CLOSE WINDOW

Ty060-006: dpal rdo rje snying po rgyan gyi rgyud ces bya ba
Wyliee-texts produced with BDRC’s OCR application

དེར་བརྟགས་ནས།། གཞུང་ལའང་མིང་དོན་འཚམས་པ་ཡིན། རྒྱ་གར་སྐད་དུ། ཤྲཱི་བཛྲ་ཧྲི་ད་ཡ་ཨ་ལཾ་ཀཱ་ར་ཏནྟྲ་ན་མ། བོད་སྐད་དུ། དཔ ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། ་གསུང་དང་། ཐུགས་ཀྱི་སྙིང་པོ་དུད་མེད་བཅུའི་དཀྱིལ་ན་ཆ་ཤས་ལྔ་པའི་ཚུལ་དུ་བཞུགས་སོ།། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་འཁོར་རྡོ་རྗེ་དང་པདྨར་སྦྱོར་བ་ལ་བཞུགས་པ་འདི་ལྔ་སྟེ། ་དམ་ཚིག་ཡོངས་སུ་སྤྱོད་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། ཡེ་ཤེས་ཀྱི་ལུས་ཡོངས་སུ་འགྲུབ་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། སྒྲ་བརྙན་ལྟ་བུའི་རྡོ་རྗེའི་གསུང་འབྱུང་བ་ཞེས་བྱ་བའི་རྡོ ་མཁའ་འགྲོ་དང་། གཞན་གྱིས་ཤེས་པར་བྱེད་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། རྩེ་གཅིག་ཏུ་འདྲིས་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། གཞན་ལས་འཕགས་པ་ཞེས་བྱ་བའི་རྡོ་རྗེ་མཁའ ་འགྲོ་དང་། རྟེན་པར་བྱེད་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། རླན་པར་བྱེད་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། སྨིན་པར་བྱེད་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། སྤྱོད་པར་བྱེད་པ་ཞེས ་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། གོ་འབྱེད་པར་བྱེད་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། ཧཱ་ར་ནུ་པཱུ་ར་ལ་སོགས་པས་མཛེས་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། གི་ཏ་མགྲིན་ལ་སོགས་པའི་གླུ ་མཁན་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། སྦྲུལ་གྱི་སྙིང་པོ་ལ་སོགས་པའི་དྲི་ལྡན་མ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། ཚོད་མ་སྣ་ཚོགས་ཟ་བའི་རོ་ལྡན་མ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། ་རྩེན་པ་སྣ་ཚོགས་ཀྱིས་འཁྱུད་མཁན་མ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། གསུམ་རིག་པར་བྱེད་པ་དངོས་མེད་མ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རི་རབ། ་ཀྱི་རྡུལ་དང་མཉམ་པའི་རྡོ་རྗེ་མཁའ་འགྲོ་ཐམས་ཅད་དང་། རྡོ་རྗེ་མཁའ་འགྲོ་ཆེན་མོ་ནམ་མཁའི་དབྱིངས་དང་མཉམ་པ་འདི་ལྟ་སྟེ། གཟུགས་ཀྱི་མཚན་ཉིད་ཞུ་བ་ཞེས་བྱ་བའི་རྡོ་རྗེ་མཁའ ་འགྲོ་ཆེན་པོ་དང་། ཚོར་བའི་མཚན་ཉིད་སིམ་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་ཆེན་པོ་དང་། འདུ་ཤེས་ཀྱི་མཚན་ཉིད་ནུབ་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་ཆེན་པོ་དང་། འདུ་བྱེད་ཀྱི་མཚན ་ཉིད་ལ་རྟོགས་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་ཆེན་པོ་དང་། རྣམ་པར་ཤེས་པའི་མཚན་ཉིད་བསྡུས་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་ཆེན་པོ་ལ་སོགས་པ་ནམ་མཁའི་དབྱིངས་དང་མཉམ་པ ་རྣམས་ཀྱིས། སངས་རྒྱས་ཀྱི་ཞིང་འདི་ཏིལ་གྱི་གང་བུ་ལྟ་བུར་གང་བར་སྣང་ངོ་།། དེ་ནས་རྡོ་རྗེ་མཁའ་འགྲོ་དེ་དག་ཐམས་ཅད་གཅིག་ཏུ་འདུས་ནས། མཁའ་འགྲོ་ཆེན་པོ་རྡོ་རྗེ་འཛིན་པ་ཆེན ་པོ་ལ་མཆོད་པའི་སྤྲིན་སྤྲོས་པ་དུ་མ་ཡིད་ལས་བྱུང་བ་ལྷ་དང་མིའི་མཆོད་པ་ལས་ཁྱད་པར་དུ་འཕགས་པས་མཆོད་ནས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ།། དེ་བཞིན་གཤེགས་རྣམས ་ཐམས་ཅད་ཀྱི།། གསང་གསུམ་བསྡུས་པའི་སྤྱོད་པའི་མཆོག། རྡོ་རྗེ་སྙིང་པོའི་རྒྱན་གྱི་རྒྱུད།། འདྲེན་པ་མཆོག་གིས་བཤད་དུ་གསོལ།། དེ་ནས་རྡོ་རྗེ་ཆེན་པོས་གསོལ་བ་བཏབ་པོའི་ཚིགས ་བསན་ནསམཁའ་འགྲོ་ཐམས་ཅད་ལ་རྣམ་པར་བལྟས་ཏེ་ཅང་མི་གསུང་བར་བཞུགས་སོ།། དེ་ནས་བྱང་ཆུབ་སེམས་དཔའི་རྡོ་རྗེ་མཁའ་འགྲོ་དེ་དག་ཐམས་ཅད་ཀྱིས་ཀྱང་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་གིས་ཡོན་ཏན་ཁྱད་པར་དུ་འཕགས་པའི་རྡོ་རྗེ་མཁའ་འགྲོ་ཆེན་པོ་ལ་སོགས་པའི་འཁོར་དུ་འཆང་དུ་མི ་བ་ཞེས་པ་དེ་བདག་ཅག་ལ་མི་དགྱེས་སུ་མ་མཛད་ཅིག། དེ་ནས་དེ་བཞིན་གཤེགས་པའི་བདྲག་པོ་རྡོ་རྗེ་འཛིན་པ་ཆེན་པོས། འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་བལྟས་ཏེ་ཚིགས་སུ་བཅད་པ ་གསུང་པ། སེམས་དཔའ་ཆེན་པོས་ཞུས་པ་ལེགས།། ས་འོག་མ་ཡི་སངས་རྒྱས་ཀྱང་།། འདི་ཡི་གཞུང་གིས་སེམས་རྨོངས་ན།། སེམས་དཔའ་གཞན་ནི་སྨོས་ཅི་དགོས།། སངས་རྒྱས་ཆོས་ཉིད ་དག་པ་འདི།། བྱིས་པ་རྣམས་ཀྱིས་མི་རྟོགས་ཕྱིར།། བྱིན་གྱིས་བརླབས་ནས་འཆད་པ་ནི།། སྟོན་པ་རྣམས་ཀྱི་ཆོས་ཉིད་དོ།། དེ་ནས་རྡོ་རྗེ་མཁའ་འགྲོ་དེ་དག་ཐམས་ཅད་རབ་ཏུ་དགའ་ནས་ཡང ་མཆོད་པའི་ཚོགས་ཀྱིས་མཆོད་དེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལེགས་སོ་ལེགས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་གིས་བདག་ཅག་བྱིན་གྱིས ་བརླབ་པར་མཛད་དུ་གསོལ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཐུན་མོང་མ་ཡིན་པ་བསྟན་ཅིང་རྣམ་པ་ཐམས་ཅད་ཀྱི་དབང་ཕྱུག་གིས་བདག་ཅག་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དབང་ཕྱུག་གི་རྡོ་རྗེ་མཁའ་འགྲོ་དེ་དག་གིས་གསོལ་བ་བཏབ་པ་མཁྱེན་ནས། སེམས་དཔའ་ཐམས་ཅད་བྱིན་གྱིས་རློབ་རྡོ་རྗེ་ཞེས་བྱ། ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་གསང་བ་བསྡུས་པ་ཞེས་བྱ་བའི་སྙིང་པོ་འདི་རང་གི་ཐུགས་ཀ་ལས་ཕྱུང ་ངོ་ཨོཾ་ཨཱཿཧཱུཾ་ས་མ་ཡ་བཛྲ། དེ་ནས་ཕྱུང་མ་ཐུག་ཏུ་དེའི་འོད་ཟེར་གྱིས་རྡོ་རྗེ་མཁའ་འགྲོའི་འཁོར་དེ་དག་ཐམས་ཅད་བསྡུས་ནས་རང་གི་སྙིང་ཁར་བཙུད་ནས། བུད་མེད་ཀྱི་དཀྱིལ་ན་ཐམས ་ཅད་བརྒྱལ་བ་ལྟར་གནས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་གིས་དེ་བསླང་བའི་ཕྱིར་མཁའ་འགྲོ་ཐམས་ཅད་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་སོ།། སྙོམས་པར་ཞུགས་མ་ཐག་ཏུ་དེ་དག་དྲན་པ་སླར་ཐོབ་ཅིང་ཇི་ལྟ་བ་བཞིན་དུ་གནས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་གིས་འཁོར་ལོ་རྣམ་པར་དགོད་པ་ཞེས་བྱ ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྙོམས་པར་ཞུགས་མ་ཐག་ཏུ་རྡོ་རྗེ་མཁའ་འགྲོ་དེ་དག་ཐམས་ཅད་རང་རང་གི་གནས་ཇི་ལྟ་བ་བཞིན་དུ་འཁོད་པར་གྱུར་ཏོ།། དེའི་ཚེ་བཅོམ་ལྡན་འདས ་རྡོ་རྗེ་འཛིན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ནམ་མཁའི་དབྱིངས་ན་གནས་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་བདེ་བ་དང་ཡིད་བདེ་བ་མྱོང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་དབང་ཕྱུག་གིས་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སེམས་ཅན་གྱི་ཁམས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་ཏེ། དབུས། ་རྔུབ་པར་མི་མཛད།། འབྱུང་བར་མི་མཛད།། ལུས་འགྱུར་བར་ཡང་མི་མཛད།། ལུས་གནས་པར་ཡང་མི་མཇེད།། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མི་གཟིགས། མི་དགོངས།། ་ཉེ་བར་མི་འཇིག་གོ།། ཐབས་དང་ཤེས་རབ་སྡོང་བར་ཡང་མི་མཛད།། ཤིན་ཏུ་འགལ་བ་ཅན་ཡང་དག་པར་མཛད་པར་མི་མཛད། མཐོ་རིས་ལའང་མི་འཇོག། མ་དད་པ་རྣམས་དང་པར་ཡང་མི་མཛད ་མ་དུལ་བ་རྣམས་དུལ་བར་ཡང་མི་མཛད། ཉེ་བར་འཚེ་བ་ཞི་བར་ཡང་མི་མཛད། མ་འགག་པ་རྣམས་འགག་པར་ཡང་མི་མཛད། མ་བསྐུལ་བ་རྣམས་བསྐུལ་བར་ཡང་མི་མཛད། མ་རྒྱས་པ་རྣམས ་རྒྱས་པར་ཡང་མི་མཛད། རྣམ་པར་རྨོངས་པ་རྣམས་རྨོངས་པ་སེལ་བར་ཡང་མི་མཛད། དགའ་བར་གྱུར་པ་རྣམས་མི་དགའ་བར་ཡང་མི་མཛད། མི་དགའ་བ་རྣམས་དགའ་བར་ཡང་མི་མཛད།། ་མ་ཁྲོས་པ་རྣམས་ཁྲོས་པར་ཡང་མི་མཛད། མི་སྡུག་པ་རྣམས་སྡུག་པར་ཡང་མི་མཛད། དྲུག་པོ་མ་རུངས་པ་ཆེན་པོ་དང་། གཏུམ་པོ་ཆེན་པོ་དང་། ལྷ་དང་། ལྷ་མ་ཡིན་དང་། ལོག་འདྲེན་དང་། ་གདུག་པ་ཆེན་པོ་དང་། ཡི་དགས་དང་། ཤ་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཤིན་ཏུ་གདུག་པའི་དུག་ཆེན་པོ་དང་། ཚ་བའི་གདོན་དང་། ནད་དང་། སྦྲུལ་དང་། སེམས་ཅན་ཐམས་ཅད ་ལ་འཚེ་བར་བྱེད་པ་རྣམས་ཉེ་བར་ཞི་བར་ཡང་མི་མཛད་དོ།། རྣམ་པར་དུལ་བར་ཡང་མི་མཛད་དོ།། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བརྗིད་པ་དང་། ་བཅས་པར་གར་མཛད་ཅིང་ཞལ་འཛུམ་པ་དང་། འདོར་བ་དང་། བསྐུམ་པ་དང་། འགྱེད་པ་དང་། སྤྱན་མཛེས་པས་སྨིན་རིངས་བསྐྱོད་ཅིང་བསྒྱུར་བ་དང་། པདྨའི་ཕྱག་གི་སོར་མོ་གཡས་གཡོན། ་གར་གྱི་འཕྲེང་བའི་ཚུལ་གྱིས་སའི་ངོས་ལ་ཞབས་འཕེན་ཅིང་བསྒྱུར་བ་དང་། འདོར་ཞིང་བསྐུལ་བ་དང་། འཇོག་ཅིང་འདེགས་པའི་རྣམ་པར་གནོན་པའི་ནམ་མཁའི་དབྱིངས་འདི་ཐམས་ཅད ་ཀུན་ཏུ་ཁྱབ་པར་མཛད་དེ། རླུང་གི་ཁམས་ཆེན་པོར་ཀུན་ཏུ་ཁྱབ་པར་མཛད། དེ་ལ་ཁྱབ་ནས་མེའི་ཁམས་ཆེན་པོར་ཀུན་ཏུ་ཁྱབ་པར་མཛད་དེ། དེ་ནས་ཆུའི་ཁམས་ཆེན་པོར་ཀུན་ཏུ་ཁྱབ་པར ་མཛད། དེ་ནས་སའི་ཁམས་ཆེན་པོར་ཀུན་ཏུ་ཁྱབ་པར་མཛད་དོ།། དེའང་ཀུན་ཏུ་ཁྱབ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་ལ་ཀུན་ཏུ་ཁྱབ་པར་མཛད་དོ།། རི་དང་སེམས་ཅན་ཐམས་ཅད ་དང་། སྣ་ཚོགས་ཕྲ་བ་སྦོམ་པོ་དང་།། བུད་མེད་གཞོན་ནུ་རྒན་པ་དང་།། སྐྱེས་པ་དང་ནི་མ་ནིང་དང་།། ལྷ་དང་ཀླུ་དང་གནོད་སྦྱིན་དང་།། གདོན་དང་སྐར་མ་གཤིན་རྗེ་དང་།། ཆུ་བདག་བརྒྱ་བྱིན་ལ་སོག ་དང་། འབྱུང་དང་འབྱུང་འགྱུར་ཐམས་ཅད་ལ།། བཅོམ་ལྡན་འདས་ནི་བདེ་ཆེན་པོ།། ཀུན་ཏུ་བཟང་པོ་རྡོ་རྗེ་འཛིན།། ཀུན་ཏུ་ཁྱབ་པར་བྱས་ཏེ་གནས།། དཔལ་རྡོ་རྗེ་སྙིང་པོའི་རྒྱན་གྱི་རྒྱུད་ལས། ་རྡོ་རྗེ་མཁའ་འཚོ་བྱིན་གྱིས་རློབ་པའི་ལེའུ་སྟེ་དང་པོའོ།། དེ་ནས་གཞན་ཡང་བཤད་བྱ་བ།། ལས་ཀྱི་མཆོག་རྣམས་འགྲང་བྱེད་པའི།། གསུང་སྔགས་རྣམས་ནི་བཤད། ་པར་བྱ།། རྩེ་གཙུག་སེམས་ཀྱིས་མཉན་པར་བྱའོ།། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཛྙཱ་ཨཱ་དྱ་ནུཏྤན་ན་ཏཱཿ། གཏོར་མའི་སྔགས་སོ།། ཨ་སྭ། ཨོཾ་སྟྲཻ། སུ་ས+འུ། ཡེ་སྟྭཾ། ཨོཾ་སྟྭ~ཾ། ཨ་སྱཿ ་བུད་མེད་དོ།། རཱྀ་རཱྀ། ལེ་ལཱྀ། མ་ནིང་ངོ་།། ཀཱ་ཁ་ག་དྷཱ་། ཙ་ཚ་ཛ་དྷཱ་ཌ། ཌྷ་ཏྲཱ་ཌཌྷིཎ། ཏ་ཐ་དཱདྷནཱ། པ་པཱ་བ་བྷཱུ་མཱ། སྐྱེས་པའི་འོ།། ཡ་ར་ལ་ཝཱ། འབྱུང་བའིའོ།། ཤ་ཥ་ས་ཧ། འཇིགས ་པ་ལ་སོགས་པའོ།། ཀྵཿཆོས་ཀྱི་དབྱིངས་ཀྱི་ས་བོན་ནོ།། བཛྲ་དྷྲྀཀ་ཧཱུཾ། ཛི་ན་ཛི་ཀ་བྷྱཱཾ། རཏྣ་དྷྲྀཀ་ཨཾ། ཨཱ་རོ་ལི་ཀ་དྷཱི། པྲཛྙཱ་དྷྲྀ་ཀ་ཁཾ། མཁའ་འགྲོ་ཆེན་པོ་ལྔའིའོ།། དྭེ་ཥ་ར་ཏི་ནཱཾ། མོ་ཧ་ར་ཏི ་ལཱ་རཱ་ག་ར་ཏི་པཱཾ། བཛྲ་ར་ཏཱིཏྟཾ། རྡོ་རྗེ་མཁའ་འགྲོ་རྟེན་པར་བྱེད་པ་ལ་སོགས་པའི་འོ།། ཀྵི་ཏི་གརྦྷ་ཀྵ~ཾ། བཛྲ་པཱ་ཎི་དཱ+ེ། ག་གོ་ན་གརྦྷ་ཁཾ། ལོ་ཀེ་ཤྭ་རཱ་ཡ་ག~ཾ། ནཻ་བ་ར་ཎཱ་བཞིམྦྷ་ནི་ཀཾ་ཀས་མན ་དྲ་སཾ། རྡོ་རྗེ་མཁའ་འགྲོ་དམ་ཚིག་སྤྱོད་པ་ལ་སོགས་པའི་འོ།། རཱུ་པ་བཛྲ་ཛཿཤཔྟ་བཛྲ་ཧཱུཾ། གན་དྷ་བཛྲ་བཾ། ར་ས་བཛྲ་ཧོཿ། སྥར་ཤ་བཛྲཱ་ཁཾ། དྷརྨ་དྷཱ་ཏུ་བཛྲ་རཾ། རྡོ་རྗེ་མཁའ་འགྲོ་མཛེས ་པར་བྱེད་པ་ལ་སོགས་པའི་འོ།། ཡ་མཱནྟ་ཀྲྀ་ཏ། བཛྙཱནྟ་ཀྲྀཏ། པདྨཱནྟ་ཀྲྀཏ། དིགྷྣཱཾ་ཏཀྲྀཏ། ཊ་ཀྐི་རཱ་ཛ། ནཱི་ལ་དརྞྞ། མ་ཧཱ་བ་ལ། ཨ་ཙ་ལེ་ཀ་ན་ཧཱུཾ། སུཾ་བྷ་ནི་ཧཱུཾ། ཙཀྲ་བརྟི་ནེ་ཧཱུཾ་དྷྭཾ། རྡོ་རྗེ་མཁའ་འགྲོ། ་གཤིན་རྗེ་གཤེད་ལ་སོགས་པའི་འོ།། ཝ་རི་ཛིཿབྷཱུཾ། ཛོསནྟ་དྷྭཾ། མནྟེཿཀྲ་བྷཱུཾ། བ་ར་དྷ་ན་བྷྱཱཾ། བི་ས་ར་ཎ་བྷྱཱཾ། བི་ར་ཛི་ན་དྷྭཾ། ཀ་རོ་བྷ་བ་གྷྣཱཾ། རྡོ་རྗེ་མཁའ་འགྲོ་གཙུག་ཏོར་རྒྱལ ་བྱ་ལ་སོགས་པའི་འོ།། ཧཱུཾ་ཧྲཱིཿཁ། རྡོ་རྗེ་མཁའ་འགྲོའི་འོ།། ཨོཾ་མཾ་དེ་ནི་བཛྲཱི་བྷ་བཾ་བཛྲ་བན་དྷ་ཧཱུཾ། སེའིའོ།། ཨོཾ་བཛྲ་པྲ་ཀ་ར་ཎཱ་རཱུ་བི་ཛྲ། ར་བའིའོ།། ཨོཾ་བཛྲ་བཉྫ་ར་ཧཱུཾ་སཾ་ཧཱུཾ། དྲ་བའིའོ།། ་ཨོཾ་བཛྲ་བཱི་ཏཱ་ན་དྦྷ་ཁཾ་ཏྲཱུཾ། གུར་གྱིའོ།། ཨོཾ་བཛྲཱ་ཤ་ར་ཏ་སཏྭཱཾ་ས~ཾ་ཛྫ། མདའ་འོ།། ཨོཾ་བཛྲ་ཛྭ་ལཱ་ན་ལཱན་ཧཱུཾ་ཧཱུ~ཾ་ཧཱུཾ། འོད་ཀྱིའོ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧ~ཾ། སྟོང་པ་ཉིད་ཀྱི ་སྔགས་སོ།། ཨོཾ་དྷརྨཱ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། ཆོས་ཀྱི་དབྱིངས་ཀྱི་སྔགས་སོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀ་ཙིཏྟ་བཛྲ་སྭ་བྷཱ་བེ་ཨཱཏྨ་ཀཻ&ཧཾ། སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའི་འོ།། ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ། ཐིག་གདབ་པའི་འོ།། བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཚོན་དགྱེ་བའི་འོ།། ཧཱུཾ་ཧཿཱ་ཛཱཾཿ། དབབ་པའི་འོ།། བཛྲ་ཀཱི་ལ་ཡ་མུད་ག་ར་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། ཕུར་བུས ་བརྡུང་བའི་འོ།། དེ་ལ་སོགས་པའི་མཐའ་ཡས་པ།། འཇིག་རྟེན་གསུམ་དུ་རྙེད་དཀའ་བའི།། སྔགས་ཀྱི་ཚོགས་རྣམས་ཇི་སྙེད་པ།། དེ་ཀུན་སྔོན་དུ་རྒྱས་པ་རུ།། གསང་བ་དང་ནི་འཇིགས ་བྱེད་དང་། བདེ་མཆོག་སོགས་ལ་ང་ཡིས་ནི།། ལས་དང་བཅས་པར་རབ་བཤད་པ།། རྣལ་འབྱོར་རྟོགས་པས་ཤེས་བྱའོ།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། སྔགས་ཀྱི་ལེའུ ་སྟེ་གཉིས་པའོ།། ། དེ་ནས་མཁའ་འགྲོ་གྲོང་ཁྱེར་མཆོག། དཀྱིལ་འཁོར་འཇིགས་པ་བྲི་བར་བྱ།། ལས་ཀྱི་ཆོ་ག་ཤེས་པ་ཡིས།། ཅི་རིགས་པར་ནི་ལས་རྣམས་བྱ། ་ཉི་ཤུ་རྩ་ལྔའི་སྲད་བུ་ནི།། སེམས་མེད་ལས་བྱུང་བྱས་ནས་སུ།། བྱིན་རླབས་མི་བསྐྱོད་རྟག་པ་རུ།། བྱས་ཏེ་ཐིག་ནི་གདབ་པའོ།། གྲུ་བཞི་པ་ལ་སྒོ་བཞི་པ།། ཏཱ་ར་ཎ་བཞིས་བརྒྱན་པ་སྟེ། ་དར་དང་མེ་ཏོག་འཕྲེང་བས་ཀླུབས།། སྲད་བུ་བཞི་དང་རབ་ལྡན་པ།། ཟུར་གྱི་ཆ་ནི་ཐམས་ཅད་དང་།། ཟླ་བ་རིན་ཆེན་རྡོ་རྗེ་དགོད།། ལས་ཀྱི་བྱེ་བྲག་ཤེས་པ་ཡིས།། བློ་དང་ལྡན་པས་ཕྱག་རྒྱ ་དགོད།། ཨིནྡྲ་ནཱི་ལ་ལྟ་བུ་ཡི།། འཇིགས་བྱེད་རྡོ་རྗེ་དབུས་སུ་བྲི།། ཤར་དུ་ལྟེ་བརྒྱད་འཁོར་ལོ་དཀར།། ལྷོ་རུ་རིན་ཆེན་ཟུར་དགུ་ལྡང་།། ནུབ་དུ་འདབ་བརྒྱད་པདྨ་དམར།། བྱང་དུ་རལ་གྲི ་སྔོན་པོ་དྲི།། མ་ཡི་མཚམས་སུ་འཁོར་ལོ་སྔོན།། བདེན་བྲལ་ཨུཏྤལ་དམར་པོ་དང་།། རླུང་གི་མཚམས་སུ་པདྨ་དམར།། དབང་ལྡན་ཨུཏྤལ་སེར་པོ་སྟེ།། རྡོ་རྗེ་ཐོབ་ཤར་གྱི་སྒོ།། ལྷོ་ཡི་སྒོར ་རྡོ་རྗེ་དབྱུག། པདྨའི་སྡོང་བུ་ནུབ་ཀྱི་སྒོ།། བྱང་སྒོ་རྡོ་རྗེ་ཁ་བྱེ་བ།། སྦྱོར་བ་ལྡན་པས་དགོད་པར་བྱ།། རྣམ་པ་ཉི་ཤུ་རྩ་ལྔར་ནི།། ཚོན་རྩི་དག་ཀྱང་བསྒོམ་བྱ་སྟེ།། རྡུལ་ཚོན་ལྔ་ལ་སོགས་པ་རྣམས།། ་རིམ་པ་བཞིན་དུ་གདབ་པར་བྱ།། དེ་ནས་བུམ་པ་གཟུང་བྱ་བ།། རྩ་བ་ནག་ནོག་མེད་པ་ཡི།། ཞབས་བརྟན་མགྲིན་རིང་མཆུ་འཕྱང་བ།། ལྷ་ཡི་གྲངས་ཙམ་སྟ་གོན་གནས།། མགུལ་པར་རས་ཀྱིས་ཡང ་དག་དཀྲིས།། ལྡུམ་བུ་ཡིས་ནི་ཁ་མཛེས་པ།། རིན་ཆེན་སྨན་འབྲུ་སྣ་ལྔ་དང་།། སྤོས་ཆུ་ཡིས་ནི་རབ་བཀང་ནས།། བུམ་པ་མངོན་པར་བསྔགས་པར་བྱ།། རྣམ་རྒྱལ་བུམ་པ་དཀྱིལ ་འཁོར་གྱི།། བདག་པོ་ལྷ་མོ་རྣམས་ཀྱི་བཞི།། ལྷ་རྣམས་ཀྱི་ནི་བུམ་པ་བཞི།། སྒོ་ཡི་ཕྱོགས་ཀྱི་བུམ་པ་ནི།། ལས་ཀུན་བྱེད་པས་བཟླས་བྱས་ཏེ།། ཀུ་ཤའི་ཆུན་པོས་སེམས་ཅན་ཆེ།། འཇུག་པ་ཀུན་ལ ་གཏོར་བར་བྱ།། ཡོན་དང་གཏོར་མ་མཆོད་ཕུལ་ནས།། དེ་དག་ཕྱི་གྲར་རབ་བཀོད་དེ།། གཡས་སུ་རྒྱལ་བ་སྤྱན་དྲང་ངོ་།། དེ་ནས་ལྷ་རྣམས་རབ་གནས་པའི།། བསམ་པའི་སྦྱོར་བས་བསམ་བྱ་སྟེ།། ཕྱག་རྒྱ ་དྲལ་བའི་སྦྱོར་བ་ནི།། ལུས་ཅན་བྱིན་གྱིས་མི་རློབ་པས།། བུ་མོ་གཟུགས་བཟང་ལང་ཚོས་བརྒྱན།། དབང་ཐོབ་ལུས་རྒྱས་ཐོབ་པ་མོ།། གཡོན་མ་རྒྱན་གྱིས་རབ་བརྒྱན་ཏེ།། དེ་ཡིས་འཁོར་ལོ་སྤྲུལ་པར་བྱ།། ་དེ་ལ་མར་མེ་བརྒྱ་སོགས་པའི།། མཆོད་པ་ཕུལ་ནས་བསྟོད་བྱ་སྟེ།། བཤང་གཅི་ཁུ་ང་ཁྲག་རྣམས་ནི།། དུང་ཆེན་པོ་རུ་བཞག་བྱ་སྟེ།། ལྷ་རྣམས་ལ་ནི་དབུལ་བར་བྱ།། དེ་ནས་མཁའ་འགྲོ་གྲོང་མཆོག་ཏུ།། ་སློབ་མ་རྣམས་ནི་གཞུག་བྱ་སྟེ།། རྡོ་རྗེ་ཡེ་ཤེས་རབ་ཐོབ་པའི།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། ཕོ་བྲང་དཀྱིལ་འཁོར་དམ་པ་འདིར།། བདག་གིས་སློབ་མ་གཞུག་པར་བྱ།། དེ་ནས་སློབ་མ་དེ་ཡིས་ཀྱང་།། ་མེ་ཏོག་སྔགས་འདིས་གཏོར་བའོ།། པྲ་ཏཱིཙྪ་བཛྲ་ཧོཿཞེས་བྱ།། དེ་ནས་ཚིག་འདིས་གདོང་གཡོགས་དགྲོལ།། དེ་རིང་དང་པའི་ཤུགས་ཀྱིས་ནི།། དཀྱིལ་འཁོར་དེ་འདིར་བལྟ་བར་བྱ།། སངས་རྒྱས་རིགས་སུ། ་ཁྱོད་སྐྱེས་སོ།། སྔགས་དང་ཕྱག་རྒྱས་ཁྱོད་བྱིན་བརླབ།། དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས།། དམ་ཚིག་མཆོག་ཏུ་འགྲུབ་པར་བྱེད།། རྡོ་རྗེ་པདྨོ་རོལ་པའི་མཆོག། སྔགས་ཀྱི་བདག་ཉིད ་ཤེས་པར་བྱ།། པ་ཤྱ་བཛྲ། གང་དགྲ་མེ་ཏོག་གསང་བ་སྟེ།། དེ་དེ་དེ་ཡི་ལྷ་ཡང་དག། དེ་ཡི་སྦྱོར་བ་རབ་སྦྱིན་ཏེ།། དེ་ཡི་ནན་ཏན་དུ་སྒྲུབ་བོ།། དུང་ཆེན་བདུད་རྩི་ལྔ་བླུད་དེ།། དམྱལ་བའི་ཆུ་འདིས་ཁྱོད ་ལ་ནི། དམ་ཚིག་འདས་ན་སྲེག་པར་བྱེད།། དམ་ཚིག་བསྲུངས་ན་དངོས་གྲུབ་པའི།། འཐུང་ཞིག་རྡོ་རྗེ་བདུད་རྩིའི་ཆུ།། བཛྲ་ཨུ་ད་ཀ། དེ་ནས་སངས་རྒྱས་ཐམས་ཅད་ཀྱི།། དམ་ཚིག་དང་ནི་སྡོམ ་པ་རྣམས།། བླ་མས་སློབ་མ་སྡིག་བྲལ་ལ།། ཇི་ལྟ་བ་བཞིན་བསྒྲག་པར་བྱ།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། རི་མོའི་དཀྱིལ་འཁོར་གྱི་ལེའུ་སྟེ་གསུམ་པའོ།། ་དེ་ནས་གཞན་ཡང་བཤད་བྱ་བ།། དབང་བསྐུར་བ་ཡི་ཆོ་གའི་མཆོག། གང་གིས་ལེགས་པར་བྱེད་འགྱུར་ན།། དེ་ནི་སངས་རྒྱས་ཉིད་དུ་འགྲུབ།། སློབ་དཔོན་མཚན་ཉིད་ཐམས་ཅད་ལྡན།། ཡང་དག ་ཤེས་ཤིང་རྒྱུད་ཤེས་པ།། དེ་ཉིད་བཅུ་ལ་སོགས་པ་ཡི།། གསང་རིག་ཆོ་ག་ཤེས་པ་པོས།། བསྒྲིམས་ཏེ་སློབ་མ་ཡང་དག་གཟུང་།། བླ་མ་ལ་གུས་དད་པའོ།། དགེ་སྐོམ་ལྷ་རྣམས་མཆོད་བྱེད་པ།། ་གཏོར་ཕོད་ཡོན་ཏན་ལྡན་པའོ།། དེ་ནས་སློབ་མ་དེ་ཡིས་ཀྱང་།། ལངས་ཏེ་ཞབས་ལ་མགོས་གཏུགས་ནས།། རྒྱལ་པོ་དབང་ཕྱུག་བདེ་དམ་པ།། གོས་དང་རྒྱན་གྱིས་ལེགས་པར་བགོས།། སྟེང་དུ ་བླ་རེ་བྲེ་བར་བྱ།། གདུགས་དང་རྒྱལ་མཚན་བ་དན་དང་།། ལྷམ་དང་ཚངས་པའི་སྐུད་པ་དང་།། གདུ་བུ་དག་དང་སྐ་རགས་དང་།། བཀྲ་ཤིས་ཚིགས་བཅད་སྣ་ཚོགས་ཀྱིས།། ་སློབ་པ་སྡིག་དང་བྲལ་བ་ལ།། སློབ་དཔོན་གྱིས་ནི་དབང་བསྐུར་རོ།། དང་པོ་རྣམ་རྒྱལ་བུམ་པ་དང་།། དེ་ནས་ལྷ་མོ་བཞི་རྣམས་དང་།། ལྷ་རྣམས་ཀུན་གྱི་བཞི་པོ་བཞིས།། བཀྲ་ཤིས་ཚིགས་བཅད ་གླུ་སྒྲ་དང་།། རྡོ་རྗེ་དྲིལ་བུ་གསིལ་བ་ཡིས།། སྐྱོབ་པའི་དཀྱིལ་འཁོར་མངོན་སུམ་དུ།། ཏིལ་གྱི་གང་བུ་བཞིན་གང་བའི།། རྒྱལ་བས་བུམ་པ་བཟུང་ནས་ནི།། དེ་ཉིད་ལ་ནི་དབང་བསྐུར་བར།། དཀྱིལ ་འཁོར་དེ་ཉིད་རིག་པར་བསམ།། དེ་ལྟ་བུ་ནི་བསམས་ནས་ཀྱང་།། ཆོས་ཀྱི་མཚན་ཉིད་བསྟན་པར་བྱ།། དེ་ནས་ཡིད་འོང་བུ་མོ་ནི།། ལེགས་པར་གོམས་པ་དབང་ཐོབ་པ།། རྒྱན་གྱིས་རབ་བརྒྱན་རབ ་མཛེས་པ།། བཙལ་ཏེ་བླ་མ་ལ་ཕུལ་ནས།། དེ་ནས་རྒྱལ་དབང་སློབ་མ་དེ།། ནང་ནི་སྦས་པ་བཏུས་པ་ཡི།། གསང་བ་མཉམ་པར་འཇུག་པ་ཡི།། སྦྱོར་དང་ལྡན་པས་དབང་བསྐུར་བྱ།། རྡོ་རྗེ་པདྨ ་ལས་དྲང་བ།། སྦོམ་པོ་མཐའ་ལྷག་རྩེ་སྦྱར་ནས།། རྐན་དུ་རྡོ་རྗེ་གཞག་པར་བྱ།། ཀྱེ་མའོ་བདེ་བ་བདེ་བ་ཆེ།། ཀྱེ་མའོ་དམ་ཚིག་བདེ་བརྗོད་ཅིང་།། ཀྱེ་མའོ་བདེ་བ་བླང་བར་བྱའོ།། འདི་ནི་གསང ་པ་ཞེས་བྱ་བའི།། དེ་དབང་བསྐུར་བའི་ཐབས་མཆོག་གོ། ཡང་ན་ཤིན་ཏུ་དང་བ་དང་།། གཟུགས་བཟང་སྒྲུབ་ལ་དགའ་བ་དང་།། སྦྱོར་གོམས་བླ་མ་ལ་ནི་དབུལ།། བླ་མས་བྱིན་བརླབས་ལྷ ་མོ་དང་།། སྒྲུབ་པ་དེ་ལ་སྦྱིན་པར་བྱ།། དེ་ཡིས་བླངས་ནས་བརྩོན་པའི་ཚོགས།། ཇི་སྐད་གསུངས་བཞིན་རབ་བྱས་ནས།། རང་གི་ལྷ་དང་སངས་རྒྱས་དང་།། བྱང་ཆུབ་སེམས་དཔའི་ཚོགས་རྣམས ་ཀུན།། མཉེས་བྱེད་ཆོ་གས་སེམས་བརྟགས་ཏེ།། མངོན་སུམ་བདེ་བ་རང་བྱུང་བ།། གཞན་གྱིས་གང་དུ་བསྒྲག་མི་ནུས།། གོ་བའི་ཡུལ་དེ་བདེ་བ་ཆེ།། བླ་མ་དེ་ལ་དབུལ་བར་བྱ།། བླ་མ་གཞན་ལ་དེ ་བཞིན་དུ།། ཅི་དགའ་བ་ཡི་ཡོན་ཡང་དབུལ།། སློབ་དཔོན་ཅུང་ཟད་ཅི་འདོད་པ།། ཡིད་ལ་བསམས་པ་དབུལ་བར་བྱ།། དམ་ཚིག་འདའ་བས་འཇིགས་པའི་ཕྱིར།། བསྒྲིམས་ཏེ་དེ་བཞིན་དབུལ ་བར་བྱ།། སློབ་དཔོན་གྱི་ནི་ཡུལ་གྱི་མཆོག། རིགས་ཀྱི་ཁྱད་པར་གྱིས་ནི་ལྔ།། བུམ་པའི་དབང་སོགས་དབྱེ་བ་ཡིས།། ཡང་ན་གསུམ་དུ་འགྱུར་བ་ཡིན།། རང་གི་མ་དང་སེང་གེའི་གདན།། ཡོན་གྱི ་མཆོག་སྟེ་སངས་རྒྱས་རིགས།། གསེར་དང་གླང་པོ་རིན་ཆེན་དང་།། སྲིང་མོ་བླ་མ་ལ་དབུལ་བ།། རྡོ་རྗེ་སེམས་དཔའི་རིགས་ཡིན་ཏེ།། ཡོན་ཏེ་ཡོན་གྱི་མཆོག་ཡིན་ནོ།། ཤིང་རྟརྟ་ནི་ཤིན་ཏུ་བརྒྱན། ་རང་གི་ཆུང་མ་དབུལ་བྱ་སྟེ།། རིན་ཆེན་སྣ་ཚོགས་རྣམས་དག་པ།། ཡོན་དེ་རིན་པོ་ཆེ་ཡི་རིགས།། མུ་ཏིག་འཕྲེང་བ་ཤིན་ཏུ་མཛེས།། བུ་མོ་རིན་ཆེན་དྲ་བ་ཡིས།། བརྒྱན་ཏེ་བླ་མ་ལ་དབུལ་བ།། ཡོན ་དེ་པདྨའི་རིགས་ཡིན་ནོ།། རྒྱལ་པོ་དང་ནི་དབང་ཕྱུག་དང་།། ཆུང་མ་འཕྲུལ་གྱི་བཞོན་པ་སོགས།། གླང་པོ་རྟ་ནི་ཤིན་ཏུ་བརྒྱན།། དེ་བཞིན་གཤེགས་པ་ཀུན་གྱི་རྗེ།། ནན་ཏན་བླ་མ་དབུལ་བྱ་བ། ་སྣ་ཚོགས་རྡོ་རྗེའི་རིགས་ཡིན་ནོ།། དེ་རྣམས་བཞི་དང་འགྱུར་བ་དང་།། མི་འགྱུར་བ་ཡི་བྱེ་བྲག་གིས།། གསུམ་དུ་ཤེས་བྱ་བླ་མ་ལ།། བློ་ལྡན་རྡོ་རྗེ་སློབ་མ་ཡིས།། ཅི་སྟེ་བདེ་བ ་ཀུན་འདོད་ན།། དད་མོས་སེམས་ཀྱིས་དབུལ་བར་བྱ།། ཡིད་ལ་གང་བསམས་མ་ཕུལ་ལམ།། ཁས་བླངས་དེ་ནི་མ་ཕུལ་ན།། ཡི་དགས་དམྱལ་བ་རྣམ་གཉིས་སུ།། ངེས་པར་སྐྱེས་ཏེ་རླག་པར་འགྱུར།། ་དེ་བས་དེ་རྣམས་རབ་ཕུལ་ནས།། གསོལ་བ་དག་ནི་རབ་ཏུ་གདབ།། རྡོ་རྗེ་དཀྱིལ་འཁོར་ཆེན་པོ་ཡི།། དཀྱིལ་འཁོར་དུ་ནི་བདག་ཞུགས་སོ།། སྦྱོར་བའི་དཀྱིལ་འཁོར་ཆེན་པོ་ཡི།། དཀྱིལ་འཁོར ་བདག་གིས་དེ་རིང་མཐོང་།། གསང་བའི་དཀྱིལ་འཁོར་ཆེན་པོ་ཡི།། དཀྱིལ་འཁོར་དུ་ནི་བདག་དབང་བསྐུར།། དེ་ནས་བླ་མ་དེ་ཡིས་ཀྱང་།། དེ་ལ་དབང་བསྐུར་སྦྱིན་བྱ་སྟེ།། དྲི་དང་མེ་ཏོག་འཕྲེང་བས ་བརྒྱན།། བསྒྲིམས་ཏེ་ཡང་དག་བརྟག་པར་བྱ།། དང་པོ་ལ་ནི་བུམ་པའི་དབང་།། གཉིས་པ་ལ་ནི་གསང་བའི་དབང་།། གསུམ་པ་ཤེས་རབ་ཡེ་ཤེས་ཏེ།། བཞི་པ་དེ་ཡི་ཡེ་ཤེས་ཏེ།། བླ་མ་ལས་ནི ་ཐོབ་པའོ།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཕན་ཡོན་དང་བཅས་པར་དབང་བསྐུར་བའི་ལེའུ་སྟེ་བཞི་པའོ།། ། གང་གིས་ཐབས་ཀྱིས་རིགས་ལྔའི་དོན།། རང་གི་དོན་གྱུར ་ཀུན་ཏུ་བཟང་།། འདི་དག་གཞན་ལ་རབ་བདེའི་ཕྱིར།། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་བཤད།། ཡིད་འོང་དབེན་པའི་ས་ཕྱོགས་སུ།། ཅི་བདེར་གནས་ལ་ནམ་མཁའ་ཀུན།། སེམས་ཀྱིས་ཁྱབ་པར་བྱས ་ནས་སུ།། རྣམ་བརྟགས་ཨེ་མའོ་འཇིག་རྟེན་ཀུན།། སྡུག་བསྔལ་ཆོས་ཀྱིས་ཀུན་ནས་གཙེས།། བྱང་ཆུབ་སེམས་ཉམས་སེམས་ཅན་རྣམས།། ཀུན་ལས་འབྱུང་ཞེས་དམ་བཅས་པའི།། སྔགས ་པས་སྤྱི་བོར་གཞག་པ་ནི།། ཨཱཿསེམས་ཀྱི་རྡུལ་ཕྲན་ཆ་དྲུག་རྣམས།། ཕྱོགས་བཅུ་དག་ཏུ་ཕྱེ་ནས་སུ།། ཆོས་ཀྱི་དོན་རྣམས་ངེས་བསལ་ནས།། ཤིན་ཏུ་དྲི་མེད་སེམས་དག་པ།། འདས་དང་མ ་འོངས་པ་ཡི་སེམས།། ད་ལྟར་ཡང་ནི་དམིགས་སུ་མེད།། གཉིས་མེད་དེ་ལ་གཉིས་མེད་མེད།། ནམ་མཁའ་ཞེས་པའང་གནས་པ་མེད།། དེ་ལྟར་ཀུན་ཏུ་བརྟགས་ནས་སུ།། འགྲོ་བ་ཐམས་ཅད ་ཤིན་ཏུ་སྟོང་།། དྲི་མེད་རྣལ་འབྱོར་ཉིད་ཀྱི་ཡིན།། དངོས་པོ་མེད་པར་རང་སེམས་བསམ།། འགྲོ་བ་འདི་ནི་དེ་ལྟ་བུའི།། དངོས་པོ་གང་དག་ཡོད་མིན་ན།། སྡུག་བསྔལ་སྣ་ཚོགས་གང་དག་ལགས།། ། ་སེམས་ཉམས་སེམས་ཅན་འབྱུང་བར་སྒོམ།། འོན་ཀྱང་སྔོན་གྱི་སྨོན་ལམ་ཤུགས།། དབྱངས་ཡིག་སྤེལ་བའི་གླུ་ལྡན་བྱ།། རིན་ཆེན་སེམས་ནི་རྨུགས་པ་ལ།། བདེ་གཤེགས་རྣམས་ཀྱིས་བསྐུལ།། ་བར་སྣང་།། ཤཱུ་ནྱ་ཏཱ་ཏི་ཡོ་ག་པཱ་དཾ་སཱུཧྨ། པྲ་བྷ་བཱི་ཨཱ་ཀཱ་ཤཱ་ཏ་མཱ་པ་ག་ཏ་ས་མ་ཡ། ཨུ་པ་ཏ་པ་ཡནྟི་སུ་ག་ཏ་སུ་ག་ཏེ་ཤྲཱི་བཛྲ་སྭཱ་ཧཱ། པཱུ་པུ་སྟཾ་ཧཾ། རྣམ་རྟོག་ཀུན་སྤངས་དྲི་མེད་པའི།། རྣམ་པར་མི ་རྟོག་སྒོམ་པའི་སེམས།། སྔགས་ཀྱི་དེ་ཉིད་བསྐྱེད་བྱས་ལ།། ཧཱུཾ་ཞེས་པ་ཡི་གཟུགས་སུ་བརྟག། ཏིང་ངེ་འཛིན་གྱིས་དབང་འགྱུར་ན།། གང་ཕྱིར་དེ་ནི་བསྒོམས་པས་ཐོབ།། དམ་པ་ནམ་མཁའི ་དབྱིངས་ལ་གནས།། བྱང་ཆུབ་སེམས་ཚོགས་དེར་བཅས་ལ།། རྣལ་འབྱོར་ཡིད་ཀྱིས་ཀུན་བསམས་ནས།། རྒྱས་པར་རྣམ་པར་བརྟག་པར་བྱ།། ཡི་གེ་བྲུཾ་གྱིས་ལྷ་ཡི་གནས། ་རྡོ་རྗེ་རིན་ཆེན་གྱིས་ནི་བརྒྱན།། སྒོ་ཁྱུད་རྩུ་བབས་ཀ་བ་དག། དར་གྱི་འཕྲེང་བས་རྣམ་པར་ཀླུབས།། གྲུ་བཞི་པ་ལ་སྒོ་བཞི་པ།། དྲིལ་བུའི་དྲ་བ་དག་གིས་བརྒྱན།། རྟག་པར་དོ་ཤལ་མེ་ལོང་དང་།། ་མེ་ཏོག་འཕྲེང་བས་རྒྱན་རྣམས་བྲེས།། དེ་ཡི་དབུས་སུ་སེང་གེའི་གདན།། སེང་གེ་བརྒྱད་ཀྱིས་རྣམ་པར་བརྒྱན།། སྨོན་ལམ་དབང་གིས་དེ་དག་ཀུན།། བྱང་ཆུབ་སེམས་དཔའ་མཐུ་བོ་ཆེ།། ཤར་ཕྱོག། ་པབ་གླང་ཤིན་ཏུ་རྒྱས།། ལྷོ་ཕྱོགས་རྟ་ཡི་གདན་བཟང་སྟེ།། ནུབ་ཕྱོགས་སུ་ནི་རྨ་བྱ་བ་ཤད།། དེ་བཞིན་བྱང་ཕྱོགས་ནམ་མཁའ་ལྡིང་།། མི་བསྐྱོད་ཁྲོ་བོ་བསམ་པ་ནི།། མཐིང་ཁ་དཀ་སོ་དམར་པོའི་ཞལ།། ་རྡོ་རྗེ་ཕྱག་རྒྱ་ཐུགས་ཀ་ན།། མཐིང་ཁ་ཁ་དོག་གསལ་ལ་བཟང་།། གཡས་ནི་རིན་ཆེན་འཁོར་ལོ་སྟེ།། རལ་གྲི་པདྨ་གཡོན་པ་ན།། འཇིག་རྟེན་ཁམས་ནི་ཀུན་འཁྲུག་པའོ།། བརྟུལ་ཞུགས་ཅན་གྱིས ་ཞལ་གསུམ་བསམ།། དང་པོ་ཡི་ནི་སྟོང་པ་ཉིད།། གཉིས་པ་དེ་བཞིན་མཚན་མ་མེད།། གསུམ་པ་སྨོན་པ་མེད་པ་ཡི།། ཞལ་དུ་མཁས་པས་རིག་པར་བྱ།། ཕྱག་དྲུག་རྟག་ཏུ་འབར་བར་སྒོམ།། མཚོན་ཆ ་སྣ་ཚོགས་རྣམས་དང་ལྡན།། པདྨ་ལ་ནི་མཉམ་བཞག་ནས།། ཡེ་ཤེས་ཕྱག་རྒྱ་སྙིང་ཁ་ནས།། དབུས་ཀྱི་གནས་སུ་བསམ་པ་ནི།། རྡོ་རྗེ་སྐྱིལ་མོ་ཀྲུང་དུ་གནས།། ཤར་གྱི་གནས་སུ་བསམ་པ་ནི།། སྔགས་པ། ་རྣམ་སྣང་ཐུབ་པ་སྟེ།། དཀར་དང་མཐིང་ཁ་དམར་བའི་ཞལ།། འཁོར་ལོ་ཕྱག་རྒྱ་སྙིང་ཁ་ན།། རྡོ་རྗེ་འབར་སོགས་འོད་གསལ་བ།། རིན་ཆེན་རྡོ་རྗེ་གཡས་པ་ན།། རལ་གྲི་པདྨ་གཡོན་པ་ན།། རྣལ་འབྱོར། ་ཅན་གྱིས་རྟག་པར་བསམ།། ཐོར་ཙུགས་དབུ་རྒྱན་དག་གིས་བརྒྱན།། རིན་ཆེན་མགོན་པོ་ལྷོ་ཕྱོགས་ན།། སེར་དང་མཐིང་ཁ་དཀར་བའི་ཞལ།། རིན་ཆེན་ཕྱག་རྒྱ་སྙིང་ཁ་ན།། མར་གང་ལྟ་བུར་སྣང་བའོ།། ་གཡས་ན་འཁོར་ལོ་རལ་གྲི་སྟེ།། རྡོ་རྗེ་པདྨ་གཡོན་ནའོ།། རྟག་པར་རྣལ་འབྱོར་པས་བསམ་པ།། རིན་ཆེན་ཆར་དུ་འབེབས་པའོ།། ནུབ་ཕྱོགས་གནས་སུ་དགོད་བྱ་བ།། སྣང་བ་མཐའ་ཡས་བསམ་པ་ནི། ་དམར་དང་མཐིང་ཁ་དཀར་བའི་ཞལ།། པདྨ་རཱ་གའི་མདོག་ལྟ་བུ།། པདྨའི་ཕྱག་རྒྱ་སྙིང་ཁ་ན།། རྡོ་རྗེ་རིན་ཆེན་གཡས་པ་ན།། འཁོར་ལོ་རལ་གྲི་གཡོན་པ་ན།། པདྨ་ལ་ནི་མཉམ་གཞག་བསམ།། བྱང་ཕྱོགས ་གནས་སུ་དོན་གྲུབ་ནི།། ལྗང་ཁུ་མཐིང་ཁ་དཀར་བའི་ཞལ།། རལ་གྲི་ཕྱག་རྒྱ་སྙིང་ཁ་ན།། འབར་བའི་འཕྲེང་བས་མཉམ་པའོ།། པདྨ་རྡོ་རྗེ་གཡས་པ་ན།། འཁོར་ལོ་རིན་ཆེན་གཡོན་པ་ན།། ཟླ་བའི་དཀྱིལ ་འཁོར་དབུས་གནས་པ།། བྱང་གི་གནས་སུ་བསམ་པར་བྱ།། སྔགས་པས་ཕྱག་དྲུག་བསམ་པ་ནི།། སྤྱན་དེ་ཞལ་གསུམ་དཀར་མོ་ཡི།། རྣམ་པར་སྣང་མཛད་ཕྱག་རྒྱ་བཞིན།། དེ་ཡི་དོན་དུ་རྣམ་པར་སྒོམ།། ་མཱ་མ་ཀཱི་ཡང་བསམ་པ་ནི།། ཨུཏྤལ་དང་ནི་མཐིང་འདྲ་བ།། ཞལ་གསུམ་ཕྱག་དྲུག་ཆགས་པ་སྟེ།། མི་བསྐྱོད་ཕྱག་རྒྱ་མཆོག་འཛིན་པའོ།། ཆགས་པས་ཆགས་པ་རིགས་ཀྱི་སྔགས།། ཞལ་གསུམ་ཕྱག ་དྲུག་དགེ་བ་སྟེ།། སྦྱོར་བའི་ས་ནི་དཀར་མོ་བསམ།། པདྨ་རཱ་གའི་ཕྱག་རྒྱའོ།། སྒྲོལ་མ་ཁ་དོག་སེར་མོ་སྟེ།། འཁྲིལ་བག་རྒྱན་གྱིས་རབ་ཏུ་བརྒྱན།། ཞལ་གསུམ་ཕྱག་དྲུག་རབ། ་ཏུ་བསྡམ།། ཐོགས་མེད་རྒྱལ་པོའི་ཕྱག་རྒྱའོ།། སྒོ་བཞི་སྒོ་སྲུངས་དགོད་བྱ་བ།། སྒོ་རྣམས་སུ་ནི་ཁྲོ་བོ་བསམ།། ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད།། གཞན་གྱིས་མི་ཐུབ་དེ་བཞིན་ཏེ།། ཐུབ་པར་དགའ་བ ་རྟ་མགྲིན་དང་།། ཁྲོ་བོ་བདུད་རྩི་འཁྱིལ་པ་བསམ།། དེ་དག་ཀུན་ཀྱང་ཞལ་གསུམ་པ།། དྲག་ཅིང་དྲག་པོར་གནོན་པའོ།། མཐིང་ཁ་སེར་པོ་དེ་བཞིན་དམར།། ལྗང་ཁུ་དག་ནི་ཁ་དོག་ཏུའོ།། མཚོན ་ཆ་སྣ་ཚོགས་འཛིན་པ་སྟེ།། ཐོད་པའི་འཕྲེང་ཐོགས་དེ་བཞིན་ནོ།། གདོན་རྣམས་ཐམས་ཅད་སྐྲག་བྱེད་པ།། གནོད་སྦྱིན་སྲིན་པོ་འཕྲ་མེན་མ།། མ་ཧེ་སེང་གེ་སྟག་རྣམས་དང་།། བ་ལང་ཞོན་པ་རྣམ་བཞིའོ།། ་རྣམ་པར་འགྱུར་བའི་ཁྲོ་གཉེར་ཅན།། ཁྲོ་བོ་སྤྱན་ནི་ཀུན་ནས་བསྡུས།། སྔགས་འདི་རྣམས་ཀྱིས་བསམ་པ་ནི།། གཤིན་རྗེ་གཤེད་ལ་སོགས་པའོ།། སྔགས་ཀྱི་དེ་ཉིད་རྗེས་མཐུན་པར།། སྔགས་པས། ་དཀྱིལ་འཁོར་བསྒྲུབས་ནས་སུ།། ས་ཡི་སྙིང་པོ་ལ་སོགས་པ།། སེམས་དཔའ་རྣམས་ནི་དེར་གནས་བསམ།། ལུས་དང་ངག་དང་སེམས་དེ་ཉིད།། ཧཱུཾ་ཞེས་བྱ་བའི་ཡི་གེ་མཆོག། སེམས་ནི་དེ་རུ་ཞུགས་པར ་བསམ།། མི་བསྐྱོད་པ་ནི་བདག་ཉིད་ཆེ།། དབང་པོའི་ལམ་དུ་བྱུང་ནས་སུ།། དང་བའི་དཀྱིལ་འཁོར་གྱིས་ནི་བརྒྱན།། བདག་ཉིད་གཅིག་ཅིང་གཅིག་འགྱུར་བར།། སྐད་ཅིག་གིས་ནི་བརྟག་པར་བྱ།། ་ཁྱོད་ནི་རྡོ་རྗེ་སེམས་ཞེས་བྱ།། དེ་ལ་སོགས་པས་བསྟོད་པར་བྱེད།། དེ་ནས་རྣམ་སྣང་མཛད་ལ་སོགས།། རང་གི་སྙིང་ཁར་རབ་ཏུ་གཟུང་།། གཟུགས་རྣམས་ཀྱི་ནི་རང་བཞིན་དུ།། རྣམ་པར་སྣང ་མཛད་ཐུབ་པ་བཞུགས།། ཚེར་བ་རིན་ཆེན་མགོན་པོ་ཡིན།། མཐའ་ཡས་འོད་ནི་འདུ་ཤེས་སུའོ།། འདུ་བྱེད་ཀུན་ཏུ་གདོན་མི་ཟ།། མི་བསྐྱོད་པ་ནི་ཕུང་པོ་ལྔར།། དེ་བཞིན་གཤེགས་པ་ལྔ་རྣམས་ནི།། ་སྔགས་འདི་རྣམས་ཀྱིས་བཞུགས་པར་བསམ།། ས་ཡི་ཁམས་ཀྱི་རང་བཞིན་དུ།། དེ་ནས་སྤྱན་ནི་བཞུགས་བྱ་སྟེ།། རྣལ་འབྱོར་ཡིད་ཀྱིས་བསམ་པ་ནི།། དེ་ཡང་སྤྲོ་བར་གནས་པར་བསམ།། མཱ ་མ་ཀཱི་ཡང་ཆུ་ཡི་ཁམས།། བརླན་ཞིང་ཁྲག་ནི་རྒྱུ་བའི་ཕྱིར།། རྣལ་འབྱོར་པས་ནི་ཡིད་ཀྱིས་བསམ།། དེ་ཡི་ལུས་ནི་རྒྱས་པར་འགྱུར།། མེ་ཡི་ཁམས་ཀྱི་རང་བཞིན་དུ།། གོས་དཀར་མོ་ཡང་བཞུགས ་པར་བྱ།། ཀུན་ཏུ་ཁྱབ་པར་ཞུགས་པ་ཡི།། འོད་རྣམས་སུ་ནི་དེར་འགྱུར་རོ།། སྒྲོལ་མ་རླུང་གི་རང་བཞིན་དུ།། བཞུགས་པར་དེ་ནི་བསམ་པར་བྱ།། རླུང་ནི་རྣམ་པ་ལྔ་རུ་འགྱུར།། དེ་བཞིན་ཡིད་མགྱོགས ་རྫུ་འཕྲུལ་འགྲུབ།། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ།། ནམ་མཁའི་རང་བཞིན་དག་ཏུ་འཇུག། དེ་ལུས་ཁོང་སྟོང་ཉིད་ལ་ནི།། རང་སེམས་དོན་ཏན་སྒོམ་པའི་སེམས།། ནམ་མཁའི་དབྱིངས་ཀྱི་རྣལ ་འབྱོར་གྱིས།། སངས་རྒྱས་སྒྱུ་མའི་སྦྱོར་བས་སུ།། དག་པའི་བདག་ཉིད་ཅི་འདོད་པར།། དེ་ནས་རི་རབ་ཕུལ་ནས་འགྲོ།། ས་ཡི་སྙིང་པོ་བདག་ཉིད་ཆེ།། སངས་རྒྱས་སྤྱན་ནི་བདག་ཉིད་དེ།། མིག་གི ་ཕྱོགས་སུ་ཞུགས་ནས་ནི།། འཕྲུལ་གྱི་མིག་ཏུ་རྟག་ཏུ་འགྱུར།། ཕྱག་ན་རྡོ་རྗེ་བདག་ཉིད་ཆེ།། རྣ་བའི་རྣམ་ཤེས་སྦྱོར་བས་ན།། སྒྲ་རྣམས་ཐམས་ཅད་ཤེས་པ་དེ། རྣ་བའི ་རྣམ་ཤེས་དེ་བཞིན་འགྱུར།། ནམ་མཁའི་སྙིང་པོ་བདག་ཉིད་ཆེ།། སྣ་ཡི་རྣམ་ཤེས་སྦྱོར་བས་ན།། སངས་རྒྱས་ཤངས་ནི་བདག་ཉིད་ཤེས།། དེ་ཡང་དེ་ཡི་ངོ་བོར་འགྱུར།། འཇིག་རྟེན་དབང་པོར ་རབ་ཆགས་པ།། རྡོ་རྗེ་རྩེ་ཡི་སྦྱོར་བས་སུ།། རོ་ཡི་དངོས་པོ་མྱོང་བ་དེས།། སྐད་ཅིག་གཅིག་ལ་དྲི་རུ་འགྱུར།། བློ་ལྡན་སྒྲིབ་པ་ཐམས་ཅད་ནི།། རྣམ་པར་སེལ་བའི་མིང་དང་ལྡན།། ཉོན་མོངས ་ཐམས་ཅད་རྣམ་པར་སེལ།། ཉེ་བའི་ཉོན་མོངས་པ་ཡང་འཇིག། མེ་ལོང་གི་ནི་རྣམ་པ་ལྟར།། རྟེན་པའི་ཚུལ་གྱིས་འབྱུང་བ་ནི།། གཟུགས་བརྙན་གྱི་ནི་སྦྱོར་བས་སུ།། སྐད་ཅིག་གིས་ནི་དེ་རུ ་འགྱུར།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་དཔལ།། རྣམ་པ་བཅུ་དང་དྲུག་ཏུ་དང་།། སྦྱོར་བ་དེ་ནི་བྱིན་བརླབས་ནས།། སྔགས་པས་དེ་ནི་སེམས་ལ་གཞུག། ཁྲོ་བོ་ལྕགས་ཀྱུ་དཔུང་པ་ཡིས།། ་ཞགས་པ་ལྟ་བུ་གཉིས་པའོ།། ལུ་གུ་རྒྱུད་ཀྱི་ཁ་སྤྲད་གསུམ།། རྒྱལ་མཚན་གཞུག་པར་ཁྱབ་པར་གཞག། དེ་ལྟར་དོན་རྣམས་རབ་ཏུ་ཞུགས།། སངས་རྒྱས་ཀུན་གྱི་ངོ་བོར་བདག། རྡོ་རྗེ་ཕྱག་རྒྱ ་དང་ལྡན་པ།། གཡོན་པ་དྲིལ་བསྣམས་སྟ་ཟུར་བརྟེན།། རྡོ་རྗེ་སེམས་དཔའ་དེ་གནས་འགྱུར།། རྣལ་འབྱོར་ཆེན་པོ་དཀར་བའི་གཟུགས།། དཀར་དང་མཐིང་ཁ་དམར་པོའི་དབུ།། སྟོང་ཉིད་ལ་སོགས ་བདག་སྦྱོར་བ།། རྡོ་རྗེ་སེམས་དཔའ་ཞེས་སུ་སྨྲ།། རྡོ་རྗེ་དྲུག་ཏུ་རྗེས་སུ་ཆགས་པ་ལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎྜ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཱུཾ། སངས་རྒྱས་མཆོད་པ་ལ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པ+འུ་ཏྲ ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། རང་གི་དཀྱིལ་འཁོར་སྔ་མ་བཞིན།། མདུན་དུ་བསམས་ནས་ནམ་མཁའ་ལ།། ཁྱབ་པའི་སྦྱོར་བས་གཅིག་བྱས་ཏེ།། དཀྱིལ་འཁོར་སྔ་མ་བཞིན་བསམས་བཟླས། ་བཅོམ་ལྡན་མི་མོ་ཉམ་གཞུག་བཅིང་བཞུགས།། རྡོ་རྗེ་ཕྱག་རྒྱ་ཐུགས་ཀར་བསྣམས།། གཡས་པར་འཁོར་ལོ་རིན་པོ་ཆེ།། པདྨ་རལ་གྲི་གཡོན་པའོ།། དེ་ཉིད་གསུམ་གྱི་ཚུལ་གྱིས་ནི།། ཅི་ཙམ་ནུས་པ ་བཟླས་པ་བྱ།། སྐྱོན་ཡིད་ཀྱིས་དྲངས་ནས་ནི།། དེ་དག་ཐམས་ཅད་སྙིང་ཁར་གཞུག། མཉམ་པ་ཉིད་ཀྱི་གནས་འདུག་ན།། ལུས་ཀྱིས་ཅི་ཙམ་བསྐྱོད་པ་དང་།། ཚིག་ཏུ་རབ་ཏུ་འཕྲོ་བའི་རྣམས། ་དེ་དག་སྔགས་དང་ཕྱག་རྒྱར་འགྱུར།། རྟག་ཏུ་སྒོམ་པའི་སྦྱོར་བས་ནི།། དེ་ལ་སེམས་དཔའི་གཞན་མ་ཡིན།། རྣལ་འབྱོར་ངོ་བོ་གཟུགས་ཅན་ལ།། ལྷ་མོ་རྣམས་ཀྱང་དེ་ལ་འཛིན།། དབང་པོ་ལམ་དུ ་གང་གྱུར་པ།། དེ་དང་དེ་ཡི་ངོ་བོ་དག། ཤིན་ཏུ་མཉམ་གཞག་སྦྱོར་བས་སུ།། བདག་ཉིད་ལྷག་པའི་ལྷར་བྱའོ།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ལྷའི་ལེའུ་སྟེ་ལྔ་པའོ།། ། ་དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་དེ་བཞིན་གཤེགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ ་ཐམས་ཅད་ཀྱིས་ཚིག་འཐུན་པར་སྒྲ་དབྱངས་གཅིག་གིས་གསོལ་བ་བཏབ་པ། བཅོམ་ལྡན་དེ་བཞིན་གཤེགས་ཀུན་གྱི།། ཡེ་ཤེས་གཅེས་པ་དྲི་མེད་པ།། བྱང་ཆུབ་སེམས།། ་ནི་རིན་པོ་ཆེ།། བླ་ན་མེད་པ་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པར་ཐུགས་སུ་ཆུད་ནས། བྱང་ཆུབ་སེམས་དཔའ་རྣམས ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་ནི་ལུས་ཀྱི་རྣམ་པ་ཡིན་ལ། ལུས་ཀྱང་སེམས་ཀྱི་རྣམ་པ་ཡིན་ཞིང་། སེམས་ཀྱང་ཚིག་གིས་རབ་ཏུ་བརྗོད་པ་ཡིན་ནོ།། དེ་ནས་བྱང་ཆུབ་སེམས་དཔའ ་དེ་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་སྦྱོར་བ་ཐོབ་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། ཀྱེ་མ་ཀུན་ཏུ་བཟང་པོ་འདི།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ ་ཅན། ཆོས་རྣམས་སྐྱེ་བ་མེད་པ་སྟེ།། གཡོ་བ་མེད་ཅིང་གནས་མེད་པ།། རྟོག་པའི་དྲི་མ་སྤངས་པ་ཡིན།། བསྐྱེད་པར་བྱ་ཞེས་རབ་ཏུ་གསུངས།། དེ་ནས་བཅོམ་ལྡན་འདས་མི་འཁྲུགས་པ་དེ་བཞིན།། ་གཤེགས་པ་གསུང་སྤྲོས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་སེམས་འདི་གསུང་ངོ་།། དངོས་པོ་འདི་དག་མ་སྐྱེས་ཏེ།། ཆོས་ཅན་མེད་ཅིང་ཆོས་ཉིད་མེད།། ་ནམ་མཁའ་བཞིན་དུ་དམིགས་མེད་པའི།། བྱང་ཆུབ་སེམས་ནི་བསྟན་པ་ཡིན།། ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་མི་འཁྲུགས་པས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་རིན་ཆེན་འབྱུང་གནས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་དམིགས་སུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་ཀྱི་སེམས་འདི་གསུང་ངོ་།། དངོས། ་པོ་འདི་དག་དངོས་མེད་དེ།། ཆོས་ཀྱི་མཚན་ཉིད་སྤངས་པ་ཡིན།། བདག་མེད་ཆོས་ལས་ལེགས་བྱུང་བའི།། བྱང་ཆུབ་སེམས་ནི་བརྟན་པ་ཡིན།། ཞེས་བཅོམ་ལྡན་འདས་རིན་ཆེན་ཏོག་གིས ་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱིས་རྡོ་རྗེ་མེ་ལྕེ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་ཀྱི་སེམས་འདི་གསུངས ་སོ། དངོས་པོ་སྐྱེ་བ་མེད་པ་སྟེ།། དངོས་པོ་ངོ་བོ་ཡོད་མིན་པས།། ནམ་མཁའི་གོ་འཕང་ཐོབ་པོ་ཞེས།། དངོས་རྣམས་རབ་ཏུ་བརྗོད་པ་ཡིན།། ཞེས་བཅོམ་ལྡན་འདས་འོད་དཔག་མེད་ཀྱིས ་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་མའི་ཡང་བླ་མའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཆོས་རྣམས་རང་བཞིན་འོད་གསལ་བ།། གཟོད་ནས་དག་ཅིང་རྙོག་པ་མེད།། སེམས་ཅན་མེད་ཅིང་སྲོག་ཀྱང་མེད།། སངས་རྒྱས་ཉིད་དང་བྱང ་ཆུབ་མེད།། རྨི་ལམ་སྒྱུ་མ་ལྟར་སྣང་བའི།། བྱང་ཆུབ་སེམས་ནི་བརྟན་པ་ཡིན།། ཞེས་བཅོམ་ལྡན་འདས་དོན་ཡོད་གྲུབ་ཀྱིས་གསུངས་སོ།། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་བྱམས་པ་ལ་སོགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ། ་ཐོབ་ནས་ངོ་མཚར་སྐྱེས་པར་གྱུར་ཏེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། ཀྱེ་མའོ་སངས་རྒྱས་ཀྱི་མའོ་ངག། ཀྱེ་མའོ་ཆོས་ནི་བསྟན་པ་རྣམས།། བདག་མེད་ཆོས་ལས་ལེགས་བྱུང་བ།། བྱང ་ཆུབ་སེམས་ཁྱོད་ཕྱག་འཚལ་ལོ།། བྱང་ཆུབ་སེམས་ཀྱི་སྐོམ་པ་ཡི།། མི་གཡོ་ཡི་གེ་ལས་བྱུང་ཞིང་།། རྨི་ལམ་ལ་སོགས་མ་སྐྱེས་པ།། བྱང་ཆུབ་སེམས་ཁྱོད་ཕྱག་འཚལ་ལོ།། གནས་དང་། ་སྟན་ནི་རྣམ་བསམས་ཏེ།། སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ནས།། དང་པོར་རང་བཞིན་དག་གོ་ཞེས།། དག་པའི་ཆོས་ཀྱི་ཚུལ་ལ་གནས།། ཡིད་ཀྱིས་ཧཱུཾ་བྱས་རྡོ་རྗེ་ཅན།། རྡོ་རྗེ་སེམས་མས་བྱིན་གྱིས ་བརླབ།། རིན་ཆེན་ལུས་སུ་ང་རྒྱལ་བྱ།། ལག་པ་སྟོང་དེ་བསྐོར་བ་ནི།། ལྕགས་ཀྱུ་ཡིས་ནི་སྤྱན་ཡང་དྲང་།། བྱིན་ནས་དྲང་པོར་ཕྱོགས་བཅིང་སྟེ།། དམ་ཚིག་མཆོག་ཀྱང་དབུལ་བར་བྱ།། གདན་རྣམས ་སོ་སོར་ཕུལ་ནས་སུ།། མཆོད་ཡོན་འབུལ་བའི་སྦྱོར་བ་བྱ།། དབང་བསྐུར་མཚོ་མམགོ་ཆ་སོགས།། སིལ་སྙན་མཆོད་སོགས་ངོ་བོ་བྱ།། རྣམ་པ་ཀུན་གྱིས་མཉེས་བྱ་བ།། རྣལ་འབྱོར་བདག་ཉིད་ཅན་གྱི ་བདག། རྣལ་འབྱོར་རྣམ་གསུམ་ཤེས་བྱ་སྟེ།། བྱིན་གྱིས་བརླབས་དང་ཡོངས་བརྟགས་དང་།། གཟུགས་ཉིད་ཡོངས་སུ་རྫོགས་པ་དག། རྣལ་འབྱོར་ཡིན་ཞེས་སངས་རྒྱས་གསུངས།། སྔགས་ཀྱིས ་བྱིན་བརླབས་ང་རྒྱལ་བསྐྱེད།། རྣལ་འབྱོར་བྱིན་རླབས་ཡིན་པར་གསུངས།། བྱང་ཆུབ་སེམས་ནི་དག་པ་དང་།། གསང་སྔགས་ས་བོན་སྐྱེ་བ་ཆེ།། ཕྱག་རྒྱ་ཚོགས་སུ་བརྟག་པ་ཡི།། རིམ་གྱིས་གཟུགས། ་ཀྱི་རྫོགས་བྱ་བ།། དེ་ནི་བརྟགས་པས་བརྗོད་པ་སྟེ།། རྣལ་འབྱོར་ཆོ་ག་ཡིན་པར་གསུངས།། བསྡུ་དང་སྤྲོ་བར་བྱ་བ་ལས།། རྣམ་པའི་མཆོག་ཀུན་ལྡན་པ་དང་།། སྐད་ཅིག་ཡེ་ཤེས་ཀྱིས་རྫོགས་པ། ་རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ།། དང་པོར་དམ་ཚིག་བྱིན་བརླབས་པར།། རྣལ་འབྱོར་རིག་པ་དག་གིས་བརྟག། རབ་ཏུ་རྫོགས་པར་བྱ་བ་དག། འདི་ནི་རྣལ་འབྱོར་ཆོ་གར་བཤད།། ཉོན་མོངས་དྲི ་མར་བཅས་པའི་སེམས།། བྱང་ཆུབ་སེམས་ཀྱིས་དག་བྱ་སྟེ།། དེ་ནི་རང་བཞིན་དག་པའོ་ཞེས།། བརྗོད་ཅིང་ཐལ་མོ་གསུམ་གྱིས་སྦྱར།། དག་གྱུར་དེ་ནས་བློ་ཡིས་ནི།། སེམས་ལ་སོ་སོར་བརྟག་པར་བྱ།། ་སེམས་ལ་སོ་སོར་བརྟགས་ནས་ཀྱང་།། ཕྱི་རོལ་རང་བཞིན་སྟོང་པར་བྱ།། སེམས་ཙམ་ལ་ནི་གནས་ནས་སུ།། བྱང་ཆུབ་ཚོགས་ཀྱི་བག་ཆགས་དེས།། བསྒོམ་པར་བྱ་བའི་ངོ་བོ་དག། ཟླ་བའི་གཟུགས་སུ་རྣམ ་པར་བརྟག། དག་པའི་པདྨ་ལ་གནས་པ།། ཨོཾ་གྱི་མྱུ་གུས་བསྐྲུན་པ་ཡི།། ཡན་ལག་ཀུན་གྱི་མཚན་ཉིད་གཟུགས།། རྡོ་རྗེ་སྐུ་ནི་བསྒོམ་པར་བྱ།། ཨཱཿཞེས་བྱ་བའི་སྤྲོས་མེད་གསུང་།། སེམས་ནི་ཧཱུཾ་ཞེས་བྱ་བ་སྨྲབ། ་ཡི་གེ་གསུམ་གྱིས་བྱིན་བརླབས་ལུས།། སྙིང་ལ་གནས་པ་ཟླ་བའི་གཟུགས།། དེ་ལ་རང་གི་ཡི་གེ་ནི།། མདོག་གཟུགས་འོད་ནི་བྱེད་བསམས་ཏེ།། ང་རྒྱལ་བསྐྱེད་ནས་དེ་ལ་ནི།། རྡོ་རྗེའི་བདག་ཉིད་བདག་ཉིད་བརྗོད།། ་རྒྱན་ཀུན་ཡོངས་སུ་རྫོགས་པ་དང་།། འོད་ཀྱི་དཀྱིལ་འཁོར་གྱིས་བརྒྱན་པ།། ཆ་ཤས་ཀྱི་ནི་དྲ་བ་ཅན།། ཡེ་ཤེས་སེམས་དཔའ་རྫོགས་པར་བརྟག། དེ་འོག་ལག་པའི་ཕྱག་རྒྱ་ཡིས།། གོ་ཆ ་མཚོན་ཆ་ལ་སོགས་བྱ།། རྫོགས་སངས་རྒྱས་ལྔ་དབང་བསྐུར་ཏེ།། ཅོད་པན་འཕྲེང་བ་རྣམས་ཀྱིས་ཀླུབས།། དེ་ནས་དེ་འོག་སངས་རྒྱས་ཀྱི།། སྤྲུལ་པ་མཛད་པའི་སྒྱུ་མ་འཕྲོ།། ཡན་ལག་བཞི་པ་དཔུང་ལྡན་པའི། ་ཕྱོགས་བཅུར་ཁྲོ་བོ་བཅུ་དག་དང་།། བསྒྲིམས་མ་དང་ནི་ཏོག་ལྡན་མ།། མཚོན་ཆམ་དང་རྩེད་མོ་ཅན།། སྒྱུ་མའི་ཆ་བྱད་རྣམ་པའོ།། རྣམ་པར་འཕྲུལ་པ་བྱིན་གྱིས་བརླག། ཀུན་ལ་ཁྱབ་པར་བྱེད་པ་ཡི། ་སྣ་ཚོགས་དབུས་སུ་གཞག་ནས་ནི།། དེ་ཉིད་ཆེན་པོ་བདག་ཉིད་ལྔས།། ཕྱོགས་བཞི་འཁོར་ལ་ཁྱབ་བྱ་སྟེ།། དགའ་བས་དགའ་བྱེད་བཞི་ཡང་སྤྲོ།། ཏིང་འཛིན་ཀུན་གྱི་དགའ་བ་ལ།། འོས་པར་བྱེད་པའི ་སྔགས་པ་ཡིས།། འཁོར་ལོ་དང་ནི་རྡོ་རྗེའི་གཟུགས།། པདྨའི་གཟུགས་ལ་དེ་དག་ནི།། འཁོར་ལོ་ཀུན་ལ་པདྨ་ཡི།། ངོ་བོ་ཡིས་ནི་རོལ་པ་དང་།། ཨེ་ཞེས་བྱ་བ་འཕྲོ་བ་ལས།། མདོག་ལྡན་བདག་ཉིད་གཟུགས ་སུ་བྱ།། མཛེས་པའི་རྒྱན་རྣམས་ཀུན་ལྡན་པའི།། ཉིད་ཀྱི་གདན་ལ་བཞུགས་པར་ལྟ།། སྒེག་དང་གླུ་དང་གར་རྣམས་དང་།། རྒྱལ་མཚན་ལ་སོགས་ཚོན་དགྱེ་དང་།། སིལ་སྙན་མཆོད་པའི་རྣམ་པ་ནི།། སྣ ་ཚོགས་རྣམས་ཀྱིས་མཆོད་པ་བྱ།། རྣམ་པ་ཀུན་དང་ལྡན་པར་ནི།། བདག་ཉིད་ཀྱི་ནི་ལུས་བསྒོམས་ནས།། མྱུར་ཆེས་བྱ་བ་བུལ་བ་དང་།། མི་གསལ་གུག་ཁྱེད་ཉམས་པ་དང་།། རྟོག་པ་ངན་པ་རྣམ་པར་སྤངས། ་དེ་ནས་གསང་སྔགས་བཟླས་བརྗོད་བྱ།། བཟླས་པས་སྐྱོན་ལག་གཡས་ཀྱིས།། བསྒྲིམས་ནས་རྡོ་རྗེ་གསོར་ནས་སུ།། གཡོན་པས་དྲིལ་བུ་ལ་གསིལ་ཞིང་།། རྡོ་རྗེ་གླུ་ཚུལ་སྣ་ཚོགས་དང་།། བ་དན་ཚུལ་དུ་བྱས། ་པས་མཆོད།། བཟླས་པ་ཡིས་ནི་མཇུག་བརྟུལ་ནས།། གཤེགས་སུ་གསོལ་དང་རང་ཉིད་འགྲུབ།། ལུས་དང་ངག་དང་སེམས་བསྒོམས་ཏེ།། བརྟན་པོར་ཅི་བདེར་འགྲོ་བར་བྱ།། བར་ཆད་དུ་ནི་གྱུར་ནས ་ཀྱང་།། ཡི་གེ་བརྒྱ་པས་བྱིན་གྱིས་བརླབ།། དེ་ལྟར་བསྒོམས་པས་སྒོམ་བྱེད་པ།། རྡོ་རྗེ་ཐེག་པས་རབ་རྫོགས་པའི།། བྱང་ཆུབ་དེ་ནི་མྱུར་ཐོབ་ནས།། ཟླ་ཉི་དཀྱིལ་འཁོར་ལྟ་བུར་སྣང་།། སྣ་ཚོགས་ལས་ཀྱི ་ཐོབ་འདྲེན་ཅིང་།། རིན་ཆེན་རྒྱལ་མཚན་རབ་དགའ་བྱེད།། རྒྱལ་བྱེད་པདྨའི་གདུང་བརྒྱུད་ཅན།། གནས་ཆེན་འཇིག་རྟེན་དབང་ཕྱུག་འགྱུར།། དཔལ་ལྡན་རིག་སྔགས་ཀུན་གྱི་གཙོ།། དགའ་ཆེན་འདོད ་དགུར་ལྕགས་ཀྱུར་འགྱུར།། སྒྱུ་མ་བཞིན་དུ་ཀུན་ཤེས་ཤིང་།། དྲེགས་པ་འཇོམས་བྱེད་ཁྲོ་བོར་འགྱུར།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། བྱང་ཆུབ་ཀྱི་སེམས་སྒོམ་པའི་ཡེ་ཤེས་སྒྲུབ་པའི་ལེའུ་སྟེ ་དྲུག་པའོ།། སྦྱིན་སྲེག་དེ་ཉིད་ལ་གནས་པའི།། མེ་ནི་ལྷ་ཡི་ཞལ་ཡིན་པས།། སྣ་ཚོགས་ལས་རྣམས་གྲུབ་བྱེད་པའི།། སྦྱིན་སྲེག་ལས་ནི་རབ་ཏུ་བཤད།། སྦྱིན་སྲེག་ལས་ནི ་ལྷ་རྣམས་ཚིམ།། ཚིམ་པར་གྱུར་ན་དངོས་གྲུབ་སྟེ།། གསང་སྔགས་ལྷག་ཆད་གང་ཡིན་པ།། ཐམས་ཅད་སྦྱིན་སྲེག་དག་གིས་བསྐོངས།། དེ་ཕྱིར་སྐུ་གསུང་ཆོས་མཆོག་གིས།། སྦྱིན་སྲེག་རབ་ཏུ་བསྔགས ་པར་མཛད།། ནུབ་ཤིང་ལས་ནི་བྱུང་བའི་མེ།། དགེ་བ་ཡི་ནི་ལས་རྣམས་བྱེད།། གདོལ་པའམ་དུར་ཁྲོད་བྱུང་བ་ཡི།། མེ་ནི་ལས་རྣམས་རབ་ཏུ་སྒྲུབ།། ཐབ་ཁུང་ཟླུམ་པོ་གྲུ་བཞི་དང་།། ཟླ ་གམ་དང་ནི་ཟུར་གསུམ་དང་།། དཀྱིལ་འཁོར་གྱི་ནི་ཁ་ཁྱེར་ལ།། རྡོ་རྗེ་མཚན་མ་དག་གིས་བརྒྱན།། སྦྱིན་སྲེག་དེ་ཉིད་ཚུལ་རིགས་པས།། ཐབ་ཁུང་རྣམས་ཀྱི་དབུས་སུ་ནི།། པདྨའི་སྟེང་གནས་གཙུག་ཏོར་དང་། ་རྡོ་རྗེ་རིན་ཆེན་པདྨ་གཞག། ཇི་ལྟར་དམིགས་པས་འདུག་ནས་སུ།། ལག་གཉིས་པུས་མོའི་བར་བཞག་སྟེ།། དགང་གཟར་མར་གྱིས་བཀང་ནས་ནི།། བླུགས་གཟར་བཀང་སྟེ་དེ་བཞིན་སྲེག། སྦྱིན་སྲེག་ལ་དགོས། ་གཡས་སུ་གཞག། གཡོན་དུ་ཆུ་ཡི་སྣོད་དགང་ངོ་།། ལས་ཀུན་བྱེད་པས་བཟླས་ནས་སུ།། བསང་གཏོར་དང་ནི་འཐོར་འཐུང་བྱ།། ཀུ་ཤ་རྩེ་མོ་རྣོན་པོ་ཡིས།། ཐབ་ཁུང་ཁོར་ཡུག་བསྐོར་བར་བྱ།། མ་ནི ་འབར་བར་ཤེས་པ་དང་།། གཡས་པ་མི་འཇིགས་ཐོབ་སྤྱོད་ཅིང་།། གསང་སྔགས་འདིས་ནི་ཆོ་ག་བཞིན།། མེ་ཡི་ལྷ་ནི་སྤྱན་དྲང་ངོ་།། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཡི།། ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག ་སྲེག་བླུགས་ཞལ་ཟས་བཞེས་ནས་ཀྱང་།། འདི་ཉིད་དུ་ནི་བཞུགས་སུ་གསོལ།། ཨོཾ་ཨགྣ་ཡེ་ཨཱ་དི་བྱཱ་ཨཱ་བི་ཤེ་ཨཱ་བི་ཤཾ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བཱ་ཧཱ་ནཱ་ཡ་སྭཱ་ཧཱ། ཕྱག་གཡོན་རྡོ་རྗེ་བསང་གཏོར་ཏེ། ་མཆོད་ཡོན་མཆོད་པ་རྣམ་ལྔ་དབུལ།། མེ་ཡི་ཕྱོགས་ནས་བོས་པ་ཡིན།། གསུས་པོ་ཆེ་ལ་མིག་གསུམ་པ།། གདོང་བཞི་པ་ལ་ལག་བཞིར་ལྡན།། མདོག་དམར་རལ་པའི་ཐོར་ཙུགས་ཅན།། མེ་ཡི་དཀྱིལ ་འཁོར་ལ་གནས་ཤིང་།། ལས་ཀྱི་འོད་ཟེར་རྣམས་ཀྱིས་བརྒྱན།། ལག་པ་དང་པོ་མཆོག་སྦྱིན་ལ།། གཉིས་པ་ན་ནི་སྔགས་ནོར་འཕྲེང་།། གཡོན་པ་རིལ་བ་སྤྱི་བླུགས་ཏེ།། གཉིས་པ་ན་ནི་བེ་ཅོན ་ཉིད།། མདོག་དམར་རྒྱན་ནི་མེད་པ་ལ།། དྲང་སྲོང་རྣམས་ཀྱིས་ཡོངས་བསྐོར་བ།། འདི་ལྟའི་གཟུགས་ནི་བསམས་ནས་ཀྱང་།། ཐབ་ཀྱི་དབུས་སུ་བཞུགས་སུ་གསོལ།། དེ་ལ་སྦྱིན་སྲེག་ལ་དགོས་པ། ་ཀུན་ལ་ལན་གསུམ་སྲེག་བླུགས་དབུལ།། དེ་ནས་འཐོར་འཐུང་བྱས་ནས་སུ།། འབར་བའི་རྣམ་པར་བསྒྱུར་བར་བྱ།། རིམ་པ་འདི་ཡི་ཚུལ་གྱིས་ནི།། མཁས་པས་ལྷ་རྣམས་ཚིམ་པར་བྱ།། ལེགས ་པར་ཚིམ་བྱས་བཟོད་གསོལ་ཏེ།། འདོད་པའི་དངོས་གྲུབ་གསོལ་བ་གདབ།། བུམ་པ་རྒྱལ་མཚན་རྡོ་རྗེ་གདུགས།། པདྨའི་ལྕགས་ཀྱུའི་རྣམ་པ་དང་།། མེ་ལྕེ་མདོག་དཀར་སྣང་བ་དང་།། འཁྱིལ ་བའི་མཚན་མས་མཁའ་ལས་བརྟག། དེས་ནི་མྱུར་དུ་འབྱུང་འགྱུར་བ།། བསྒོམ་དང་བཟླས་ལ་འབད་པར་བྱ།། ཞི་དང་རྒྱས་དང་དབང་ལ་ནི།། ཨོཾ་ཞེས་པ་དང་སྭཱ་ཧཱ་མཐར།། དབྱངས་ཀྱི་རྒྱུད་ནི ་སྲིང་བ་ནི།། བར་ཆད་མེད་པའི་དབྱངས་ཀྱིས་སྦྱར།། ཞི་བའི་སེམས་ནི་ཞི་བ་ལ།། འབྱོར་པས་རྒྱས་པ་མངོན་པར་སྤེལ།། དྲེགས་བདེ་སྟབས་ཚུལ་བཅས་པ་དང་།། དབང་དུ་གྱུར་པས་དབང་དུ ་བྱའོ།། དྲག་ཤུལ་སྤྱོད་ཚུལ་ལ་གནས་པ།། ཧཱུ~ཾ་ཞེས་པ་དང་ཕཊ་དང་བཅས།། ལུས་ནི་མེ་ལྕེ་འབར་བ་དང་།། འཇིག་རྟེན་གསུམ་པོ་བཟར་བསམས་ནས།། བསྐུལ་བའི་ཚིག་དང་སྤེལ་བ་ཡི།། གསང ་སྔགས་ཡི་གེ་ངེས་པར་སྦྱོར།། སྔགས་གྲུབ་ཆོག་ཤེས་པ་ཡིས།། སྦྱིན་སྲེག་ཆོ་ག་ཐམས་ཅད་ལ།། སྣ་ཚོགས་ལས་དང་ལྡན་པ་ཡི།། ཡང་དག་ཡིན་པར་མཆོད་པར་བྱ།། སྦྱིན ་སྲེག་དེ་ཉིད་ལ་བསྐུལ་ཞིང་།། དང་པོ་དགང་བླུགས་སྲེག་ཅིང་དབུལ།། ཕྱིས་ནི་རིམ་བཞིན་རྣམ་པར་སྤེལ།། ཞི་དང་རྒྱས་དང་དབང་རྣམས་ལ།། དགེ་པའི་རྫས་རྣམས་སྦྱིན་སྲེག་བྱ།། བཤང་གཅི ་ཁྲག་རྐང་རུས་པ་དང་།། ཤ་ཆེན་དག་ཀྱང་སྦྱིན་སྲེག་བྱ།། ཅི་སྟེ་ཡེ་ཤེས་སེམས་དཔའི་ཞལ།། མི་གཙང་བ་ཡིས་བཀང་ན་གོ། ཇི་ལྟར་སྡིག་པ་སྐྱེ་མི་འགྱུར།། གལ་ཏེ་སྡིག་འགྱུར་འབྲས་བུ་གང་། ་སེམས་ཅན་མི་ཤེས་པས་རྨོངས་པ།། ཐབས་དང་ཤེས་རབ་རྣམ་སྤངས་ཤིང་།། ཕྱི་རོལ་དངོས་ལ་མངོན་ཞེན་པ།། རྣམ་རྟོག་དྲ་བས་བླུགས་བྱས་གང་།། དེ་དག་གིས་ནི་དགེ་སྡིག་གི་ག་ཕུང་པོ་གཉིས་སུ།། ་རྣམ་པར་བརྟགས།། ཆོས་འདི་རང་བཞིན་གྱིས་དག་སྟེ།། སྐྱེ་བ་མེད་ཅིང་གནས་མེད་ཀྱང་།། སེམས་ཅན་ཤེས་པ་སྤེལ་བའི་ཕྱིར།། སངས་རྒྱས་རྣམས་ཀྱིས་ཐབས་སུ་བསྟན།། དམ་པའི་དོན་དུ ་དགེ་སྤངས་ནས།། བསོད་ནམས་མིན་པ་ཅི་ཞིག་སྨོས།། དཔེར་ན་མི་གང་ཆུ་ཀླུང་གི། ཕ་རོལ་འགྲོ་བའི་སེམས་ཅན་དག། རྩཝ་དང་ཤིང་ལ་སོགས་བསྡུས་ནས།། ཆུ་ལ་རྒལ་བའི་གཟིངས་བྱས་ཏེ། ་དེ་ལ་འཇུག་སྟེ་ལེགས་བརྒལ་ནས།། བོར་ཏེ་བདེ་བར་འགྲོ་བ་ལྟར།། དེ་བཞིན་འཁོར་བའི་ཕ་རོལ་གྱི།། ཆོས་ཀྱི་ལམ་ནི་བསྐྱེད་བྱས་ཀྱང་།། ཆོས་དང་ཆོས་མིན་རྣམ་སྤངས་ནས།། བྱང་ཆུབ་བདེ་བ ་ཐོབ་པ་ནི།། དེ་ཕྱིར་རྣམ་རྟོག་རྣམ་སྤངས་ལ།། ཟབ་མོ་ཡི་ནི་ཆོས་སྤེལ་ཏེ།། དེ་བཞིན་གཤེགས་པས་གསུངས་རྣམས་ལ།། སྔགས་རིག་རྣམ་རྟོག་མ་བྱེད་ཅིག། རྣམ་རྟོག་རྨོངས་པ་ཆེན་པོ་སྟེ།། ་འཁོར་བའི་རྒྱ་མཚོར་ལྟུང་བྱེད་པས།། ནམ་མཁའ་ལྟ་བུར་དྲི་མེད་པའི།། རྣམ་པར་མི་རྟོག་ཏིང་འཛིན་གནས།། དབང་པོ་གཉིས་ནི་མཉམ་སྦྱར་ཏེ།། ལུས་དང་ངག་དང་སེམས་བསྡུས་ནས།། ་ངའོ་སྙམ་པས་གཟི་སྐྱེད་ལུས།། རྣམ་པ་ཀུན་གྱིས་རྣམ་བརྒྱན་ན།། རྣལ་འབྱོར་ལྡན་པས་ཚེ་འདི་ལ།། ཡེ་ཤེས་རྫོགས་པ་ཉིད་དུ་འགྱུར།། ལས་ལས་བྱུང་བར་བསྟན་པ་ཡི།། སྐྱེས་པ་བུད་མེད། ་གཟུགས་མང་ལ།། མཉེས་པ་ཉིད་དུ་མི་བྱ་འདི།། རྡོ་རྗེ་ལུས་ཅན་དམ་ཚིག་ཡིན།། ངན་རྟོག་བཟང་རྟོག་དྲ་བ་ཡི།། སེམས་ཀྱིས་སེམས་ཅན་རྣམས་ལ་ནི།། སྣ་ཚོགས་གདུང་བས་སུན་མི་འབྱུང་།། ་རྡོ་རྗེ་དང་ལྡན་དམ་ཚིག་ཡིན།། སྲེད་པས་བསྐྱེད་རྩུ་བ་ཕྲ་མ་ཡི།། ཚིག་དག་རྣམ་པར་མི་སྨྲ་ཞིང་།། མཉན་ན་བདེ་བ་བྱེད་པ་འདི།། རྡོ་རྗེ་ངག་ཅན་དམ་ཚིག་ཡིན།། རྣམ་པར་སྣང་མཛད་ཆེན་འཁྲུག ་མཆོག་ག་ཤ་ཡི་ཁམས་ལ་གནས་པ་ཡིན།། རྐང་ལ་མི་འཁྲུགས་པ་རྒྱས་པ་སྟེ།། ཁྲག་ལ་རིན་ཆེན་འབྱུང་བ་གཙོ།། སེམས་ཅན་རྣམས་ཀྱི་རུས་ཕུང་གི། རུས་གོང་ལ་ནི་འོད་དཔག་མེད།། རྩ་ཡི ་ཚོགས་རྣམས་རྣམ་འབྲེལ་ལ།། ཐུབ་པ་སྐྱེས་མཆོག་དོན་ཡོད་ལ།། དམ་ཚིག་ཤེས་པ་རྣམས་ལ་ནི།། གསང་ཆེན་པ་ཡིས་བསྟན་པ་འདི།། བློ་ལྡན་རྡོ་རྗེ་རྣམས་ཀྱིས་ནི།། རྟག་ཏུ་བསྟེན་ཅིང་བསྒོམ་པར་བྱ། ་འདོད་ཆགས་དེ་བཞིན་གཏི་མུག་རྨོངས།། སྲེད་དང་འདུ་བྱེད་རྣམ་སེལ་བའི།། ཆོས་ནི་རྣམ་པ་ལྔ་པོ་འདི།། ཐུབ་པ་སྐྱེས་མཆོག་རྣམས་ཀྱིས་གསུངས།། བཤང་གཅི་ཁུ་ཆུ ་མཆིལ་མ་ཁྲག། འཛག་པ་འབྱུང་བ་བཞིས་བསྡུས་པ།། སྒོམ་པའི་བློ་གྲོས་རྟོགས་པ་ཡིས།། དམ་ཚིག་བརྟན་པར་བྱ་བ་སྟེ།། རྟག་ཏུ་བཟའ་ཞིང་སྦྱིན་པར་བྱ།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས།། ་སྦྱིན་སྲེག་གི་ལེའུ་སྟེ་བདུན་པའོ།། དེ་ནས་གཞན་ཡང་བཤད་བྱ་བ།། འགྲོ་བ་མི་ཤེས་མུན་བསལ་ཕྱིར།། ཡེ་ཤེས་ཉི་མ་ཤར་བ་ལས།། དགེག་པུ་མུན་པ་བསལ་ཚུལ་གསུངས ་གཤིན་རྗེ་གཤེད་ལ་སོགས་པ་ཡི།། མདོག་དང་ཕྱག་མཚན་ལ་སོགས་པ།། དེ་ཀུན་མངོན་དུ་རྒྱས་པ་རུ།། བྱེ་བྲག་གིས་ནི་རྒྱས་པར་བསྟན།། དེ་ནི་ལས་ཀྱི་ཁྱད་པར་གྱི།། དབང་དུ་བྱས་པ་ཁྲོ་བོ་ཚོགས།། ་གཞན་དུ་མ་གསུངས་གང་ཡིན་པ།། དེ་དག་འདི་རུ་བཤད་པར་བྱ།། བྲུཾ་གྱི་ཡེ་ཤེས་ལས་བྱུང་བ།། གཙུག་ཏོར་གཟི་བརྗིད་ཕུང་པོ་སྟེ།། ཞལ་གསུམ་སེར་པོ་མདངས་དང་ལྡན།། ཕྱག་དྲུག་ཉི་མ་ལ་སོགས་པ། ་འཛིན་ཅིང་སྐྱིལ་མོ་ཀྲུང་བཅས་པ།། རལ་པའི་གཙུག་ཏོར་གྱིས་བརྒྱན་ཅིང་།། འཇིག་རྟེན་ཁམས་ཀུན་འཁྲུག་བྱེད་པའི།། གཟུགས་ཀྱི་སྤྲོས་པས་ནམ་མཁའི་གར།། རིག་མས་སྐུ་ལ་རབ་འཁྱུད་པས།། ཆགས ་ཕྱིར་སྤྲོ་བའི་རྩོལ་བ་ཅན།། འདི་འདྲ་སྒོམ་པར་བྱེད་པ་ལ།། བགེགས་ཀྱིས་གནོད་པ་ཡོད་དགོས།། སྐྱོན་མེད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཡང་ནི་བྲུཾ་གྱི་ཡེ་ཤེས་ལས།། བྱུང་བ་སྔགས་ཀྱི་འཁོར་ལོ་ཅན། ་ཞལ་གསུམ་གསེར་འདྲ་མདངས་པོ་ཆེ།། ཕྱག་དྲུག་འཁོར་ལོ་ལ་སོགས་པ།། རལ་པའི་གཙུག་ཏོར་གྱིས་བརྒྱན་པ།། འཛིན་ཅིང་སྟག་གིས་སྨད་གཡོགས་ཏེ།། གཟོད་པའི་འཕྲེང་བས་སྲུལ་བརྒྱན།། རིག་མ་དང་ལྡན ་ཆགས་པ་པོ།། འཇོ་སྒེག་ཉམས་ཀྱི་སྦྱོར་བ་མཛད།། འདི་སྒོམ་སྤྲོ་བར་བྱེད་པ་ལ།། ཉིན་དང་མཚན་དུ་རྡོ་རྗེ་སེམས།། འཁོར་བཅས་གནས་སུ་བྱོན་ནས་སུ།། རྟག་ཏུ་སྲུང་བ་ཉིད་དུ་བྱེད།། བཀའ་བཞིན་བྱེད ་པས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་བཞིན་བྲུཾ་གྱི་ཡེ་ཤེས་ལས།། བྱུང་བའི་ཁྲོ་བོ་གཙུག་ཏོར་རྒྱལ།། ཞལ་གསུམ་སེར་པོ་མདངས་དང་ལྡན།། ཕྱག་དྲུག་ལྕགས་ཀྱུ་ལ་སོགས་པ།། འཛིན་ཅིང་སྤྲུལ ་གྱིས་ཡང་དག་བརྒྱན།། འོག་ཏུ་བགེགས་ཀྱི་གཙོ་མནན་ནས།། གད་མོའི་སྒྲས་ནི་འདེབས་པར་བྱེད།། རལ་པའི་གཙུག་ཏོར་གྱིས་བརྒྱན་པ།། ཁྲོ་བོ་འདི་འདྲ་སྒོམ་བྱེད་པའི།། རྣལ་འབྱོར་གང་ལ ་སངས་རྒྱས་ཀྱི།། སྤྲུལ་པའི་བགེགས་ཀྱང་རླག་བྱེད་ན།། གཞན་མ་རྣམས་ནི་སྨོས་ཅི་དགོས།། སྙིང་འགུགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། བྲུཾ་ལས་ཡང་ནི་བྱུང་བ་ཡི།། གཙུག་ཏོར་དམ་ཚིག ་སྤྱོད་པ་ཅན།། ཞལ་གསུམ་གསེར་ཞུན་མདངས་ལྡན་པ།། ཕྱག་དྲུག་ཀ་པཱ་ལ་སོགས་པ།། འཛིན་ཅིང་སྣ་ཚོགས་རབ་ཏུ་འབར།། རལ་པའི་གཙུག་ཏོར་གྱིས་བརྒྱན་པ།། ཞབས་རྣམས་བསྒྱུར་ཞིང་རྣམ ་པར་འཕེན།། སྤྲོ་དང་བསྡུ་བའི་བློ་གྲོས་ཅན།། འདི་འདྲ་གང་ཞིག་སྒོམ་པ་ལ།། བི་ན་ཡ་ཀ་ལ་སོགས་པའི།། བགེགས་ཀྱིས་སྐབས་ནི་མི་རྙེད་ཕྱིར།། ཇི་བཞིན་རབ་ཏུ་བསྒོམ་པར་བྱ།། གཞན་གྱིས་མི ་ཐུབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། བྲུཾ་གྷི་ཡི་གེ་ལས་ཀྱང་བྱུང་།། མིང་གི་གཙུག་ཏོར་རྣམ་པར་མཐོང་།། ཞལ་གསུམ་གསེར་ནི་གཙོམ་འདྲ།། ཕྱག་དྲུག་ཏྲི་ཤཱུ་ལ་སོགས ་པ་འཛིན་ཅིང་སྲོག་སོང་སྟེང་ན་གནས།། རོལ་པའི་སྟབས་ཀྱིས་བགེགས་མཆུ་བཅིངས།། རལ་པའི་གཙུག་ཏོར་གྱིས་བརྒྱན་པ།། སངས་རྒྱས་སྤྲིན་ནི་སྤྲོ་བའོ།། གང་ཞིག་དེ་འདྲ་སྒོམ་བྱེད་པའི།། ་རྣལ་འབྱོར་དེ་ཡིས་གོ་ཆ་བགོས།། སྲ་བའི་ངང་ཚུལ་ཅན་ཡིན་པས།། བགེགས་ལུས་གང་གིས་མི་གཡོའོ།། བགེགས་ལས་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། བྲུཾ་གྱི་ཡེ་ཤེས་མཐུ ་ལས་བྱུང་།། གཙུག་ཏོར་རྣམ་པར་འཇོམས་པའི་མཆོག། ཞལ་གསུམ་གསེར་འདྲའི་ཉི་འོད་མཚུངས།། ཕྱག་དྲུག་རྡོ་རྗེ་ལ་སོགས་པ།། འཛིན་ཅིང་ཚེམས་ཀྱིས་སྨོས་མནན་ཏེ།། ཆགས་ལྡན ་རིག་མས་འཁྱུད་པའོ།། རལ་པའི་གཙུག་ཏོར་གྱིས་བརྒྱན་པ།། ཁྲག་ཅན་ལྗགས་ཀྱང་འདྲིལ་བ་སྟེ།། བླ་མེད་བྱང་ཆུབ་ཐོབ་འདོད་པ།། འདི་འདྲ་སྒོམ་པར་བྱེད་པ་ལ།། བསྐལ་པ་བརྒྱད་ཅུའི། ་བར་དུ་ཡང་།། བགེགས་ཀྱིས་གནོད་པ་ཡོང་མི་འོང་།། བགེགས་ཀྱི་སྟོང་པ་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཡང་ནི་བྲུཾ་གྱི་ཡེ་ཤེས་ལས།། ཡང་དག་བྱུང་བའི་སྐབས་དཀར་པོ།། ཞལ ་གསུམ་གསེར་ཞུན་ལྟ་བུར་གནས།། ཕྱག་དྲུག་གདུགས་ལ་སོགས་འཛིན་ཅིང་།། སྐྱབས་མེད་འཕོངས་པའི་སྐྱབས་མཛད་ཅིང་།། མ་ནིང་རྣམས་དང་ཟ་མ་ལ།། བུ་ནི་སྦྱིན་པར་བྱེད་པ་པོ།། རལ་པའི ་གཙུག་ཏོར་གྱིས་བརྒྱནཱ་པ།། རིམམ་དང་ལྡན་སུ་ཆེན་འདི།། རྣལ་འབྱོར་གང་གིས་སྐོམ་བྱེད་ཅིང་།། བཟླས་པ་རྩེ་གཅིག་ཏུ་བྱེད་ན།། བགེགས་ཀྱི་གནོད་པས་དེ་མི་བརྫི།། རིན་ཆེན་གྱི་སྐབས་རྡོ་རྗེ ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། རྣལ་འབྱོར་ཁྱད་པར་ཅན་གྱིས་ནི།། འདི་རྣམས་བྱང་ཆུབ་ཐོབ་པའི་ཕྱིར།། འཁོར་ལོ་གཙོ་བོར་རབ་བསྒོམས་ན།། རང་གི་བགེགས་ཀྱིས་ཡོང་མི་ཚུགས།། བྱང་ཆུབ ་སྙིང་པོ་དོན་གཉེར་བས།། འདི་འདྲའི་འཁོར་ལོ་ཅན་བསྒོམས་ན།། བསྒྲིམས་ནས་རྣལ་འབྱོར་བསྒོམས་པ་ཡིས།། རིང་པོ་མི་ཐོགས་འདོད་པ་འཐོབ།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་གཙུག་ཏོར་བྱུང་བའི་ལེའུ་སྡེ་བརྒྱད་པའོ།། ། དེ་ནས་ཡང་རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་འདུས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་དབང་ཕྱུག་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། འདི་ཡི་དཔལ་ནི་གང་ཞིག་ལགས།། རྡོ་རྗེ་དང་ནི་སྙིང་པོ་དང་།། དེ་བཞིན་རྒྱན་གྱི་དོན་ནི་ཅི།། ཀྱེ་ཧེ་མཆོག་དེ་བསྟན་དུ་གསོལ། ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་རྡོ་རྗེ་འཛིན་པས། དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འདི་ནི་ཐུན་མོང་མ་ཡིན་པའི།། གསང་བའི་རྒྱུད་དུ་རབ་སྦས་པ།། ཇི་བཞིན ་གནས་པའི་དེ་ཁོ་ན།། ཡང་དག་བསྟན་གྱིས་རྩེ་གཅིག་ཉོན།། ལུས་ངག་ཡིད་གསུམ་བདེ་དམ་པས།། ལྷ་མོ་ལས་ནི་བསྐྱེད་བྱ་སྟེ།། བྱང་ཆུབ་ཆེན་པོ་བདེ་བ་ཡིས།། ཚུལ་བཞིན་དུ་ནི་སྔགས་པས་བྱ། ་བསྐུལ་བའི་སྙིང་པོས་འདི་སྨྲ་སྟེ།། ཛཿཞེས་སྐད་ཅིག་སྐད་ཅིག་ཏུ།། རང་གི་གནས་ན་གནས་པ་ཡིས།། དེ་ཉིད་ལྷ་ཉིད་བསྐྱེད་པར་བྱ།། བཅུ་དྲུག་ཆ་དང་ཡང་དག་ལྡན།། ཟླ་བ ་གསང་བའི་ཐིག་ལེ་ལ།། མེ་ཏོག་དང་ནི་འདྲ་བ་ཉིད།། རླུང་གིས་ཕུལ་བས་བསྐྱེད་པར་བྱ།། དེ་བཞིན་བསྐྱོད་པས་བསྒྲུབ་པར་བྱ།། དེ་བཞིན་དུ་ཡང་བསྐུལ་བྱ་བ།། རྒྱུད་ཀྱི་འཕྲེང་ནི་འོད་གསལ ་བཞིན།། སྟེང་དང་མདུན་དུ་རྩ་གཉིས་ལས།། བཅུ་དྲུག་གནས་སུ་ཡང་དག་གནས།། དེ་ལས་སྙིང་དབུས་རབ་ཞུགས་ཏེ།། རླུང་གི་སྦྱོར་བས་ཕུལ་བྱས་པས།། སྟེང་དང་མདོག་རབ་མཛེས་རྫོགས་སྐུ།། ་བདག་གི་དཔལ་དུ་ཤེས་པར་བྱ།། དེ་ལས་བྱུང་བའི་དངོས་གྲུབ་ཆེ།། ནོར་བུ་ལ་གནས་རྟོག་བྲལ་བ།། ཐིག་ལེ་ཡིག་མེད་བསྡུས་པའི་སྐུ།། ལྷན་ཅིག་སྐྱེས་པར་ཤེས་པར་བྱ།། དེ་ལ་དེ་ཡི་གཟུགས ་ཀྱི་སྐུ།། ནམ་མཁའི་ཁམས་ཀུན་གང་བ་ཡི།། བྲལ་བའི་ཤེས་པས་དོན་བྱེད་པ།། གཞན་གྱི་དཔལ་དུ་ཤེས་པར་བྱ།། དེ་རྣམས་རྒྱུ་ལས་བྱུང་བ་ཡི།། ཡེ་ཤེས་ཤེས་རབ་ཤིན་ཏུ་གསང་།། གསང་བ ་རྣམ་པར་འགྲུབ་པ་ཡི།། རྡོ་རྗེ་སྙིང་པོའི་རྒྱན་ཅེས་བྱ།། ལྷ་མོ་ལས་བྱུང་བདེ་དང་ལྡན།། འཇའ་ཚོན་ལྷར་གསལ་རྒྱུད་དག་པ།། སྣང་བའི་སྐུ་དེ་མི་ཤིགས་པ།། རྡོ་རྗེ་ང་ཡིས་ཡང་དག་བསྒྲགས།། སྣང ་ཞིང་སྲིད་པའི་ཆོས་རྣམས་ཀུན།། བསྡུས་ཕྱིར་བསགས་པའི་སྐུ་དམ་པ།། རྟོག་བྲལ་རྒྱུད་དུ་སིམ་གནས་པ།། འབྱུང་ཕྱིར་སྙིང་པོ་ཞེས་སུ་བསྒྲགས།། ངག་དང་མ་དག་ཐམས་ཅད་ལ།། འཁོར་བ་ཇི་སྲིད ་པར་སྣང་བ།། གཉིས་ཀ་མཛེས་པར་བྱེད་པས་ན།། རྒྱུན་དུ་ཡང་དག་བསྒྲགས་པ་ཡིན།། དཔལ་དང་རྡོ་རྗེ་སྙིང་པོ་དང་།། རྒྱན་ཅེས་བྱ་བ་བཞི་པོ་ནི།། འབྲེལ་ཅིང་གྲུབ་པར་བྱེད་པའི་ཕྱིར།། རྒྱུད་ཅེས་བྱ་བར ་བཤད་པའོ།། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་།། བཞི་སྟོང་གི་ནི་གྲངས་སྙེད་ཀྱི།། མཚན་གྱི་དོན་ནི་འདི་དོན་དུ།། ཡང་དག་འདུས་པར་ངས་བཤད་དོ།། གཞན་དུ་དོན་ནི་མ་བསྒྲགས་པ།། བླ་མ་ལ་ནི་གུས་པ ་ཡི་སློབ་མ་ལ་ནི་མ་རྟོགས་པའི།། རྒྱུད་གཞན་དག་ཏུ་སྦས་པའོ།། དོན་འདི་ཡང་དག་མ་ཤེས་ན།། ཇི་སྙེད་དོན་ནི་བསམ་ཡས་པ།། ཤེས་ཀྱང་དེ་ཡི་འབྲས་བུ་མེད།། དེ་འདོད་མཉེས་བྱས་ཡང་དག ་བླང་དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཡེ་ཤེས་གསུམ་གྱི་མཚན་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་དགུ་པའོ།། རྟག་པར་མི་ཕྱོགས་སྨྲ་བ་དང་།། བླ་མ་སྤོང་བྱེད་བརྩོན ་པ་ལ་དམ་ཚིག་ཕྱིར་ནི་ཡོངས་བསྒྲལ་བྱ།། དེ་ཡི་ཤ་དྲག་ཀླད་པ་རྣམས།། དྲངས་ཏེ་ཚོགས་ཀྱི་སྟོན་མོ་བྱ།། དེ་ལྟར་མ་བྱས་སྡུག་བསྔལ་ཚོགས།། གཏི་མུག་ཅན་དེས་ཐོབ་པར་འགྱུར།། ནད་ཐམས་ཅད ་དང་ཁྲོས་ཆེན་དང་།། འཇིགས་དང་ཉེ་བར་འཆི་བ་ཡི།། བསྐལ་པ་གྲངས་མེད་བྱེ་བ་རུ།། སྡུག་བསྔལ་ཆེན་པོ་རང་རྙེད་ཅིང་།། འོ་དོད་འབོད་པས་སྦྲུལ་གྱིས་བརྒྱན།། བསྟིར་མེད་ཆེན་པོར་རྟག་པ་འགྲོ། ་དེ་བས་ལས་འདིས་རྒྱས་གདང་པོ།། བདག་ཉིད་རྡོ་རྗེ་མཁའ་འགྲོ་ཡི།། ཁྲོ་བོ་གཟུགས་ཅན་ཉིད་གྱུར་ནས།། ཨུཏྤལ་མཐིང་ཁ་འདྲ་བ་ཡི།། ཞལ་གསུམ་པ་ལ་ཕྱག་དྲུག་པ།། རྡོ་རྗེ་ཏྲི་ཤཱུ་ལ་ཕུར་བུ་དང་། ་ཐོད་པ་གྲི་གུག་འཁོར་ལོ་འཛིན།། མི་སྡུག་ཁྲོས་པ་ལྕེ་ལྔ་པ།། བསམས་ནས་དེ་འོག་ནམ་མཁའ་ལ།། བསྒྲུབ་བྱ་རྒྱས་པར་དམིགས་ནས་སུ།། རྡོ་རྗེ་ཕུར་བ་ལ་སོགས་པ། ་སེམས་ཅན་དཀྱིལ་འཁོར་གནས་པ་ལ།། སྒྲུབ་པོས་དེ་ཡི་ཉེས་པ་བསྒོ།། དེ་ནས་ཕྱག་མཚན་ཏྲི་ཤཱུ་ལ་དང་།། ཕུར་བུ་དྲག་པོ་མཆོག་དག་གིས།། མགོ་དང་སྙིང་ཁ་ལྟེ་བ་དང་།། རྐང་པ་གཉིས་དང་ལག་པ་ཡི། ་གནས་ལྔ་རབ་ཏུ་ཕུག་བྱ་སྟེ།། རྩེ་ལྔའི་འོད་ཟེར་ལྔ་པོ་ཡིས།། སྲིན་བུ་འཛའ་ལུ་ཀ་བཞིན་དུ།། ཁྲག་ཀུན་སྔགས་ཀྱིས་དྲངས་ནས་སུ།། ཐོད་པར་ཕབ་ནས་བཏུང་བར་བྱ།། དེ་བཞིན་ཤ་རྣམས་ཡང་བསྡུས་ནས།། ་བཟའ་བ་རུ་ནི་རབ་ཏུ་བརྟག། རུས་པ་རྣམས་ཀྱང་འཆོས་བྱས་ནས།། ཤེས་པ་རྡོ་རྗེ་པདྨར་སྦྱར།། འདི་ནི་དོན་གྲུབ་རབ་བྱེད་པས།། ཟླ་བ་ཕྱེད་ནི་ཚུན་ཆད་ཀྱིས།། རྡོ་རྗེ་འཛིན་པ་ཆེན་པོ་ཡང་།། འཆི་བར་འགྱུར། ་པར་གདོན་མི་ཟ།། རྡོ་རྗེ་གསང་བ་འདི་ལྟ་བུ།། བསྒྲུབ་བྱ་ལེགས་པར་བསྒྲུབ་བྱས་ནས།། ལས་ངན་དག་གིས་དེ་མི་འཁོར།། སངས་རྒྱས་སུ་ནི་སྐྱེ་བར་འགྱུར།། རྣལ་འབྱོར་དེ་ཡང་དེ་ཡི་མཐུས།། ཁྲོ་བོ ་མཁའ་འགྲོ་ཞེས་འགྱུར་ཏེ།། ཁམས་གསུམ་གསད་དང་གསོ་བ་དང་།། སེམས་ཀྱི་རྡོ་རྗེ་བརྟན་བྱས་ནས།། སྐད་ཅིག་ཙམ་དུ་བྱེད་པར་འགྱུར།། གསལ་བར་ནུས་པ་གདོན་མི་ཟ།། དཔལ་རྡོ་རྗེ་སྙིང་པོ ་རྒྱན་གྱི་རྒྱུད་ལས། རྡོ་རྗེ་མཁའ་འགྲོ་ཁྲོ་བོའི་སྦྱོར་བས་དགྲ་གསད་པའི་ལེའུ་སྟེ་བཅུ་པའོ།། དེ་ནས་གཞན་ཡང་བཤད་བྱ་བ།། འདོད་ཆགས་ཐབས་ཆེན་པོ་ཡི་རྒྱུད། ་གང་གིས་ལེགས་པར་ཤེས་ན་ནི།། ཚེ་འདི་དངོས་གྲུབ་སྦྱིན་པར་བཤད།། གསང་བ་འདུས་པ་སྟོང་ཕྲག་གཅིག། རྡོ་རྗེ་འཕྲེང་བ་འབུམ་ཕྲག་གསུམ།། དགོངས་པ་ལུང་སྟོན་སྟོང་ཕྲག་བཞི།། ལྷ་མེ ་བཞིས་ཞུས་བརྒྱ་བདུན་ཅུ།། ཨུ་དར་ཏན་ཏྲ་ཉིས་བརྒྱ་བརྒྱད།། དེ་ཡི་ཉེ་བར་བཤད་པའི་རྒྱུད།། དམ་ཚིག་ཆེན་པོ་ལྔ་བཅུ་ལྔ།། རྡོ་རྗེ་ལྔ་འདུས་སྟོང་ཕྲག་གཅིག། ཀུན་ལས་བཏུས་པ་འབུམ་ཕྲག ་གཅིག། མཉམ་ཉིད་རྣམ་རྒྱལ་ཉིས་བརྒྱ་བཅུ།། ཟླ་གསང་ཐིག་ལེ་སྟོང་བདུན་བརྒྱ།། རྡོ་རྗེ་ས་འོག་བརྒྱ་ཉི་ཤུ།། ཅོད་པན་རྡོ་རྗེ་བདུན་བརྒྱ་ལྔ།། ཁྲོ་ཟླ་ཐིག་ལེ་འདུམ་དྲག་ལྔ།། རྡོ་རྗེ་རྣམ་རྒྱལ་བརྒྱ་དགྲ། ་བརྒྱ་མཉམ་ཉིད་གསང་བ་སྟོང་ཕྲག་ལྔ།། རྡོ་རྗེ་གསང་རྒྱན་སྟོང་ཕྲག་ལྔ།། རྡོ་རྗེ་གསང་མཛོད་སྟོང་ཕྲག་བདུན།། ནོར་བུ་གསང་ཐིག་འབུམ་དྲག་གཅིག། སྣང་མཛད་སྒྱུ་འཕྲུལ་སྡོང་དང་བརྒྱ།། རྡོ་རྗེ ་སད་བརྒྱན་སྟོང་ཕྲག་གཅིག། རྡོ་རྗེ་ཐོད་པ་ཉིས་བརྒྱ་བརྒྱ།། དེ་ཉིད་བརྒྱ་སྟོང་བརྒྱ་སྟོང་བདུན།། དམ་ཚིག་མངོན་རྒྱན་སྟོང་ཕྲག་འབུམ།། འཇམ་དཔལ་དཔའ་བོ་འབུམ་ཕྲག་གཅིག། གསང་ཆེན་བསྡུས ་པ་བརྒྱ་ལྔ་བཅུ།། རིན་ཆེན་སྡོང་པོ་དགུ་བརྒྱ་བདུན།། དུས་ཀྱི་ཐིག་ལེ་བརྒྱ་བརྒྱད་ཅུ།། ལྷ་མོ་བསྟན་ཆོས་ལྔ་བརྒྱ་བདུན།། འདི་རྣམས་དགོས་པའི་བྱེ་བྲག་གིས།། ང་ཡིས་ཡང་དག་བསྟན་པར་བྱ།། ་འདི་ནི་གཉིས་པོ་འཁྱུད་པ་ཡི།། རྒྱུད་ཀྱི་དབྱེ་བ་བསྟན་པའོ།། དེ་བཞིན་དུ་ནི་ལག་བཅངས་དང་།། དགོད་དང་བལྟ་བས་ཤེས་པར་བྱ།། དེ་བཞིན་ཞེ་སྡང་གཏི་མུག་གི། རྒྱུད་རྣམས་ཀུན་ཀྱང་ཤེས་པར་བྱ།། ་མཁའ་འགྲོ་མ་ཡི་རྒྱུད་ཀུན་ཡང་།། འདི་ཡི་རིམ་པས་ཤེས་པར་བྱ།། ཕྱི་ནང་དབྱེ་བ་ཤེས་པ་ཡིས།། རྒྱུད་ཀྱི་དབྱེ་བ་ཤེས་པར་བྱ།། ནང་དུ་བསྟན་པ་བླ་མའི་ལས།། ཡང་དག་བླངས་ཏེ་བསྒྲུབ། ་པར་བྱ།། ཇི་བཞིན་གནས་པ་ལ་དགོངས་ཏེ།། བདེ་བར་གཤེགས་པས་རྒྱུད་ཀུན་བསྟན།། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད།། མཁའ་འགྲོ་མ་དང་མཁའ་འགྲོ་བ།། རྒྱུད་རྣམས་ཀུན་གྱི་ཕྱི་མོ་སྟེ།། གཞན་དུ་མ་བསྒྲགས་དོན་གང ་ཞིག། འདི་རུ་ཡང་དག་བསྟན་པ་སྟེ།། རྣལ་འབྱོར་གང་ཞིག་ལེན་པ་འམ།། སྒོམ་པར་བྱེད་དམ་འཆད་པ་འམ།། ཀློག་པར་བྱེད་པ་རྣལ་འབྱོར་ཆེ།། དེ་ཡང་ང་དང་འདྲ་བར་འགྱུར།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཐམས་ཅད་ཀྱི། ་དབྱེ་བའི་ལེའུ་སྟེ་བཅུ་གཅིག་པའོ།། ། དེ་ནས་གཞན་ཡང་བཤད་བྱ་བ།། སྣ་ཚོགས་མདོ་དང་རྒྱུད་རྣམས་ཀྱི།། སྡོམ་པ་ཡང་དག་ཤེས་འགྱུར་ན།། མཁའ་འགྲོ་ཆེན་པོར་འགྱུར་བར་བཤད། ་གང་གིས་ཉན་ཐོས་རབ་འབྱིན་པ།། སྤོང་བ་ལྷུང་བའི་བྱེ་བྲག་བཤད།། བསླབ་པ་དང་ནི་རྫས་གྲགས་ཀྱིས།། འདི་རུ་ཤེས་ཀྱང་ཡོངས་རྫོགས་བྱེད།། ཚུལ་ཁྲིམས་ཀྱི་ནི་བསླབ་པ་གསུམ།། དགེ་བའི་ཆོས་ནི་སྡུད་པ་དང་། ་སྡོམ་པ་ཉི་ཤུ་ལ་སོགས་དང་།། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས།། བྱང་ཆུབ་སེམས་དཔའ་རབ་འབྱིན་པ།། ལུས་ངག་ཡིད་གསུམ་རབ་བྱུང་བའི།། སྡོམ་པ་དེས་ཀྱང་མཁའ་འགྲོ་ཡི།། རྒྱུད་རྣམས་ཡང་དག་སྦྱོར་བར ་བྱེད་ཟླ་བ་སྙམ་དང་གཙང་སྦྲ་བསྡམ།། གྲོང་དང་གནག་ལྷས་ཐང་ལ་ཡང་།། ངག་ལུས་ཡིད་ཀྱིས་སེམས་ཅན་ལ།། གནོད་པ་དག་ནི་ལོང་མི་བྱེད།། དེ་བཞིན་གཤེགས་པའི་སྡོམ་པ་མཆོག། བླ་ན་མེད་པའི་བྱང་ཆུབ་སེམས། ་འགྲོ་བའི་དོན་བྱེད་བྱང་ཆུབ་སེམས།། བདེ་གཤེགས་ཐོབ་ཕྱི་རབ་ཏུ་གཟུང་།། རྡོ་རྗེ་མི་བསྐྱོད་རིགས་ཆེན་པོ།། རྡོ་རྗེ་དང་ནི་དྲིལ་བུ་དང་།། སློབ་དཔོན་ཡང་ནི་བཟུང་བྱས་པས།། དེ་ཡི་ཡོན་ཏན་ཐོད་པར་བྱེད།། རིན་ཆེན། ་ཏོག་གི་རིགས་མཐོན་པོ།། ཉིན་མོ་མཚན་མོ་ལན་གསུམ་དུ།། ཟང་ཟིང་མི་འཇིགས་ཆོས་དང་དབང་།། བྱིན་པས་དེ་ཡི་ཡོན་ཏན་འཐོབ།། པདྨོ་སྣང་བའི་རིགས་དག་ལ།། ཕྱི་དང་ནང་དང་གསང་བ་ཡི།། དམ་ཚིག་རབ ་ཏུ་གཟུང་བ་ཡིས།། བླ་མང་བྱང་ཆུབ་ཐོབ་པར་བྱེད།། རྔ་སྨེ་ལས་ཀྱི་རིགས་མང་ངོ་པོ།། དམ་ཚིག་དང་ནི་སྡོམ་པར་ལྡན།། བསྙེན་བཀུར་མཆོད་པ་སེམས་ཅན་དོན།། བྱས་པ་དེ་ཡིས་ཡོན་ཏན་ཐོབ།། སྲོག་མི་གཅོད་ཅིང ་གཡེམ་མི་བྱ།། མ་བྱིན་མི་རླང་བརྫུན་མི་སྨྲ།། ཕྲ་མ་འཁྱལ་པའི་ཚིག་རྩུབ་མོས།། སྨྲ་བར་མི་བྱ་བ་རྣབ་སེམས་དང་།། གནོད་སེམས་ལོག་པར་ལྟ་བ་རྣམས།། ནམ་ཡང་བྱ་བ་མ་ཡིན་ནོ།། དཀོན་མཆོག་གསུམ་ནི ་ཡོང་མི་སྤང་།། ལྷ་དང་བླ་མ་དེ་བཞིན་ནོ།། ཉེས་པ་ཀུན་གྱི་རྩ་བའི་ཕྱིར།། ཆང་ཡང་རྣམ་པར་སྤང་བར་བྱ།། ཕྱག་རྒྱ་བཞོན་པ་མཚོན་ཆ་སོགས།། མཚན་མ་འམ་ནི་ལྷ་ཡི་གྲིབ།། འགོམ་དང་བཟའ་བར་མི་བྱ་བ།། དེ་ལ ་སོགས་པ་མཐའ་ཡས་པའི།། སྡོམ་པ་གང་དེ་གསུངས་པ་རྣམས།། འདི་རུ་དང་པོའི་ལས་ཅན་ལ།། དེ་ཡིས་ཡང་དག་འཇུག་པར་བྱེད།། ཐུན་མོང་མ་ཡིན་པས་ཕམ་པ།། བཅུ་བཞིར་གྲགས་པ་གང་འདི་ནི།། སྔགས ་པས་དོན་ཀུན་འགྲུབ་བྱེད་པས།། སྤང་ཞིང་དོར་བར་མི་བྱའོ།། སློབ་དཔོན་སྙིང་ནས་སྨོད་པ་དང་།། བདེ་གཤེགས་བཀའ་ལས་འདའ་བྱེད་དང་།། ཞེ་སྡང་གིས་ནི་མཆེད་སུན་འབྱིན།། བྱམས་སེམས་མེད་པར་སེམས ་ཅན་སྤངས།། བྱང་ཆུབ་སེམས་ཆེན་འདོར་བ་དང་།། བདག་གཞན་གྲུབ་པའི་མཐའ་སྨོད་བྱེད།། སྣོད་མི་རུང་ལ་གསང་བ་བསྟན།། རྒྱལ་བའི་བདག་ཉིད་ཕུང་པོ་སྨོད།། དག་པའི་ཆོས་ལ་སོམ ་བྱེདགསུམ་ལྡན་ཁྲོ་ལ་བྱམས་ལྡན་ཏེ།། སྟོང་པ་ཐལ་བྱུང་ལ་རྟོག་པ།། ངད་ལྡན་སེམས་ནི་སུན་འབྱིན་བྱེད།། དམ་ཚིག་དང་ལྡན་གཙོ་མི་བྱེད།། ཤེས་ལྡན་བུད་མེད་སྨོད་པར་བྱེད།། སྔགས་པས་དེ་དག་ཡོངས ་སྤངས་ན།། ངེས་པར་དངོས་གྲུབ་ཐོབ་པར་བྱེད།། དེ་ལ་སྔགས་པ་ཡོང་འདས་ན།། ངེས་པར་བདུད་དང་ཕྲད་པར་འགྱུར།། ནད་དང་སྡུག་བསྔལ་འཕེལ་འགྱུར་ཏེ།། བསྟིར་མེད་སྤྱིའུ་ཚུགས་དམྱལ་བར་འགྲོ།། སྦོམ ་པོ་ལྷུང་བྱེད་ཉེས་དམིགས་ཀྱང་།། དེ་དང་འདྲ་བར་ཤེས་པར་བྱ།། དམ་ཚིག་མི་ལྡན་རིག་མར་བསྟན།། ཚོགས་ཀྱི་འཁོར་ལོར་རྩོད་པར་བྱེད།། གསང་བའི་ཆོས་ནི་སྟོན་པ་དང་།། དད་ལྡན་རྣམས་ལ་གཞན་དུ་སྟོན།། ་ཉན་ཐོས་ནང་དུ་ཡུན་རིངས་གནས།། སྣོད་མི་རུང་ལ་གསང་བ་བསྟན།། ཁ་ན་མ་ཐོ་སྦོམ་འགྱུར་ཏེ།། སྔགས་པ་དེ་ཡི་དམ་སྡོམ་ཟད།། ཟད་པས་འགྲུབ་པར་ཡོང་མི་འགྱུར།། དེ་བས་ཉིན་རེ་ལན་གསུམ་དུ།། ཁ་ཏོན ་གྱིས་ནི་བཀླག་པར་བྱ།། དཀྱིལ་འཁོར་མཐོང་དང་ཞུགས་པ་དང་།། དབང་བསྐུར་བ་ལ་སོགས་ཚུལ་གྱི།། རྡོ་རྗེ་མཁའ་འགྲོ་ཐོབ་པ་བཞིན།། བྱང་ཆུབ་སེམས་དང་ཉན་ཐོས་དང་།། བྱང་དང་གཉིས་ཀ་རྣལ་འབྱོར ་རྒྱུད་དགོངས་གསུངས་རྣམས་ཀྱིས་དེ་ལྟ་མིན།། དེ་ལྟ་བས་ན་སྡོམ་པའི་མཆོག། ང་ཡིས་ཡང་དག་བསྟན་པར་བྱ།། དྲི་ཆེན་དྲི་ཆུ་རཀྟ་དང་།། ཤོས་དང་བྱང་ཆུབ་སེམས་རྣམས་ནི།། བཟའ་བའི་སྦྱོར་བས་ཡང་དག ་བཟའ།། ལྷོ་མི་ཡེ་ཤེས་མས་སྦྱངས་བྱེར།། ཕྱི་རོལ་ཟས་ལས་ཁྱད་པར་འགྱུར།། དེ་བཞིན་གླང་ཆེན་རྟ་ཤ་དང་།། བ་ལང་ཁྱི་ཤ་ཤ་ཆེན་རྣམས།། ཡེ་ཤེས་ལྔ་ཡི་ངོ་བོའི་ཕྱིར།། དགའ་བའི་སེམས་ཀྱིས་བཟའ། ་བར་བྱ།། དེ་བཞིན་སེམས་ཅན་གསད་པར་བྱ།། མ་བྱིན་པར་ཡང་བླང་བར་བྱའོ།། བུད་མེད་ཐམས་ཅད་འདོད་པ་སྤྱད།། བརྫུན་ཚིག་དག་ཀྱང་སྨྲ་བར་བྱ།། དེ་ལྟར་བྱས་པས་སངས་རྒྱས་དང་།། བྱང་ཆུབ ་སེམས་དཔའ་མཉེས་པར་འགྱུར།། སེམས་ཅན་རྣམས་ཀྱང་ཚིམ་ཞིང་དགའ།། དེ་བཞིན་རྣལ་འབྱོར་སྙིང་པོ་ཡིས།། སངས་རྒྱས་དང་ནི་བྱང་ཆུབ་སེམས།། རང་འདྲེན་ཉན་ཐོས་སྐུ་གཟུགས་སོགས།། རང ་ཉིད་དག་པ་གསུམ་སྦྱོར་བས།། ཕྱག་བྱས་ན་ནི་མི་རུང་འགྱུར།། ཀུན་ཏུ་རྡོ་རྗེ་སེམས་དཔའ་ཡི།། ལུས་ངག་ཡིད་ཀྱི་དཀྱིལ་འཁོར་ལས།། རང་ཉིད་བསམ་གཏན་གསུམ་སྦྱོར་བས།། དབྱེར་མེད་བློ་ཡིས་མི ་བྱའོ།། དཀྱིལ་འཁོར་དག་ཀྱང་མི་བྲིའོ།། གླེགས་བམ་དག་ཀྱང་མི་བཀླག་གོ།། མཆོད་རྟེན་ལས་ཀྱང་ཡོང་མི་བྱ།། ལག་པའི་ཕྱག་རྒྱ་རྣམས་ཀྱང་སྤང་།། ཉིན་རེ་ཞིང་ནི་དུས་བཞི་རུ།། བུ་མོ་ལེགས་པར་གོམས། ་བ་ལས།། ག་པུར་ཙན་དན་ཁས་བླངས་ཏེ།། ཆོ་ག་བཞིན་དུ་ལུས་འཁོར་མཆོད།། རོལ་མོའི་ཐབས་ནི་སྣ་ཚོགས་པ།། ང་ཡི་རྒྱུད་ལས་རབ་བསྟན་པས།། བཅུ་དྲུག་ཐིག་ལེ་ངལ་སོ་ལས།། སྔགས་ཀྱི་སྙིང་པོ ་བརྟག་པར་བྱ།། བླ་མ་དམ་པ་ཐུགས་རྗེ་ཆེས།། ཡང་དག་བསྟན་པ་ལ་དམིགས་པས།། ཕྱིན་ཅི་ལོག་ཁུར་ཡོངས་འདོད་དེ།། རྡོ་རྗེ་འཛིན་པ་ང་འདྲར་འགྱུར།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དམ་ཚིག་དང་། ་སྡོམ་པ་དབྱེ་བའི་ལེའུ་སྟེ་བཅུ་གཉིས་པའོ།། དེ་ནས་རོ་ལངས་ཆེན་མོ་ཡི།། སྒྲུབ་པ་ཡང་དག་བཤད་པར་བྱ།། སྒྲུབ་པོས་ལེགས་པར་ཤེས་གྱུར་ན། ་དངོས་གྲུབ་ཐོབ་པར་འགྱུར་བའོ།། ནག་པོ་ཡི་ནི་ཚེས་བརྒྱད་དང་།། ཡང་ན་བཅུ་བཞི་གང་ཡང་རུང་།། ཤིང་གཅིག་དུར་ཁྲོད་མ་མོ་འམ།། ཡང་ན་མི་མེད་གྲོང་བར་དུ།། སྔོན་དུ་སྒྲུབ་པའི་བདག་ཉིད་ཅན།། ལས་ཀུན ་འགྲུབ་པར་བྱེད་པ་སྒྲུབ།། མདའ་མཁན་མ་དང་སྨེ་ཤ་ཅན།། གདོལ་པ་མོ་དང་གར་མཁན་སོགས།། མདུན་གྱི་སོ་ལ་ལྷག་ཡོད་པ།། བྱད་དང་མདངས་ལྡན་རྨ་མེད་མ།། ལོ་ནི་སུམ་ཅུ་རྩ་གཉིས་བསྔགས།། ཡང་ན ་ཉི་ཤུ་རྩ་ལྔའོ།། ཡང་ན་ཆུ་དང་དང་པོར་སྐྱེས།། སྦྱངས་ནས་ཤི་བ་མ་སྦགས་པ།། ཡང་དག་བླངས་ཏེ་ཕ་བོང་སྟང་།། གཞན་ཡང་བུ་མོ་སྒྲ་བཟུང་སྟེ།། ལྷ་བཞད་དང་ནི་དབང་པོ་ལག། དཀར་པོ་དང་ནི་རི་སྒྲ་དང་། ་གྲུ་གནོན་ཆུ་ཡིས་བཀྲུ་བར་བྱས།། དེ་ནས་ཙན་དན་དཀར་པོ་ཡིས།། བུ་མོ་ལུས་བྱུགས་རྒྱན་དང་གོས།། ཡང་དག་བརྒྱན་ཏེ་མདུན་བཞག་ནས།། དཀྱིལ་འཁོར་འཇིགས་པ་བྲི་བྱ་སྟེ།། རྩ་སོགས་གསང་སྔགས་རབ ་ཏུ་བཟླ།། འབྱུང་པོའི་གཏོར་མ་ཡང་བྱིན་ཏེ།། ཤཱ་ན་ནག་པོ་མདངས་དང་ལྡན།། མྱོས་བྱེད་བསྲེགས་པ་རོ་ཡི་ཁར།། མཚན་གཅིག་ཐོག་ཐག་སྦྱིན་སྲེག་བྱ།། དེ་ནས་ཐོ་རངས་དུས་སུ་ཡང་།། ཁྲག་ཆེན་ཕྱོགས ་བཞིར་གཏོར་ནས་ནི།། མར་ཁུ་ཆེན་པོ་རོ་ལ་སྐུ།། དེ་ནས་རོ་དེ་ལངས་འགྱུར་ཏེ།། ཁྲོ་དང་ལྡན་པའི་ཨག་ཙར་གྱིས།། ས་གསུམ་མོ་ཡི་སྦས་འགེངས་བྱེད།། དེ་ཚེ་སྒྲུབ་པོ་སྐྲག་མི་བྱ།། མཱ་མ་ཀཱི་ལི་སྦྱོར་བ་སོགས། ་སྲུང་བའི་འཁོར་ལོས་བསྲུང་བར་བྱ།། སྐྲག་ན་དེ་མ་ཐག་ཏུ་གསོད།། དེ་ཚེ་སྲུང་བས་བསྲུང་བྱས་ནས།། བདག་ཉིད་ལངས་ཏེ་དེ་ཡི་རོར།། ཡུངས་ཀར་གྱིས་ནི་བརྡེག་པར་བྱ།། དེ་ནས་དེ་ནི་བབས་གྱུར་ཏེ། ་སྒྲུབ་པ་པོ་ཡི་མདུན་གནས་ནས།། བཀའ་ནོད་འདི་སྐད་སྨྲ་བར་བྱེད།། སེམས་ཅན་ཆེན་པོ་ཁྱོད་ཅི་འདོད།། བདག་ལ་ཡང་དག་བཀའ་སྩོལ་ཅིག། རལ་གྲི་མིག་སྨན་ས་འག་གས།། རྐང་མགྱོགས་དཔཞིན། ་བཅུད་ཀྱིས་ལེན།། མི་སྣང་འགུགས་པ་ལས་གང་དག། བདག་གིས་གཅིག་ཅིག་སྦྱར་བར་བྱ།། དེ་ནས་སྒྲུབ་པོ་དེ་ཡིས་ཀྱང་།། གང་འདོད་སྤྲས་ནས་ཅང་ཏེའུ་བརྡུང་།། དེ་ནས་རོ་ལངས་ཁ་དེ་ནས།། ་དུ་བ་འཐུལ་ཞིང་མེ་འབར་བ།། དེ་ནས་སྦྲུལ་ནག་ལྟ་བུ་རུ།། རོ་ཡི་ཁ་ནས་འབྱུང་བར་བྱེད།། དེ་དེ་སྒྲུབ་པས་ཁ་ཡིས་བླང་།། བྱུང་སྟེ་གསེར་གྱི་རལ་གྲིར་འགྱུར།། དེ་ཐོགས་ཚངས་པའི་འཇིག་རྟེན་ཁམས།། ་སྟེང་དུ་ངེས་པར་འགྲོ་བར་བྱེད།། དེ་བཞིན་ཀུན་ཏུ་འགྲོ་བར་བྱེད།། དེ་བཞིན་རྫས་ཀུན་གང་ལ་བསྟུན།། ཐམས་ཅད་གསེར་འགྱུར་རྩི་ལྟ་བུ།། དེ་བཞིན་ཐབས་སྒྲུབ་དེ་བྱས་ནས།། རོ་ནི་སྔ་མ་ཁོ་བཞིན ་འགྱུར་ཏེ།། དེ་ཡི་སྦྱིན་སྲེག་རབ་བྱས་ནས།། དཀྱིལ་འཁོར་ཡང་དག་ཚིམ་པར་བྱ།། དེ་བས་འདི་ནི་སྒྲུབ་པའི་མཆོག། དོན་ཀུན་ཡང་དག་འགྲུབ་བྱེད་པ།། ལས་ཐམས་ཅད་ཀྱི་གཙོ་བོ་སྟེ།། བཅོམ་ལྡན ་རྡོ་རྗེ་སེམས་དཔས་གསུངས།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། རོ་ལངས་ཆེན་མོའི་ལེའུ་སྟེ་བཅུ་གསུམ་པའོ།། ། དེ་ནི་ང་ཡི་སྒྲུབ་པོ་ཡི།། དངོས་གྲུབ་སློབ་དཔོན་ལས ་བྱུང་ཕྱིར།། རྒྱུད་རྣམས་ཀུན་ལས་གསུངས་པ་ཡི།། སློབ་དཔོན་བཀུར་བའི་ཆོ་ག་བཤད།། སློབ་དཔོན་མེད་པར་གྱུར་ན་ནི།། དངོས་གྲུབ་ཐོབ་པར་མི་འགྱུར་བས།། སློབ་དཔོན་གྲང་། ་དང་མཚན་ཉིད་ནི།། ཡིད་གཅིག་བསྡུས་ལ་མཉན་པར་གྱིས།། དམ་སྡོམ་གྱི་ནི་སྣོད་གཙང་ལ།། སློབ་དཔོན་མཚན་ཉིད་ཡོངས་རྫོགས་པར།། བྱེད་ཅིང་དང་པོ་ལས་འཇུག་པར།། བྱེད་པ་རྒྱུ་ཡི་སློབ་དཔོན་ནོ།། ་རི་བོང་འཛིན་པ་སྐུལ་བྱེད་ཅིང་།། དེ་ཡིས་སྒྲུབ་པོ་ཞིང་དག་ཅིང་།། ཡེ་ཤེས་སྒྱུ་མའི་སྣོད་རུང་བྱེད།། རྐྱེན་གྱི་སློབ་དཔོན་ཆེན་པོའོ།། ལྷན་ཅིག་ཉན་པར་གང་གྱུར་པ།། དེ་ལས་དགའ་བ་ཡང་དག་ཐོབ ་ཐོས་པས་ཡང་དག་རབ་མཐར་ཕྱིན།། ལྷན་ཅིག་བྱེད་པའི་སློབ་དཔོན་ནོ།། མི་འགྱུར་བྱམས་ལྡན་ཤེས་རབ་ཅན།། སྔགས་རྒྱུད་སྦྱོར་ཤེས་དཀྱིལ་འཁོར་མཁས།། དེ་ཉིད་བཅུ་ཤེས་ཐེག་ཆེན་དགའ། ་གསང་བཟུངས་ཐུབ་སློབ་དཔོན་ཡིན།། མིག་བཟང་ཡ་སོ་བཅུ་དྲུག་པ།། ཁུ་འཁྲིག་རྟོག་པ་ཡང་དག་སྤངས།། བླ་མ་དགའ་བ་དང་མོས་ཅན།། ཤིན་ཏུ་རྒྱན་གྱིས་རབ་བརྒྱན་པ།། དང་ལྡན་སྦྱོར་བ་ལ་གོམས་པ།། ་གཟུགས་བཟང་འདོད་ཆགས་ཀྱིས་མྱོས་བྱེད།། ཤིན་ཏུ་དུལ་བ་ཁྱད་པར་ཅན།། བསྐུལ་བའི་གནས་སུ་ཡང་དག་བླངས།། དགེ་དང་སྒོམ་པ་ལ་དགའ་བ།། རྟག་ཏུ་བླ་མ་ལ་གུས་པའི།། སློབ་མས་བླ་མ་འདི་ལྟར། ་བལྟ།། བླ་མ་སངས་རྒྱས་ཀུན་དང་མཉམ།། དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་།། དེ་བཞིན་གཤེགས་པ་རིན་ཆེན་འབྱུང་།། དེ་ནི་ཡེ་ཤེས་རྒྱ་མཚོ་ཆེ།། ཡིད་བཞིན་ནོར་བུ་རིན་ཆེན་སྦྱིན།། དེ་ཡི་ཡོན་ཏན་ཐམས་ཅད་གཟུང་།། ་སྐྱོན་ཀུན་སེམས་ཀྱིས་ཀྱང་མི་བསམ།། ཡོན་ཏན་གཟུང་ན་དངོས་གྲུབ་ཐོབ།། སྐྱོན་གྱིས་དངོས་གྲུབ་ཉམས་པར་བྱེད།། མཆོད་རྟེན་བཤིག་དང་སྡིག་འདྲའི་ཕྱིར།། དེ་ཡི་གྲིབ་མའང་མི་འགྲོམ་སྟེ།། སྟན་དང་ལྷྭམ་དང་། ་བནོན་པ་དང་།། འགོམ་པར་བྱ་བ་སྨོས་ཅི་དགོས།། རྒྱུ་བ་དང་ནི་མི་རྒྱུ་བའི།། མཆོག་ཀུན་དེ་ཡིས་སྤངས་པར་འགྱུར།། སློབ་དཔོན་སྤོང་བར་བྱེད་པ་དེ།། རྨི་ལམ་དུ་ཡང་མཐོང་མི་བྱ།། དེ་ནི་བགེགས་དང་ལོག ་འདྲེན་དང་།། རིམས་དང་སྨྱུག་དང་གཤིན་རྗེ་འཛིན།། འཆི་བར་རབ་ཏུ་འགྱུར་བ་སྟེ།། ངན་པ་གཏུམ་པོ་བླུན་ཆེན་ཏེ།། ཕྱོགས་བཞི་དག་ཏུ་སོང་གྱུར་ཀྱང་།། བློ་ལྡན་རྣམས་ཀྱིས་མི་སྲུངས་པར།། མདུང་ལ་སོགས ་པའི་མཚོན་ཆ་ཡིས།། ཁ་ན་མ་ཐོ་བྱེད་པ་བསད།། མདོ་སོགས་བསྟན་པའི་དམྱལ་བ་རུ།། སློབ་དཔོན་སྨོད་པར་བྱེད་པ་དེ།། གནས་པར་འགྱུར་བར་ང་ཡིས་བསྟན།། དེ་བས་བླ་མའི་ཞབས་དྲུང་དུ།། བག་མ ་བཞིན་དུ་ངོ་ཚ་སྲུང་།། གྲལ་དང་དགོད་པ་ལུད་པ་སོགས།། ཁལ་ལག་པས་བཀབ་ནས་སུ།། ཤིན་ཏུ་འཇམ་པར་སྨྲ་བར་བྱ།། མགོ་ཐོད་བཅིང་དང་ཚོན་དྲུག་པ།། བླ་མའི་དྲུང་དུ་མི་བྱའོ།། བྲེ་བརྡུང་བ་དང ་བཀམ་ཚིག་དག། ཟོས་པའི་ཡུལ་ནས་མི་བྱའོ།། མདུན་འགྲོ་བ་དང་རྐང་པ་བརྐྱང་།། ཡང་དག་ཉིད་དུ་མི་བྱའོ།། ལས་ནི་གང་དག་བྱེད་པ་འམ།། མཉན་པ་ལ་སོགས་འདོད་པ་ལ།། གཟུང་ཕྱིར་ཐལ་མོ་མ་བཤིག ་པར་གནས་ནས་ལངས་ཏེ་མཐོང་ཡུལ་དུ།། རྒྱབ་ཀྱིས་ཕྱོགས་པར་མི་བྱ་སྟེ།། མཚན་མོ་དང་ནི་ཆུ་རྒལ་དང་།། གཅོང་རོང་དག་ཏུ་གནས་གྱུར་ན།། བཀའ་ལུང་གཉེར་དུ་དགུམ་པའི་ཕྱིར།། མདུན་དུ་འགྲོ་བ ་ཉེས་མི་འགྱུར།། དེ་བས་ཐབས་ནི་ཐམས་ཅད་ཀྱིས།། རྡོ་རྗེ་འཛིན་པ་བླ་མ་མཆོག། རྗེས་སུ་འཐུན་པས་མཉེས་པར་བྱ།། དེ་མཉེས་སངས་རྒྱས་ཐམས་ཅད་མཉེས།། གང་གིས་སྤོང་། ་དཔོན་ཡང་དག་སྨད།། དེ་ཡིས་རྒྱུད་ཀུན་སྒྲུབ་པའི་མཆོག། གཉིད་དང་འདུ་འཛི་རྣམས་སྤངས་ཏེ།། བསྐལ་པ་སྟོང་དུ་ལེགས་བསྒྲུབས་ཀྱང་།། དམྱལ་སོགས་སྒྲུབ་པར་བྱེད་པའོ།། དེ་ཕྱིར་ཀུན་གྱིས་རབ ་བསྒྲིམས་ཏེ།། བསམ་པ་འབྲས་བུ་སྨིན་བྱེད་པའི།། སངས་རྒྱས་འབྲས་བུ་འདོད་པ་ཡིས།། སེམས་ཅན་དད་དང་ལྡན་པས་མཆོད།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། བླ་མ་བཀུར་བའི་ལེའུ་ས ་བཅུ་བཞི་པའོ།། ། རྡོ་རྗེ་པདྨོ་སྦྱོར་བ་ལས།། ཡང་དག་ཡེ་ཤེས་སྐྱེ་འགྱུར་བས།། སྒྱུ་མའི་མཆོག་ནི་བུད་མེད་དེ།། དེ་ཡི་མིང་དང་མཚན་ཉིད་བསྟན།། ཧ་སྟི་ནཱི་དང་ཤང་ཁི་ནཱི། ་ཀ་མ་ལཱ་དང་ཙི་ཏྲ་ནཱ།། ཐམས་ཅད་རིགས་ནི་བཞིར་འགྱུར་ཏེ།། ཧསྟི་རཀྵ་རོ་ཚ་བ།། སྦོམ་མོ་འདོད་ཆགས་ཡང་དག་ཆེ།། པད་ཡངས་ཁ་ནས་ཤ་རུ་ལ་བྲོ།། དཀར་འཆང་མཐའ་ཕྲ་གོ་སྦོམ་བྱེད།། ཤང་ཁི་རཀྟ་རོ། ་སྒྱུར་བ།། རྐེད་ཕྲ་སྣ་ལེགས་ཅུང་ཟད་ཁྲོ།། ཁ་ནས་དུད་འགྲོ་འགྲོས་དལ་ལེགས།། དཀར་འཆང་དཔལ་གྱི་འབྲས་བུ་འདྲ།། ཀ་མའི་རཀྱའི་རོ་དམར་ཞིང་།། ཤང་ཁི་རཀྵི་རོ་སྒྱུར་བ།། པྲ་སྦོམ་རན་པ་དམར་མོ་སྟེ། ་འདོད་ཆགས་མིག་ནི་མི་འཛུམས་བལྟ།། དཀར་འཆང་ཨ་རི་ཤ་འདྲ་བ།། ཙི་ཏྲ་རཀྵ་རོ་མངར་ཞིང་།། ཐུན་རུན་ཁྲོ་བག་དང་བཅས་པ།། ཆགས་མིན་ལྷ་བྱེད་ངོ་གནག་པ།། དཀར་འཆང་གཡས་གཡོན་དགྱེ་བ་སྟེ། ་འདི་རྣམས་ཡང་དག་ཕྲད་གྱུར་ན།། སྒྲུབ་པ་པོ་ལ་ཚེ་འདི་རུ།། དངོས་གྲུབ་ཡང་དག་སྟེར་བ་སྟེ།། དེ་བས་འདི་རྣམས་འབད་པས་བཙལ།། ཡང་དག་རྙེད་ནས་གང་རུང་དུ།། བ་ལང་བཟའ་ནི་མངའ་ཡི་ནང་།། ་བཏུང་བས་ཤེལ་ཁམས་རྣམ་པར་འཕེལ།། དེ་ནི་ཐབས་ཀྱིས་སྟེན་པ་ཡིས།། ཡང་དག་ཏུ་ནི་རང་བཞིན་བརྟག། རང་བཞིན་ནམ་མཁའ་ལྟ་བུ་སྟེ།། དངོས་པོ་ཐམས་ཅད་ཟད་པ་སྟེ།། རྣམ་པར་རྟོག་པ་ཐམས ་ཅད་དང་།། བྲལ་བའི་དགའ་བ་ཡང་དག་ཟབ།། བསམ་མེད་ཟད་མེད་ཕྲ་མོ་སྟེ།། དམ་པ་ཞི་བ་རྣམ་དག་པ།། འཆི་མེད་རྡོ་རྗེ་བདུད་རྩི་བརྗོད།། གང་གི་དབུས་སུ་འདབ་བརྒྱད་པ།། སྙིང་པོ་ལྔ་ཡིས་ཡང ་དག་བརྒྱན།། དེ་དབུས་དེ་གནས་ཆ་ནས་ལྔ།། ཚ་གཉིས་པ་ནི་བརྒྱད་མཐར་དབྱུང་།། སུམ་ཅུ་བཅུ་པ་ལྔ་ཡི་ནི།། ཆ་གཉིས་ལྔ་པ་དྲུག་པ་ཡི།། ཐིག་ལེ་རུ་ནི་གཞུག་པ་སྟེ།། སྐྱེས་བུ་གང་གིས་དེ་ལ་ནི།། ་མིག་གི་འོད་ཟེར་གྱིས་བལྟ་བ།། དེ་ལ་ཇི་བཞིན་གནས་པ་ཡི།། ཡེ་ཤེས་སྐྱེ་བ་ཐེ་ཙོམ་མེད།། ནམ་ཞིག་འགོག་པའི་སེམས་གྱུར་ན།། སངས་རྒྱས་ཀུན་གྱི་མཆོག་འཛིན་པ།། དཔལ་ལྡན་མཁའ་འགྲོ་འདྲ ་པར་འགྱུར།། དེ་རིང་ཕན་ཆད་བུ་ཁྱོད་ནི།། དཀྱིལ་འཁོར་ཡང་དག་འདྲི་བ་དང་།། སྒྲུབ་པ་པོ་ནི་རྒྱུད་པ་ཡི།། སློབ་དཔོན་ཆེན་པོ་ཉིད་དུ་འགྱུར།། འདི་ནི་སངས་རྒྱས་ཀུན་གྱིས་ཀྱང་།། དབང་བསྐུར་བར་ནི། ་རབ་བསྔགས་ཏེ།། ཐམས་ཅད་སྔགས་ནི་སྒྲུབ་འགྱུར་ཏེ།། ལས་མཆོག་ཁྱད་པར་ཅན་ཡང་འགྲུབ།། བུ་མོ་འདི་ནི་ཁྱོད་དང་འཐུན།། སེམས་ཅན་ཁྱོད་ཀྱིས་འདོད་པ་གྱིས།། ཡིད་དུ་འོང་བའི་རིག་མ་འདི། ་བདེ་གཤེགས་ཀུན་གྱིས་ཁྱོད་སྤྱོད་གནས།། སྐྱོང་པ་ལ་ནི་སེམས་སྦྱོར་ན།། ཁྱོད་ནི་ཡང་དག་དམ་པར་འགྱུར།། འདི་ནི་བདེ་གཤེགས་བདེ་མཛད་པ།། ཁྱོད་ཉིད་འདི་ལས་རབ་བྱུང་ངོ་།། ་དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དམིགས་པ་དང་བཅས་པའི་ཤེས་རབ་ཀྱི་མཚན་ཉིད་བརྟག་པའི་ལེའུ་སྟེ་བཅོ་ལྔ་པའོ།། ། དེ་ནས་ཡང་ནི་བཤད་བྱ་བ།། དངོས་གྲུབ་ཆོ་ག ་ཤེས་མེད་ན།། སྒྲུབ་པོ་དངོས་གྲུབ་འབྱུང་མི་འགྱུར།། དེ་ཕྱིར་འདིར་ནི་བརྟུལ་ཞུགས་བསྟན།། སྦྱོར་བའི་རྩོལ་བ་ཐམས་ཅད་ནི།། དེ་ཉིད་རིག་པས་སྤང་བར་བྱ།། རྡོ་རྗེ་སེམས་དང་དེས་འདུག་པ།། སྤངས ་ནས་གཞན་དུ་མི་བྱའོ།། དག་པ་དེ་ཉིད་ལ་གནས་པས།། སྦྱོར་བ་རྣམས་ཀྱང་མི་བྱ་སྟེ།། བདག་མེད་གནས་པའི་སྦྱོར་བ་ཡིས།། ཇི་སྲིད་པར་དུ་སོ་སོར་བརྟག། དངོས་མེད་གོ་འཕང་ལ་གནས་དང་།། ཐབས ་བཟང་དག་དང་ལྡན་པ་ཡིས།། རྒྱུད་ལས་གང་ཅི་འབྱུང་བ་རྣམས།། མ་བརྟགས་པས་ནི་འབྱུང་བར་འགྱུར།། སྒོམ་པའི་སྦྱོར་བའི་སྟོབས་ཀྱིས་ནི།། དངོས་གྲུབ་མཚན་ཉིད་གང་ཡང་རུང་།། དེ་ཀུན་སྐད་ཅིག ་ཙམ་ལ་ནི།། རང་ཉིད་གནས་པར་གྱུར་པ་ཡིན།། དེ་བས་དགེ་སློང་དངོས་གནས་དང་།། དེ་བཞིན་རྟོག་དགའ་རྒན་པོ་དང་།། རང་གི་བུ་དང་རྒྱལ་པོ་ལ།། དེ་ཉིད་ཡང་དག་བཤད་མི་བྱ།། ཇི་ལྟར་མར་མ་བུམ ་ནང་གནས།། ཕ་རོལ་ཏུ་ནི་འོད་མི་གསལ།། བུམ་པ་དེ་ཉིད་ཆགས་པར་གྱུར།། དེ་འོག་མར་མེ་གསལ་བར་འགྱུར།། དེ་བཞིན་རང་ལུས་བུམ་པ་ཉིད།། དེ་ཉིད་མར་མེ་ཉིད་ལྟ་བུ།། བླ་མའི་ཁ་ཡིས་ལེགས་བཅག ་ནས་སྦྱོར་བའི་དེ་ཉིད་སྟོན་པ་ཡིན།། སྦྱོར་བ་དེ་ཉིད་ལ་གནས་ན།། གང་ཚེ་བརྟན་པ་མི་རྟག་ལ།། གནས་ཤིང་འཇིག་རྟེན་པ་སྤངས་ཏེ།། སྤྱོད་པ་ཐམས་ཅད་བྱས་ན་ནི།། དེ་ལ་དེ་ཚེ་སངས་རྒྱས་གཟིགས།། ་ཀུན་ཏུ་ཐེ་ཙམ་གཅོད་པ་ཡི།། རིག་པས་བྱིས་པ་བཞིན་དུ་སྤྱད།། གང་ཚེ་ཆགས་མེད་རྣལ་འབྱོར་པ།། དེ་ཚེ་ཕུན་སུམ་ཚོགས་འཕེལ་འགྱུར།། སྡིག་པ་མ་ལུས་ལྡན་པ་དང་།། གཏི་མུག་སྒྲིབ་པ་རབ་གནས་པ། ་སྨྱོན་པའི་རྣལ་འབྱོར་སྦྱོར་བ་ཡིས།། ཟླ་དྲུག་གིས་ནི་དོན་ཡོད་གྲུབ།། རང་ཉིད་སངས་རྒྱས་ཀུན་མཐོང་ཞིང་།། འདོད་པ་ཀུན་གྱིས་རབ་ཏུ་འགེངས།། ཟང་མེད་གཞོམ་དུ་མེད་པ་དང་།། དང་བའི་སྐུ་ཚེ་འབྱུང ་བར་འགྱུར།། བླ་ན་མེད་པའི་བྱང་ཆུབ་མཆོག། འབད་པ་མེད་པར་ཡང་དག་འཐོབ།། འདོད་པ་ཀུན་གྱི་དགའ་མོས་རྣམས།། འབད་བྲལ་བས་ནི་འགྲུབ་པར་འགྱུར།། འགྲོ་དང་འདུག་དང་གནས་པ་ན། ་མཆོག་ཏུ་ཟབ་པའི་གནས་ལ་བརྟག། འོད་གསལ་ཡེ་ཤེས་ལམ་མཁན་པ།། མཚན་ཉིད་རྟོག་པའི་རྣལ་འབྱོར་པའི།། བསམ་གཏན་སྦྱོར་བ་འདི་ཡིས་ནི།། སེམས་ཀྱི་རིན་ཆེན་བརྟན་པར་འགྱུར།། སངས ་རྒྱས་བྱང་ཆུབ་རབ་བཞུགས་པ།། བྱིན་གྱིས་བརླབ་པའང་མཛད་པར་འགྱུར།། དེ་ལྷར་གྱུར་པས་ཞུགས་ནས་ཀྱང་།། ཇི་སྲིད་སེམས་ནི་མི་སྐྱོ་བར།། མཉམ་གཞག་ཡིད་ནི་བཟང་པོ་དང་།། དེ་ལ་འབད་པས ་བསྒོམ་པར་བྱ།། དེ་འོག་ལ་ནི་ཅི་དགའ་གའི།། སྤྱད་པ་ཡིས་ནི་གཅིག་བྱས་ན།། ཅུང་ཟད་སྤྱན་ཕྱེ་བ་ཡི་མཚན།། བྱང་ཆུབ་རྒྱ་ཆེན་ཐོབ་པར་འགྱུར།། དགོད་དམ་སྨྲ་འམ་འགུག་པ་འམ།། ལ་ལར་རབ་ཏུ ་གར་བྱེད་པར།། ཇི་སྲིད་སྐྱོ་བར་མི་འགྱུར་བར།། སྒོམ་པའི་སེམས་ལ་ཞེན་པར་བྱ།། དེ་ལྷའི་དམ་ཚིག་ལྡན་གྱུར་ཅིང་།། རྣམ་པར་མི་རྟོག་སྔགས་པ་ཡིས།། དུས་ཀྱི་ངེས་པས་ཡོངས ་སྤངས་ནས།། བླ་མེད་བྱང་ཆུབ་ཐོབ་པར་འགྱུར།། དཔལ་རྡོ་རྗེ་སྙིང་པོ་རྒྱུན་གྱི་རྒྱུད་ལས། ཤེས་བྱེད་ཀུན་ཏུ་སྤྱོད་པའི་ལེའུ་སྐྱེ་བཅུ་དྲུག་པའོ།། དེ་ནས་མཁའ་འགྲོ་དེ་དག ་ཐམས་ཅད་གཅིག་ཏུ་འདུས་ཏེ།། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཚིགས་སུ་བཅད་པས་བསྟོད་པ། སངས་རྒྱས་ཀུན་གྱི་རང་བཞན་ལས།། བྱུང་བའི་ལྷ་སྟེ་ཁྱོད་མཆོག་པས།། སེམས་དཔའ་ཀུན ་གྱི་ཕྱག་རྒྱ་ཆེ།། མཁའ་འགྲོ་ཆེན་པོ་ཕྱག་འཚལ་ལོ།། གཏི་མུག་ཐམས་ཅད་འོད་གསལ་བ།། མཁའ་འགྲོ་སངས་རྒྱས་ཆེན་པོ་སྟེ།། གཟུགས་སྣང་ཆོས་ནི་རྣམ་དག་པ།། བདེ་གཤེགས་མཁའ་འགྲོ། ་ཁྱོད་ཕྱག་འཚལ།། ང་རྒྱལ་ཐམས་ཅད་འོད་གསལ་བ།། མཁའ་འགྲོ་རེ་འདོད་སྐོང་བ་སྟེ།། སིམ་སོགས་ཆོས་ནི་རྣམ་དག་པ།། རིན་ཆེན་མཁའ་འགྲོ་ཁྱོད་ཕྱག་འཚལ།། འདོད་ཆགས་ཐམས་ཅད ་འོད་གསལ་བ།། སྐྱོན་གྱིས་གོས་མེད་མཁའ་འགྲོ་ཆེ།། མཚན་མར་འཛིན་པ་རྣམ་དག་པ།། པདྨོ་མཁའ་འགྲོ་ཁྱོད་ཕྱག་འཚལ།། ཕྲག་དོག་ཆོས་ནི་འོད་གསལ་བ།། མཁའ་འགྲོ་སྣ་ཚོགས་ལས་བྱེད་པ།། ་མངོན་པར་འདུ་བྱེད་ཆོས་ཀུན་དག། སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་བསྟོད།། མཚན་མཆོག་འདི་ཡིས་ཁྱོད་བསྟོད་པས།། གང་ཟག་འདི་ཡང་བསོད་ནམས་ཚོགས།། ཡེ་ཤེས་ཚོགས་ཆེན་ཡོངས ་རྫོགས་ནས།། སངས་རྒྱས་འགྱུར་བར་ཐེ་ཙོམ་མེད།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་ཀུན་ཏུ་བཟང་པོའི་བདེ་བ་ཆེན་པོ་ནམ་མཁའི་དབྱིངས་ཐམས་ཅད་དུ་ཁྱབ་པའི་བདག་ཉིད་ཆེན་པོས ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་མི་ཤིགས་པའི་ཟླ་བ་སྐུལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སེམས་པར་ཞུགས་ཏེ། རང་གི་ཐུགས་ཀའི་མི་ཤིགས་པའི་ཐིག་ལེ་ལས་ཤིན་ཏུ་དགྱེས་པ ་ཆེན་པོ་ཞེས་བྱ་བའི་འོད་ཟེར་གྱི་ཚོགས་ཕྱུང་སྟེ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་སྙིང་པོ་ཟླ་བའི་ཐིག་ལེའི་དབུས་སུ་རྒྱས་པར་བྱས་ཏེ།། ནམ་མཁའི་དབྱིངས་ཐམས་ཅད་དུའང་སྣང ་བར་བྱས་ནས་སྟེང་འོག་ཏུའང་བཞུགས་ཏེ། མ་ལུས་ཤིང་ལུས་པ་མེད་པའི་རི་དང་། སེམས་ཅན་ཐམས་ཅད་ལ་གསལ་བར་བྱས་ནས་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བས་མཉེས་པར་བྱས་ཏེ་སླར་ལོག ་ནས་བཅོམ་ལྡན་འདས་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བའི་བདག་པོའི་སྙིང་པོའི་མཆོག་གི་ཟླ་བའི་ཐིག་ལེའི་དབུས་ན་བདེ་བར་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས ་ཅད་འོད་ཟེར་གྱི་ཚོགས་ཀྱི་བྲེས་པ་མཆོག་ཏུ་བདེ་བར་གྱུར་པའི་སྙིང་པོ་དེས་བསྐུལ་བ་ན་གར་མཛད་ཅིང་རང་རང་གི་ཏིང་ངེ་འཛིན་དུ་དམིགས་ནས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་ཐུགས ་ཀའི་ཟླ་བའི་ཐིག་ལེའི་དབུས་སུ་གསང་བའི་དགྱེས་པ་ཆེན་པོའི་བདེ་བར་གཅིག་ཏུ་བསྡུས་པར་གྱུར་ཏེ། རང་རང་གི་སྐུ་བུད་མེད་ཀྱི་ཚུལ་དུ་བསྐྱེད་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་མངོན་པར་བྱུང ་པར་གྱུར་ཏོ།། དེ་ནས་མཁའ་འགྲོའི་ཚོགས་དེ་དག་ཐམས་ཅད་རབ་ཏུ་དགའ་ནས་ཅ་ཅོའི་སྒྲ་ཡང་དག་པར་བྱིན་ཅིང་དབྱངས་ཆེན་པོ་བརྗོད་པར་གྱུར་ཏོ།། ཀྱེ་མའོ་རྡོ་རྗེ་སེམས ་དཔའ་ཡི།། རྡོ་རྗེ་ཤིན་ཏུ་དགྱེས་ཆེན་པོ།། ཀྱེ་མའོ་སྣ་ཚོགས་ཐབས་ནི་བདེ་བྱེད་ཆེ།། སྣ་ཚོགས་ཡེ་ཤེས་བདེ་བ་ཆེ།། ཀྱེ་མའོ་ཀུན་ཏུ་བཟང་པོ་ཡི།། དགེ་བའི་ཡེ་ཤེས་བདེ་བྱེད་ཆེ།། གང་བ་དེའི་ཕྱིར། ་ནི་རིག་མ་ཡི།། པདྨོ་ལ་ནི་གནས་པར་མཛོད།། ཀྱེ་མའོ་རེག་པ་ཤིན་ཏུ་ཟབ།། ཤེས་རབ་ཕ་རོལ་ཕྱིན་མ་འདི།། སེམས་ཅན་ཀུན་ལ་ཤེས་རབ་ཀྱིས།། མུན་པ་ཐིབས་པོ་སེལ་བར་མཛད།། ཀྱེ་མའོ ་ཐམས་ཅད་ངོ་མཚར་ཆེ།། མཁའ་འགྲོ་དྲ་བར་གར་མཛད་ཅིང་།། རྣམ་པར་སྣང་མཛད་མྱང་བ་དང་།། མཉེ་བ་དང་ནི་འཕྲོག་པ་མཆོག། ཀྱེ་མའོ་ཤིན་ཏུ་རབ་ཏུ་དགྱེས།། སྐལ་ལྡན་སྐལ་སྤྱོད་པ་དང་ནི།། ། ་སྣ་ཚོགས་སྐལ་བས་བདེ་བྱེད་ཆེ།། སྣ་ཚོགས་རྡོ་རྗེ་ཤིན་ཏུ་མཛེས།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོས་ཏིང་ངེ་འཛིན་ལས་བཞེངས་ཏེ་འཁོར་གྱི་དཀྱིལ ་འཁོར་ལ་རྣམ་པར་བལྟས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཨཱ་ལི་དང་ནི་ཀཱ་ལི་དང་།། དེ་བྱུང་ཟླ་བ་རྣམ་པ་གཉིས།། མེ་ལོང་ལྟ་བུའི་ཡེ་ཤེས་ཏེ།། གཅིག་ཏུ་གྱུར་པ་མཉམ་ཉིད་དོ།། ས་བོན་མཚན ་མར་གྱུར་པ་ནི།། སོ་སོར་རྟོག་པར་ངས་བཤད་དོ།། དེ་བྱུང་སངས་རྒྱས་ཐམས་ཅད་ཀྱིས།། འགྲོ་དོན་བྱེད་པ་བྱ་ནན་ཏན།། གཟུགས་བརྙན་རྫོགས་པ་ཆོས་དབྱིངས་ཏེ།། ལྷ་ཡི་དབང་པོ་སངས་རྒྱས་བསྐྱོད།། དེ་ལ ་བར་མས་ཁུ་བས་བསྐྱེད།། བསྲུར་བས་རང་གི་ལྷར་བསྐྱེད་ནས།། བྱིན་གྱིས་བརླང་པར་བྱ་བ་ནི།། རྒྱུད་རྣམས་ཀྱི་ནི་ཐུན་མོང་ངོ་།། གསང་དང་གསང་ཆེན་ཤིན་ཏུ་གསང་།། རྣལ་འབྱོར་རྣལ་འབྱོར་ཆེན་པོ་དང་།། ་རྗེས་སུ་རྣལ་འབྱོར་ཞེས་བྱ་དང་།། སྟོང་པ་དང་ནི་ཤིན་ཏུ་སྟོང་།། ཆེན་པོ་སྟོང་པ་ཞེས་བྱ་དང་།། དགའ་དང་དགའ་བ་བར་མ་དང་།། དགའ་བྲལ་གྱི་ནི་དགའ་བ་རྣམས།། རྒྱུད་རྣམས་ཀུན་གྱི་སྤྱི་བོའོ།། ཕྱིར ་བཟློག་གཉིས་ཀྱི་ཆོ་ག་དང་།། གསང་དང་ཤེས་རབ་ཡེ་ཤེས་དང་།། ཁ་སྦྱོར་འབྱེད་པའི་ཆོ་ག་དང་།། གཏོར་མ་རྡོ་རྗེའི་བཟླས་པ་དང་།། དྲག་ཤུལ་སྒྲུབ་པའི་ཆོ་ག་དང་།། རབ་ཏུ་གནས་དང་དཀྱིལ་འཁོར ་སྒྲུབ་། གསང་བའི་དེ་ཉིད་བཅུ་ཡིན་ནོ།། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་།། སྟང་སྟབས་འདུག་སྟངས་བཟླས་བརྗོད་དང་།། སྦྱིན་སྲེག་མཆོད་པ་ལས་སྦྱར་དང་།། སླར་སྡུད་པ་ཡི་རྣམ་པ་ནི།། ཕྱི ་ཡི་དེ་ཉིད་བཅུ་ཡིན་ནོ།། ཡང་དག་དེ་ཉིད་དངོས་པོ་མི་ཤེས་པར།། གསང་སྔགས་སྨྲ་བ་པ་ཡིན་ཞེས་བརྗོད་པ།། དེ་དག་མངོན་པའི་ང་རྒྱལ་གསང་སྔགས་ཆོ་ག་འཆད།། དེ་ནི་དམ་ཉམས་འདི་དང་པོ་ལ་བརླག། ་ཉམས་པས་བདུད་ཀྱིས་བཟུང་ནས་ཤི་ནས་དམྱལ་བར་འགྲོ།། སེམས་ཅན་རྣམས་ལ་རབ་བརྟེན་ཏེ།། བྱང་ཆུབ་དམ་པ་ཐོབ་འགྱུར་བ།། སེམས་ཅན་སླུ་བར་མི་བྱ་སྟེ།། བདེ་གཤེགས་ལས་ལ་སེམས་ཅན ་སྦྱར་དུ་གང་ཞིག་སྦྱོར་འདི་མི་བརྩོན་པས།། རྐང་ལག་མིག་སོགས་སྦྱིན་པ་དང་།། དཀའ་ཐུབ་ཅི་འདྲ་སྤྱད་བྱས་ཀྱང་།། བདུད་རྩི་རོ་ཐོབ་མི་ནུས་སོ།། རྣལ་འབྱོར་གཅིག་ཅིག་ཤེས་བྱས་ནས།། དབེན་པར་སོང་སྟེ ་རབ་འབང་ན།། སྡིག་དག་ཚེ་འདིར་སངས་རྒྱས་འགྲུབ།། ཆོས་བདག་མེད་པར་རབ་བསྒོམས་ནས།། ཐམས་ཅད་མཁྱེན་པ་ཁོང་དུ་ཆུད།། ཐབས་ཤེས་གཉིས་ཀྱི་འཇོ་སྒེག་གིས།། གས ་བལྔ་ཡིས་བདག་ཉིད་མཆོད།། དངོས་པོ་ཐམས་ཅད་དངོས་མེད་པར།། བཞི་བཅུའི་དོན་ནི་རྟོགས་པ་དང་།། རྡོ་རྗེ་པདྨ་དབང་བསྐུར་བ།། བདུད་རྩི་ཡིས་ནི་དགའ་བར་བྱེད།། གསང་བར་བྱ་བའི་ཆོས་གསང་བས།། ་གསང་ཞིང་སྦས་ཏེ་སྤྱད་པར་བྱ།། འདོད་པའི་ཡོན་ཏན་ལྔ་ལ་ནི།། རྣལ་འབྱོར་སེམས་པས་སྤྱད་བྱ་ཞིང་།། དེ་བཞིན་བཟའ་དང་བཏུང་བྱས་ན།། སེམས་ཅན་ཐམས་ཅད་དབང་དུ་བྱེད།། འདི་ལ་ཁྲུས་དང་གཙང ་སྒྲ་མེད།། དེ་མཆོད་ཕྱིར་ཐོབ་པ་ཡང་མེད།། དཀྱིལ་འཁོར་སྦྱིན་སྲེག་མེད་དེ་དུས་དང་གཟའ་ཚོས་མེད།། གཏོར་མ་ལ་སོགས་བྱ་བར་བྱ་བ་མེད་དེ་མཆོག་གི་མཆོག་དང་བ།། རྡོ་རྗེ་སེམས་དཔའི་སྒྲུབ་པ་ཡང་དག ་འདི་ཉིད་ཡིན་ཏེ་བརྩོན་པར་བྱ།། དེ་ནས་མཁའ་འགྲོ་དེ་དག་ཐམས་ཅད་རབ་ཏུ་དགའ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ལ་ལེགས་སོ་ཞེས་གསོལ་ཏེ།། ལེགས་སོ་ལེགས་སོ་བདེ་བྱེད་ཆེ།། ལེགས་སོ། ་ལེགས་སོ་ཡེ་ཤེས་ཆེ།། ལེགས་སོ་ལེགས་སོ་བདེ་བ་ཆེ།། ལེགས་སོ་ལེགས་སོ་སྣ་ཚོགས་ཆེ།། ལེགས་སོ་ལེགས་སོ་དགྱེས་པ་ཆེ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་ཐུགས་རྗེ་ཆེན་པོའི་ཐུགས ་རང་གི་ཐུགས་ཡང་དག་པ་ལ་དམིགས་ནས་ཅང་མི་གསུང་བར་བཞུགས་སོ།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་རྣལ་འབྱོར་ཆེན་པོའི་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བ་དཔལ་ཨོཾ་རྱན་གྱི་གསང་བའི་དགོན་པ་ནས་བྱུང་བ ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་ཀཱ་མ་ལ་གུཔ་དང་། བོད་ཀྱི་ལོ་ཙ་བ་ཆེན་པོ་མངའ་བདུག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པ། ་