| Wylie | e-texts produced with BDRC’s OCR application |
དངོས་ཐུབ་བརྙེས་པ་བྷར་ཕྱག་རྔུས་ཀྱི་ཞལ་སྔ་ནས་དང་། བོང་ཀྱི་ལ་ཙ་བ་དགེ་སློང་རྡོ་རྗེ་ཟགས་ཀྱིས་བསྒྱུར་བའོ།། བཅོམ་ལྡན་འདས ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། དོན་དམ་ཆོས་སྐུ་ཞི་བ་ཉིད།། གང་འདིར་ཁམས་གསུམ་རྣམ་རྒྱལ་ཏེ།། གཤིན་རྗེ་དགྲ་ཞེས་གྲགས་པ་ཡི།། འཁོར་ལོ་བསྐོར་བའི་ཆོ་ག་བཤད ་ཡོན་ཏན་ལྡན་པའི་སྔགས་པ་ཡི།། ཆོ་ག་བཞིན་དུ་མཉེས་པར་བྱ།། དུར་ཁྲོང་དབེན་པ་ལ་སོགས་པར།། དཀྱིལ་འཁོར་ཁྲུ་ཆད་དུ་བྱ།། དྲི་དང་བ་ཡི་རྣམ་ལྔ་དང་། 96། ་སོགས་པ་བྱི་དོར་བྱ།། བ་གླང་ལ་སོགས་དམ་རྫས་ལྔ།། གཞན་ཡང་ཚོགས་ཀྱི་འཁོར་ལོ་དང་།། ཕྱི་ནང་ཕྱེད་པའི་བྱེ་བྲག་གིས།། ལེགས་པར་མཆོད་པ་བྱས་ནས་ནི།། འཁོར་ལོ་བྲི་དང་བཏུ་བ་དང་། ་དྲང་བ་དང་ནི་སྤོ་བ་བརྩམས།། སྔགས་པ་རྣལ་འབྱོར་ལྡན་པ་ཡིས།། ལྷོ་ཡི་ཕྱོགས་སུ་ཁ་བལྟས་ཏེ།། དམ་ཚིག་རྗེས་སུ་དྲན་པ་ཡིས།། ཨོཾ་བཛྲ་ས་མ་ཡ་སྟྭཾ།། གསང་སྔགས་འདི་ནི་རྗེས་དྲན་བྱེད།། འཁོར། ་ལོ་བྲི་བ་བརྩམ་པར་བྱ།། དབུས་ནས་སོར་ཚད་བཅུ་དྲུག་པར།། ཀུན་ནས་ཟླུམ་པོས་བསྐོར་ན་ནི།། འདི་ནི་ནང་གི་དཀྱིལ་འཁོར་ཏེ།། རིམ་པ་གསུམ་དུ་བསྐོར་བ་ལ།། སྒོ་མེད་ལྕགས་མཁར་བཅུ་དྲུག་བྱ།། འདི་ནི ་གཤིན་རྗེའི་གྲོང་ཁྱེར་ཏེ།། སྲིད་པ་གསུམ་གྱི་འཇུག་ས་ཡིན།། དེ་ཡི་ཕྱི་རིམ་མུ་ཁྱུད་གསུམ།། ཀུན་ཏུ་ལྕགས་རིས་བསྐོར་བ་སྟེ།། མུ་ཁྱུད་དེ་དག་རེ་རེ་ཡང་།། ཁང་པ་སུམ་ཅུ་གཉིས་དང་ལྡན།། འགྲོ་བའི་ཆོས ་བཞིན་གསོད་པ་ཡི།། འཁོར་ལོ་འདི་ལྟར་བྲིས་ནས་ནི།། ཕྱི་རོལ་མུ་ཁྱུད་མཐའ་མ་ལ།། ཡི་གེ་ཀ་སོགས་ང་ཡིག་མཐར། ཁང་ཞབས་ལ་ནས་དགོད་པར་བྱ།། ཡི་གེ་དྷ་སོགས་ཀྵ་ཡིག་མཐར།། དེ་ཡི་རྗེས ་སུ་བྲི་བར་བྱ།། མུ་ཁྱུད་དབུས་མ་དག་ལ་ནི།། དབྱངས་ཡིག་བཅུ་གཉིས་ཉིས་འགྱུར་དགོད།། བཏུ་དང་དགོད་སོགས་རྩོམ་པ་མ།། མཚན་མ་འདི་དག་ཤེས་པར་བྱ།། ཟླ་བ་མིག་དང་ཡོན་ཏན་དང་།། རིག་བྱེད ་མངའ་དང་དབང་པོ་དང་།། རྒྱམཚ་བར་ཤེས་གཟའ་དང་ཕྱོགས།། རྡེགས་པ་ཉི་མ་ཡན་ལག་སོགས།། ཆས་ཞེས་བྱ་བར་རབ་ཏུ་གྲགས།། ཕྱི་རོལ་མུ་ཁྱུད་མཐའ་མ་ལ།། ཤར་གྱི་ཚངས་ཐོས་ནས་བརྩམས་ནས། ་རིམ་མིན་གཟའ་ཅན་ཁང་པ་ནས།། ཡི་གེ་བཀྲ་ཤིས་ཙམ་བླངས་ཏེ།། ནང་གི་ངོས་ཀྱི་མུ་ཁྱུད་ཀྱི།། ཚངས་ཐིག་གི་ནི་ངོས་དག་ལ།། ཕྱོགས་བཞིར་དམིག་གི་ཚད་དུ་སྦྱིན།། རིམ་མིན་ཕྱོགས་ཅན་ཁང་པ་ནས།། ཡི་གེ། ་དམིག་གི་ཚད་བླངས་ཏེ།། ཤར་དུ་དེའི་གཡས་གཡོན་གཞག། རིམ་མིན་བཀྲ་ཤིས་ཁང་པ་ནས། དབྱངས་ཡིག་གཉིས་པ་ཅན་བླངས་ནས།། མིག་གི་ཚད་དུ་བྱས་ནས་ནི།། དེ་ཡི་ངོས་ལ་རེ་རེ་གཞག། ནུབ ་ཀྱི་ཚངས་ཐིག་ནས་བགྲངས་པའི།། རྒྱ་མཚོ་ཅན་གྱི་ཁང་པ་ནས།། དབྱངས་ཡིག་བཅུ་གཅིག་པ་ལྡན་པ།། དམིག་གི་ཚད་དུ་བླངས་ནས་ནི།། ལྷོ་ཡི་ངོས་སུ་དེ་བཞིན་སྦྱིན།། ནུབ་ནས་རིམ་པ་མིན་པའོ།། ཟླ་བ ་ཅན་གྱི་ཁྱིམ་ནས་ནི།། དབྱངས་ཡིག་བཅུ་གསུམ་པ་ལྡན་པ།། མིག་གི་ཚད་དུ་བླངས་ནས་ནི།། ལྗོ་ངས་དེ་རྗེས་སྦྱིན་པར་བྱ།། དེ་ཉིད་དབྱངས་ཡིག་གསལ་བ་ནོ།། མིག་གི་ཚད་དུ་བླངས་ནས་ཀྱང་།། སྔོན ་སྦྱིན་ནུབ་ཀྱི་ངོས་སུ་སྦྱིན།། ནུབ་ནས་བཀྲ་ཤིས་ཁང་པ་ནས།། དབྱངས་ཡིག་བཅུ་གསུམ་པ་ལྡན་པ།། མིག་གི་ཚད་དུ་བླངས་ནས་ནི།། ནུབ་ཀྱི་ངོས་སུ་དེ་བཞིན་སྦྱིན།། བྱང་ནས་བཀྲ་ཤིས་ཁང་པ་ནས།། དབྱངས ་ཡིག་བཅུ་གཅིག་པ་ལྡན་པ།། མིག་གི་ཆད་དུ་བླངས་ནས་ནི།། བྱང་གི་ངོས་ལ་དེ་བཞིན་སྦྱིན།། རླུང་གི་ས་བོན་ཞེས་བྱ་བ།། མིག་གི་ཆད་བླངས་དེ་བཞིན་སྦྱིན།། མདའ་ཅན་ཁང་པ་ན་གནས་པའི།། འོད་ཀྱི་གོང་བུར་བྱས ་པ་དང་།། དེ་ཉིད་ནས་ནི་བགྲངས་པ་ཡི།། གཟའ་ཅན་ཁང་པ་ལ་གནས་པ། གདབྱངས་ཡིག་གཉིས་པ་ལྡན་པ་དག་ཟླ་བའི་ཆང་དུ་བླངས་ནས་ནི། བྱང་ཤར་མརྣམས་སུ་རེ་རེ་སྦྱིན། ་རྒྱ་མཚོའི་ཁང་པ་ལ་གནས་པ།། དབྱངས་ཡིག་གཉིས་པ་ལྡན་པ་དག། རིམ་མིན་ཡོན་ཏན་ཁང་པ་ནས།། ཟླ་བའི་ཚད་དུ་བླངས་ནས་ནི།། ཤར་ལྷོ་མཚམས་སུ་དེ་བཞིན་སྦྱིན།། རིམ་མིན་བཀྲ་ཤིས་ཁང་པ་ནས། ་དབྱངས་ཡིག་ལྔ་པ་ལྡན་པ་དག་ཀ་ཡན་ལག་ཅན་གྱི་ཁང་པ་ནས།། ཟླ་བའི་ཚད་དུ་བླངས་ནས་ནི།། ལྷོ་ནུབ་མཚམས་སུ་དེ་བཞིན་སྦྱིན།། རིམ་མིན་ཆོས་ཅན་ཁང་པ་ནས།། དབྱངས་ཡིག་གསུམ་པ་ལྡན་པ་དང་།། ་རིམ་མིན་བཀྲ་ཤིས་ཁང་པ་ནས།། ཟླ་བའི་ཚད་དུ་བླངས་ནས་ནི།། བྱང་ཤར་མཚམས་སུ་དེ་བཞིན་སྦྱིན།། དེ་ལྟར་དགོད་པར་བྱས་ནས་ནི།། དེ་ནས་དྲང་བ་བརྩམ་པར་བྱ།། དམ་ཚིག་རྗེས་སུ་དྲན་བྱེད་ཅིག།། རྡོ་རྗེ ་ཤུགས་དང་ལྡན་པ་ཡི།། ཤར་གྱི་ཚངས་ཐིག་ངོས་གཉིས་ནས།། ཡི་གེ་ཟུང་ལྡན་དྲངས་ནས་ནི།། དབུས་ཀྱི་ཁང་པར་གཞག་པར་བྱ།། ཕྱོགས་གཞན་ཚངས་ཐིག་ངོས་དག་ན།། དེ་བཞིན་ཟུང་ལྡན་དྲངས་ནས་ནི།། ་དེ་བཞིན་དབུས་ཀྱི་ཁང་པར་གཞག། དེ་ན་ཤར་གྱི་ཡི་གེ་ཡང་།། རིམ་པ་གཉིས་པའི་ཁང་པར་དྲངས།། ཕྱོགས་གཞན་དུ་ཡང་དེ་བཞིན་ནོ།། ཤར་གྱི་ཟུང་ལྡན་གསུམ་པ་ཡང་།། རིམ་པ་གསུམ་པའི་ཁང་པར ་དྲང་དཕྱོགས་གཞན་དུ་ཡང་དེ་བཞིན་ནོ།། མཚམས་ཀྱི་ཡི་གེ་ཡ་བྲལ་འདིས།། རང་རང་གི་ནི་མཚམས་སུ་དྲང་།། དེ་དག་ཕྱུང་བའི་ཁོང་སྟོང་དུ།། དབྱངས་ཀྱི་ཡི་གེ་དྲང་བར་བྱ།། དབྱངས་ཀྱི་ཡི་གེ་བཞི་ལ་ནི།། ་མིང་གི་ཡི་གེ་དྲང་བར་བྱ།། ས་སའི་ལས་དང་མཐུན་པ་ཡི།། བསྐུལ་བའི་ཡི་གེ་དགོད་པར་བྱ།། གསད་དང་བསླད་དང་དབྱེ་བ་ལ།། ཡི་གེ་པར་ནི་གཞག་པར་བྱ།། མནན་པ་ལ་ཡང་ཡི་གེ་ལ།། ཞི་བ་ལན ་ཡི་གེ་ཨོཾ།། རྒྱས་པ་དེ་བཞིན་ཡི་གེས།། དབང་ལ་བ་གྱིས་བརྒྱན་པ་སྟེ།། འགུག་པ་ལ་ནི་ཡི་གེ་ཛ།། དེ་ལ་ལས་ཀྱི་འོད་ཟེར་ནི།། ཞི་བ་ཆུ་སྟེ་རྒྱས་པས།། དབང་འི་རླུང་སྟེ་དྲག་པོ་མེ།། དབྱེ་འགུག་བསྐྲད་པ་དབྱུང ་རང་མཐུན།། མནན་པ་དག་ནི་རྒྱས་པ་བཞིན།། དྲང་བའི་སྦྱོར་བ་བྱས་ནས་ནི།། བསྲེ་བའི་སྦྱོར་བ་བརྩམ་པར་བྱ།། གཉིས་མེད་སྔགས་དང་ལྡན་པ་ཡིས།། དབུས་ཀྱི་བཀྲ་ཤིས་ཡི་གེ་ཡང་།། ཟླ་ལྟར་འོད་ཀྱི་གོང་། ་བུར་བྱ།། སྔགས་ཀྱི་རྒྱལ་པོ་བཅུ་པ་ཡག་ཀ་འོད་ཀྱི་གོང་བུ་དེ་ནང་དུ།། འདོད་པའི་བསྒྲུབ་བྱ་གཞག་པར་བྱ།། དེ་དཀྱིལ་རང་མིང་དང་པོར་གཞག། ཕྱོགས་ཀྱི་ཁྱིམ་ན་གནས་པ་ཡི།། ཡི་གེ་ཟུང་མ་ཐམས་ཅད ་དང་ངང་དེ་ཚེ་འོད་ཀྱི་གོང་བུར་བལྟ།། སྔགས་ཀྱི་རྒྱལ་པོ་བཅུ་པ་ཡང་།། བཅུ་གཉིས་ཁྱིམ་དུ་སྦལ་ཏེ་པྲེ། བྱིན་རློབ་ཧཱུཾ་ཞེས་བྱ་བ་ཡང་།། ཁང་པ་རེ་ལ་ཟུར་རེས་རྩེ།། ཡོངས་སུ་དག་པ་དགོད་བྱས་ནས།། མཆོད ་དང་གཏོར་མ་བྱས་ནས་ནི།། སྤོ་བ་དག་ནི་བསམ་པར་བྱ།། ལས་ཀྱི་དབྱེ་བ་ཇི་ལྟ་བར།། འཁོར་ལོ་ལས་ནི་བྲང་བྱ་སྟེ།། ཞི་བ་དང་ནི་རྒྱས་པ་ལ། ག་ཤིན་ཏུ་རྒྱས་པའི་རས་ལ་བྱ།། དབང་དང་དགུག་ལ་སྲང་འཇོང ་སོགས།། གསད་དང་དབྱེ་བ་བསྐྲད་པ་དང་། ཀམནན་པ་ལ་ནི་དུར་ཁྲོད་རས།། བིརུ་ཝང་གུར་ཀུམ་ཞི་བ་རྒྱས།། དབང་དང་དགུག་ལ་ཙན་ངན་པར།། མནན་པ་ལ་ནི་ལྡོང་རས་སོགས།། བསླད་ལ་བྱ་རོག་ཁྲག་གིས ་ཏེ་དབྱེ་བ་རྟ་དང་མ་ཧེའི་སོགས།། གསང་ལ་དུག་ལ་སོགས་པས་བྲི།། དགེ་བའི་ལས་ལ་བཟང་པོའི་ཤིང་།། དགེ་མིན་ལ་ནི་རུས་པ་དང་།། ལྕགས་ལ་སོགས་པས་བྲི་བར་བྱ།། ་ཞི་བ་ཤར་བ་ལྟ་དབང་ལ་ནུབ།། རྒྱས་ལ་བྱང་སྟེ་དྲག་པོ་ལྷོ།། གཞན་ནི་ཅི་རིགས་སྦྱར་བར་བྱ།། ཞི་རྒྱས་དབང་དང་དགུག་པ་ལ།། ས་བསྐོར་རིམ་བཞིན་དགོད་པར་བྱ།། གནམ་བསྐོར་དག་ནི་རིམ་པར་བཟློག ་གསད་བསྐྲད་དབྱེ་བ་མནན་པ་ལ།། ས་བསྐོར་རིམ་ལས་བཟློག་པ་སྟེ།། གནམ་བསྐོར་དག་ནི་རིམ་བཞིན་བྲི།། དེ་ལྟར་ལེགས་པར་མ་བྲིས་ན།། འཁོར་ལོ་རང་ལ་ལྡོག་པར་འགྱུར།། དེ་བས་ན་ཏན་སྐྱེད་དེ་བྱ།། ་རས་ཀྱི་འཁོར་ལོ་ལེགས་ཟིན་ནས།། དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཏེ།། རས་ཀྱི་འཁོར་ལོར་སྤྱན་དྲངས་ཏེ།། རྡོ་རྗེ་བསྡུ་བའི་སྦྱོར་བ་ཡིས།། དཀྱིལ་འཁོར་འཁོར་ལོ་བཏུ་བར་བྱ།། རས་ཀྱི་འཁོར་ལོ ་མཆོད་ནས་ནི།། བདེན་པའི་བྱིན་རླབས་དམིགས་པར་བྱ།། ཇི་ལྟར་གསུངས་པའི་ཆོ་ག་བཞིན།། འཁོར་ལོ་སྤོ་བ་བྱས་ནས་ནི།། གསང་སྔགས་བཟླས་པ་བརྩམ་པར་བྱ།། ཨོཾ་བཛྲ་ས་མ་ཡ་སྟྭཾ།། དམ ་ཚིག་གི་སྔགས་སོ།། ཨོཾ་བཛྲ་བེ་ག། རྡོ་རྗེ་ཤུགས་ཀྱི་སྔགས་སོ།། ཨོཾ་བཛྲ་ཨ་ས་མེ་ཏྲི་ས་མེ་ཏྲི་ས་མེ་མ་ཧཱ་ས་མ་ཡེ་སྭཱ་ཧཱ།། ཡི་གེ་བསྲེ་བའི་སྔགས་སོ།། ཨོཾ་བཛྲ་ས་མཱ་ཛ། འཁོར་ལོ་སྤོ་བའི་སྔགས་སོ།། ་ཨོཾ་བཛྲ་ས་མ་ཡ་ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ་ཕཊ་ཕཊ། འདི་ནི་རྩ་བའི་སྔགས་ཏེ། ལས་ཐམས་ཅད་པའོ།། ཤཱནྟི་ཀུ་རུ་སྭཱ་ཧཱ ་ཞི་བར་སྐུལ་བའོ།། པུཥྚི་ཀུ་རུ་སཱ་ཧཱ། རྒྱས་པའི་འོ།། བ་ཤཾ་ཀུ་རུ་སྭཱ་ཧཱ། དབང་གིའོ།། མཱ་ར་ཡ་པར། གསད་པའིའོ།། ཨུཙྪ་ཊ་ཡ་སཱཧཱ། བསླང་པའི་འོ།། སྭ་བྷ་ཡ་ཧཱུཾ་ལ། མནན་པའི་འོ།། ཨཱ་ཀཪྵ་ཡ་ཧཱ ་ཝ་དགུག་པའི་འོ།། ཨོཾ་མུ། སླར་དགྲོལ་བའི་སྔགས་སོ།། ཨཱ་ལི་ཀཱ་ལི་གྲོང་ཁྱེར་ནི།། གསང་སྔགས་འབྱུང་བའི་རྩ་བ་སྟེ།། ལས་ཀྱི་བཙོན་ར་དག་ཀྱང་ཡིན།། ཡི་གེ་བཏུ་བ་མེད་ན་ནི།། གསང་སྔགས ་སྒྲ་ནི་ལོག་པར་འགྱུར།། ཡི་གེ་ཚང་བར་མ་བཀོད་ན།། གསང་སྔགས་སྒྲ་ནི་ལོག་པར་འགྱུར།། གསང་སྔགས་བརྡ་ཡིས་མ་བརྗོད་ན།། སྔགས་ནི་དངོས་གྲུབ་མེད་པར་འགྱུར།། དྲང་བ་དག་ནི་མ་བྱས་ན། ་ཤིན་ཏུ་འཁོར་བར་མི་འགྱུར་རོ།། ཡི་གེ་བསྲེ་བ་མ་བྱས་ན།། བཅུ་དྲུག་ཁང་པ་དོན་མེད་འགྱུར།། བསྐོར་ཕྱོགས་ལོག་ན་དོན་མི་འགྲུབ།། རིག་སྔགས་ཉམས་དང་ལོག་པ་ནི།། ལྷ་མིན་གཡུལ་ལས་ཕམ་པ་དང་། ་དབང་པོ་དགྲ་ཡིས་བསད་བཞིན་ནོ།། འཁོར་ལོ་སྤོ་བ་མ་བྱས་ན།། ཆོ་ག་དག་ནི་ཉམས་པར་འགྱུར།། རྒྱུ་ཡིན་པ་དང་སྦྱོར་བ་དང་།། དད་པ་བརྟན་པས་འགྲུབ་པར་འགྱུར།། དེ་བས་ནན་ཏན་བསྐྱེད་དེ་བྱ།། དཔལ ་གཤིན་རྗེ་གཤེད་ཀྱི་འཁོར་ལོ་བྲི་བའི་ཆོ་གའོ།། རྫོགས་སོ།། ། དེ་ནས་གཞན་ཡང་བཤད་པ་ནི།། ལས་ཀྱི་འགྲོགས་ཀྱིས་བྱེད་པ་སྟེ།། ཞི་བའི་ལས་ནི་ཟླ་བ་ཡིན། རྒྱས་པ་དེ ་བཞིན་མིག་ཏུ་བསྒྲགས།། དབྱེ་བ་ཡོན་ཏན་ཞེས་བྱ་སྟེ།། དབང་དུ་བྱ་བ་རིག་བྱེད་ཡིན།། དགུག་པའི་ལས་ལ་དེ་བཞིན་མདའ།། བསྐྲད་དང་མནན་པ་དབང་པོ་བཞིན།། མནན་པའི་རྗེས་སུ་འབྲངས་པ ་ཡིས་ང་གསང་པའི་ལས་ནི་རྒྱ་མཚོར་འདོད།། ལས་རྣམས་དེ་དག་རེ་རེ་ཡང་།། འཕགས་ཚོགས་མཆོད་སྦྱིན་དང་པོ་སྟེ།། ཉི་མ་གཉིས་པོ་གཏོར་མ་སྦྱིན།། གསུམ་པ་བཟླས ་པ་རྣམ་པར་འབད།། བཞི་པ་སྦྱིན་སྲེག་ཚང་བར་བྱ།། ལྔ་པ་ལས་ཀྱི་འཁོར་ལོ་བསྐོར།། དྲུག་པ་བསམ་གཏན་རྩེ་གཅིག་བྱ།། བདུན་པ་ལས་ཀྱི་ལྷག་ཆད་བསྐང་།། གྲངས་ཀྱི་ལས་ལ་ཁྱད་པར་དུ།། ལས ་ཀྱི་གཙོར་ནི་གང་སྒྲུབ་དེའི།། འཁོར་ལོ་བསྐོར་བ་ཉི་མ་བཞི།། ལས་ཀྱི་བྱེ་བྲག་འདི་ཤེས་ན།། ཞི་བས་འཇིགས་པ་བརྒྱད་ལས་སྐྱོབ།། རྒྱས་པ་ཡོན་ཏན་དྲུག་དང་འབྱོར།། དབང་གི་མོས་པ་རྣམ་པར ་བསྒྱུར།། དབྱེ་བས་གསང་སྡེ་བརྒྱད་དང་འབྱེད།། མནན་པས་དབང་པོ་དྲུག་འཆིང་བྱེད།། གཞན་ཡང་ཇི་ལྟ་དེ་བཞིན་དུ།། སྔགས་དང་རྫས་ཀྱི་སྦྱོར་བ་ལ།། དཔྱད་ན་དངོས་གྲུབ་མི་འགྲུབ་སྟེ།། གལ་ཏེ་ཡིད། ་གཉིས་ཟ་གྱུར་ཏམ།། བསམ་པ་འགྱུར་རམ་དད་པ་ཉམས།། དེ་ཚེ་དངོས་གྲུབ་ཉེ་བ་ཡང་།། ཕྱིར་བཟློག་འགྱུར་བར་གདོན་མི་ཟ།། དད་པ་བརྟན་པར་བསྒྲུབས་པས་ན།། ནམ་མཁའ་མེད་པར་གྱུར་ན ་ཡང་ང་སྔགས་ཀྱི་དངོས་གྲུབ་མེད་མི་སྲིད།། ལྷ་དང་དྲང་སྲོང་གིས་བཤད་པའི།། རིག་སྔགས་བསླུ་བ་མི་སྲིད་ན།། འདོད་ཆགས་བྲལ་བས་བཤད་པ་ཡི།། གསང་སྔགས་སྦྱོར་བས་བསླུ་བ་ནི།། མ་བྱུང ་འབྱུང་བར་མི་འགྱུར་རོ།། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི།། དོན་ལ་ཐེ་ཚོམ་མེད་པ་ཡི།། མཁས་པ་ལ་ནི་དངོས་གྲུབ་ཉེ།། རྟོག་ཅིང་དཔྱོད་པའི་རྟོག་གེ་བ།། དེ་ལ་གྲུབ་པའི་དངོས་གྲུབ་རིང་།། མནངས། ་དམ་པ་བསྟར་བྱས་ཀྱང་།། སློབ་མ་ཡིད་གཉིས་ཐ་གྱུར་ན།། དེ་ལ་དངོས་གྲུབ་རིང་བར་བཤད།། བླ་མས་མར་ངག་སྦས་བྱས་ཀྱང་།། སློབ་མ་ཡིད་གཉིས་མི་ཟ་ཞིང་།། བླ་མའི་ཕན་ངག་དམ་པ་ཞེས།། གཅེས ་སྤྲས་བྱས་ན་འགྲུབ་པར་ངེས།། དེ་ཡི་ཕྱིར་ན་སྔགས་པ་ཡིས།། རང་གི་ཡིད་གཉིས་སྤང་བའི་ཕྱིར།། བླ་མ་མཉེས་པར་བྱ་བ་གཅེས།། བསྙེན་བཀུར་བྱས་པས་ནུས་མཐུ་ཆེ།། གསང་སྟེ་བརྗོད་པས་བར་ཆད ་མེདང་ཡོན་ཏན་ཕུལ་བ་བྱས་པས་ནི།། རང་སེམས་རིན་ཆེན་རྣམ་གཉིས་འགྱུར།། རིན་ཆེན་གཉིས་ལས་གྲུབ་པར་འབྱུང་།། དཀོན་པར་གྱུར་ན་བསྔགས་པ་བརྗོད།། བསྔགས་ན་ཡོན་ཏན་འབྱུང་འགྱུར་ཏེ། ་བསྔགས་པ་དག་ནི་མ་བྱས་ན།། ཇི་ལྟར་ཡིད་བཞིན་ནོར་བུ་ཡང་།། གང་གིས་བསྔགས་པ་མ་བྱས་ན།། དེ་ལ་འདོད་དོན་མི་སྟེར་རོ།། དད་པ་སངས་རྒྱས་དད་པ་ཆོས།། དད་པ་དགེ་འདུན་དད་པ་མ།། དད་པ་བླ་མ ་དད་པ་ཕ།། དད་པ་ལམ་ཆེར་དད་པ་གྲུ།། དད་པ་ཡིད་བཞིན་ནོར་བུ་སྟེ།། དད་པ་གསང་སྔགས་དངོས་གྲུབ་ཉིད།། དད་པ་བསོད་ནམས་ནོར་ཡིན་ཏེ།། དེ་ཡི་ཕྱིར་ན་སྔགས་པ་ཡིས།། རང་སེམས་དད་པ་སྐྱེད་པའི་ཕྱིར།། ་གཞན་ལ་གུས་པ་མཆོག་ཏུ་བཀུར།། རྫོགས་སོ།། ། དེ་ནས་གཞན་ཡང་བཤད་བྱ་བ།། སྔགས་པས་རྟག་ཏུ་བསྟེན་པ་ནི།། རུ་སྦལ་འོ་མ་ཞེས་བྱ་བ།། དེ་བཞིན་འོད་ཀྱི་ལོ་མ་དང་།། ་འཇིས་པ་སྐམ་པོ་ཉིད་དང་ནི།། དེ་བཞིན་མ་ཡི་ཁུ་བ་དང་།། སྒྲ་སྡང་གི་ནི་རྫས་དག་དང་།། འདི་རྣམས་ཅག་ཏུ་དཔྱད་ན་ནི།། རང་བཞིན་གྱིས་ནིནད་མེད་ཅིང་།། ཚེ་རིང་དབང་པོ་རྒྱས་པ་དང་། རྟག་ཏུ་ཡང་ཚད་དུལ ་བབ་དང་ལྷ་རྣམས་ཀུན་གྱིས་བྱིན་གྱིས་རློབ།། འདི་ལ་དཔྱད་པར་མི་བྱ་སྟེ།། མཐུ་དང་ངོ་བོ་ཉིད་ཀྱིས་གྲུབ།། ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་ནས།། ལས་ཀྱི་རྣམ་སྨིན་སྐྱོང་བར་བྱེད། ་རིག་པ་འཛིན་པའི་ས་ལ་གནས།། དེ་ཕྱིར་ཆོ་ག་བཞིན་དུ་བསྟེན།། ཆོས་གཅིག་སྐྱ་རེངས་ཤར་བ་ནི།། སྣོད་ལ་མ་རེག་རུ་སྦལ་ཞོ།། དྲོད་མ་ཡལ་བར་བཏུང་བ་འམ།། ཡང་མ་ཉི་མའི་སྦུ་གུས་བཏུང་།། མར་གྱི ་བོའི་ཆོས་གཅིག་ལ།། འོད་ཀྱི་ལོ་མ་བཙལ་ནས་ནི།། དེ་ཉིད་ནས་ནི་གཟུང་བར་བྱ།། ཞག་གསུམ་ཆུ་ཡིས་ཆར་པ་བཏང་།། ལོ་མ་དེ་བཅད་བཟའ་བར་བྱ།། ཡང་ན་ཉི་མའི་སྦུ་གུས་བཏུང་།། འཇིམ་པ་སྐས་པོ ་སྦྱར་ནས་ནི།། ཞེག་གསུམ་ཆུ་ཡི་ནང་དུ་སྤང་།། དེ་བླངས་ནས་ནི་ཡང་བསྐམས་ནས།། ཕྱི་མ་བྱི་ལའི་སྤར་ཚད་རེ།། བ་ཡི་འོ་མ་དང་སྦྱར་ནས།། སྔགས་པས་རྟག་ཏུ་བཏུང་བར་བྱ།། མི་ཡི་སྡོང་པོ་སེར་པོ་ནི།། ས་ཡི།། ་མར་གྱིས་གྲིལ་ནས་ནི།། ཁ་སྦྱར་སྦྱོར་དང་ལྡན་བྱས་ན།། མེ་ཆུས་ཡིས་བཙིར་ནས་ནི།། བཏུང་བའམ་ཉི་མའི་སྦུ་གུས་བཏུང་།། ལན་ཚྭ་བྲལ་བ་དག་ལ་ནི།། ཞག་གསུམ་འཆི་བའི་སྒྲ་བརྙན་རྫས།། ནམ་གྱི་དུས་ལ ་སྔགས་པས་བླང་།། ཆ་གསུམ་སྣོད་དུ་ཞག་གསུམ་གཞག། ཁ་ཡི་ཆ་ནི་བྱུགས་པ་སྟེ།། དབུས་མའི་ཆ་ནི་བདུད་རྩི་ཉིད།། རྩ་བའི་ཆ་ནི་དོར་བ་སྟེ།། འདི་རྣམས་སོ་སོར་བསྟེན་པ་ན།། ཐ་མལ་འབྲས་བུ་གསུམ་གྱི་ཕྱེ། ་བྱི་ལའི་སྤར་ཚད་དེ་དང་སྦྱར།། མ་སྦྱར་ན་ཡང་ཉེས་པ་མེད།། ཚོགས་པར་བསྟེན་ནས་བཟའ་བར་བྱ།། རེ་རེ་བསྟེན་ཡང་ཉེས་པ་མེད།། དམ་རྫས་རྨད་དུ་བསྒྱུར་ཏེ་བསྟེན་པའི་ཆོ་ག་རྫོགས་སོ།། ་ནད་མེད་རྣམས་ཀྱི་བྱང་ཆུབ་གྲུབ་རྟགས་བཤད་པའོ།། ། དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ།། དེ་ནས་ཡང་དག་བཤད་བྱ་བ།། བཅོམ་ལྡན་ཉིད་ཀྱི་སྐུ་གསུང ་ཐུགས།། རྡོ་རྗེ་རྣམས་ལས་བྱུང་བ་ཡི།། རྡོ་རྗེ་འཇིགས་བྱེད་ཆེན་པོ་ཡིས།། ལྷོ་ཕྱོགས་རྒྱ་མཚོ་བར་བརྒལ་ནས།། དེ་ནག་ཤིན་རྗེའི་གྲོང་ཁྱེར་ནི།། ག་ལ་བ་ཡི་གནས་སུ་བྱོན།། མི་བད་ཞབས་ནི་བཅུ་དྲུག ་གིས་ལྕགས་མཁར་སྒོ་མང་བཅུ་དྲུག་བརྫིས།། ཡེ་ཤེས་རྩེ་གཅིག་མཚན་མ་ཡིས།། དབུས་ཀྱི་ལྕགས་མཁར་ཆེན་པོ་བརྫིས།། དེ་ཚེ་བདུད་ཆེན་ལས་རྒྱལ་ནས།། ཧ་ཧ་ཧི་ཧི་སྒྲ་སྒྲོགས་པས།། ཆོས་ཀྱི་རྒྱལ ་བོ་ལ་སོགས་པ།། གཟིར་བཞིན་དུ་ནི་རབ་སྨྲས་པ།། དཔའ་བོ་ཆེན་པོ་ག་ལ་ཅི།། དཔའ་བོའི་དགོངས་པ་བདག་གིས་བགྱི།། བདག་ཅག་སྲོག་གི་སྙིང་པོ་རྣམས།། ཚུལ་བཞིན་འབུལ་གྱིས་དཔའ་བོ་བཞེས།། ལྷ་མ ་ཡིན་སྡེ་བརྒྱད་ཀྱི་སྲོག་གི་ཡང་སྙིང་ཕུལ་བ་ནི།། གཤིན་རྗེས་ལ་ཕུལ་མ་མོས་མ།། སྲིན་པོ་སར་ཕུལ་གནོད་སྦྱིན་སྡེ།། མི་ཡིས་ན་ཕུལ་ས་བདག་ས།། བཅན་གྱིས་རྩ་ཕུལ་བདུད་ཀྱིས་ད།། དེ་རྣམས་གཅིག་ཏུ་དྲིལ ་བ་ནི་ང་བྲན་དུ་ཡང་ནི་ལས་བླངས་སོ།། གཏན་ཚིགས་ཆེན་པོ་དེ་ཡི་ཕྱིར།། ཡེ་ཤེས་ལྷ་ཡི་དགོངས་པ་དང་།། བསྙེན་པ་ཉམས་འོག་རབ་ཆུད་ནས།། ལྷ་ཡི་བསྙེན་པ་རབ་ཆུང་ནས།། སྔོན་གྱི་ཐུགས་དམ་ལས་མི ་འདའ།། མི་འགྲུབ་པ་ནི་མི་སྲིད་དོ།། ཡ་མ་རཱ་ཛཱ་ས་དོ་མ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡང་རོ་ནི་ར་ཡ་ཀཱ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ་ཧཱུཾ་ཧཱུཾ་པ་པང། དེ་སྐད་སྨྲས་པ་དང་། རྡོ་རྗེ་འཇིགས་བྱེད་ཆེན་པོ་ཡིས།། ཆོས་ཀྱི ་རྒྱལ་པོ་ལ་སོགས་པ།། གཤིན་རྗེ་བོ་ཞལ་སོགས་ཀུན།། སྒྲོལ་བའི་གང་དུ་བྱིན་གྱིས་བརླབས།། མ་དང་སྲིང་མོ་བུ་མོ་དང་།། འཁོར་བཅས་ཀུན་ལ་བཀའ་བསྒོག།། ཝཱ་བརྒྱ་ངས ་མཐའ་མ་ལ།། ང་ཡིས་བསྟན་པ་འབྱུང་བའི་ཚེ།། རྣལ་འབྱོར་རིག་འཛིན་ལྡན་པ་ལ།། བཀའ་བསྒོའི་ལས་རྣམས་ཚུལ་བཞིན་གྱིས།། ཞེས་པས་དམ་བཅས་པས་དང་།། མནན་བཞིན་དུ་མནའ་བོར་རོ།། གཏམ ་རྒྱུད་ཀྱི་རྟོག་པ་རྫོགས་སོ།། ། བྱ། རྒྱ་གར་སྐད་དུ། ཡ་མཱ་རི་ཀྲིཥྞ་ཀརྨ་སརྦ་ཙཀྲ་སིདྡྷ་ཀ་ར་ནཱ་མ་ཏནྟྲ་རཱ་ཛ། བོད་སྐད་དུ། གཤིན་རྗེ་གཤེད་དགྲ་ནག་པོའི་འཁོར་ལོ ་