CLOSE WINDOW

Ty060-008: 'phags pa lag na rdo rje gos sngon po can drag po gsum 'dul ba zhes bya ba'i rgyud
Wyliee-texts produced with BDRC’s OCR application

གང་ཐོབ་པ།། དེ་ཡིས་མཐའ་ཡས་འགྲོ་བ་ཀུན།། རྡོ་རྗེ་འཆང་ཆེན་ཉིད་གྱུར་ཅིག།། རྒྱ་གར་སྐད་དུ། ཨཱརྱ་ནཱི་ལཱམ་བ་ར་དྷ་ར་བཛྲ་པཱ་ཎི་རུ་དྲ་ཏྲི ་བཱིན་ཏནྟྲ་ནཱ་མ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དྲག་པོ་གསུམ་འདུལ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས ་པའི་དུས་གཅིག་ན། བཅོམ་ལྡན་འདས་བདུད་རྣམ་པར་འཇོམས་པ་བདུད་ཀྱི་སྡེ་དང་ལྷན་ཅིག་ཏུ་འོག་མིན་གཞན་འཕྲུལ་དབང་བྱེད་ཀྱི་ཕོ་བྲང་ན་ཐབས་ཅིག་ཏུ་བཞུགས་སོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་རྗེས་སུ་གནང་བ་འདི་ལག་ན་རྡོ་རྗེས་ཟུང་ཞིག་ཅེས་བཀའ་སྩལ་ཏོ།། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། གནོད་སྦྱིན་བྱེ་བ་སྟོང་ཕྲག་བྱེ་བ ་དཔག་ཏུ་མེད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མཆེ་བ་གཙིགས་པ་དང་འཚམ་པ། མིག་མེ་མངག་གི་ཕུང་པོ་འདྲ་བ། དབུགས་མེ་ལྕེ་ལྟར་འབྲར་བ། འཇིགས་པའི་ང་རོ་ཅན། པདྨ་དང་ཆུ་ལྔས་ལག་པ ་པ་དང་དཔུང་པ་བརྒྱན་པ། ནོར་རྒྱས་དང་དུང་སྐྱོང་གིས་དབུ་ལ་བརྒྱན་པ། སྦྲུལ་རིན་པོ་ཆེ་འབར་བའི་ཅོད་པན་ཐོགས་པ། ཀླུ་དགའ་བོ་དང་ཉེ་དགའ་བོ་འབར་བས་སྙན་ཆ་བྱས་པ། རྐང་པས་སྤྲུལ ་གདུག་པ་འབར་བ་མནན་ཅིང་ཟ་བ། ཀླུའི་རྒྱལ་པོ་འདབ་བཟང་སྐ་རགས་སུ་བཅིངས་པ། སྦྲུལ་ནག་པོ་སེ་རལ་ཁར་ཐོགས་པ། བཞིན་རྒྱས་པ། སྨིན་མ་ཁྲོ་གཉེར་དུ་བསྡུས་པ། ཡ་སོས་མ་མཆུ ་མནན་པ། ལྕེ་གློག་ལྷར་འགྱུར་བ། གཤིནི་རྗེའི་ཆ་བྱད་ཅན། གསུས་པོ་ཆེ་སྦྲུལ་ཟ་བ། རྒྱ་མཚོའི་ཟབས་སུ་དཔག་ཚད་བརྒྱད་ཁྲི་ཡོད་པས་རྐང་པའི་པུས་མོར་ཕྱིན་པ། དབང་པོ་དང་ཉི་མའི་སྟེང་ན ་བཞུགས་པ། ལག་པ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ། ཨ་ལ་ལ་ཞེས་བསྒྲགས་པས་སྐྲག་པར་བྱེད་པ། ཀླུ་ཐམས་ཅད་རླག་པར་བྱེད་པ། གད་རྒྱངས་ཆེན་པོ་རྒོད་པས་ཀུན་ཏུ་འཁྲུག་པར ་བྱེད་པ། གཤིན་རྗེའི་གཟུགས་ཅན་ཁམས་གསུམ་འཇིགས་པར་བྱེད་པ། ཀླུ་རྣམས་འདུལ་བར་བྱེད་པ་དེ་ལ་ཕྱག་འཚལ་ལོ།། ཞེས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བསྟོད་ནས་གསུང་དུ་གསོལ ་ཞེས་སྨྲས་སོ།། དེ་ནས་ནམ་མཁའ་དེ་ཉིད་ལ་གཞལ་ཡས་ཁང་དང་། འཁོར་ལོ་ཆེན་པོའི་ཏིང་ངེ་འཛིན་དང་ལྡན་པའི་དྲག་པོ་ཆེན་པོས་འཁོར་བསྡུས་ནས། ཕྱག་ན་རྡོ་རྗེ་དྲག་པོ་ཆེ།། རྡོ་རྗེ་ཁྲོ་བ་དྲག ་ཆེན་འཇོབས།། རྡོ་རྗེགཟི་བརྗིད་སྔགས་ཀྱི་གཙོ།། རྡོ་རྗེ་མི་ཐུབ་འཇིགས་བྱེད་ཆེ།། རྡོ་རྗེ་འཕྲིན་ལས་ཀུན་དོན་མཛད།། ཐབས་འདུལ་འཁོར་ལོ་ཆེ་སྐུལ།། འབྱུང་བ་ལྔ་ཡི་བཿ། ་ཉིད་ཆེ།། མཛེས་ལྡན་འོད་ཟེར་ཅན་དང་ནི།། མདངས་ཅན་སྒྲ་དབྱངས་རླུང་འབྱིན་ཏེ།། སྐྱེད་བྱེད་ལས་ཀུན་སྒྲུབ་པ་ལ།། འགུགས་ཤིང་སྡུད་དང་སྡོམ་ནི་མཛད།། མཐའ་བརྟུལ་ལས་རྣམས་སྒྲུབ་པ ་ལ་ཐིག་ལེའི་རང་བཞིན་མི་ཤིགས་ལ།། ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས།། བགེགས་རིགས་སྟོང་ཕྲག་འཇོམས་མཛད་པ།། འཁོར་ལོའི་བདག་པོ་ཁྱོད་ལ་བསྟོད།། ས་བོན་རབ་ཏུ་འབར་བ ་ཡིས་ཐབས་དང་ཤེས་རབ་བསྲེག་གསོ་མཛད།། བདེ་ཆེན་རབ་ཏུ་གསོལ་མཛད་ནས།། སྡུག་བསྔལ་ཉོན་མོངས་འཇོམས་ལ་འདུད།། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨྨཱ་ཎཾ་ཨཱ་དྱ་ནུཏྤནྣ་ཏཱཏ་ཨོཾ་སྭཱཧཱ། ་ཞེས་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་གྱི་ལྷ་ལ་བསྟོད་ནས་འཛུད་དོ།། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་འཁོར་རྣམས་སྤྲོས་ཏེ། དེ་ནས་ཕྱགན་རྡོ་རྗེས ་བཅོམ་ལྡན་འདས་ལེགས་སོ་ལེགས་སོ།། དེའི་ཕྱིར་འདིའི་གསང་སྔགས་ལས་ཐམས་ཅད་སྒྲུབ་པ། སྡིག་པ་ཐམས་ཅད་འཇོམས་པ། དྲག་པོ་གསུམ་འདུལ་བ་འདི་གསུང་དུ་གསོལ་ཞེས་བརྗོད་ནས། ་བསྐོར་བ་བྱས་ཏེ་སྤྱན་སྔར་འཁོར་རྣམས་དང་ལྷན་ཅིག་ཏུ་འདུག་གོ།། དེ་ནས་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་གསུངས་ཤིང་བྱིན་གྱིས་བརླབས་པའི་རིག་སྔགས་འདི་གདུག ་པ་ཅན་རྣམས་འདུལ་བའི་དོན་དུ་བརྗོད་པར་བྱའོ།། ཏདྱ་ཛྙཱ། དྷེ་དྷོ་པཾ་ནཱ་ག་ཨ་དྷི་པ་ཏ་ཡེ། ཨི་ད་ནཱི་ལཱམྦ་རུ་དྷ་ར་ཤ་རཱི་རཾ། བཛྲ་པཱ་ཎི་ཧྲྀ་ད་ཡ~ཾ། ཡཿས་མཱ་ཏི་ཀྲ་པཱུ་ཏ་\ུ0f7f། མཱ་ཀུ་ལ་ཨུཏ་སཱ་ད་ན་དྷ་དི་ཥྛ་ཏི། ་ཏདྱ་ཐཱ། བུདྡྷ་དུདྡྷ། བི་དུདྡྷ་བི་བུདྡྷ། མཱདྷི་ཡཿ། ཏ་ཧ་དུས། དྲ་ཧ་པཱ་ཧར་ནཱགྣ་ནཱི། ནཱིནྡ་ནཱིནྡ་ནཱ་ག་ཧྲྀ་ད་པཱ་ནི་བྷི་ད་བྷཾ་ད་ནཱ་ག་མརྦཱ་ཎི། བི་ཤཱིརྱནྟུ་ནཱ་ག་ཤ་རཱི་རཱཎཱི། བི་སྥོ་ཊ་ཡ་ནཱ་ག་ན་ཡ་ནཱ་ནཾ་ཧཱུཾ་ཕཊ། ཏདྱ་ཐཱ། ་ཧཱུཾ་ཕཊ། ནཱ་ག་བི་དཱ་རཎཱ་ཡ་ཧཱུཾ་ཕཊ། ནཱ་གོཏ་སཱ་ད་ནཱ་ཡ་ཧཱུཾ་ཕཊ། ནཱི་ལ་བ་ས་ནཱ་ཡ་ཧཱུཾ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་པ་རཱ་ཀྲ་མཱ་ཡ་ཧཱུ~ཾ་ཕཊ། ཀྲྀ་ཏཱི་ཏཱ་ཡ་ཧཱུཾ་ཕཊ། ཀྲྀ་ཏཱན་ཏ་རཱུ་པཱ་ཡ་ཧཱུཾ་ཕཊ། རོ་ཥ་ཎཱ་ཡ་ཧཱུཾ་ཕཊ། ་ས་ནཱ་ཡ་ཧཱུཾ་ཕཊ། ཀུཥྨཱ་ཎ་ཌོ་ཏ་སཱ་ད་ནཱ་ཡ་ཧཱུཾ་ཕཊ། པྲེ་ཏ་པི་ཤཱ་ཙ་བི་ནཱ་ཤཱ་ཀ་རཱ་ཡ་ཧཱུ~ཾ་ཕཊ། ཡཀྵ་ཨ་པ་སྨཱ་ར་བིནྣ་ཤ་ཀ་རཱ་ཡ་ཧཱུཾ་ཕཊ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦྦ་བིགྷྣཱན ་བི་ནཱ་ཤ་ཀ་རཱ་ཡ་ཧཱུཾ་ཕཊ། སརྦྦ་ཤ་ཏྲཱཾ་སཾ་གྷ་བི་ནཱ་ཡ་ཤ་ཀ་རཱ་ཡ་ཧཱུཾ་ཕཊ། ཨོཾ་ནཱི་ལཱམྦ་ར་དྷཱ་ར་བཛྲ་པཱ་ཎི་རཱ་ཛྙོ་པ་ཡ་ཏ་སྭཱ་ཧཱ། དེའི་ཆོ་ག་ནི་གནོད་སྦྱིན་གྱི་གདོན་གྱིས་ཟིན་པ་ལ་ཆུ་ལ་སྔགས་བཏབ་སྟེ་གཏོར ་གཏང་བར་འགྱུར་རོ།། ཀླུ་ཟློག་པར་བྱེད་ན་སྤྱུག་ཤད་ཀྱི་ལྕུག་མ་འམ། ངལ་པོ་སེའུའི་ལྕུག་མས་བྱའོ།། ཡི་དགས་དང་བརྗེད་བྱེད་རྣམས་ལ་ནི་སྐུད་པས་བྱའོ།། རིམས་ནད་མེད་པར་བྱ་བ་དང་། གཞོག ་བྱེདན་པ་དང་། ཡིག་འཆུས་པ་ལ་ནི་སྐུད་བ་སྔོན་པོས་བྱའོ།། ནོར་འདོད་པ་ལ་ནི་ཞག་གཅིག་སྨྱུང་བར་འདུག་སྟེ་སྤོས་བདུགས་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བའི་དོན་ཐམས་ཅད་སྟོན་ནོ།། མཆོད ་རྟེན་སྐུ་གདུང་དང་ལྡན་པའི་དྲུང་དུ་མེ་ཏོག་སྔོན་པོ་ལ་སོགས་པས་མཆོད་ལ་སྔགས་སྟོང་བཟླས་ནས་གསོལ་བ་བཏབ་ན་གསེར་གྱི་དོང་ཚེ་བདུན་སྟོང་སྦྱིན་པར་བྱེད་དོ།། རྒྱས ་བཏབ་པ་འགྲོལ་བར་འདོད་ན་ཐལ་བས་བྱའོ།། སྒོ་ལྕགས་དབྱེ་བར་འདོད་ན་ཉུངས་ཀར་གྱིས་བྱའོ།། འཇིགས་པ་ཐམས་ཅད་ལས་སྲུང་བ་ལ་ནི་རྩི་མར་རྙིང་པ་དང་། ཐལ་བ་དང་། ཉུངས་ཀར་གྱིས ་བྱའོ།། ནད་ཀྱིས་འཇིགས་པ་ཐམས་ཅད་ལ་ནི་སྐུད་པ་སྔོན་པོ་ལ་སྲུང་བའི་མདུད་པ་བྱས་ཏེ་མགུལ་དུ་བཏགས་ན་སྲུང་བའི་མཆོག་ཏུ་འགྱུར་རོ།། བྱིས་པ་གདོན་གྱིས་ཉེན་པ་ཐམས་ཅད་ལ་ནི་ཚོན ་སྣ་ལྔ་པའི་སྐུད་པ་མགུལ་དུ་བཏགས་ན་སྲུང་བའི་མཆོག་ཏུ་འགྱུར་རོ།། ཆོམ་ཀུན་བཟློག་པར་འདོད་ན་སས་བྱའོ།། དུག་ལ་ནི་རྩཝ་ཀུ་ཤས་བྱབ་པར་བྱའོ།། བདག་སྲུང་བ་ལ་ནི་ཡིད་ཀྱིས་སམ་ཆུས་བྱའོ།། ་གཞན་སྲུང་བ་ལ་ནི་སྐུད་པ་སྔོན་པོས་བྱའོ།། ལས་དེ་དག་ཐམས་ཅད་ལ་སྔགས་བརྗོད་པ་ནི་གཅིག་གམ། གསུམ་མམ། ལན་བཅུ་བཞི་འམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཟླས་ན་འགྲུབ ་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། བདུད་དཔུང་དང་བཅས་པ་རྗེས་སུ་ཡི་རང་སྟེ་བསྟན་པ་ལ་འཁོད་དོ།། འཕགས་པ ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དྲག་པོ་གསུམ་འདུལ་བ་ཞེས་བྱ་བའི་རྒྱུད་རྫོགས་སོ།། །། བལ་པོའི་པཎྜི་ཏ་དེ་བ་པུ་ཎྱ་མ་ཏི་དང་། ལོ་ཙ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར ་བའོ།། @རྒྱ་གར་སྐད་དུ། རུ་དྲ་ཏྲི་ཏནྟྲ་གུ་ཧྱ་བི་ཝ་ར་ཏི་བཱི་ན་ཡ་ནཱ་མ། བོད་སྐད་དུ། གསང་བའི་རྒྱུད་རྣམ་པར་འབྱེད་པ་དྲག་པོ་གསུམ་འདུལ ་