཡིག་རྡོ་རྗེའི་སྙིང་པོ་ཡི།། ཧྲཱིཿཡིག་རྣམ་པ་རྡོ་རྗེའི་དེའི།། ཨཿཡིག་རྡོ་རྗེ་སྣ་ཚོགས་ཀྱི།། ཧཱུཾ་སེམས་དཔའ་རྡོ་རྗེ་མའི། ཏཱཾ་རིན་ཆེན་རྡོ་རྗེ་མའི། ཧྲཱིཿཆོས་ཀྱི་རྡོ ་མའི་ཨཿལས་ཀྱི་རྡོ་རྗེ་མའི། ཧཱུཾ་ཧཱུཾ། ཏཱཾ་ཏཱི། ཧྲཱིཿཧྲཱིཿ། ཨཿཿཞེས་བྱའོ།། རྡོ་རྗེ་སེམས་དཔའ་ལ་སོགས་པ་དགའ་བ་ཆེན་པོ་ལ་ཧཱུཾ། གཟུགས་མཛེས་པ་ལ་ཧཱུ~ཾ། རྣ་བ་བདེ་བ་ལ་ཧཱུཾ། མཆོད་པ ་ཐམས་ཅད་ལ་ཧཱུཾ། རབ་ཏུ་དགའ་བ་ལ་ཧཱུཾ། དབུས་སུ་བགྲོད་པ་ལ་ཧཱུཾལེག་ས་པར་གཟི་མཆོག་ལ་ཧཱུཾ། དྲི་བཟང་མཆོག་ལ་ཧཱུཾ། ཨ་པི་ཧི་ཛ་ཧཱུཾ.་ཧི་ཧཱུཾ་ཧཱུཾ་ཧཱུཾ། ཧེ་སྥོ་ཊ་བཾ་ཧཱུཾ། གྷཎྜ་ཨ་ཨཿ ་རྡོ་རྗེ་སྒེག་མོ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་མཐར་ཐུགས་པ་རྣམས་ཀྱིའོ།། དེ་མ་ཐག་ཏུ་ཨཱི་ཡི་གེ་ལས་སྙིང་ཁར་སྣ་ཚོགས་རྡོ་རྗེ་བསྐྱེད་པ་ལས་ཀྱི་ཕྱག་རྒྱ་བཅིང་ངོ་།། དེ་ལ་ཁྲོ་བོའི་ཁུ་ཚུར་རྣམ་པ ་གཉིས་བྱས་ལ་གཡོན་པའི་རྡོ་རྗེ་སེན་མོ་གཡས་པས་གཟུང་ཞིང་བསྒྲེང་བ་བྱང་ཆུབ་མཆོག་ཅེས་བྱ་བའི་ཕྱག་རྒྱ་འདི་ནི་སངས་རྒྱས་ཀྱི་བྱང་ཆུབ་རབ་ཏུ་སྟེར་རོ།། གཉིས་པོ་དེ་དག་གིས། ་བགྱིང་བ་དང་བཅས་པས་གསལ་བར་བྱེད་པ་ནི་རྡོ་རྗེ་ཧཱུཾ་མཛད་དང་། རྡོ་རྗེ་སེམས་དཔའ་དང་། སེམས་དཔའ་རྡོ་རྗེ་མ་རྣམས་ཀྱིའོ།། ལྕགས་ཀྱུ་འཛིན་པར་ཡང་དག་གནས།། མདའ་གསོར་བ་ཡི་སྦྱོར་བ་དང་།། ་ལེགས་སོ་ཞེས་བྱ་སྙིང་ཁར་གནས།། རྡོ་རྗེ་གཉིས་ཉིད་དབང་བསྐུར་བ།། རིན་ཆེན་ཧཱུཾ་མཛད་དང་། རྡོ་རྗེ་ཁྲོ་གཉེར་དང་། ཁྲོ་བོ་དང་། རིན་ཆེན་རྡོ་རྗེ་མ་རྣམས་ཀྱིའོ།། སྙིང་ཁར་ཉི་མ་རབ་ཏུ་བལྟ། ་གཡོན་གནས་ལག་ངར་དབྱུག་པ་དང་།། དེ་བཞིན་འདི་ནི་ཡོངས་སུ་བཟློག། གཡས་དང་གཡས་མིན་རྣམ་པར་བསྣོལ། ཆོས་ཀྱི་ཧཱུཾ་མཛད་དང་། རྡོ་རྗེ་ཆོས་དང་། ཆོས་ཀྱི་རྡོ་རྗེ་མ་རྣམས་ཀྱིའོ།། སྙིང་ཁར ་ཉི་མ་ལ་རལ་གྲིའོ།། མགལ་མེའི་འཁོར་ལོ་བསྐོར་བ་ཉིད།། རྡོ་རྗེ་གཉིས་ནི་ཁར་གནས་ཤིང་།། རྡོ་རྗེའི་གར་ནི་བཀྲོལ་བས་ནི།། འགྲམ་པ་སྤྱི་གཙུག་ཡང་དག་གནས།། ལས་ཀྱི་ཧཱུཾ་མཛད་དང་། རྡོ་རྗེ་ལས། ་དང་ལས་ཀྱི་རྡོ་རྗེ་མ་རྣམས་ཀྱིའོ།། གོ་ཆ་མཐེའུ་ཆུང་མཆེ་བ་མཆོག། ཁུ་ཚུར་གཉིས་ནི་ངེས་པར་བཅིང་།། རྡོ་རྗེ་འགྱིངས་པའི་རབ་སྦྱོར་བས། བསམ་པ་གཡོས་པས་མདུད་པར་བྱ།། འཕྲེང་བ་བཅིངས་ཏེ་ཁ ་ནས་དབྱུང་།། གར་ལས་སྤྱི་བོར་ཐལ་མོ་སྦྱར།། འོག་ཏུ་འཕྱང་དང་གྱེན་དུ་འཐོར།། མཐེ་བོང་བསྐམས་ཏེ་ངེས་པར་གཤིབས།། དྲི་བྱུག་པ་ཡི་སྦྱོར་བ་ལས།། མཆོད་པའི་ཕྱག་རྒྱ་རབ་ཏུ་གྲགས།། མཛུབ་ས།། ་ལྕགས་ཀྱུ་བཅིངས་པ་ཡིས།། མཐེའུ་ཆུང་ལས་ནི་ལྕགས་ཀྱུ་ཆེ།། མཁྲིག་མ་མདུད་པ་མཆོག་དག་བསྣོལ།། རྒྱབ་དག་ཀྱང་ནི་ངེས་པར་གཤིབས།། ནེས་སྒོ་སྐྱོང་རྣམས་ཀྱི་ཕྱག་རྒྱའོ།། ལས་ཀྱི་ཕྱག་རྒྱ་ཐམས། ་ཅད་ཀྱང་གར་ལས་འབྱུང་བ་ཡིན་ནོ།། དེ་ནས་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་བཅིང་བར་བྱའོ།། རྡོ་རྗེ་སེམས་དཔའ་དང་། རིན་ཆེན་དང་། ཆོས་དང་། ལས་ཀྱི་རྡོ་རྗེ་མ་རྣམས་ཀྱིའང་སྟེ། རྡོ་རྗེ་དང་པོ ་དང་། མཐར་གནས་པའི་སྐྱེས་པ་དང་། བུད་མེད་ཀྱི་གཟུགས་འཛིན་པ་དེ་རྣམས་ཀྱི་བདག་ཉིད་ཆེན་པོ་གང་དང་གང་གི་ཕྱག་རྒྱ་གང་དང་གང་ཡིན་པ་རྣམས་བཅིང་ངོ་།། ཐམས་ཅད་ཀྱི་ཕྱག་རྒྱ་དམ་ཚིག་ཕྱག་རྒྱའང ་ཡིན་ཏེ། གཡོན་པ་དེ་བཞིན་གཤེགས་པའི་ཁུ་ཚུར་གན་བརྒྱལ་དུ་བྱས་ལ་ལག་པ་གཡས་པའི་མཛུབ་མོ་དང་། མཐེ་བོང་དག་དང་། མཐེའུ་ཆུང་ནས་བརྩམས་ཏེ་ཁ་ཕྱེ་བའི་ཐལ་མོ་ཁ་སྦྱར་བའོ།། འདི་ནི་བྱ་མས ་པའི་དམ་ཚིག་གི་ཕྱག་རྒྱའོ།། དེ་རྣམས་ཀྱི་རིག་པ་ནི་སྔར་བཤད་པ་ཉིད་དེ། དེ་རྣམས་ཀྱི་རིག་པ་ལྗགས་རྣམས་ལ་དགོད་དོ།། འདི་ནི་དེ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱའོ།། ཡི་གེ་ཨ་ལས་རང་གི་ཐུགས་ཀར ་ཆོཚོ་གས་རྡོ་རྗེ་བསྐྱེད་ལ། དེ་རྣམས་འདྲི་བྱའི་ཕྱིར་རྗེས་སུ་འབྲངས་ནས་ཕྱག་རྒྱ་ཆེན་པོ་བཅིངས་པ་ནི་ལས་ཀྱི་ཕྱག་རྒྱར་འགྱུར་རོ།། རང་གི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་པ་བསམས་ལ་བྲི་བྱའི་རྗེས་སུ་འབྲངས་པ་ཉིད ་ལས་དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་ངོ་།། དེ་ཉིད་ཀྱིས་ཡང་རིག་པའི་ཐུན་མོང་བའོ།། མཐེའུ་ཆུང་དང་མཐེ་བོང་བཅིངས་ནས་ཀྱང་གཡོན་པའི་སོར་མོ་དབུས་མ་གསུམ་པོ་རྩེ་གསུམ་པ་ལ་དབུས་མ་རྩེ་མོའང་། ་#རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་བཟུང་ཞིང་རྡོ་རྗེའི་རིག་པ་མཆོག་འདིན་རྡོ་རྗེའི་དཔལ་ཞེས་གྲགས་སོ།། དེ་ནས་གཞན་ནི་རབ་བཤང་བྱ།། སྒྱུ་མ་རྡོ་རྗེ་ཚོགས་མིང་ཅན།། རྡོ་རྗེ་བསྡམས་པ། ་བརྟན་བྱས་ལ།། གཡོན་པ་རྡོ་རྗེ་ཡང་བཅིངས་བྱ།། རྡོ་རྗེ་ཁུ་ཚུར་ཞེས་གྲགས་པ།། རྡོ་རྗེའི་རིགས་རྣམས་ཀུན་ལ་འདི།། རྡོ་རྗེ་རྣམ་གཉིས་དང་ཡང་བྱས།། མཚན་མ་ཐམས་ཅད་བཀོད་པ་ནི།། རྡོ་རྗེའི་རིགས ་ནི་ཐམས་ཅད་ཀྱི།། ཕྱག་རྒྱ་རྣམས་ནིའང་དགོད་པར་བྱ།། མདུན་དང་རྒྱབ་གནས་རབ་ཏུ་བརྐྱང་།། མཐེ་བོང་རྒན་པོ་འཛིན་པ་ཆོས།། ཨོཾ་གྱི་རྣམ་པ་སྤྱི་བོར་གནས།། རྡོ་རྗེ་ཤུགས་ཀྱིས་རབ་ཏུ་གནས། ་རིག་པའི་རྒྱལ་པོ་འམ་ཕྱག་རྒྱ་ཆེན་པོའི་ཚོགས་སོ།། ལག་པའི་མདུན་ཉིད་རབ་ཏུ་བརྐྱང་།། ལག་པའི་མདུན་ཡང་དེ་བཞིན་དུ།། ལག་པ་གཉིས་ཀྱང་ཁུ་ཚུར་གནས།། ཁ་ལས་ཡོངས་སུ་བསྐོར་བ་ཉིད། ་རྡོ་རྗེ་ཁྲོ་བོའི་ཕྱག་རྒྱའི་ཚོགས་སོ།། གཡོན་པའི་མཐེ་བོང་ལེགས་གནས་ཀྱང་།། འཕྲེང་བ་འཛིན་པ་ངེས་རྒྱལ་ཉིད།། གཡས་པས་ནོར་ནི་སྦྱིན་པ་དང་།། རལ་གྲིའི་ཕྱག་རྒྱ་ཁུ་ཚུར་སོན།། ཚོགས་ཀྱི་བདག་པོ ་ཆེན་པོའི་ཕྱག་རྒྱའི་ཚོགས་སོ།། གཡས་པས་གཤོལ་ནི་བཟུང་བ་དང་།། དེ་བཞིན་ལག་པ་རབ་ཏུ་བརྐྱང་།། གཡས་པ་འབར་བ་ཀུན་ཏུ་སྟོན།། རྡོ་རྗེ་ཁུ་ཚུར་རབ་ཏུ་འདར།། ཕོ་ཉ་ཆེན་པོའི་ཕྱག་རྒྱའི ་ཚོགས་སོ།། བསྙེམས་བཅས་ཁ་དང་མཆེ་བ་རྩེ།། བྱུགས་པས་འཇོམས་པ་རབ་ཏུ་སྦྱོར།། ལག་ངར་བསྐུམ་པ་སྦྱར་བ་དང་།། རྡོ་རྗེ་གཡས་པ་འཕྲོག་མའོ།། བྲན་གྱི་ཕྱག་རྒྱའི་ཚོགས་སོ།། ་ནས་ཨུ་མ་ལ་སོགས་པམ་མོའི་ཚིགས་ཀྱི་ཕྱག་རྒྱ་འབྱུང་སྟེ། གཡོན་པ་རྡོ་རྗེ་བསྡམས་པ་ཡིས།། རྩེ་གསུམ་མཚན་མ་བཅིང་བར་བྱ།། འདི་བཅིངས་པ་ཡིས་ཡང་དག་པའི།། དངོས་གྲུབ་རིག་པ། ་མཆོག་རབ་ཅིང་།། རྡོ་རྗེའི་རིགས་རྣམས་ཐམས་ཅད་ཀྱི།། གཡོན་པ་རྡོ་རྗེ་མཆོག་བསྲུངས་པ།། ཆོ་ག་ཇི་བཞིན་དམ་ཚིག་གི། ཕྱག་རྒྱ་བཅིང་བར་རབ་བཤད་བྱ།། འཁོར་ལོ་ཐམས་ཅད་མཆོག་ཀུན ་བསྡམད་དེ་བཞིན་བུ་ཡི་ཕྱག་རྒྱ་དང་།། ཨོཾ་ཡིག་ཕྱག་རྒྱའང་དེ་བཞིན་ཉིད།། ཡི་གེ་ན་ཅན་ཡོངས་སུ་གཟུང་།། ཕྱག་རྒྱ་མཛེས་པ་ཅན་དང་ནི།། འབར་བ་ཡོངས་སུ་གཟུང་བ་ཉིད།། འོད་ཟེར་བསྡུས ་པ་ཁོ་ན་ཡང་།། དབྱུག་པ་ཁུ་ཚུར་བཟུང་བ་ཉིད།། ཁ་ལས་ཡོངས་སུ་བསྐོར་བ་དང་།། ཁྲོ་བོའི་དམ་ཚིག་གདེངས་ཀ་ཡིས།། ཕྱག་རྒྱ་འཕྲེང་བ་རྡོ་རྗེ་བཅིངས།། མིང་མེད་སྤྱི་བོར་གནས་པ་ཉིད།། རྩི་ཏྲ། ་ཅན་དཀྱིལ་འཁོར་བཞིན་དུ་བཟའ།། འོད་ཅན་རྩིབས་ཅན་དམ་ཚིག་རྣམས།། ལག་ངར་བསྐུམ་ཞིང་ཁ་ཕྱོགས་དང་། རྒྱབ་ནས་ཡོངས་སུ་བསྐོར་བ་ཉིད།། འོད་བར་འབར་བ་གྲོལ་བ་དང་།། མདུན་དུ་དུལ ་བར་གནས་པ་ཉིད།། ཕོ་ཉའི་དམ་ཚིག་རྣམས་སོ།། གཉིས་མཐར་ཞུགས་པ་རྩེ་མོ་སྦྱར།། བཅིངས་པ་ཉིད་དང་རབ་ལྟུང་བྱེད།། ལག་ངར་བསྣོལ་དང་མ་བསྣོལ་དང་།། དེ་བཞིན་སྟོབས་ནི་འབྲོག་པའོ།། ། ་བྲན་མོ་རྣམས་ཀྱི་དམ་ཚིག་ཡིན་ནོ།། དེ་ནས་ལྷ་ཆེན་པོ་ལ་སོགས་པའི་སྔགས་རྣམས་ལ་སྔགས་བཀོད་ལ། ཡི་གེ་ཨ་ལས་རང་གི་སྙིང་ཁར་དེ་བཞིན་དུ་རྡོ་རྗེ་བསྐྱེད་པ་དེ་རྣམས་ཀྱི་ཕྱག་རྒྱ་བཅིངས་ཏེ་ལས་ཀྱི ་ཕྱག་རྒྱར་འགྱུར་རོ།། རང་གི་སྙིང་བར་རྡོ་རྗེ་རྩེ་ལྔ་བ་བསྒོམས་ལ་ཕྱག་རྒྱ་ཆེན་པོ་བྲི་བྱའི་རྗེས་སུ་འབྲངས་ཏེ་བཅིང་བར་བྱའོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། ་བསྐལ་པ་བཟང་པོ་པ་དང་། ཕྱི་རོལ་རྡོ་རྗེའི་རིགས་རྣམས་ལ་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་མ། དཔལ་རྡོ་རྗེ་ཧཱུ~ཾ་མཛད་ལ་སོགས་སངས་རྒྱས་ལྔའི་ཅོད་པན་དང་། འཕྲེང་བ་དང་། དར་དབྱངས་ཀྱིས་དབང ་བསྐུར་བས་དབང་བསྐུར་རོ།། དེ་ནས་མཆོད་ཡོན་ཕུལ་ལ་མཆོད་པ་བྱའོ།། དེ་ནས་རིན་པོ་ཆེའི་རང་བཞིན་གྱི་བུམ་པ་སྔར་བཤད་པའི་མཚན་ཉིད་ཅན་རྡོ་རྗེ་ལ་སོགས་པ་རང་གི་མཚན་མས་མཚན་པ།། རྣམ ་པར་སྣང་མཛད་ལ་སོགས་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་པ་རྣམས་ཕྱིར་དཀྱིལ་འཁོར་གྱི་ཕྱི་རོལ་དུ་དགོད་པར་བྱའོ།། བུམ་པ་གང་རྣམས་དང་གོས་ཟུང་འབུམ་དང་། སྟོང་ཕྲག་བཅུ་དང་། སྟོང ་དང་བརྒྱ་འམ། རེ་རེ་ལ་རེ་རེ་འམ་གཐུན་མོང་བའམ། རྣམ་པ་སྣ་ཚོགས་པའི་བྲ་རེ་དང་། ཟུར་བཞིར་རྣམ་པར་བཀྲ་བའི་བ་དན་བཅིངས་པའི་གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱ ་ཡི་གེ་ཨོཾ་དང་། དཔལ་རྡོ་རྗེ་ཧཱུཾ་མཛད་ཡོངས་སུ་བཟླས་ལ་བཛ་སྥ་ར་ཎ་ཁཾ་ཊ་ཞེས་པ་འདིས་ལྷ་ཐམས་ཅད་ལ་ངེས་པར་དབུལ་ལོ།། མེ་ཏོག་གི་ཤིང་བརྒྱ་དང་བཞི་འམ། ལྗོན་ཤིང་རྣམས་དང་། ་མེ་ཏོག་ཐམས་ཅད་ལ་རྡོ་རྗེ་མེའི་ཕྱག་རྒྱ་དང་བཅས་པ་དང་། ཨོཾ་བཛྲ་པུཥྤེ་ཧཱུཾ། ཞེས་པས་མེ་ཏོག་གི་ཕྱག་རྒྱ་མངོན་པར་བསྔག་གོ།། དྲི་ཐམས་ཅད་དང་། ངང་ཞིམ་པ་རྣམས་དང་། དྲི་མ་མེད་པའི་དྲི་བཟང། ་པོ་རྣམས་ལ་དེ་ཁོ་ན་བཞིན་དུ་རྡོ་རྗེ་མེ་དང་། ཨོཾ་བཛ་གན་དྷེ་དྷུ་ཀ་ཞེས་པ་འདི་དྲིའི་ཕྱག་རྒྱ་དང་བཅས་པས་སོ།། ག་པུར་དང་། ཨ་ཀ་རུ་དང་དུ་རུ་ཀ་དང་། ཙན་དན་ལ་སོགས་པ་ལེགས་པར་བསྲེག་ལ།། ་དེ་ཁོ་ན་བཞིན་དུ་རྡོ་རྗེ་མེ་དང་། ཨོཾ་བཛྲ་དྷཱུ་བེ་ཛྲ་ཀ་ཞེས་པ་འདིས་བདུག་པའི་ཕྱག་རྒྱ་དང་བཅས་པས་པོག་པོར་འབུམ་དང་། སྟོང་ཕྲག་བཅུ་དང་། སྟོང་དང་། བརྒྱའམ། ཇི་ལྟང་རྙེད་པ་ལའོ།། རློན ་མ་འབུམ་དང་། སྟོང་ཕྲག་བཅུ་དང་། སྟོང་དང་། བརྒྱ་འམ།། སྒྲོན་མ་ཐམས་ཅད་སྒྲོན་མའི་སྡོང་བུ་འབར་བ་དང་ལྡན་པའི་སློང་བུ་སྟོང་དང་། བཅུ་འམ། བཅུ་གཅིག་ལ་དེ་ཁོ་ན་བཞིན་དུ་མེ་དང་། ་མེ་དང་། ཨོཾ་བཛྲ་ཨཱ་ལོ་ཀི་ཧཱུ~ཾ། ཞེས་པ་འདི་མར་མེའི་ཕྱག་རྒྱ་དང་ལྡན་པས་ཡོངས་སུ་བཟླས་ལ། ཨོཾ་སྥ་ར་ཎ་བ~ཾ། ཤེས་པ་བརྗོད་ཅིང་དབུལ་བར་བྱའོ།། གཏོར་མའི་ཆེ་བར་སྤྱོད་པ་འབུམ་དང་། སྟོང ་ཕྲག་བཅུ་དང་། སྟོང་དང་། བརྒྱ་འམ། བཅུའི་གྲངས་སམ། བཀྲི་ཤིས་ཅན་དང་པོར་བྱ་སྟེ། རྣམ་པ་སྣ་ཚོགས་པའི་བཟའ་བ་རྣམས་ལ་དེ་བཞིན་དུ་རྡོ་རྗེ་མེ་ཡོངས་སུ་བཟླས་ཏེ། ཨ་ཀཱ་རོ་མུ་ཁཾ་སརྦ ་དྷརྨཱ་ཎཱཾ་ཨཱདྱ་ནུཏ་པནྣ་ཏཱད། ཅེས་པ་བརྗོད་ཅིང་དབུལ་བར་བྱའོ།། རོལ་མོ་བཅུ་དང་། སྟོང་དང་། སྟོང་ཕྲག་བཅུ་དང་། རོལ་མོ་འབུམ་ཡང་རུང་བ་ལ་ཡི་གེ་ཧཱུཾ་དང་། རོལ་མོའི་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་དག། ་གི་ལག་པའི་སོར་མོ་རྣམས་ཀྱིས་རོལ་མོའི་སྟང་སྟབས་རྣམ་པ་བཅུ་བཞི་འདི་ལྟ་སྟེ། པི་ཝ་ང་དང་། གླིང་བུ་དང་། ཛ་མུ་ར་ཛ་དང་། ཛ་མུ་ཀུན་ད་དང་། འཁར་ཛ་དང་། རྔ་བྷི་རི་དང་། རྔ་པ་ཊ་ཧ་དང་། ་ཛ་ཀུན་ཛ་དང་། ཛ་ཏི་མི་ལའི་སྟང་སྟབས་སོ།། རོལ་མོ་དང་། ཟོས་གང་དང་། གར་དང་། ན་རྒྱན་དང་། ཅོད་པན་ལ་སོགས་པའི་མཆོད་པ་རྣམས་ཀྱང་ཡི་གེ་ཨོཾ་གྱིས ་མངོན་པར་བསྔགས་ཏེའོ།། དེ་བཞིན་དུ་དར་དབྱངས་འབྱང་བར་བྱ་ཞིང་མེ་ཏོག་གི་འཕྲེང་བ་དང་། རྔ་ཡབ་ཀྱིས་རྣམ་པར་བརྒྱན་པ་དང་། དྲ་བ་དང་དྲ་བ་ཕྱེད་པས་སྤྲས་པ་དང་། ཟླ་བ་ཕྱེད་པས་ཉེ་བར ་མཛེས་པ་དང་། རྟ་དང་། གླང་པོ་ཆེ་དང་། བ་ལང་དང་། ཤིང་རྟ་རྣམས་འབུལ་ཏེ། བརྟགས་པ་དང་བཅས་པ་ཡང་ངོ་།། རྟ་བབས་ཉམས་དགའ་བའི་དྲིལ་བུ་དང་བཅས་པ་རྣམས་ཀྱང་། བཛྲ་སྥ་ར། ་ཎ་ཁཾ་ཞེས་པ་འདིས་སོ།། ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧ་ཏ། བཛྲ་རཏྲ་མ་ནུཏྟ་རཾ། བཛྲ་དྷམ་གཱ་ཡ་བཻ། བཛྲ་ཀརྨ་ཀ་རོ་དྦྷ་བེ་ཞེས་བརྗོད་ཅིང་གར་བྱས་ལ། རྡོ་རྗེ་སྒེག་མོ་ལ་སོགས་པ་མཆོད་པ་རྣམ ་པ་བརྒྱད་པོ་རྣམས་ཀྱིས་ཁྲོ་བོའི་ཁུ་ཚུར་གཉིས་དང་ལྡན་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་དཀྱིལ་འཁོར་ཐམས་ཅད་མཆོད་པར་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཛུབ་མོ་གཉིས་རབ་ཏུ་བརྐྱང་བ་ཁྲོ ་བོའི་ཁུ་ཚུར་གཉིས་ཡིན་ནོ།། སླར་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དུ་བཤད་པའི་ལས་ཀྱི་ཕྱག་རྒྱ་བཅུ་དྲུག་པ་རྣམས་ཀྱིས་ཀྱང་ལེགས་པར་མཆོད་ལ། ཁྲོ་བོའི་རིགས་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དངོས་གྲུབ་ཐམས་ཅད་འགྲུབ་པར་མཛད་དུ་གསོལ་ཞེས་པའོ།། དེ་ནས་ཕྱི་རོལ་གྱི་མཆོད་པ་དབུལ་ཏེ། སྒྲུབ་པའི་གྲོགས་མཆོག་དཀྱིལ་འཁོར་དུ་བཞག་ལ། འབྲས ་མོ་ས་བཅས་ཤིང་ཏིལ་དང་བཅས།། ཆུ་བཅས་ཟས་བཅས་མེ་ཏོག་བཅས།། སྲན་ཆན་བཅས་ཤིང་སྣུམ་འཁུར་ལ།། སོགས་པའི་བཟའ་བ་རྣམས་ལ་ནི།། ཡང་ཨ་ཀཱ་རོ་མུ་ཁཾ། ཞེས་པ་ལ ་སོགས་བཟླས་ནས་ཤར་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ་གསུམ་གསུམ་གཏོར་བར་བྱས་ཏེ། དྲི་དང་། མེ་ཏོག་དང་། བདུག་པ་དང་། མར་མེ་དང་། མཆོད་ཡོན་རྣམས་ཀྱང་ཐོག་མ་དང་ཐ་མར་དབུལ ་བར་བྱའོ།། དེ་ལ་དང་པོ་རེ་ཞིག་མཇལ་རྣམས་བྱེད་དུ་གཞུག་པར་བྱའོ།། དེ་ནས་སྤྱན་དྲང་ངོ་།། དེ་ནས་དམ་ཚིག་བསྟན་ནོ།། དེ་ནས་མཆོད་ཡོན་ཡང་ཕུལ་ཏེ་དྲི་ལ་སོགས་པས་ལེགས་པར་མཆོད་ལ ་གཏོར་མ་དབུལ་ལོ།། དེ་ནས་གཤེགས་སུ་གསོལ་ལོ།། དེ་ལ་སྔགས་དང་ཕྱག་རྒྱ་ནི་འདི་ཡིན་ཏེ། ཤར་ཕྱོགས་སུ་ཁ་བལྟས་ཏེ་གཡས་བརྐྱང་གི་གོམ་པས་འདུག་ཅིང་ལག་པ་གཡོན་པས་རྡོ ་བསྟན་ལ་གཡས་པ་དཀུའི་ཕྱོགས་སུ་བཞག་སྟེ་གཡས་པའི་མཛུབ་མོ་ལྕགས་ཀྱུས་སྤྱན་དྲང་ངོ་།། དེའི་མཛུབ་མོ་ལྕགས་ཀྱུ་དང་བྲལ་བ་ནི་བརྒྱ་བྱིན་གྱི་དམ་ཚིག་གི་ཕྱག་རྒྱའོ།། གཡོན་བརྐྱང་གི་གོམ ་པས་འདུག་ལ་སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ།། དེ་ནས་དེའི་སྔགས་ནི། ན་མོ་བཛྲ་སྱ་དི་ཤི་དི་ཤི་བཛྲ་པཱ་ཎི་རཀྵ་རཀྵ་སྭཱ་ཧཱ། མེའི་ཕྱོགས་སུ ་བལྟས་ཏེ་ལག་པ་གཡས་པའི་མཛུབ་མོ་ཟླུམ་པོའི་རྣམ་པར་བཀུག་སྟེ་གུང་མོ་བསྒྲེང་བའི་ཚིགས་གསུམ་པར་བཙུགས་ལ་མཐེ་བོང་ལག་མཐིལ་དུ་བཞག་པ་ནི་མེ་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ།། སྤྱན་དྲང ་བའི་ཕྱག་རྒྱ་ལས་མཐེ་བོང་མ་ཛུབ་མོའི་གཞོགས་ལ་བསྟན་པ་ནི་མེཥྛའི་དམ་ཚིག་གི་ཕྱག་རྒྱའོ།། བྲག་དྷ་དེ་ཉིད་ལག་པའི་དབུས་སུ་མངོན་དུ་ཕྱོགས་ཏེ་གཅིག་ཏུ་སྦྱར་བ་ནི་གཤེཿ། ་སུ་གསོལ་བའི་ཕྱག་རྒྱའོ།། དེའི་སྔགས་ནི། ཨ་གྣ་ཡེ་ཧི། ཨོཾ་ཧི་ཀ་བཱི་ལ་ཛྭ་ལ་ཛྭ་ལ་ཧ་ཧ་ཤི་ཁི་ཏི་ལ་བི་རཱུ་པཱཀྵ་སྭཱ་ཧཱ། གཤིན་རྗེར་བལྟས་ཏེ་ལག་པ་མདུན་དུ་ཕྱོགས་པར་བྱས་ལ་ནང་དུ་རྡོ་རྗེ་བསྡམས ་པའི་དབུས་སུ་མཐེ་བོང་གཉིས་དང་ཕྱི་རུ་མིང་མེད་གཉིས་སྦྱར་ཞིང་བསྒྲེང་སྟེ་སླར་ནང་དུ་བཟུང་བ་ནི་གཤིན་རྗེ་སྤྱན་དྲང་བའི་ཕྱག་རྒྱའོ།། སྲིན་ལག་གཉིས་ཀྱང་ཕྱི་རོལ་ཏུ་གཞི་བས་ཏེ་བསྒྲེངས་པ ་སྙིང་ཁར་བཟུང་བ་ནི་དམ་ཚིག་གི་ཕྱག་རྒྱའོ།། དེ་ཉིད་ལས་སྲིན་ལག་སྦྱར་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ།། དེའི་སྔགས་ནི་ས་མཱ་ཡ་སྭཱ་ཧཱ། བདེན་བྲལ་དུ་བལྟས་ཏེ་མཉམ་པའི་གོམ་པས ་འདུག་ལ་ལག་པ་གཡས་པའི་ཁུ་ཚུར་བཅངས་པ་མཛུབ་མོ་དང་གུང་མོ་བཀུག་སྟེ་གཟུང་ཞིང་གྲིའི་རྣམ་པར་བཞག་ལ། ལག་པ་གཡོན་པ་སྟ་ཟུར་ཕྱོགས་སུ་གཡོན་པའི་མཛུབ་མོ་བཀུག་ནས་བཞག་པ་ནི་བདེན ་བྲལ་སྤྱན་དྲང་བའི་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་ལག་པ་གཡོན་པ་སྟ་ཟུར་ཕྱོགས་སུ་གནས་པར་རལ་གྲིའི་ཕྱག་རྒྱ་ནི་བདེན་བྲལ་གྱི་དམ་ཚིག་གི་ཕྱག་རྒྱའོ།། སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི ་གཤེགས་སུ་གསོལ་བའི་ཕྱག་རྒྱའོ།། དེའི་སྔགས་ནི། སརྦ་བྷཱུ་ཏ་བྷ་ཡཾ་ཀ་ར་ཀུ་རུ་ཀུ་རུ་སྭཱཧཱ། ཆུ་ལྷའི་ཕྱོགས་སུ་མཉམ་པའི་གོམ་པས་འདུག་ལ་ལག་པ་གཡས་པའི་ཁུ་ཚུར་བཅངས་ནས་མཐེ་བོང་དང ་མཛུབ་མོ་གཅིག་ཏུ་སྦྱར་ཏེ་གཡོན་པའི་ཁུ་ཚུར་སྙིང་ཁང་བ་ཞག་ལ་གཡོན་པའི་མཛུབ་མོ་ལྕགས་ཀྱུས་སྤྱན་དྲང་བ་ནི་ཆུ་བདག་སྤྱན་དྲང་བའི་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཅིང་གཡོན་པའི་མཛུབ་མོ་ཁུ་ཆུར་ལ་མྦྷར་ཏེ ་བཟུང་བ་ཞགས་པའི་ཕྱག་རྒྱ་ཆུ་བདག་གི་དམ་ཚིག་གི་ཕྱག་རྒྱའོ།། སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ།། དེའི་སྔགས་ནི། ཏྲྀ་ཏྲི་སུ་ཌ་ཏྲི་ཏྲི་ཤཾ་ཁེ་ཏོ་ལྀ་བི་རཱུ ་པཱཀྵ་སྭཱཧཱ། རླུང་ལྷའི་ཕྱོགས་སུ་བལྟས་ཏེ་འདུག་པ་གཡོན་པའི་ཁུ་ཚུར་བཅངས་ཏེ་གུང་མོ་བསྒྲེང་བ་ཚིགས་གསུམ་པར་མཛུབ་མོ་བཀུག་པའི་རྩེ་མོ་བཙུགས་ལ་མངོན་དུ་ཕྱོགས་ཏེ་བརྐྱང་ངོ་།། ལག་པ་གཡས ་པའང་དེ་བཞིན་དུ་བྱས་ཏེ་སྟ་བུར་ལོགས་སུ་བཞག་ཅིང་མཐེ་བོས་བསྐུལ་བ་ནི་རླུང་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ།། དེ་ཉིད་མཐེ་བོང་སྔ་མ་བཞིན་དུ་བཞག་པ་ནི་ཆུང་ལྷའི་དམ་ཚིག་གི་ཕྱག་རྒྱའོ།། སྤྱན་དྲང་བའི ་ཕྱག་རྒྱ་ལས་མཐེ་བོང་བརྐྱང་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ།། སྔགས་ནི། ཨོཾ་སཱ་ས་ཁཱ་ཁ་ཁུ་ཁ་སྭཱཧཱ། ཀུ་བེ་ར་ལ་མངོན་དུ་བལྟས་ཏེ་འདུག་ནས་ལག་པ་གཉིས་ཁ་སྦྱར་ལ་རྡོ་རྗེ་བཅིང་བ་ནང་དུ་བྱས ་ལ་མཐེའུ་ཆུང་གཉིས་གཤིབས་ཏེ་བཀྱང་། དེའི་རྒྱབ་ཏུ་སྲིན་ལག་གཉིས་ས་སོར་བཞག་ནས་གུང་མོ་དག་བསྒྲེང་བ་རྡོ་རྗེའི་མདུད་པ་བྱ་བ་ནི་ཀུ་བེ་ར་སྥར་དྲང་བའི་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་ཀྱིས་གུང་མོ་གཉིས་ནང་དུ། ་རྡོ་རྗེ་གུང་མོ་བཅིང་བའི་སྦྱོར་བས་བཞག་པ་ནི་ཀུ་བེ་ར་འིདམ་ཚིག་གི་ཕྱག་རྒྱའོ།། སྤྱན་དྲང་བའི་ཕྱག་རྒྱ་ལས་གུང་མོ་གཉིས་བརྐྱང་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ།། དེའི་སྔགས་ནི། ཨོཾ་ཀུ་བེ་རྨ་ས་སཱ ་དབང་ལྡན་གྱི་ཕྱོགས་སུ་བལྟས་ཏེ་འདུག་ལ་ལག་པ་དག་གཅིག་ཏུ་སྦྱར་ཏེ་ཐལ་མོ་སྦྱར་བ་བྱ་སྟེ། སྲིན་ལག་དང་མཐེའུ་ཆུང་ལག་མཐིལ་དུ་རྡོ་རྗེ་བཅིང་བ་བྱས་ཏེ་མཐེ་བོང་ཟུང་དག་གཞན་ལ། ་བརྟེན་ཅིང་ནང་དུ་བཀུག་སྟེ་བསྣོལ་ལ། གུང་མོ་གཤིབས་ཏེ་བསྒྲེང་བའི་རྒྱབ་ཏུ་མཛུབ་མོ་གཉིས་རྡོ་རྗེའི་རྣམ་པར་བཞག་ལ་དེ་ཉིད་བཀུག་སྟེ་སྟེང་དུ་ཕན་ཚུན་སེན་མོ་སྤང་བར་བྱ་བ་ནི་དབང་ལྡན་སྤྱན་དྲང་བའི་ཕྱག་རྒྱའོ།། ་དེ་ཉིད་ཀྱི་མཛུབ་མོ་སྔར་བཞིན་རྡོ་རྗེའི་རྣམ་པར་བཟུང་བ་ནི་དབང་ལྡན་གྱི་དམ་ཚིག་གི་ཕྱག་རྒྱའོ།། སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བརྐྱང་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ།། སྔགས་ནི། ཛུ་དུ ་ཤི་བ་སྭཱ་ཧཱ། གཡོན་བརྐྱང་བའི་གནས་པས་འདུག་ལ་ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་བཞག་ལ་སྟེང་དུ་བལྟས་ཏེ་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུ་ནི་ཚངས་པ་ལ་སོགས་པ་སྤྱན་དྲང་བའི་ཕྱག་རྒྱའོ།། དེ་ཉིད་ཀྱི་མཛུ ་མོ་གཉིས་སྔ་མ་ལྟར་བཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ།། སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བརྐྱང་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ།། དེ་རྣམས་ཀྱི་སྔགས་ནི། ཨཱུ་ར་དྷི་བུཧྨ་ཎེ་སྭཱ་ཧཱ། སཱུརྱ་གྲཿ། ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ཨོཾ་ཙནྡ་ནཀྵ་ཏྲ་ཨ་དྷི་པ་ཏ་ཡེ་སཱ་\ུ0f7f། མཉམ་པའི་གོམ་པའི་གནས་པས་འདུག་ལ་ལག་པ་གཉིས་གཅིག་ཏུ་སྦྱར་བ་ཏེ་སོར་མོའི་རྩེ་མོ་རྣམས་པར་མཚམས་མེད་པར་ཕན་ཚུར་སྦྱར་ཏེ་མཐེ་བོང་དྲུམ ་བོར་བྱས་ལ། འོག་ཏུ་བལྟས་ཏེ་སའི་ལྷ་མོ་ལ་སོགས་པ་མཛུབ་མོ་ལྕགས་ཀྱུས་སྤྱན་དྲང་བ་ནི་འོག་གི་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ།། སྤྱན་དྲང་བའི་ཕྱག་རྒྱ་ལས་སྔར་བཞིན་དུ་མཛུབ་མོ་དག་བཞག་པ་ནི་དམ་ཚིག ་གི་ཕྱག་རྒྱའོ།། མཛུབ་མོ་དག་བརྐྱང་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ།། སྔགས་རྣམས་ནི། ཨ་རྡོ་བྲི་ཐི་བྷི་སྭཱ་ཧཱ། ཨ་སུ་རེ་བྷཱ་སྭཱ་ཧཱ་ནཱ་གེ་བྷྱཿསྭཱཧཱ། དེ་ནས་རང་གི་སྔགས་ཀྱིས་ཐམས་ཅད་ལ ་འཐོར་འཐུང་བུལ་ལ། བདག་དང་སློབ་མའི་ཚོགས་སུ་བཅས་པ་ལ་བགེགས་མེད་པར་མཛོད་ཅིག། ལས་ཀྱི་དངོས་གྲུབ་ཀྱང་བདག་ལ་སྩོལ་ཅིག་ཅེས་བརྗོད་ལ་ཐམས་ཅད་གཤེགས་སུ་གསོལ་ལོ།། ་ཡང་ན་དཔུང་བབང་གི་ཆེན་དུ་གསུངས་པའི་ཚོགས་བཅད་རྣམས་ཀྱིས་གཏོར་མ་དབུལ་ཏེ། ལྷ་དང་ལྷ་མིན་གནོད་སྦྱིར་ལྟོ་འཕྱེ་གྲུལ།། ནམ་མཁའ་ལྡིང་དང་འདབ་བཔང་ལུས་སྲུལ་པོ།། དྲི་བ་སྲིན་པོ ་གདོན་གྱི་ཚོགས་རྣམས་དང་།། གང་དུས་ལ་གནས་པའི་རྫུ་འཕྲུལ་ཅན།། བུ་སྨང་བཅས་ཤིང་གཡོག་འཁོར་བཅས་པ་ལ།། བདག་གི་པུས་མོ་ས་སྟེངས་འདིར་བཙུགས་ནས།། ཐལ་མོ་སྦྱར་ནས་ཁྱེད་ལགམ ་འདེབས་ཀྱིས།། གསན་ནས་ཕན་གདགས་སྲང་དུ་འདིར་སྤྱོད་ཅིག། འབྱུང་པོ་གང་དག་རི་རབ་སྟེང་གནས་དང་།། དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་།། ཤར་ནུབ་རི་དང་ནི་ཐའི་ཁྱིམ་གནས་དང་། ་རི་བོ་ཀུན་ལ་གང་དག་གནས་པ་དང་།། ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང་།། རིན་ཆེན་གནས་ན་ལྷག་པར་གནས་པ་དང་།། མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་དང་།། གཡའ་ཆུ་སིལ་མ་ཅན་དང་ཁྲོན་པར ་གནས།། གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང་།། ཁང་སྟོང་དང་ནི་ལྷའི་ཁང་པར་ཡང་།། གཙུག་ལག་ཁང་དང་མཆོད་རྟེན་གནས་དག་དང་།། དཀའ་ཐུབ་གནས་དང་གྲང་ཆེན་བྲེས་དང་ནི།། རྒྱལ ་དཀོར་ཁང་དག་ན་གང་གནས་དང་།། ལམ་སྲང་བཞི་མདོ་དག་དང་སུམ་མདོ་དང་།། གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང་།། དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང་། ་སེང་གེ་དྲེད་དང་གཅན་གཟན་གནས་དག་དང་།། འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་།། གང་དག་གླིང་མཆོག་དག་ན་གནས་པ་དང་།། ལྷུན་པོ་དུར་ཁྲོད་དག་ན་གང་གནས་རྣམས།། དགྱེས་ཤིང ་མགུ་བས་འཕྲེང་བ་བྱུག་པ་དྲི།། བདུག་པ་གཏོར་མ་མར་མེ་བསྟོད་པ་འདིས།། གུས་འབུལ་སྣོམས་མཛོད་གསོལ་མཛོད་འཐུང་མཛོད་ཅིག། ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད།། དེ་ལྟར་གདོན ་ལ་མཆོད་བྱས་ནས།། རྩེ་གཅིག་ཡིད་ཀྱིས་ཕྱོགས་སྐྱོང་མཆོད་པར་བྱ།། དབང་པོ་རྡོ་རྗེ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས།། གཏོར་མ་ཁྱད་འཕགས་འདི་དག་བཞེས་སུ་གསོལ།། མེ་དང་གཤིན་རྗེ་བདེན། ་བྲལ་སྲིན་པོའི་བདག། ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང་། དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་།། སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་།། ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་གང་། ་རི་ཡི་ལྷ་དང་གསང་བའི་ཚོགས་འདུས་རྣམས།། དཔུང་བཅས་སྡེ་བཅས་བུ་དང་བཤེས་གཉེན་བཅས།། རང་གི་སྐྱེ་བའི་ཚོགས་ཤིང་མཉེས་པ་རྣམས།། སོ་སོར་ས་སོའི་ཐུགས་དགོངས་གཅིག་མཛད ་ནས་དན་རང་རང་ཕྱོགས་སུ་ལེགས་པར་བྱེད་ནས་ནི།། རང་གི་བུ་སྤང་མཛའ་བཤེས་གཉེན་འདུན་དང་། ནང་མི་དམག་དང་དཔུང་བཅས་ཐབས་ཅིག་ཏུ།། མེ་ཏོག་དྲི་དང་བྱུག་པ་མར་མེ་དང་། ་ཞལ་བས་གཏོར་མ་འདི་དག་པཞེས་ནས་ཀྱང་།། གསོལ་མཛོད་སྙོམས་མཛོད་ལེགས་པར་འཐུང་མཛོད་ཅིག། ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད།། དེ་ལ་འདི་ནི་བྱི་དང་ནང་ཐམས་ཅད་དུ ་གཏོར་མ་རབ་ཏུ་དབུལ་བའི་སྔགས་ཏེ། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱ་དྱ་ནུ་ཏ་བ་ན་ན་ཏཱ་ཏ་ཅེས་པའོ།། དེ་ནས་ཉེ་རེག་བྱ་སྟེ་ཤར་སྒོར་མངོན་པར་ཕྱོགས་ཏེ་གནས་པ་ལ། ལས་ཐམས་ཅད་པའི་ཐབ་ཁུང ་གི་དབུས་སུ་དཔལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་སྔགས་བརྗོད་ཅིང་། མེ་ཏོག་དམར་པོ་ངེས་པར་བཀོད་ལ་སྦྱིན་སྲེག་གི་ཆོ་གས་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི ་སྔགས་ཀྱིས་བའི་མར་གྱིས་སྲེག་བླུགས་བརྒྱ་རྩ་བརྒྱང་དབུལ་ལོ།། དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་སྔགས་རྡོ་རྗེ་འབེབས་པ་ཁྲོ་བོའི་མཐར་ཐུག་པར་ཡང་སྲེག་བླུགས་བདུན་བདུན་སླར་ཡང ་ངོངོ།། དེ་ནས་ཇི་ལྟ་བ་བཞིན་དུ་ཐབ་ཁུང་གི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་མེ་ཏོག་ཁོ་ནས་སྤྱན་དྲངས་ལ། རྣམ་པར་སྣང་མཛད་ལ་སོགས་པའི་སྔགས་ཀྱིས་བྲིས་པའི་དཀྱིལ་འཁོར་གྱི་རང་གི ་གནས་སུ་དགོད་དོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ་བདག་མིང་ཆེ་གེ་ཞེས་བགྱི་བའི།། རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། སློབ་མ ་རྣམས་ནི་གཞུག་པར་བགྱི།། འདིར་ཡང་དཀྱིལ་འཁོར་ཆེན་པོར་འཇུག་པ་ལ་སྣོད་དང་སྣོད་མ་ཡིན་པ་བརྟག་པར་མི་བྱ་སྟེ། དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་སེམས་ཅན་ཁ་ཅིག་ནི་རྫིག ་པ་ཆེན་པོ་བགྱིད་པ་དེ་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ཆེན་པོ་འདི་མཐོང་སྟེང་ཞུགས་ནས་ངན་སོང་ཐམས་ཅད་དང་བྲལ་བར་འགྱུར་རོ།། བཅོམ་ལྡན་འདས་ནོར་དང་། བཟའ་བ ་དང་། བཏུང་བ་དང་། འདོད་པའི་ཡོན་ཏན་ཐམས་ཅད་ལ་ཆགས་པ་དང་། དམ་ཚིག་ལས་མི་འདའ་བ་དང་། སྔར་སྤྱོད་པ་ལ་སོགས་པ་འདོད་ཅིང་མི་ནུས་པའི་སེམས་ཅན་དག་མཆིས་ཏེ། དེ་དག་ཀྱང ་འདིར་ཇི་ལྟར་བྱ་བར་འདོད་པ་བྱ་བའི་ཕྱིར་ཞུགས་པ་རྣམས་ཀྱི་བསམ་པ་ཐམས་ཅད་རྫོགས་པར་འགྱུར་རོ།། བཅོམ་ལྡན་འདས་སེམས་ཅན་ཁ་ཅིག་ནི་གར་དང་། གླུ་དང་། གད་མོ་དང་། རྩེད་མོ་དང་། ་ཁ་ཟས་ལ་སྤྱོད་པ་ལ་དགའ་བ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་ཆོས་ཉིད་ཁོང་དུ་མ་ཆུད་པས་ལྷའི་རིགས་དང་དཀྱིལ་འཁོར་གཞན་དུ་འཇུག་པར་འགྱུར་གྱི་དེ་བཞིན་དུ་རིགས ་ཐམས་ཅད་ཀྱི་དཀྱིལ་འཁོར་རེ་བ་ཐམས་ཅད་ཡང་དག་པར་རྫོགས་པར་འགྱུར་བ་བླ་ན་མེད་པའི་དགའ་བ་དང་། མགུ་བ་དང་། རངས་པ་རྣམས་འབྱུང་བར་མཛད་པ་དེར་ནི་བསླབ་པའི་གནས་ལ་འཇིགས་ཤིང ་སྐྲག་ནས་མི་འཇུག་པ་དག་ཀྱང་མཆིས་ཏེ། ངན་སོང་གི་དཀྱིལ་འཁོར་གྱི་ལམ་དུ་ཇི་ལྟར་གནས་པའི་བདེ་བའི་བདག་ཉིད་ཀྱི་གནས་སྐབས་ཅན་དེ་དག་ཀྱང་དགའ་བ་དང་། མགུ་བ་དམ་པ་དང་། བདེ་བ་དང་། ་ཡིད་བདེ་བ་མྱོང་བར་བགྱི་བ་དང་། ངན་སོང་གི་རྒྱུད་ཐམས་ཅད་དུ་འཇུག་པར་ཁ་བལྟས་པའི་ལམ་ལས་བཟློག་པར་བགྱི་བའི་སླད་དུ་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་དུ་འཇུག་ཏུ་རུང་ངོ་།། བཅོམ་ལྡན་འདས་ཆོས ་ལྡན་གྱི་སེམས་ཅན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དམ་པ་འགྲུབ་པའི་ཐབས་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བ་ན། བསམ་གཏན་དང་རྣམ ་བར་ཐར་པ་ལ་སོགས་པ་དང་། ས་རྣམས་ལ་འབད་པས་ཉོན་མོངས་པར་འགྱུར་བ་དག་ཀྱང་མཆིས་ཏེ། དེ་དག་ཀྱང་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་འདི་ཉིད་དུ་ཞུགས་མ་ཐག་ཏུ་དེ་བཞིན་གཤེགས་པ་ཉིད ་ཐམས་ཅད་ཀྱང་རྙེད་པར་དཀའ་བའང་མ་ལགས་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་འཚལ་ཞེས་གསོལ་བར་བྱའོ།། དེ་ནས་སློབ་མ་གཞུག་པར་བྱའོ།། དེ་ལ་བསླབ་པའི་གཞི་ལྔ་ཡོངས་སུ་བཟུང་བའི་དགེ ་བསྙེན་ནམ། དགེ་སྦྱོང་ངམ། དགེ་སློང་གི་སྡོམ་པ་ཡོངས་སུ་བཟུང་ཞིང་སློབ་དཔོན་དུ་དབང་བསྐུར་བར་འོས་པ། སློབ་དཔོན་གྱི་ཞབས་དག་ལ་ཕྱག་བྱས་ཏེ་འདི་སྐད་ཅེས་བརྗོད་དེ། བདག་གི་སྟོན་པ་དག ་ཆེན་ཁྱོད།། བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ།། མགོན་པོ་ཆེན་པོ་བདག་འཚལ་ལོ།། དམ་ཚིག་དེ་ཉིད་བདག་ལ་སྩོལ།། བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ།། སྐྱབས་གསུམ་དག་ཀྱང་བདག ་ལ་སྒོ་ལ།། ཞེས་པའོ།། དེ་ནས་སློབ་མ་ལ་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་གོས་དམར་པོའི་སྟོད་གཡོགས་སྤང་གཡོགས་དང་། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྒོ་སྐྱོང་བཞི་བཟླས་པའི་གདོང ་གཡོགས་བཅིང་བར་བྱས་ལ་ཕྱག་བཞི་བྱེད་དུ་གཞུག་གོ།། ཡང་ལག་ན་མེ་ཏོག་ཐོགས་པའི་སློབ་མས་སློབ་དཔོན་ལ་ཕྱག་བྱས་ལ། ལག་ན་མེ་ཏོག་ཐོགས་པ་ཉིད་ཀྱིས་བཤགས་པ་དང་། རྫས་སུ་ཡི་རང་། ་བ་དང་། བསྐུལ་བ་དང་། གསོལ་བ་གདབ་པ་བྱས་ལ་འདི་སྐད་ཅེས་བརྗོད་དོ།། གཙོ་བོ་བདག་ལ་སྡོམ་པ་སྩོལ།། ཐུབ་པའི་ཉི་མ་མ་ལུས་པའི།། སངས་རྒྱས་རྣམས་ནི ་བདག་ལ་དགོངས།། བདག་མིང་ཆེ་གེ་ཞེས་བགྱི་བ།། སློབ་དཔོན་དབང་དུ་གནས་པ་ལ།། སངས་རྒྱས་རོལ་མོ་འབྱུང་བ་ཡི།། ཕྱིར་མི་ལྡོག་པའི་དགེ་འདུན་ཅན།། ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག། ་གསང་བ་ཆེན་པོར་འཇུག་པར་བགྱིའོ།། གསང་བ་ཐམས་ཅད་རིགས་བསྡུས་པ།། སློབ་དཔོན་བདག་ནི་འཇུག་པར་མཛོད།། ཕྱིར་མི་ལྡོག་པའི་དབང་བསྐུར་བ།། སྐལ་བ་ཆེན་པོ་བདག་ལ་སྩོལ། ་མཚན་རྣམས་རྗེས་སུ་གསོལ་བཏབ་པ།། དཔེ་བྱད་རྣམས་དང་ཡང་དག་ལྡན།། སངས་རྒྱས་སྐུ་ནི་ཡིད་འོང་བ།། སློབ་དཔོན་ཆེན་པོ་བདག་ལ་སྩོལ།། དབང་བསྐུར་བ་ནི་རྨད་བྱུང་ཆེ།། སེམས་ཅན ་ཀུན་གྱི་དོན་བགྱིད་ཕྱིར།། བདག་ནི་རྟག་ཏུ་སློབ་དཔོན་གྱུར།། སློབ་དཔོན་ཆེན་པོ་བདག་ལ་གསོལ།། དེ་ནས་སློབ་དཔོན་གྱི་རིགས་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། ཆེ་གེ་ཞེས་བྱ་འདི་ཉིད་ནི།། ་བྱང་ཆུབ་སེམས་ནི་ཡོངས་འཛིན་པ།། གསང་བ་ཡི་ནི་འཁོར་ལོ་འདི་།། འཇུག་ཅིང་བྱང་ཆུབ་སྡོམ་པ་འཚལ།། དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་དོ།། སངས་རྒྱས་ཆོས་དང་དགེ་འདུན ་ཏེ།། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་།། འདི་ནི་སངས་རྒྱས་རིགས་དག་པའི།། དམ་ཚིག་སྡོམ་པ་བརྟན་པོར་གྱུར།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། བློ་གྲོས་ཆེན་པོ་ཁྱོད་ཀྱིས་ཟུང་།། བྱང་ཆུབ ་སེམས་གང་དེ་རྔོ་མ། ཤེས་རབ་དྲིལ་བུ་ཞེས་བཤད་དོ།། སློབ་དཔོན་དག་ཀྱང་གཟུང་བར་གྱིས།། བླ་མ་སངས་རྒྱས་ཀུན་དང་མཉམ།། འདི་ནི་རྡོ་རྗེ་རིགས་དག་པའི།། སྡོམ་པ་དམ་ཚིག་ཡིན་པ་། ་གསུངས།། རིན་ཆེན་རིགས་ནི་བསྡུས་པ་ནི།། ཉིན་མོ་གསུམ་དང་མཚན་མོ་གསུམ།། ཟང་ཟིང་མི་འཇིགས་ཆོས་དང་བྱམས།། སྦྱིན་པ་རྣམ་པ་ནི་རབ་སྦྱིན་བྱ།། ཕྱི་དང་གསང་བ་ཐེག་པ་གསུམ ་དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ།། འདི་ནི་པདྨའི་རིགས་དག་པའི།། དམ་ཚིག་སྡོམ་པ་ཡིན་པར་གསུངས།། ལས་ཆེན་རིགས་ནི་བསྡུས་པ་ལ།། སྡོམ་པ་གསུམ་པོ་ཡང་དག་ལྡན།། མཆོད ་བའི་ལས་ཀྱང་ཅི་ནུས་བཞིན།། ཡང་དག་ཉིད་དུ་ངེས་གཔུང་གྱིས།། དེ་ལས་གཞན་པ་བཞི་པོ་ཡང་།། འདི་དག་པས་བམ་པར་ནི་བཤད།། མི་སྤང་དོར་བར་ཡང་མི་བྱ།། རྩ་བའི་ལྟུང་བར་འདི་བཤད ་དོ།། ཉིན་མོ་གསུམ་དང་མཚན་གསུམ་དུ།། ཉིན་རེ་ཞིང་ནི་བརྗོད་པར་བྱ།། གང་ཚེ་ཉམས་ན་རྣལ་འབྱོར་པ།། ལྟུང་བ་སྦོམ་པོ་དག་ཏུ་འགྱུར།། ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ།། མ་བྱིན་པར ་ཡང་མི་བྲང་ངོ་།། འདོད་པ་ལོག་པར་མི་སྤྱད་ཅིང་།། བརྫུན་ཡང་སྨྲ་བར་མི་བྱའོ།། ཕུང་ཀྲོལ་ཀུན་གྱི་རྩ་བ་ཡི།། ཆང་ནི་བཏུང་བ་རྣམ་པར་སྤང་།། སེམས་ཅན་གདུལ་ཕྱིར་མ་གཏོགས་པ། བྱ་བ་ས ་ཡིན་ཐམས་ཅད་སྤང་།། དམ་པའི་དྲུང་དུ་གནས་བྱ་ཞིང་།། རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ།། ལུས་ཀྱི་ལས་ནི་རྣམ་པ་གསུམ།། ངག་གི་རྣམ་པ་བཞི་རྣམས་དང་།། ཡིད་ཀྱི་རྣམ་པ་གསུན་དག་ནི། ་ཅི་ནུས་པས་ནི་རྗེས་སུ་བསྐྱང་།། ཐེག་པ་དམན་ལ་དགའ་མི་བྱ།། སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན།། འཁོར་བ་དག་ཀྱང་ཡོང་མི་སྤང་།། རྟག་ཏུ་མྱ་ངན་འདས་མི་ཆགས།། ་ལྷ་དང་ལྷ་མིན་གསང་བ་པ།། ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་།། ཕྱག་རྒྱ་བཞོན་པ་མཚོན་ཆ་དང་།། མཚན་མ་འགོམ་པར་ཡང་མི་བྱ།། འདི་དག་དམ་ཚིག་ཅེས་བཤད་དོ།། དེ་དག་ནི། བློ་གྲོས་ཁྱེ ་ཀྱིས་བསྲུང་བར་བྱ།། དེས་ཀྱང་འདི་སྐད་བརྗོད་པར་བྱ།། སློབ་དཔོན་ཁྱོད་ནི་བདག་ལ་གསོན།། གཙོ་བོ་ཇི་ལྟར་བཀའ་བསྒོ་བ།། དེ་ལྟར་བདག་ནི་བགྱིད་པར་འཚལ།། ཇི་ལྟར་དུས་གསུམ་མགོན ་པོ་རྣམས།། བྱང་ཆུབ་ཏུ་ནི་ངེས་མཛད་པའི།། ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་འགོད།། ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ།། གང་ཞིག་སྡོམ་པ་མི་འཛིན་པ་དེ་ལ་ནི་གཞུག་པ་ཙམ ་སྦྱིན་པར་བྱ་ཞིང་། དེང་ཁྱོད་བྱ་བ་ལ་སོགས་པ་བརྗོད་པར་མི་བྱ་སྟེ། སློབ་དཔོན་དུ་དབང་བསྐུར་བའང་མི་བྱའོ།། དེ་ན་ས། ཨོཾ་སརྦ་ཡོག་ཙིཏྟཾ་ཨུ་ད་པཱ་ད་ཡཱ་མི་ཞེས་པ་འདིས། བྱང་ཆུབ ་སེམས་ནི་བླ་ན་མེད།། དམ་པ་བདག་གིས་བསྒྲེད་པར་བགྱི།། དེ་ཡི་སྙིང་ཁར་སྙིང་པོས་ནི།། རྡོ་རྗེ་རབ་ཏུ་གཞག་པར་བྱ།། སུར་ཏ་ས་མ་ཡ་སྟྭཾ་ཧོཿ། བཛྲ་སིདྷ་ཡ་ཐཱ་སུ་ཁཾ་། ཞེས་པ་འདིས་སོ།། ་དེ་ནས་རྡོ་རྗེ་ཧཱུཾ་མཛད་དུ་བྱིན་གྱིས་བརླབས་ལ་དྲི་དང་མེ་ཏོག་ལ་སོགས་པས་མཆོད་དེ་མེ་ཏོག་གི་འཕྲེང་བ་གདགས་ཤིང་། གདོང་དྲི་ཞིམ་པོས་བྱུགས་ལ་ཡོན་གྱི་མཆོག་བཟུང་སྟེ། ཕྱི་རོལ་ན་གནས་པ་ལ་བུམ་པ ་ཆུས་དབང་བསྐུར་ལ། ཨོཾ་གྲྀཧཱ་བཛྲ་ས་མ་ཡ་ཛཱ་རྦ། ཞེས་པ་འདིས་ཁྲོ་བ་ཏ་རིན་ཏི་རི་རང་ཉིད་བཅིངས་ལ་སློབ་མ་འཆིང་དུ་གཙུག་གོ།། རྡོ་རྗེ་བསྡམས་པ་ནང་བྱས་ལ།། མཐེ་བོང་རྡོ་རྗེ་དམ་པོ་ཡིས།། ཡང་། ་ཀྱིས་ཁྲོ་བས་དགའ་བྱ་བས།། ཁྲོ་བོ་ཏི་རིན་ཏི་རི་དྲན།། དེ་ནས་དེ་ཉིད་ཀྱི་མཐེ་བོང་དག་གིས་མེ་ཏོག་གི་འཕྲེང་བ་འཛིན་དུ་བཅུག་ལ་སྙིང་པོ་འདིས་གཞུག་པར་བྱ་སྟེ། བཛ་ས་མ་ཡཾ་པྲ་ཏི་ཤཱ་མི། ཞེས་པའོ། ་ཤར་གྱི་སྒོར་ཡང་རྡོ་རྗེ་ལྕགས་ཀྱུས་དེ་དགུག་ཅིང་ལྷོར་ཞགས་པས་གཞུག་གོ།། ནུབ་ཏུ་ལྕགས་སྒྲོག་གིས་བཅིང་ཞིང་། བྱང་དུ་རྡོ་རྗེ་འབེབས་པས་དབབ་བོ།། ཡང་ཤར་གྱི་སྒོ་ནས་དེ་བཞིན་དུ་བཅུག་ལ ་འདི་སྐད་ཅེས་བརྗོད་དོ།། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་རིགས་ཀྱིས་དེང་ནས་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ། ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས ་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་ཅི་སྨོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱའོ།། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ།། དེ་ནས་རྡོ་རྗེ་སློབ་དཔོན་རང ་ཉིད་ཁྲོ་བོ་ཏི་རིན་ཏི་རི་ཁ་གྱེན་དུ་བལྟ་བ་དང་བཅས་པས་བཅིངས་ལ། རྡོ་རྗེ་སློབ་མའི་སྤྱི་བོར་བཞག་སྟེ་འདི་སྐད་ཅེས་སྨྲས་ཏེ། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་ཡིན་ཏེ། གལ་ཏེ་ཁྱེད་འགའ་ཞིག་ལ་སྨྲས་ན་སྤྱི་བོ ་འགེམས་པར་འགྱུར་རོ།། དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་། མནའི་སྙིང་པོ་ལན་ཅིག་བཟླས་པའི་ཆུ་རྡོ་རྗེ་སློབ་མ་དེ་འཐུང་དུ་གཞུག་གོ།། དེ་ལ་མནའི་སྙིང་པོ་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། ་སྙིང་ལ་ཡང་དག་ཞུགས་པར་མཛོད།། གལ་ཏེ་ཚུལ་འདི་སྨྲས་ན་ནི།། དེ་མ་ཐག་ཏུ་དྲལ་ཏེ་གཤེགས།། བཛྲ་ཨུད་ཀ་ཋཿ་ཞེས་བྱའོ།། དེ་ནས་སློབ་མ་ལ་འདི་སྐད་ཅེས་སྨྲའོ།། ་དེང་ནས་བརྩམས་ནས་ཁྱོད་ཀྱི་ཕྱག་ན་རྡོ་རྗེང་ཡིན་གྱིས། ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་བྱ་དགོས་སོ།། ཁྱོད་ཡང་བམ་སྤངས་པར་དུས་ཀྱི་བྱ་བ་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་པའོ།། ་དེའི་རྗེས་ལ་རང་གི་སྙིང་ཁར་ཡི་གེ་ཨ་རྡོ་རྗེའི་འོད་ཟེར་གྱི་འཕྲེང་བ་དང་ལྡན་པར་བསམ་མོ།། དེ་ནས་སློབ་མའི་སྙིང་ཁ་དང་མཛོད་སྤུ་དང་། མགྲིན་པ་དང་། སྤྱི་བོ་རྣམས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས ་པའི་རྡོ་རྗེ་རྩེ་ལྔ་པ་འབར་བ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་བསམས་ཏེ། ཨོཾ་ཏྲཱཾ་ཧྲཱིཿཿཞེས་པ་འདི་དག་གིས་གོ་རིམས་བཞིན་དུའོ།། སྒོ་དབྱེ་བའི་ཕྱག་རྒྱས་རང་དང་སློབ་མའི་སྙིང་ལ ་ཕྱེ་ལ་ད་རང་གི་སྙིང་ཁའི་ཡི་གེ་ཡཾ་ལས་ཡི་གེ་བྱུང་ལ། སློབ་མའི་སྙིང་ཁར་གནས་པའི་རྡོ་རྗེའི་དབུས་སུ་ཐོས་བཅུག་ལ་ལུས་ཐམས་ཅད་གང་བར་བསམ་མོ།། འདི་སྐད་ཅེས་བརྗོད་དོ།། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱིས་ཀྱང་བྱིན་གྱིས་རློབས་ལ་རྡོ་རྗེ་སེམས་དཔའ་བ་དག་ལ་དབབ་ཏུ་གསོལ་ཞེས་སྨོས་ཤིག། དེ་ནས་མྱུར་དུ་རྡོ་རྗེ་སློབ་དཔོན་གྱིས་ཁྲོ་བོ་ཏི་རིན་ཏི་རི་བཅིངས་ལ་འདི་སྐད་བརྗོད་པར་བྱ་སྟེ། འདི་སྟེ། ་དམ་ཚིག་རྡོ་རྗེ་ཡིན།། རྡོ་རྗེ་སེམས་དཔའ་ཞེས་བྱར་གྲགས།། རྡོ་རྗེ་ཡེ་ཤེས་བླ་ན་མེད།། ཁྱོད་ལ་དེ་ཉིད་འབབ་གྱུར་ཅིག་བཛྲ་ཨཱ་བེ་ཤ་ཨ་ཞེས་པ་བཅུ་དང་ཉི་གུ་དང་། སུམ་ཅུ་དང་བཞི་བཅུ་དང་། ་ལྔ་བཅུ་དང་། དྲུག་ཅུ་དང་། བདུན་ཅུ་དང་། བརྒྱད་ཅུ་དང་། དགུ་བཅུ་དང་། ལན་བརྒྱར་བརྗོད་དེ་ངེས་པར་འབབ་པར་འགྱུར་རོ།། དེ་ནས་རྡོ་རྗེའི་ཁུ་ཚུར་བཅིངས་ལ་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་དྲལ་བར་བྱ་ཞིང་། ་འདི་དག་བརྗོད་དེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུ~ཾ། གྲྀཧྞ་གྲདྷཱ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུ~ཾ། ཨཱ་ན་ཡ་ཧོ་བྷ་ག་བཱ་ན་བཛྲ་ན་ཛ་ཧཱུཾ་ཕཊ་ཨཿཿཿཿཿབཅུ་དང་། ཉི་ཤུ་དང་སུམ་ཅུ་དང་བཞི་བཅུ་དང་། ་ལྔ་བཅུ་དང་། དྲུག་ཅུ་དང་། བདུན་ཅུ་དང་། བརྒྱད་ཅུ་དང་དགུ་བཅུ་དང་། ལན་བརྒྱར་བརྗོད་པར་བྱའོ།། བཅོམ་ལྡན་འདས་ཀྱིས་ཀྱང་རྡོ་རྗེ་རླུང་གི་དཀྱིལ་འཁོར་ལ་རྡོ་རྗེ་ཧཱུཾ་གི་རྣམ་པའི་འོད་ཟེར་གྱི་མདོག ་དམར་པོ་འབར་བ་གང་བཞིན་པར་བསམ་མོ།། སླར་ཡང་གལ་ཏེ་འབབ་པར་མ་གྱུར་ན། དེའི་ཚེ་དྲིལ་བུ་དང་བཅས་པས་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་རྐང་པ་གཡོན་པས་དེའི་རྐང་པ་མནན། ་ལ་སྟེང་གི་ནམ་མཁའི་ཕྱོགས་སུ་རྣམ་པར་སྣང་མཛད་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྟེང་དུ་དེ་ཉིད་ལ་དབབ་པའི་ཕྱིར་ཁྲོ་བོ་ཧཱུཾ་གི་རྣམ་པའི་འོད་ཟེར་གྱི་ཚོགས་ཀྱིས་མནར་བཞིན་པ་དང་། འོག་ནས་ཀྱང་རྡོ་རྗེ་རླུང་གི། ་དཀྱིལ་འཁོར་དང་། ཧཱུཾ་གི་རྣམ་པས་གདེག་བཞིན་པ་དང་། དེ་བཞིན་དུ་ཤར་ལ་སོགས་པའི་ཕྱོགས་སུ་བཞུགས་པའི་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱིས། ཧཱུཾ་ཏྲཱཾ་ཧྲཱིཿཿ། ཞེས་བྱ་བ་རང་གི་ས་བོན་གྱི་འོད ་ཟེར་གྱི་ཚོགས་ཀྱིས་ཡང་དག་པར་འབེབས་པར་མཛད་པར་བསམ་ཞིང་དེ་ལ་དབབ་སྟེ། ཧཱུཾ་བཛྲ་ཨཱ་བེ་ཤ་ཡ་ཨཿ། ཞེས་རྣམ་པ་བརྒྱར་བརྗོད་པར་བྱའོ།། གལ་ཏེ་སྡིག་པ་མང་བ་ཉིད་ཀྱིས་འབབ་པར་མ་གྱུར་ན། ་དེའི་ཚེ་སྡིག་པ་དྲལ་བའི་ཕྱག་རྒྱས་དེའི་སྡིག་པ་རྣམས་ཡང་དང་ཡང་དུ་དྲལ་བར་བྱའོ།། ཡམ་ཤིང་འཛག་མ་རྣམས་ཀྱི་མེ།། རབ་འབར་རྡོ་རྗེ་ཁྲོ་བོ་ཡི།། མཉམ་པར་བཞགས ་པས་དབུལ་བ་ཡིས།། དེ་ཡི་སྡིག་པ་ཐམས་ཅད་ནི།། ཏིལ་གྱི་སྦྱིན་སྲེག་དེས་ངེས་སྲེག། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱཧཱ། ཞེས་བྱ་བ་དང་། ལག་པ་གཡས་པའི་མཐིལ་དུ་ཏིལ་ནག་པོ་ལས་སྡིག་པའི་གསུ ་བརྙན་བྱས་ལ། ཡི་གེ་ཧཱུཾ་དབུས་སུ་བསམས་ཏེ། མཛུབ་མོ་དང་མཐེ་བོང་དག་གིས་སྦྱིན་སྲེག་བྱའོ།། དེ་ནས་སྦྱིན་སྲེག་གི་ཐབ་ཁུང་ལས་འབྱུང་བའི་འབར་བའི་འབྲེང་བ་ཀུན་ཏུ་འཁྲུགས་པའི་རྡོ་རྗེ་རྣམས་ཀྱིས ་དེའི་ལུས་ལ་སྡིག་པ་སྲེག་བཞིན་པར་བསམས་ལ། དེ་ནས་ཡང་རྡོ་རྗེ་བབས་པ་དེ་ཁོ་ན་བཞིན་དུ་བཅིངས་ལ་དབབ་པར་བྱ་སྟེ། ངེས་པར་འབེབས་པར་འགྱུར་རོ།། དེ་ལྟ་བུས་ཀྱང་གང་ལ་བབ་པར་མགྱུར་པ ་དེ་ལ་དབང་བསྐུར་བར་མི་བྱའོ།། བབས་ན་སྐད་ཅིག་མ་དེ་ཉིད་དེའི་མངོན་པར་ཤེས་པ་ལྔ་ལ་སོགས་པར་རྫོགས་པར་འགྱུར་རོ།། དེ་ནས་ཡང་དག་པར་བབས་པར་ཤེས་ནས་ཡང་། ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧ་ཏ ་ཞེས་པ་ལ་སོགས་པའི་གླུ་བརྗོད་ལ་ཁྲོ་བོའི་ཁུ་ཚུར་དང་དེ་བཞིན་གཤེགས་པ་རྡོ་རྗེ་མེའི་ཕྱག་རྒྱ་དྲལ་བར་བྱའོ།། དེ་བབས་ན་རྡོ་རྗེ་སེམས་དཔའ་ཁྲོ་བའི་ཕྱག་རྒྱ་བཅིང་བར་བྱའོ།། དེའི་ཚེ་སློབ་དཔོན་གྱིས་རྡོ ་རྗེ་ཁུ་ཚུར་ཁྲོ་བོའི་ཕྱག་རྒྱས་བཅིང་བར་བྱའོ།། དེ་བཞིན་དུ་ཇི་སྲིད་དུ་གྱུར་ན་དེའི་ཚེ་རྡོ་རྗེ་བནང་པའི་ཕྱག་རྒྱ་བཅིང་ངོ་།། དེའི་ཚེ་རྡོ་རྗེ་ཆོས་ཁྲོ་བོའི་ཕྱག་རྒྱ་བཅིང་ངོ་།། དེ་ལྟ་བུས་ཉེ་བར་བྱོན་ཅིང་དགོངས་པར་འགྱུར་རོ།། ་དེ་ནས་དེའི་ལྕེ་ལ་རྡོ་རྗེ་བསམས་ཏེ། བྲུ་ཧི་བཛྲ། ཞེས་པ་བརྗོད་དོ།། དེ་ནས་ཐམས་ཅད་སྨྲ་བར་འགྱུར།། དེ་ནས་འཕྲེང་བ་དེ་དཀྱིལ་འཁོར་ཆེན་པོར་དོར་ཏེ། པྲ་ཏི་ཙྪ་ཧོ་། ཞེས་བྱའོ།། དེ་ནས་གང་དུ ་བབས་པ་དེ་འདིས་འགྲུབ་བོ།། དེ་ནས། ཨོཾ་པྲ་ཏི་གྲྀཧྞ་ཏཱཾ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཞེས་བྱ་བས་འཕྲེང་བ་དེ་ཉིད་ཀྱི་མགོ་བོར་བཅིང་ངོ་།། དེ་ནས་ད་ཨོཾཿདེ་རིང་རྡོ་རྗེ་སེམས་དཔའ་རང་།། ཁྱོད་ཀྱི་མིག་ནི་བ་བྱེད ་བར་བརྩོན།། རྡོ་རྗེའི་མིག་ནི་བླ་ན་མེད།། ཐམས་ཅད་མིག་ནི་བྱེ་བར་འགྱུར།། ཧེ་བཛྲ་པ་གྱ། རྒས་པ་འདིས་གདོང་གཡོགས་དགྲོལ་ལོ།། དེ་ནས་དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཀྱི ་སྲིད་རྣམ་པར་སྣང་མཛད་ཀྱི་མཐར་ཐུག་པར་བསྟན་ནོ།། དེ་ནས། ཏིཥྛ་བཛྲ། ཞེས་པ་ལ་སོགས་པས་སློབ་མའི་སྙིང་ཁར་གཞུག་པའི་ཕྱག་རྒྱ་དགྲོལ་ལོ།། དེ་ནས་ཕྱི་རོལ་གྱི་དཀྱིལ་འཁོར་དུའམ། ཕྱི་རོལ ་དུ་ཟླ་བའི་དཀྱིལ་འཁོར་ཤར་སྒྲོལ་མངོན་པར་ཕྱོགས་པ་ལེགས་པར་བྲིས་ལ། སློབ་མ་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་སེམས་མ་རྡོ་རྗེ་མ་ལ་སོགས་པས་ཀྱང་བྱིན་གྱིས་བརླབས་ལ། ཕྱག་རྒྱ་ཆེན་པོ་དེ་ལ་བཞག་སྟེ། ་དབང་བསྐུར་རོ།། དྲི་དང་མེ་ཏོག་ལ་སོགས་པས་མཆོད་ཡོན་དབུལ། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པ་དང་། དུང་དང་། རོལ་མོ་ལ་སོགས་པའི་སྒྲ་བསྒྲགས་པ་དང་། དེ་ནས་བཀྲ། ་ཤིས་ཀྱི་ཚོགས་བཅད་རྣམས་ཀྱིས་མངོན་པར་དགའ་བས་དང་པོ་ཞིག་ཆུའི་དབང་བསྐུར་བ་དང་། ཅོད་པན་དང་། དང་དབྱངས་དང་། རྡོ་རྗེ་དང་། བདག་པོ་དང་། མིང་གིས་དབང་བསྲུང་བ་དག་གིས་རབ ་བསྐུར་ལ། ཡང་མེ་ཏོག་ལ་སོགས་པ་དང་། སྒེག་མོ་ལ་སོགས་པ་མཆོད་པ་རྣམ་པ་བརྒྱད་ཀྱིས་མཆོད་དོ།། སློབ་མ་རྣམས་ཀྱིས་རྡོ་རྗེ་ཐལ་མོ་སྦྱར་བས་སློབ་དཔོན་ལ་རབ་ཏུ ་བཏུད་ལ། མན་གྱི་མཆོག་ཕུལ་ལ་མེ་ཏོག་ལ་སོགས་པའི་དབང་བསྲུར་བའང་གཟུང་བར་བྱའོ།། སློབ་དཔོན་གྱིས་དབང་བསྐུར་བ་ནི་དཔལ་ཛེ་རྗེ་ཛུ་མཛད་ཀྱི་ཕྱག་རྒྱས་དེ་ཁོན་བཞིན་དུ་ཇི་ལྟར་ངེས་པར་བསྟན ་པའི་གནས་སུ་བཞག་ལ། དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་དེའི་ལུས་ལ་དཔལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་བཀོད་དེ་སླར་ཡང་། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི་དྲི་ཌྷོ་མེ་བྷ་བ་ཛཿཧཱུཾ་བ~ཾ་ཧོཿཧཱུཾ་ཕཊག་ཅེས ་པ་འདི་རྣམ་པར་རྒྱལ་བའི་བུམ་པ་ལ་བརྒྱ་རྩ་བརྒྱད་དམ་སྟོང་ཡོངས་སུ་བཟླས་པ་བྱས་ལ། དེ་ནས། ཨོཾ་བཛྲ་ཨ་བྷི་ཥཉྩ་ཞེས་པ་འདི་བརྗོད་ཅིང་རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ནས་ཆུ་བླངས ་ནས་ཆུའི་དབང་བསྐུར་བ་སྦྱིན་ནོ།། འདི་ཡང་བརྗོད་དེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་འདས་ན་སྲེག་པར་བྱེད།། དམ་ཚིག་བསྲུངས་ན་དངོས་གྲུབ་ནི།། རྡོ་རྗེ་བདུད་ཅིའི་ཆུས་འགྲུབ་བོ།། ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་།། དཀྱིལ་འཁོར་ཅན་མིན་ན་མི་སྦ།། སྐྱེ་བོ་འདུས་པ་གནས་པ་ནི། རྒོད་དང་མ་དད་པལ་མེད།། དེ་ནས་ཆོ་ག་ཐམས་ཅད་ཉམས་སུ་བླངས་ལ་མཚན་བརྒྱ་རྩ་བརྒྱད་པས་ལེགས་པར ་བསྟོད་དེ། ཚིགས་བཅད་ལྔས་རྗེས་སུ་གནང་བ་བྱིན་ནས། གཟེངས་བསྟོད་པ་དང་ལུང་བསྟན་པས་སློབ་མ་ཐམས་ཅད་ལུང་བསྟན་ནོ།། དེ་ནས་གསང་བའི་དབང་བསྐུར་བ་འབྱུང་སྟེ། སློབ་དཔོན་དུ་དབང་བསུ ་བར་འོས་པ་དཀྱིལ་འཁོར་ཐམས་ཅད་དུ་བཅུག་པ་དེ་ལྟར་མཛོད་ཅིག་ཅེས་བྱའོ།། འདི་ཡི་ལས་ཀྱི་དངོས་གྲུབ་ནི།། ཇི་ལྟར་འདོང་བའི་དངོས་གྲུབ་ཀྱང་། ཕ་མ་འབྲིང་དང་མཆོག་རྣམས་ནི། མ་ལུས ་ངེས་པར་འཐོབ་པར་འགྱུར།། མཆོག་གི་ས་རྣམས་བགེགས་མེད་འགྲུབ།། དངོས་གྲུབ་ཕྲན་ཚེགས་སླར་ཅི་ཤིག། སངས་རྒྱས་ཉིད་ཀྱང་སེམས་ཅན་ཉིད།། རྡོ་རྗེ་སེམས་ཉིད་རྙེད་མི་དཀའ།། གང་ལ ་དངོས་གྲུབ་ངེས་འབྱུང་དང་།། གང་ལ་སྡིག་པ་གདོན་ཆེན་དང་།། བགེགས་དང་ལོག་འདྲེན་རྣམས་དང་ཡང་།། འཆི་བདག་དང་ནི་བདུད་སྡེ་རྣམས།། འཇིགས་པ་སྣ་ཚོགས་བསྟན་བཅོས་ནོ།། དངོས་གྲུབ ་ལས་འཇོམས་དེ་དག་ནི།། བདག་ཉིད་ཆེན་པོ་དེ་ལ་ནི།། མི་འབྱུང་སྐྱེ་བར་མི་འགྱུར་རོ།། སྦྱིན་སྲེག་ལས་ཀྱི་ཆོ་ག་ཡིས།། ངེས་པར་དངོས་གྲུབ་མྱུར་རབ་འབྱུང་།། ལྷ་རྣམས་ཀྱང་ནི་ཆེར་མཉེས་ཤིང་།། ་སྐད་ཅིག་གིས་ཀྱང་རབ་རྙེད་འགྱུར།། ཡམས་དང་ཉེར་འཚེ་སྐྱོན་ལ་སོགས།། ཆེས་ཀྱི་ངེས་པར་རིང་དུ་འགྱུར།། དེ་ཡི་ཡུལ་དུ་ནང་དང་གདོན།། རིམས་ལ་སོགས་པ་མི་འབྱུང་ཞིང་།། མུ་གེ་ཅ་ཅོ་ཆ ་རྣམས་དང་། ཕ་རོལ་དམག་ཚོགས་ཉམས་པར་འགྱུར།། ལྷ་དང་ཀླུ་རྣམས་སྤྲོ་ཆེན་གྱིས།། བདེ་བར་ཡང་ནི་སྐྱོང་བར་འགྱུར།། རྒྱལ་པོ་ཆེན་པོ་བཞི་རྣམས་དང་།། འཇིག་རྟེན་སྐྱོང་བ་རྒྱུ་སྐར་བ# ་གནོད་སྦྱིན་རྣམས་དང་གཟའ་ལ་སོགས།། རྫུ་འཕྲུལ་ཆེན་པོ་རྣམས་ཀྱིས་སྐྱོང་།། དེ་ནས་བརྒྱ་བྱིན་ལ་སོགས་ལྷས།། ཡང་དང་ཡང་དུ་ཕྱག་བཙལ་ནས།། རིན་ཆེན་གདུགས་སོགས་མཆོག་རྣམས་ནི།། ་རྣམ་པ་སྣ་ཚོགས་མཆོད་བྱས་ཏེ།། ཕྱག་ན་རྡོ་རྗེ་རྒྱལ་དབང་ལ།། དག་པའི་བསམ་པས་ཡང་དག་བསྟོད།། སངས་རྒྱས་ཀུན་པས་སྔར་སངས་རྒྱས།། མི་ཤེས་དྲི་མ་ཀུན ་བཅོམ་པ།། རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ།། རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན།། རྡོ་རྗེའི་སྐུ་སྟེ་སྐུ་ཆེ་བ།། ཕྱག་ན་རྡོ་རྗེ་ཕྱག་འཚལ་འདུད།། རྡོ་རྗེ་ཡན་ལག་རྡོ་རྗེ་མཆོག། རྡོ་རྗེ་འབར་བ་ཆེ་འབར་བ།། རྡོ་རྗེ་ཤུགས ་ཏེ་ཤུགས་ཆེ་བ།། རྡོ་རྗེ་མཚོན་ཆ་རྡོ་རྗེ་ཆེ།། ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ།། རྡོ་རྗེ་མངའ་སྟེ་རབ་འབིགས་པ།། རྡོ་རྗེ་རྣོན་པོ་རྣོན་པོ་ཆེ།། ཆེ་བའི་ཆེ་བ་རྒྱ་མཚོ་ཆེ།། རྡོ་རྗེ་པདྨ་བྱང་ཆུབ་ཆེ།། བྱང་ཆུབ ་སངས་རྒྱས་རང་བྱུང་བ།། རྡོ་རྗེ་རྒྱ་ཆེན་རྒྱ་ཆེན་ཆེ།། རྡོ་རྗེ་སྒྱུ་མ་རྣམ་སྦྱོང་བ།། རྡོ་རྗེ་རྒྱུ་སྟེ་གནོད་སྦྱིན་ཆེ།། རྡོ་རྗེ་པདྨ་རྣམ་སྦྱོང་བ།། རྡོ་རྗེ་ཁྲོ་བོ་གཏུམ་པོ་ཆེ།། རྡོ་རྗེ་དགྲ་སྡང་འཇོམས་པའི་གཙོ།། ་རྡོ་རྗེ་འཇིགས་བྱེད་སྲུང་བ་ཆེ།། རྡོ་རྗེ་ལྕགས་ཀྱུ་དོན་ཡོད་བྱེད།། རྡོ་རྗེ་རོ་ལངས་རོ་ལངས་ཆེ།། རྡོ་རྗེ་སྲིན་པོ་ཟ་བ་པོ།། རྡོ་རྗེ་གནོད་སྦྱིན་གནོད་སྦྱིན་ཆེ།། རྡོ་རྗེ་གདོན་ཏེ་གདོན་གྱི་མཆོག། འཇིགས། ་རུང་སྐྲག་བྱེད་མ་རུངས་པ།། དྲག་པོ་འཇིགས་བྱེད་རྔམ་བྱེད་པ།། སྒྲུབ་དཀའ་སྒྲུབ་པ་ལེགས་པ་སྟེ།། རྡོ་རྗེ་ལེགས་པ་དགྱེས་མཛད་པ།། རྡོ་རྗེ་དགའ་བ་དགའ་བ་ཆེ།། དགའ་བའི་རྡོ་རྗེ་དབང ་བྱེད་པ།། རྡོ་རྗེ་གཟི་བརྗིད་གཟི་བརྗིད་ཆེ།། འབར་འོད་གཤིན་རྗེ་མཐར་བྱེད་པ།། རྡོ་རྗེ་དྲག་པོ་དྲག་པོ་ཆེ།། འོད་འཐུག་པ་ནི་འཐུག་པ་སྟེ།། ནམ་མཁའ་དང་ནི་མཉམ་པ་ཡི།། རེ་བ་ཐམས་ཅད། ་རྫོགས་མཛད་པ།། རྡོ་རྗེ་དབང་བསྐུར་རིན་ཆེན་མཆོག། རྡོ་རྗེ་རྒྱལ་མཚན་ཡོན་ཏན་མཚོ།། རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ།། རིག་པ་བྱེ་བའི་ཚོགས་ཀྱིས་མཆོད།། ཧ་ལ་ཧ་ལ་ནག་པོ་ཆེ།། སྒྲ་ཆེ ་རྣམ་པར་སྒེག་པ་པོ།། རྡོ་རྗེ་འདོད་པ་འདོད་པ་ཆེ།། སྙིགས་མའི་རྙོག་མ་འཇོམས་པ་པོ།། དུས་ཀྱི་གཡོ་བ་གཅོད་པའི་མཆོག། ཞལ་ནི་ལྗགས་ཀྱི་གློག་འཕྲོ་མ།། རྡོ་རྗེ་མེ་སྟེ་རབ་ཏུ་གཏུམ།། གཏུམ ་པའི་རབ་སྣང་འཇོམས་པ་བོ།། ཉི་མ་སྟོང་གི་འོད་ཟེར་ཞལ།། སྤྱན་དམར་འཇིགས་པར་མཛད་པ་པོ།། ཁྲོ་བོ་དུ་མའི་འོད་འཕྲོ་བ།། ཕྱག་ནི་དུ་མའི་མཚོན་ཆ་བརྒྱ།། དུ་མའི་ཞལ་ཏེ་སྐུ་ཡང་སྟོང་། ་འཁྱིལ་ཅིང་སྐུ་ཡང་འཁྱིལ་བ་ལགས།། ཐུགས་ཆོས་བདག་ཉིད་སྐུ་མི་མངའ།། རྣམ་པར་རྟོག་པ་མ་ལུས་སྤངས།། མ་རིག་འཇོམས་པ་ཚངས་པ་སྟེ།། འདོད་ཆགས་ཞེ་སྡང་དྲི་མཐར་མཛད།། སྐུ ་མ་ཁྱབ་འཇུག་རྡོ་རྗེ་ཅན།། མདུང་ཅན་རྩེ་གསུམ་འཆང་འཕྲོག་བྱེད།། འདོད་ཆགས་ཞེ་སྡང་གཏི་མུག་ཆེ།། སྲིད་དང་སྲིད་མིན་རྣམ་སྦྱོང་བ།། ཞི་ཞིང་དུལ་ལ་དག་པ་ཆེ།། སངས་རྒྱས་སངས་རྒྱས ་རབ་རྟོགས་མཛད།། སངས་རྒྱས་བདག་ཉིད་སངས་རྒྱས་སྐུ།། རྡོ་རྗེ་ལགས་སྐྱེས་རྡོ་རྗེ་སེམས།། ཀུན་ཏུ་བཟང་པོ་ཆེར་བཟང་བ།། མཚན་རྣམས་ཀུན་གྱིས་མཚན་པ་པོ།། ཁམས་ཀུན་བདག་ཉིད ་ཁྱབ་པ་པོ།། ཐམས་ཅད་རྡོ་རྗེའི་བདག་ཉིད་གཙང་།། གང་གིས་འདི་བྲིས་ཀློག་པ་དང་།། རྟག་ཏུ་དོན་ནི་འཆང་བྱེད་དམ།། དྲན་ནམཉན་པར་བྱེད་ཀྱང་རུང་།། ཕྱག་ན་རྡོ་རྗེ་མཉམ་པར་འགྱུར།། ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷའི་འཁོར་དང་བཅས་པའི་ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་བ་དང་། ་གནོད་སྦྱིན་དང་། སྲིན་པོ་ལ་སོགས་པ་ཕན་པ་དང་བདེ་བ་ཐོབ་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་འོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ཕྱོགས་གཅིག་པ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་བླ་མ་ཇེ་བཙུན་ཆེན་པོ་རེ་བེན་དྲ་དེ་བ ་ཞབས་དང་། བླ་མ་པཎ་ཆེན་སྐྱེས་བུ་ཆེན་པོ་མཱ་ཎི་ཀ་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་གུས་པར་མཉན་ཏེ། ཆག་ལོ་ཙ་བ་ཤཱཀྱའི་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། སྤྲེའུ་ལ ་དབྱུག་གུ་ཟླ་བའི་མར་ངོའི་ཚེས་བཅུ་གསུམ་ལ། གཙུག་ལག་ཁང་ཆེན་པོ་དཔལ་ཟང་པོ་ཆེར་དབུ་བཙུགས་ནས། སྨིན་དྲུག་ཟླ་བའི་ཡར་ངོའི་ཚེས་བཅུ་གཉིས་ཀྱི་སྔ་དྲོའི་བར་ཞག་བཅོ་ལྔར་འགྲོ་བའི་ཚེ་དཔལ ་འདྲེན་གྱི་ལྷའི་སྡིངས་སུ་ཚར་བར་བགྱིས་སོ།། དཔལ་ལྡན་རྒྱུང་རྒྱལ་ངན་སོང་སྦྱོང་བ་ཡི།། བརྟག་པ་ཕྱོགས་གཅིག་སྔར་གྲགས་ཁ་ཆེ་ནས།། ཆོས་རྒྱལ་སྐུ་དྲིན་པ་ཎ་ཆེན་སྒྲ་བསྒྱུར་མཆོག། སྐྱེས་ཆེན ་ནམས་ཀྱིས་ལེགས་པར་དང་བར་མཛད།། འདི་ནི་དཔལ་ལྡན་ཀུན་དགའི་སྙིང་པོ་དང་།། ཇེ་བཙུན་འཇིགས་མེད་འབྱུང་གནས་སྦས་པ་སི།། མན་ངག་ལ་བརྟེན་རྒྱ་གར་བལ་པོ་ནི།། ཡོངས་གྲགས་ཐམ་འི ་དྲིན་ལས་ཁོ་བོས་བསྒྱུར།། སྒྲ་གཞུང་བླ་མའི་གསུངས་བཞིན་དུ།། གུས་བསྒྱུར་ནོངས་པ་མཁས་ཆེན་རྣམས། བཟོད་མཛོད་དེ་དགེས་འགྲོ་བ་ཀུན།། འགྲོ་མགོན་ཐུབ་ཆེན་ཉིད་གྱུར་ཅིག། བཀྲ་ཤིས ་བར་གྱུར་ཅིག་@རྒྱ་གར་སྐད་དུ་། སེ་ཀྵེ་བ་པྲ་ཏིཥྛ་བི་དྷི་ཏནྡ། བོད་སྐད་དུ། རབ་ཏུ་གནས་པ་མདོར་བསྡུས་པའི་ཆོ་གའི་རྒྱུད། དཔལ་རྡོ་རྗེ་སེམས ་