CLOSE WINDOW

Ty059-013: 'phags pa sgrol ma ku ru ku lle'i rtog pa
Wyliee-texts produced with BDRC’s OCR application

བྱང་ཆུབ་རིན་ཆེན་གྱིས་བསྐུལ་ནས། ཤུད་ཀེ་གྲགས་པརྒྱལ་མཚན་གྱིས་དཔལ་ས་མྦྷའི་གཙུག་ལག་ཁང་ཆེན་པོར་བསྒྱུར་བའོ།། ། ཕྱག་ད ་དུ་ཨཱརྱཱཏྟ་རཱ་ཀུ་རུ་ཀུལྨ་ཀི་ཝ། བོད་སྐད་དུ། འཕགས་མ་སྒྲོལ་མ་ཀུ་རུ་ཀཱལླེའི་རྟོག་པ། འཕགས་པའཇམ་དཔ་མ་གོ་ཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། འཕགས་མ་སྙམ་སྒྲོལ་མ་ལ་ཕྱག་འཚལ་ལོ།། ་སྒྲོལ་མ་འབྱུང་བའི་རྣལ་འབྱོར་རྒྱ་མཚོའི་རྒྱུད།། གཞུང་དང་རྟོག་པ་ཉམས་ཤིང་ནུབ་པར་གྱུར་ནས་ཀྱང་།། སྒྲོལ་མ་འབྱུང་བའི་ཏིང་འཛིན་ཞེས་བྱ་རྒྱུད་ཀྱི་གཙོ།། དེ་ཡང་ནུབ་པར་གྱུར་ནས་རྟོག་པ་འདི་ཡང ་འབྱུང་།། སེམས་ཅན་མང་པོའི་དོན་དུ་རྣལ་འབྱོར་པ།། རྒྱས་པར་བསྟན་པའི་རྒྱུད་ལས་བསྡུས་བྱས་ནས།། རྟོག་པ་འདི་ནི་འཇིག་རྟེན་དབང་ཕྱུག་གསུངས།། བྱང་ཆུབ་སེམས་དཔའ་ཐམས་ཅད་མཉན ་བར་གྱིས།། འཇིག་རྟེན་སྐྱབས་མེད་གྱུར་ལ་རྣམ་བལྟས་ནས།། འགྲོ་ཀུན་དོན་བྱེད་པ་ཡི་ཚུལ་འདི་ནི།། སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་གྱུར་བལྟས་ནས།། གུས་པ་ཆེན་པོས་ཁྱེད་ཀྱིས་བླང་བར ་བྱའོ།། འཇིག་རྟེན་རྣམ་རྟོག་ཞི་བར་བྱ་ཕྱིར་རྟོག་པ་འདི།། སངས་རྒྱས་ཐམས་ཅད་ཀྱིས་ནི་རབ་ཏུ་གསུངས།། དཔལ་ལྡན་གྲུ་འཛིན་རི་ལ་འཇམ་དཔལ་དང་།། པདྨ་བསྣམས་དང་རྒྱལ་བར་བྱེད་པ་དང་།། སྒྲིབ་པ་རྣམསེལ་བློ ་གྲོས་རྒྱ་མཚོ་དང་།། བྱམས་པ་ལ་སོགས་ཚོགས་རྣམས་ཐམས་ཅད་ཀྱིས།། གང་ཡང་ཆོས་ཀྱི་ཚིག་འདི་ཐོས་གྱུར་ནས།། རྗེས་སུ་ཡི་རང་སྤྱི་བོས་གུས་ཕྱག་བྱས།། རྒྱལ་བའི། ་སྲས་ཀྱིས་མངའ་བྱས་བསྟོད་པའམ།། ཡང་ན་གྲཝ་དང་དབྱངས་དག་བྱས་པ་ཡིས།། སྣ་ཚོགས་གར་གྱིས་འདི་ནི་མཆོད་པ་བྱས།། གནོད་སྦྱིན་སྲིན་པོ་ཡི་དགས་འཇིག་རྟེན་དང་།། སྣ་ཚོགས་བུ་མོ་དང་ནི་རྒྱུ ་སྐར་དང་།། ས་ཡི་དབང་དང་ལག་ན་རྡོ་རྗེ་དང་།། རླབས་རྣམས་སྣ་ཚོགས་ཅན་གང་གནས་པ་ཡི།། ཀླུ་ཡི་བུ་མོ་ཟུར་གོས་ལྟ་བས་བལྟ་བ་དང་།། ས་འོག་སྐྱོང་དང་ལྷ་དབང་གྲུབ་པའི་བུ་མོས་མཆོད།། དྲི་ཟའི་རྒྱལ ་མོ་ནུ་མ་ཤིན་ཏུ་རྒྱས་པ་དང་།། རིག་པ་འཛིན་དང་མི་འམ་ཅི་ཡི་ཆུང་མ་དང་།། གནོད་སྦྱིན་ཆུང་མ་རི་ཡི་བུ་མོའི་བུ་དག་ནི།། གང་ཡིན་བདག་ཅག་སྐྱབས་མེད་ཅེས་ནི་འདི་སྐད་སྨྲ།། གང་ཕྱིར་སྐྱབས་མེད་སྐྱབས ་གྱུར་སངས་རྒྱས་བསྟན་པ་འདིར།། མགོན་མེད་མགོན་གྱུར་འཇིག་རྟེན་མགོན་པོ་ཁྱོད།། བདེ་བ་བསྐྱེད་ཅིང་ངོ་མཚར་ཆེར་གྱུར་གང་།། མགོན་པོ་ཚོགས་ཀྱི་ཚིག་དབང་འདི་ཐོས་ནས།། ཉིད་ཀྱིས་དབང་དུ་བྱེད ་པའི་གསང་སྔགས་གསུངས།། སྔགས་ཀྱི་རྒྱལ་པོ་བུད་མེད་ཀུན་ཐོས་པས།། མཐར་ཐུག་སངས་རྒྱས་བདེ་བ་དུ་མ་འབྱུང་།། རྡོ་རྗེ་རེག་པས་ཁམས་ཀྱང་འཛག་པར་འགྱུར།། ཟུར་གྱིས་ལྟ་བར་བྱེད་པས་ལྟ་བྱེད ་ཅིང་རྐང་པ་དག་ཀྱང་ས་ལ་གྱ་ཙམ་འདོར།། འདོད་ཆགས་ཤིན་ཏུ་བདོ་བས་ཁུ་འབབ་ཚེ།། འདི་ལྟར་མཐོང་ནས་ལྷ་ཡི་བུ་མོ་ལ།། འགྲོ་བ་དབང་བྱེད་ཀུ་རུ་ཀུལླེའི་སྔགས།། རས་རིས་བྲི་དང་གསང་སྔགས ་སྒྲུབ་པའི་ཕྱིར།། དུས་ལ་བབ་པའི་ཆོ་ག་འདི་མགོན་སྤྲོས་ཞེས།། དེ་ལྟར་བཅོམ་ལྡན་འཇིག་རྟེན་མགོན་པོས་གསུངས།། དེ་ཚེ་འཇིག་རྟེན་དབང་ཕྱུག་ལས་རྣམས་རབ་ཏུ་གསུངས།། ཀུ་རུ་ཀུལླེའི་རི་མོའི་སུཿ།། ་གང་ཞིག་བྲིས་པ་ཙམ་གྱིས་ནི།། སྒྲུབ་པ་པོ་ཡོས་འབྲས་ཐོབ་པ།། དེ་ནས་ཡང་དག་བཤད་པར་བྱ།། རི་མོ་མཁན་ནི་གང་ཞིག་གིས།། ཚེས་གྲངས་གང་དང་དུས་གང་ལ།། སྒྲོལ་མ་འབྱུང་ལས་བཤད་པའི ་བཞིན།། དེ་ནི་བདག་གིས་བཤད་པར་བྱ།། རི་མོ་མཁན་མི་གང་ཞིག་གིས།། གང་གི་མིག་ནི་དམར་འགྱུར་ཞིང་།། ལག་པ་དེ་བཞིན་རྐང་པ་དམར།། བྱ་ཡི་མིག་ཅན་ཨེ་ནྱའི་རྐང་།། དེ་ནི་སྒྲོལ་མ་བྲི་བར་བྱ།། ་དཔྱིད་ཀྱི་ཟླ་བ་དང་པོ་ཡི།། མྱ་ངན་མེད་པའི་ཚེས་བརྒྱད་ཉིན།། ཐུན་ནི་ཕྱེད་དང་གཉིས་པ་ལ།། སྒྲོལ་མའི་མིག་ནི་བྲི་བར་བྱ།། མངར་གསུམ་བཟའ་ཞིང་ཉ་ལ་སོགས།། ཤ་དང་ཆང་ཡང་སྤང་བར་བྱ།། དམར་པོའི ་གོས་ཀྱང་རྟག་ཏུ་བགོ།། དམར་པོ་དྲི་ཡིས་རྟག་ཏུ་བྱུག། བྱམས་པའི་སེམས་ནི་བསྐྱེད་བྱས་ལ།། ཐོ་རངས་ཁྲུས་བྱས་བསངས་ནས་སུ།། ལན་གསུམ་གོས་ནི་བརྗེས་ནས་སུ།། དབང་དུ་བྱེད་མ་ཡང་དག་བྲི།། ཞལ ་གཅིག་མིག་ནི་ཡངས་པ་དང་།། ཕྱག་བཞི་མ་ལ་གུར་ཀུམ་མདོག། བཅུ་དྲུག་ལོ་ལོན་སྒེག་བཅས་འདྲ།། བུད་མེད་སྒྱུ་མ་རྒྱགས་པ་བྲི།། གཞོན་ནུ་མ་དམར་སེར་མོས་བྱས་པའི་སྐུད་པ་ལས་རས་བྱས་ལ། དེ་དང ་ཐགས་མཁར་གཉིས་ཀ་ཟན་དང་འོ་མ་བཟའ་བར་བྱ་ཞིང་། དེ་ནས་པདྨའི་གདན་ལ་སྟོང་གཡོགས་དམར་པོའི་གོས་དང་བཅས་པ་རིན་པོ་ཆེའི་རྣ་ཆ་དང་། རིན་པོ་ཆེའི་རྩིད་པོན་དང་། གམས་མི་འགྲི་བསྦྱིད་ས་དང་། ་གཉིས་པས་མདའ་རྩེར་འགེངས་པ། གཡོན་པས་པ་ནུ་འཛིན་པ་དང་། ཨུཏྤལ་དམར་པོ་གཉིས་པ་ན་བསྡམས་པ་དང་། འོད་དཔག་མེད་ཅོང་པནན་བཞུགས་པ་རིའི་ཕུག་ན ་གནས་པའི་ཀུ་རུ་ཀུཝེའོ།། ཀུ་རུ་གུལླེའི་འོག་ཏུ་ནི་སྒྲ་གཅན་འཛིན་ནོ།། དེའི་སྟེང་དུ་འདོད་པའི་དབང་ཕྱུག་ཆུང་མ་དང་བཅས་པའོ།། འདོད་པའི་ལྷའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རོ།། དེ་ལ་པདྨ་མར ་པོའི་གདན་ནོ།། དེ་ལ་གནས་པའི་སྣ་ཚོགས་པའི་ཆ་བྱད་ཅན་གྱི་བཅོམ་ལྡན་འདས་མ་བྲིས་ལ། ར་སོ་རས་རབ་ཏུ་གནས་པ་བྱའོ།། དེའི་མདུན་དུ་མཆོད་པ་རྣམ་པ་བཅོ་བརྒྱད་བྱས་ལ་ཡར་གྱི་ངོ་ཆེས་བརྐྱང་ཟླ་བ ་ཉའི་བར་དུ་བཟླས་པ་བྱའོ།། སྒྲོལ་མའི་སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཧཱུཾ་སྭཱ་ཧཱ། ཞེས་བྱ་བའི་སྔགས་སོ།། དེ་ནས་སྔོན་དུ་བསྙེན་པ་འབུམ་ཙམ་བྱས་ལ། ཡང་སྟོན་ཟླ་ཐ་ཆུང་ངམ། དཔྱིད་ཟླ་འབྲིང་པོ་འམ། ་དབྱར་ཟླ་འབྲིང་པོའི་སངས་རྒྱས་ལ་མཆོད་པའི་དུས་ཚིགས་ཀྱི་ཉིན་པར་ཐོ་རངས་ཀྱི་ཁྲུས་བྱས་ལ་གསོ་སྦྱོང་བཟུང་ནས་མཆོད་པ་ཐམས་ཅད་ཀྱིས་མཆོད་ལ། ཉན་ཐོས་ཀྱི་དགེ་འདུན་ལ་མཆོད་སྟོན་གསོལ ་དེ་ནས་ཐེག་པ་ཆེན་པོ་གསང་སྔགས་པའི་ཚོགས་ལ་མཆོད་སྟོན་བྱས་ནས་ཡོན་ཕུལ་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཇི་ལྟར་འདོད་པའི་དངོས་གྲུབ ་བླང་བར་བྱའོ།། ཉན་ཐོས་ཀྱི་དགེ་འདུན་གང་ར་བཞུགས་པ་དང་། ཐེག་པ་ཆེན་པོ་ལ་དགའ་བའི་ཚོགས་རྣམས་ལ་ཕྱག་བྱས་ནས་བཟོད་པར་གསོལ་ཏེ། གའད་བཅོམ་ལྡན་འདས་པའི་རས་རིས་བཀྲས ་པའི་ཕྱོགས་དེར་ཉེ་བར་སོང་ལ། དངོས་གྲུབ་གང་འདོད་པའི་དོན་དུ་རིག་པ་འཛིན་པས་བསམ་གཏན་དང་ལྡན་པར་གནས་ལ་ཡི་གེ་དྲངས་ཀྱི་འབུམ་བཟླས་པ་བྱའོ།། ཆ་གཅིག་གིས་མི་ཤེས་རབ་འཕེལ།། ་ཆ་གཉིས་ཀྱིས་ནི་དབང་དུ་བྱེད།། གང་ཞིག་ཆ་ནི་གསུམ་པ་ཡིས།། མིས་ནི་དུག་ཀྱང་འགུགས་པར་འགྱུར།། མྱོས་ཤིང་འགྱིངས་པའི་བུད་མེད་རྣམས་དང་ནི།། འཇིག་རྟེན་ཐམས་ཅད་ཀྱིས་ནི་མཆོད་པར་འགྱུར ་སྦྱོར་བ་གོམས་པས་ལྷ་མོ་མཛེས་རྣམས་ལ།། སྔགས་འཆང་དེས་ནི་ཇི་ལྟར་འདོད་པར་སྨོད།། དེ་མིན་ཙམ་གྱིས་མཚུངས་མེད་དུག་ཅན་འབྲོས།། གདེངས་ཀའི་གཙོ་བོའི་འོད་ཀྱིས་དཔལ་ལྡན་དག་ཀྱང་ཉ ་བཞིན་འགྱུར།། བཟླས་བརྗོད་ལྡན་པས་ངག་གི་དབང་ཕྱུག་བྱེད་འགྱུར་བས།། རིག་པས་འགྱིངས་པའི་སྟོབས་ཅན་མཁས་པའང་ལམ་མེད་བྱེད།། རིག་པ་འཛིན་པ་གླང་པོ་རྟ་ཡི་རྒྱབ་ཏུ་ཞོན་པ་དང་།། རིག་མ ་མཛེས་པས་ལེགས་པར་འཁྱུད་ཅིང་མགུལ་ནས་འཇུས་པ་ལས།། སྔགས་རིག་པ་ཡི་གཙོ་བོའི་སྟོབས་ཀྱིས་རྒྱལ་བར་འགྱུར།། མཐར་གྱུར་པ་ཡི་རྒྱལ་སྲིད་ལོངས་སྤྱོད་དག་ལ་ཡིད་ཀྱིས་སྤྱོད།། འདོད ་པའི་སྒྲ་ལས་དགའ་བའི་བུ་ལ་སོགས་པས་རི་ཁྲོད་མ།། དེ་བཞིན་སྲེད་མེད་བུ་ལས་དཔའ་མོ་མི་ཕྱེད་པ་ལས་བདེ་སོགས་དང་།། ཚོགས་བདག་ལས་ནི་དྲི་མེད་དབྱངས་ཀྱི་དབང་ཕྱུག་དཀར་མོ་དང་། ་ས་འཛིན་ལྷ་ལས་ཕུར་སུམ་ཚོགས་མངའ་སྔགས་ཀྱིས་རྣམ་རྒྱལ་བྱེད།། གསང་སྔགས་ལྡན་པར་བཅོམ་ལྡན་འདས་མགང་ཞིག་སྒོམ་བྱེད་པ།། དེས་ཇི་སྣ་ཚོགས་གཏེར་དང་གསེར་དང་འདུལ་དང་ཐམ་དང་།། གོས ་ལ་སོགས་པའི་ནོར་རྣམས་ཀུན་ལ་ཆེད་དུ་གང་བསམ་པ།། སེམས་ཀྱིས་ཐམས་ཅད་མ་ལུས་ཀུན་ནས་ལོངས་སྤྱོད་བྱེད།། རྒྱལ་པོ་ལས་ནི་རྒྱལ་སྲིད་དབང་པོའི་ཡུལ་འདས་པ་ཡི ་ཤིང་ལས་འབྲས་བུ་དང་།། ཀླུ་དང་ཀླུ་ཆུང་རྒྱ་མཚོ་རྣམས་ལས་ཆུ་རྣམས་འགུགས།། སྔགས་དང་ལྡན་པས་འཐུང་ཞིང་ཟས་ལ་སྔགས་ཀྱིས་དག་པར་བྱེད།། སྐྱེ་བོ་སྔགས་མེད་པར་ནི་ལོངས་སྤྱོད་གྲུབ ་པ་མེད།། ནགས་སྐྱེས་གླང་པོ་རྟ་མཆོག་རི་དགས་དང་ལྡན་པ།། དུག་བཅས་གདེངས་ཀ་ཅན་གྱི་སྦྲུལ་མཆོག་དང་།། ཆུ་སྲིན་ཆུ་གྲང་སྟག་དང་བསེ་ངག་དང་།། རང་གི་སྔགས་ཀྱི་སྟོབས་ཀྱིས་བཀུག ་ནས་ནི།། ཞོན་ཡང་ངོ་མཚར་མེད་པར་བྱས་པའི་མིག་དག་གོས།། བལྟ་བར་གལ་ཏེ་གསང་སྔགས་གྲུབ་པ་དེ་ཡིས་མཐོང་བར་འགྱུར།། གལ་ཏེ་སྙིང་རྗེའི་ལྟ་བས་འཇིག་རྟེན་འདི་ལྟར་སྡུག་བསྔལ ་བས་རྒུད་པར་གྱུར་པའི་མི་མཉམ་པ་ལ་སྔགས་པ་དེས།། ཡིད་བཞིན་ནོར་བུ་བཞིན་དུ་འཇིག་རྟེན་ལ་ཕན་སྒྲོལ་མ་ཡིན།། འཇིག་རྟེན་མ་ལུས་སྒྲོལ་མར་བྱེད་ཅིང་ཞི་བར་བྱེད།། བདུད་རྣམས ་བཅོམ་ནས་ནོར་གྱི་ཆར་རྒྱུན་འབེབས་པར་བྱེད།། དཔག་བསམ་ཤིང་དུ་གྱུར་ནས་འགྲོ་རྣམས་ཅི་འདོད་སྦྱིན་པར་བྱེད།། ནོར་གྱི་དབང་ཕྱུག་མ་ལུས་པ་ཡིས་ནོར་རྣམས་ཀུན་བཀུག་ནས།། སེམས ་ཙམ་མ་ལུས་ཀུན་ལ་ཕར་ཕྱིར་སྦྱིན་པར་བྱེད།། དེ་བཞིན་འཕོངས་པའི་འཇིག་རྟེན་རྣམས་ཕྱིར་གོས་ནི་གང་ངག་དང་།། སྟ་དང་ཁྱིམ་དང་བླ་རེ་དག་ཏུ་སྒྲོལ་མ་དང་།། རྒྱ་མཚོའི་གླིང་དུ་ཚོང་བའི་གླུ་རིག་འཕོ། ་བ་ལ་གཟིངས་དང་གྲུལ་སོགས་པར་སྒྲོལ་མ་འགྱུར།། སྒྲོལ་མང་བསྒོམས་རྡུལ་འབྱོར་པ།། དང་པོ་སྡུག་བསྔལ་གྱུར་པ་དེ།། དེ་སྤངས་ནས་ནི་ཅུང་ཞིག་ར།། མིས་ནི་སྟོན་མོ་རྙེད་པར་འགྱུལ་གཉིས ་པར་གོས་ཇི་རྙེང་བར་འགྱུར།། དེ་བཞི་བཙུན་མོ་དང་ཡང་འབྲང་།། དེ་ནས་སོ་རྩེ་ལོངས་སྤྱོད་འགྱུར།། མ་བླངས་པར་ཡང་ཅི་འདོད་སྤྱོད།། གལ་ཏེ་ཚངས་སྤྱོད་ཡིན་ན་ཡང་།། ལྷ་མཆོག་བསྒྲེང་བའི་བུ་བོ་སྤྱོད། ་སེམས་ཅན་གསོད་ལ་དགའ་བ་ཡིས།། བསྟན་པ་འདི་ལ་འགྲུབ་མི་འགྱུར།། དགེ་བ་བཅུ་ལ་དགའ་འགྱུར་ཞིང་།། ཐེག་པ་ཆེ་ལ་སེམས་གཅིག་པས།། རྡོ་རྗེ་ཆོས་ཀྱི་བཀའ་བཞིན་དུ།། དངོས་གྲུབ ་མཆོག་ནི་དེས་སྤྱོད་འགྱུར།། འདི་ནི་རས་རིས་ལ་འཇུག་པའི་རྟོག་པ་སྟེ་དང་པོའོ།། །། ཆོས་མཆོད་པ་ཡི་སྦྱོར་བ་ཡིས།། གང་གིས་ཆོས་ཉིད་བརྙེས་གྱུར་ན།། ཆོས་ཀྱི་དབྱངས་སུ ་རང་གྱུར་པ།། དེ་ནས་ཡང་དག་བཤད་པར་བྱ།། དེའི་རྗེས་ལ་དཔག་བསམ་ཤིང་གི་སྒྲུབ་པ་འབྱུང་བར་འགྱུར་རོ།། བྲག་གི་ཡི་གེ་ལས་བྱུང་བ།། དཔག་བསམ་ཤིང་ནི་རྣམ་པར་བསྒོམ།། ཨུཏྤལ་ཡོངས་སུ ་གྱུར་པ་ལས།། ཤིང་དིགཡོ་དུ་བསྒོམ་པར་བྱ།། སྣ་ཚོགས་ནོར་གྱི་ཆར་པ་དག། ནམ་མཁའི་དཀྱིལ་ནས་འབབ་པ་ཡིས།། འདོད་པའི་བསམ་པ་རྫོགས་བྱེད་པ།། དེ་ལྟར་བསྒོམས་མ་ནོར་བདག་འགྱུར། ་གླིང་བཞི་པ་ཡི་སེམས་ཅན་རྣམས།། སེམས་ཀྱི་འོད་ཟེར་གྱིས་བཀུག་ནས།། རྟག་ཏུ་རིམ་ཆེར་བདུན་རང་བཞིན།། དེ་དག་ལ་ནི་རབ་སྦྱིན་བྱ།། ཡོངས་ཀྱི་གཙོ་བོ་རིན་ཆེན་དང་།། དེ་བཞིན་རིམ་ཆེན་རྒྱ་མཚོ་སྐྱེས ་བུད་མེད་རིན་ཆེན་རྟ་རིན་ཆེན།། དེ་བཞིན་རལ་གྲི་རིན་ཆེན་དང་།། གླང་པོ་རིན་ཆེན་སོགས་རིན་ཆེན།། སངས་རྒྱས་རྣམས་ལ་ཡིད་ཀྱིས་དབུལ།། བུད་མེད་རྒྱན་གྱིས་བརྒྱན་བྱས ་ལ་སྣ་ཚོགས་གཟུགས་ཅན་འགྱིང་བ་རྣམས།། སངས་རྒྱས་འབྲས་བུ་འདོད་རྣམས་ཀྱིས།། སངས་རྒྱས་རྣམས་ལ་རྟག་ཏུ་དབུལ།། འདིས་ནི་སངས་རྒྱས་ཐམས་ཅད་དང་།། རིག་པ་འཛིན་པ་ཐོབ ་པར་འགྱུར།། རིན་པོ་ཆེ་ནི་ཡོངས་རྒྱས་པའི།། ཡོངས་ཀྱི་གཙོ་བོ་ནོར་དབང་ཕྱུག། སངས་རྒྱས་འབྲས་བུ་འདོད་པ་ཡིས།། སངས་རྒྱས་རྣམས་ལ་དབུལ་བར་བྱ།། དེ་བཞིན་རིན་ཆེན་གཞན་དག་ཀྱང་།། ་གུས་དང་བཅས་པས་ཡོངས་བཏང་ར།། རྡོ་རྗེ་ཆོས་སུ་གྱུར་ནས་ནི།། སེམས་ཅན་ཀུན་གྱི་དོན་བྱེད་འགྱུར།། འདི་ནི་དཔག་བསམ་ཤིང་གི་སྒྲུབ་པའི་ཐབས་སོ།། སེམས་ཉིད་སངས་རྒྱས་ཐམས་ཅད་དོ།། ་སེམས་ཉིད་ཀྱིས་ནི་རྣམ་པར་གྲོལ།། སེམས་ཀྱིས་འཆིང་བ་རྣམས་ལས་ཐར།། སེམས་ཀྱིས་གྲོལ་བ་དང་ལྡན་འགྱུར།། སེམས་མ་གཏོགས་པ་དངོས་དོན་རྣམས།། གཞན་དག་གཞན་པར་མ་མཐོང་སྟེ།། ། ་སངས་རྒྱས་ཉིད་དང་དངོས་གྲུབ་ཀུན།། གང་ཕྱིར་ཕུན་ཚོགས་གཞན་མ་མཐོང་།། གང་ཡང་སྣོད་དང་སེམས་ཅན་རྣམས།། འབྱུང་དང་འབྱུང་ལས་གྱུར་པ་དག། ཟག་མེད་ལྷག་པར་མཐོང་བ ་ཡིས་སེམས་ཙམ་ཡིན་ཞེས་རབ་ཏུ་བསྒྲགས།། དེ་བས་འབད་པ་ཐམས་ཅད་ཀྱིས།། སེམས་ཀྱི་མེ་ལོང་བྱས་བྱས་ན།། རང་བཞིན་གྲོ་བུ་རབ་ཡི་སྐྱོར།། རིམ་གྱིས་རབ་ཏུ་ཟད་པར་འགྱུར།། ་དབྱངས་ཡོག་དང་པོ་ལས་བྱུང་བ།། ཇི་མེད་རྫོགས་པའི་ཟླ་བ་སྟེ།། སེམས་ཉིད་ཟླ་བར་བསྒོམས་བྱས་ནས།། དེ་ལ་ལྟུང་དུས་པོན་དགོད།། ཁྲོབ་རྣམས་ཀྱི་བཞི་པ་ནི།། མེ་ཡི་མདོག་གི་སྟེ་ར་གནས། མ། ་གེ་ཨོཾ་དང་ཡང་དག་ལྡན།། ནམ་མཁའ་གཉིས་ཀྱིས་རྣམ་པར་བརྒྱར།། དེ་ཡི་སྣ་ཚོགས་འོད་རྣམས་ཀྱིས།། འགྲོ་བ་དྲི་མ་མེད་བྱས་ནས།། སྟོང་གསུམ་འདི་སོགས་མཁའ་དབྱིངས་ཏེ།། ཀུ་རུ་ཀུལླེའི་རིགས ་ཞུགས་པས།། དེ་ཡིས་སྒྲོལ་མ་བསྐུལ་ནས་ནི།། བཀུག་ནས་མདུན་དུ་གནས་པར་བྱེད།། དེ་ནས་མཁས་པས་ས་བོན་ལ།། མཆོད་པ་ཆེན་པོའི་སྤྲི་རྣམས་སྤྲོ།། མེ་ཏོག་སྤོས་དང་མར་མེ་དང་། ་དེ་བཞིན་བུ་དང་ལྡ་བ་ཤོས་སོགས།། ཕྱག་རྒྱ་འཕྲེང་བའི་བནི་ནོ་དུ།། གང་དེ་འབྲུ་མི་མཆོདང་སོགས་མཆོད།། དཀོན་མཆོག་གསུམ་ལ་སྲུབས་སུམ་ཆི།། སྡིག་པ་ཐམས་ཅད་སོ་སོངས་གས ་འགྲོ་བའི་དགེ་ལ་རྗེས་ཡི་རང་།། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་།། སྔགས་འདི་ལན་གསུམ་བརྗོད་ནས་ནི།། དེ་ནས་གཤེགས་སུ་གསོལ་བར་བགྱི།། སེམས་ནི་བྱམས་པས་གནས ་བྱས་ལ།། སླར་ཡང་དེར་ནི་གཞག་པར་བྱ།། སྙིང་རྗེའི་སེམས་ནི་བསྐྱེད་བྱས་ནས།། རབ་དགའི་སེམས་ཀྱང་བསྐྱེད་པར་བྱ།། ཕྱི་ནས་ཐམས་ཅད་བཏང་སྙོམས་ལ།། སེམས་ཙམ་ལ་ནི ་མཉམ་པར་གཞག། ཐ་མ་ལ་རྣམ་པར་སྤང་བའི་ཕྱིར།། སེམས་ཀྱང་སླར་ཡང་སྟོང་པར་བྱ།། ཡང་སྲིད་ལེན་པའི་ཕུང་པོ་ལྔ།། སྟོང་པ་ཉིད་ཀྱི་མེ་ཡིས་བསྲེག། ཨོཾ་ཤཱུ་ནྱ་ཏཱཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ ་#ཀོ&ཧཾ། ཡུད་ཙམ་སྟོང་པའི་རྣལ་འབྱོར་ཉིད།། བྱས་ནས་སེམས་ནི་ངལ་སོས་བྱ།། སྔོན་གྱི་དམ་བཅས་དྲན་བྱས་ནས།། ས་བོན་ཙམ་ཞིག་ཡང་དྲར་བྱ།། གཅིག་པུ་རྩ ་ངན་འདས་པ་ཡིས།། སེམས་ཅན་བསླུས་པར་འགྱུར་བའི་ཕྱིར།། སྲིད་པའི་རྒྱ་མཚོ་མཐའ་མེད་ལས།། བདག་གིས་དེ་དག་ཇི་ལྟར་བསྒྲལ།། འདི་ལྟར་བསམས་ནས་བརྩེ་ལྡན་དེས།། སེམས ་མེད་པ་ཡི་སྟོང་པ་ཡང་།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སེམས།། སེམས་ཉིད་ཀྱིས་ནི་བསྐྱེད་པར་བྱ།། སངས་རྒྱས་བྱིན་རླབས་ལས་ས་བོན།། དེ་ལ་ཨུཏྤལ་ཞེས་བྱར་འགྱུར།། ཨུཏྤལ་དཀྱིལ་དུ ་ཟླ་བའི་གཟུགས།། ཡི་གེ་ཨ་ལས་བྱུང་བའོ།། སླར་ཡང་ཟླ་བ་དེར་ས་བོན།། དེ་ལས་འོད་ཟེར་འཕྲོས་གྱུར་པ།། དེ་ཡིས་མ་ལུས་འཇིག་རྟེན་ཁམས།། རྣམ་པར་སྦྱངས་པར་བསྒོམ་པར་བྱ།། དེ་ཡིས ་སྦྱངས་ཤིང་གསལ་བྱས་ནས།། འོད་ཟེར་ཀུན་གྱིས་སངས་རྒྱས་ཚོགས།། ཨུཏྤལ་ལ་ཞུགས་བསྒོམ་པར་བྱ།། དེ་ལས་སྒྲོལ་མ་འབྱུང་བར་འགྱུར།། བསྟན་འདྲའི་ལྷ་མོ་བཙོད་མདོག་ཅན།། རྒྱན་རྣམས ་ཀུན་གྱིས་རྣམ་བརྒྱན་པའི།། དམ་ཚིག་གཟུགས་ནི་མཉམ་བསྐྱེད་ནས།། ཡེ་ཤེས་འཁོར་ལོ་ཡང་དག་བཀུག། ཡུད་ཙམ་གྱིས་ནི་ངེས་རྫོགས་པའོ།། ཡེ་ཤེས་འཁོར་ལོ་མདུན་གནས་པ།། དམ་ཚིག ་ཕྱག་རྒྱའི་སྦྱོར་བ་ཡིས།། ཁ་ཡི་ལམ་ནས་གཞུག་པར་བྱ།། ལག་པ་ཐལ་མོ་སྦྱར་བྱས་ནས།། མཐེའུ་ཆུང་གཉིས་ནི་བསྒོམ་པར་བྱ།། གུང་མོ་གཉིས་ནི་རྩེ་མོར་སྦྱར།། རྩེ་མོའི་ནང་དུ་མིང་མེད་གཞུག། ་མཛུབ་མོ་གཉིས་ནི་དབུ་མར་སྦྱར།། མཐེ་བོང་གཉིས་ནི་འོག་ཏུ་བཀུག། དམ་ཚིག་ཕྱག་རྒྱ་འདི་བཅིངས་ནས།། འཁོར་ལོ་བཀུག་ནས་གཞུག་པར་བྱ།། སངས་རྒྱས་རྣམས་ལ་ཚིགས་བཅད་འདིས།། ་དབང་བསྐུར་བར་ནི་གསོལ་བ་གདབ།། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ།། ཇི་ལྟར་མཆོད་ཆེན་གསོལ་མཛད་པ།། བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར།། ནམ་མཁའ་རྡོ་རྗེ་དང་བདག་སྩོ་ལ།། རྒྱལ་བའི ་དབང་བསྐུར་ཞེས་བྱ་བས།། སྤྱན་ལ་སོགས་པ་ལྔ་པའོ།། རྒྱལ་པོའི་མེ་ཏོག་དབང་བསྐུར་ཞིང་།། ཆེན་པོར་གྱུར་པ་དེ་གསོལ་མཛོད།། རྡོ་རྗེ་ཆེན་པོས་དབང་བསྐུར་བ།། ཁམས་གསུམ་པ་ཡིས་ཕྱག ་བྱས་པ།། གསང་བ་གསུམ་གྱི་གནས་ལས་བྱུང་།། སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ།། སངས་རྒྱས་སྒྲོལ་མ་དབང་བསྐུར་བས།། ཆོས་ནི་གཙུག་གི་ནོར་བུར་འགྱུར།། འོད་ཟེར་དམར་པོ་སྣ་ཚོགས་ཀྱིས།། ་འགྲོ་བ་གསུམ་པོ་སྣང་བར་བྱེད།། དབང་བསྐུར་རིན་ཆེན་ཐོབ་འགྱུར་ན།། དངོས་གྲུབ་ཐམས་ཅད་རབ་སྒྲུབ་བྱེད།། ཇི་ལྟར་སླར་བསྟན་ཆོ་ག་ཡིས།། ལོ་ཕྱེད་བརྟན་པར་བརྩམས་ནས་ནི།། གཏོར་མ་དུས ་སུ་གཏང་བར་བྱ།། སྔགས་འདི་ཡིས་ནི་ཁར་བ་འམ།། ཁུ་བ་ལ་སོགས་ཆོ་ག་ཡིས།། རྨི་ལམ་མཚན་མ་ཐོབ་པར་འགྱུར།། རལ་གྲིས་འོག་དངོས་གྲུབ་དང་།། མི་སྣང་བ་དང་བཅུད་ལེན་དང་།། མི་མཐོང་བ ་དང་མཁའ་སྤྱོད་ཉིད།། དེ་བཞིན་རྐང་བྱུག་མིག་སྨ་ན་དང་།། རྨི་ལམ་མཚན་མ་སྟོན་འགྱུར་ཞིང་།། དངོས་གྲུབ་རང་ཉིད་འབྱུང་བར་འགྱུར།། གལ་ཏེ་དེ་ལ་དགའ་འགྱུར་ན།། གྲུབ་པ་ཕྲ་མོ་སྒྲོལ་མས་གྲུག ་འཁོར་ལོ་སྒྱུར་ནས་རྒྱལ་སྲིད་དང་།། དབང་པོའི་ལོངས་སྤྱོད་ཐམས་ཅད་བྱེད།། སྐོམ་དང་བཟླས་པར་ལྡན་པ་ལ།། རྨི་ལམ་དུ་ཡང་རབ་གྲུབ་བྱེད།། ཟླ་དྲུག་ཐ་མའི་ཟླ་གཅིག ་གོ་མཚན་གཅིག་རངས་པར་བཟླས་བྱས་ཏེ།། ཨུཏྤལ་ཕྱག་རྒྱ་བཅིངས་ནས་ནི།། བཟླས་ནས་ཕྱག་རྒྱ་ཡུད་ཀྱིས་འབར།། ཕྱག་རྒྱ་འདི་ཡི་མཐུ་ཡིས་ནི།། བཙུན་མོ་དང་བཅས་ཚངས་པ་དང་། ་དབང་པོ་དང་ནི་ཉེ་དབང་སོགས།། བཀུག་ནས་དབང་དུ་འགྱུར་བར་བྱེད།། དེ་ནས་བརྩམས་ནས་དངོས་གྲུབ་ཀུན།། བདག་འཁོར་འཆིང་བ་ལས་གྲོལ་འགྱུར།། ཆུ་དང་འདམ་གྱི་སྐྱོན་དག་གིས།། པདྨ ་གོས་པར་མི་འགྱུར་ལྟར།། དངུལ་ཆུ་རག་ནས་དུ་མར་འགྱུར།། བསྡུས་ནས་སླར་ཡང་གཅིག་ཏུ་འགྱུར།། ཐམས་ཅད་མཁྱེན་པ་ཉིད་འགྱུར་ན།། དངོས་གྲུབ་ཐོབ་པའི་སེམས་དེ་བཞིན།། གྲུབ་པའི ་དངུལ་ཆུས་རེག་གྱུར་ནས།། ཟངས་མ་གསེར་དུ་འགྱུར་པ་བཞིན།། གྲུབ་པའི་གསང་སྔགས་ཀྱིས་རེག་ནས།། སྔགས་པ་སངས་རྒྱས་སྐུར་ཡང་འགྱུར།། ལྷ་ཡི་དབང་ཕྱུག་ཏུ་འགྱུར་ཞིང་།། ཁམས་གསུམ ་གྱི་ནི་དབང་ཕྱུག་འགྱུར།། སངས་རྒྱས་རིགས་སུ་བྱུང་ནས་ནི།། འཁོར་ལོ་བསྐོར་བ་ཡང་དག་འགྱུར།། བལྟམ་དང་རབ་ཏུ་འབྱུང་མཛད་པ།། དཀའ་བ་སྤྱོད་པའི་སྤྱོད་མཛད་ཅིང་།། བྱང་ཆུབ་སྤྱོད་པའང་སྤྱོད ་མཛད་པས།། སངས་རྒྱས་ཉིད་ཀྱང་དྲན་པར་མཛད།། ལྷ་ལས་བབས་དང་སྤྲུལ་པ་དང་།། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།། མྱ་ངན་འདས་པ་ཆེན་པོ་དང་།། དུར་ཁྲོད་གཤེགས་པ་དེ་བཞིན་ནོ།། འཇིག་རྟེན་གསུམ ་དུ་ལུས་སྤངས་ནས།། རྒྱལ་བ་ལོངས་སྤྱོད་རྫོགས་སྐུ་ཡིས།། གནས་གཙང་མར་ནི་སླར་གཤེགས་ནས།། སྤྲུལ་པར་བྱུང་བའི་སྐུ་ཡང་ངོ་།། གླེགས་པ་མ་རས་རིས་རིམ་པ་ཡིས།། ཆོས་ཀྱི་སྐུ་ཡང་འཇ།། ་པར་མཛད།། གང་གིས་དེ་ཡི་གྲུབ་པའི་སྔགས།། སངས་རྒྱས་རྣམས་ཀྱིས་དེ་ཉིད་གསུངས།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་ཉིད་ཀྱིས་ཉིད་ཀྱི་ཐུགས་ལ་རྣམ ་པར་བརྟགས་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་དཀའ་སྩལ་ཏོ།། ལག་ན་རྡོ་རྗེའི་ལྟར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་སྐུ་ཆོས་ཀྱི་དབྱིངས་ཀྱི་སྐུ་སའི་ཕྱོགས་ག་འདུངས ་བྱེད་པར་འགྱུར་བ་ཡོམ།། དེ་ནས་ལག་ན་རྡོ་རྗེས།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་གསོལ་ཏོ།། གང་ཡང་བྱང་ཆུབ་སེམས་དཔའ་ངག་གིས་འདི་སྐད་དུ།། ཇི་ལྟ་བར་སངས ་རྒྱས་བཅོམ་ལྡན་འདས་རྡོ་རྗེའི་སྐུ། ཆོས་ཀྱི་དབྱིངས་ཀྱི་སྐུ། མི་ཕྱེད་པའི་སྐུ་སའི་ཕྱོགས་འགའ་ཞིག་ཏུ་དུས་བྱེད་པར་འགྱུར་པ་ཡིན་ཞེས་སྨྲ། དེ་འདི་སྐད་ཉོན་ཅིག། བྱང་ཆུབ་སེམས་དཔའ་དག ་གང་མྱ་ངན་ལས་འདས་པ་ཞེས་བྱ་བ་དེ་ནི་བདེ་བ་ཅན་དུ་འགྲོ་བའོ།། དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨྲས་པ། ཅི་ལག་ན་རྡོ་རྗེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་སྐུ་སྤངས་ནས་བདེ ་བཅན་དུ་འགྲོ་འམ། རིགས་ཀྱི་བུ་འོར་ཏེ་སྤྲུལ་པའི་སྐུ་སྤངས་ནས་ལོངས་སྤྱོད་རྫོགས་པའི་སྐུས་བདེ་བ་ཅན་དུ་འགྲོ་བར་འགྱུར། ལག་ན་རྡོ་རྗེ་ཆོས་ཀྱི་སྐུ་སྤངས་ངས་འགྲོ་བར་འགྱུར་ཞེས་བྱ་བ་དེའི་ས ་བུ་ཡིན།། ལག་ན་རྡོ་རྗེས་སྨྲས་པ། ཇི་ལྟར་སྒྱུ་མ་མཁན་གྱི་སྐྱེས་བུ་གང་ཞིག་གིས་དགོས་པའི་དོན་སྒྲུབ་པའི་ཕྱིར་སྒྱུ་མ་སྤྲུལ་ནས་དགོས་པ་སྒྲུབ་པར་བྱེད་དོ།། དེ་བཞིན་དུ། ་གདོད་ནས་གྲུབ་པའི་སངས་རྒྱས་རྣམས།། སེམས་ཅན་ཡོངས་སུ་གཟུང་བའི་ཕྱིར།། འཁོར་ལོ་སྒྱུར་བ་འདས་གྱུར་ནས།། སྐྱེ་བ་ཡོངས་སུ་འཛིན་པར་མཛད།། གང་ཚེ་སངས་རྒྱས་འདས་པ་ན།། ་དེ་ཚེ་འཁོར་ལོས་སྒྱུར་བ་འབྱུང་།། དེ་གཉིས་མེད་པར་འཇིག་རྟེན་འདིར།། ནམ་ཡང་འབྱུང་བ་མ་ཡིན་ནོ།། འདུལ་བྱའི་འཇིག་རྟེན་ལ་བརྟེན་ནས།། རྐང་གཉིས་མཆོག་གིས་བརྟུལ་ནས་ནི།། ལོ ་ནི་བརྒྱད་ཅུར་བཞུགས་མཛད་དེ།། སངས་རྒྱས་རྒྱལ་བའི་གནས་སུ་གཤེགས།། སངས་རྒྱས་སྒྱུ་མ་སྤངས་ནས་ནི།། རྒྱལ་བའི་ཕོ་བྲང་བ་དེ་ཅན་དུ།། རབ་ཞི་བདེ་བ་ཆེན་པོ་ལ།། ཀུན་ཏུ་དགའ་བའི ་གཟུགས་ཀྱིས་བཞུགས།། བྱེད་པོ་རྟག་པ་གཅིག་པུས་བཞུགས།། ཡིན་སྙམ་དྲང་སྲོང་རྣམས་སེམས་ཏེ།། དེ་ལྟའི་ངོ་བོ་དེ་མིན་ཞེས།། དེ་ནི་སྐད་ཅིག་བསྡོམས་པར་འདོད།། བདག་ཏུ་འཛིན ་པས་འཁྲུལ་པ་རྣམས།། རྟག་ཏུ་རྟག་པའི་དོན་འདོད་པ།། མི་རྟག་ཉིད་ལ་འཇུག་བྱའི་ཕྱིར།། རྒྱལ་བ་རྣམས་ཀྱི་སྐུ་གཏོང་མཛད།། དངོས་པོ་ཀུན་གྱི་དངོས་བདག་ཉིད།། ཐུགས་ཀྱིས་ཐམས ་ཅད་མཁྱེན་ཏེ་བདག། འདི་གནས་འདི་གནས་མ་ཡིན་ཞེས།། བྱས་པའི་ངེས་པ་ཡོད་མ་ཡིན།། ཀུན་རྫོབ་བདེན་པ་ལ་བརྟན་ནས།། སྟོང་གསུབ་འདི་སོགས་གདུལ་བྱ་ལ།། སངས་རྒྱས་རྣབས ་གྱིས་ཆོས་བསྟར་བ།། ནམ་མཁའ་མཉམ་པར་རབ་ཏུ་འཇུག།། སངས་རྒྱས་འབྱུང་བ་དེ་ཉིད་མིམ། སངས་རྒྱས་འགག་པའང་དེ་བཞིན་ཏེ།། ཐམས་ཅད་རོ་གཅིག་གྱུར་པ་ཡི།། འབྱུང་དང་འཇིག་པའི ་རང་བཞིན་ནོ།། དེ་ནི་ཆོས་དབྱིངས་གཟུགས་གཅིག་ཏུ།། སྒྲིབ་པ་ལྔ་པོ་སྤངས་པའོ།། ཟབ་ཅིང་རྒྱ་ནི་ཆེ་བའི་གཟུགས།། དེ་ཉིད་ངོ་བོར་དེ་ཉིད་བཞུགས།། གཉིས་ཀ་ཡོད་པ་མ་ཡིན་ཕྱིར།། གདོད་ནས། ་ཡོད་པ་མ་ཡིན་ནོ།། དེ་ནི་གདོད་ནས་མ་སྐྱེས་པས།། སྐྱེ་བ་མ་ཡིན་འགག་མ་ཡིན།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨྲས་པ། ལག་ན་རྡོ་རྗེ་སངས་རྒྱས་བཅོམ་ལྡན་འདས་ཁམས་གསུམ་ལ ་རྗེས་སུ་སྟོན་པ་མཛད་པ། སྐྱེ་བ་མེད་པ། འགག་པ་མེད་པ་ཇི་ལྟ་བུ་ཡིན། སྨྲས་པ། ཀྱེ་བྱང་ཆུབ་སེམས་དཔའ་རྣམས་དེ་ཇི་སྙམ་དུ་སེམས།། གང་སངས་རྒྱས་ཇི་སྙེད་པ་དེ་གང་ཞིག་ཡོད་པ ་ཡིན་ནམ། འོན་ཏེ་མེང་བ་ཞིག་ཡིན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨྲས་པ། ལག་ན་རྡོ་རྗེ་སངས་རྒྱས་རྣམས་ནི་ཡོད་པའང་མ་ཡིན་མེད་པའང་མ་ཡིན་ནོ།། ལག་ན་རྡོ་རྗེས་སྨྲས་པ། ་སྐྱེས་པ་ནི་སྐྱེ་བ་ཡིན།། སྨྲས་པ་ཕྱིར་ཡང་སྐྱེ་མི་འགྱུར།། དོན་ངམ་ཉིད་དུ་དཔྱད་ན་ནི།། དེ་ཕྱིར་གདོད་ནས་མ་སྐྱེས་པ།། དེ་བཞིན་འཆི་བ་འཆི་མི་འགྱུར།། འཆི་བ་མེད་པ་འཆི་བ་མིན།། མི་གནས་པ་ས ་གནས་པ་མེད།། གནས་པ་དེ་ལ་གནས་མི་དགོས།། གལ་ཏེ་མ་སྐྱེས་ཉམས་འགྱུར་ཞིང་།། མ་སྐྱེས་པ་ཉིད་སྐྱེས་འགྱུར་རོ།། རི་བོང་གི་ནི་རྭ་ཉིད་ཀྱང་། སྐྱེ་བ་དང་ནི་འགག་པར་འགྱུར།། གང་མོ་ལོང་བ་སྐྱེ་འགྱུར་མ།། སྐྱེས་པ ་སླར་ཡང་སྐྱེ་བར་འགྱུར།། གལ་ཏེ་མེད་པ་སྐྱེན་ཡང་།། སོག་ཤམ་བུ་ཡང་སྐྱེ་བར་འགྱུར།། དེ་ཕྱིར་ཐམས་ཅད་མ་རིག་པ།། འདུ་བྱེད་གསུམ་གྱི་མཚན་ཉིད་ཡིན།། ཕུང་པོ་ལྔ་ལྡན། ་འགྲོ་བ་རྣམས།། སྣང་བ་ཙམ་དུ་རྣམ་པར་ཤེས།། རེ་ཞིག་རིགས་པ་འདིས་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མྱ་ངན་འདས་པ་ཤེས་པར་བྱའོ།། བྱང་ཆུབ་སེམས ་དཔའ་རྣམས་ཀྱིས་སྨྲས་པ། ཐམས་ཅད་བསྐྱེད་པ་མེད་པའི་ཕྱིར།། སྔགས་འདི་ཇི་ལྟར་རྒྱུད་ཇི་ལྟར།། དཀྱིལ་འཁོར་བསྒོམ་པ་ཇི་ལྟ་བུ།། དངོས་གྲུབ་དེ་ནི་ཇི་ལྟར་འགྲུབ།། ལག་ན་རྡོ་རྗེས་སྨྲས་པ། རྟེན་ཅིང ་འབྲེལ་པར་འབྱུང་བ་ནི།། དངོས་པོ་རྣམས་ནི་འབྱུང་བ་ལྟར།། སྔགས་དང་ཕྱག་རྒྱ་སོགས་བརྟེན་ནས།། དངོས་གྲུབ་རྣམས་ནི་འབྱུང་བར་འགྱུར།། དངོས་གྲུབ་རྣམས་ནི་ཀུན་རྫོབ་པ།། སངས་རྒྱས་ཕ་རོལ ་ཕྱིན་པ་ཡང་།། སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད།། ཀུན་རྫོབ་ཉིད་དུ་རབ་སྒྲུབ་འགྱུར།། རྟོག་པ་གཉིས་པའོ།། སྔགས་བཟླས་པ་ཡི་ཆོ་གའི་རིམ།། དེ་ནས་ཡང་དག ་བཤད་བྱ་བ།། གང་ཞིག་ཤེས་པ་ཙམ་གྱིས་ནི།། སྒྲུབ་པོས་དངོས་གྲུབ་འགྱུར་བས་སོ།། བྱུ་རུ་ཡིས་ནི་དབང་དུ་བྱེད།། པུས་ཀར་གོས་ནི་དུག་ཞི་བྱེད།། ཤེལ་གྱིས་ཤེས་རབ་འཕེལ་བར་བྱེད།། ལས ་གསུམ་ལ་ནི་སྦྱོར་བར་བྱ།། སྐྱེ་གནས་ཀྱི་རྣམ་པར་དག་པ་ཨ་ཤོཏྠའི་འདབ་མའི་རྣམ་པ་ལྟ་བུའི་ཐབ་ཁུང་བྱས་ལ།། མྱ་ངན་མེད་པའི་ཤིང་ལ་མེ་སྦར་ནས། ཆོ་ག་བཞིན་དུ་ཨུཏྤལ་དམར་པོ་བརྒྱ་རྩ ་བརྒྱད་སྦྱིན་སྲེག་བྱས་ཏེ། གར་མཁན་གྱི་ཁྱིམ་ནས་མེ་བླངས་ལ་མངར་གསུམ་ཀྱིས་བསྐོས་ནས་རྩ་བའི་སྔགས་དང་བྱ་བ་ཡིན་ནོ།། ཕྱིས་ནས་འཁྲུལ་འཁོར་བྱ་བ་ཡིན་ཏེ། ཟླ་མཚན་གྱིས་གོས ་པའི་རས་ལ་དཀྱིལ་འཁོར་གྲུ་གསུམ་བྲིས་ནས་དཀྱིལ་འཁོར་དུ་བསྒྲུབ་བྱ་དང་། སྒྲུབ་པ་པོའི་མིང་དང་བཅས་པའི་བསྐུལ་བའི་ཚིག་དང་བཅས་པར་བྲིས་ཏེ་ཆེ་གེ་མོ་བདག་གི་དབང་དུ་གྱུར་ཅིག། ་བྱས་ནས། དེ་ནས་རྩ་བའི་སྔགས་ཀྱིས་སྤེལ་ནས་རྒྱ་སྐྱེགས་ཀྱི་ཁུ་བ་དང་། ལག་པ་གཡོན་པའི་སྲིན་ལག་གི་ཁྲག་དང་། ག་པུར་དང་། གུར་ཀུམ་དང་། གླ་རྩི་རྣམས་ཀྱི་ཚོན་རྩིས་བྲི་བར་བྱའོ།། ་ཤེས་རབ་འཕེལ་བར་འདོད་ན་ཐབ་ཁུང་དེ་ཉིད་དུ་ཨརྐ་འོ་མ་ཀ་ར་ཝཱི་རའི་ཤིང་ལ་བྲམ་ཟེའི་སྦྱིན་སྲེག་གི་མེ་བཱདྲ་ལ་སྦར་ལ། ཨ་ཏ་རུ་ཀའི་ཤའི་ཁྱིའི་མ་འམ་ཤུ་ཟག་གི་སྦྱིན་སྲེག་ཁྲི་བྱའོ།། དུག ་འ་བར་བྱེད་ན་ཐབ་ཁྲུང་དེ་ཉིད་དུ་ཙད་ངན་གྱི་ཤིང་ལ་མེ་སྦྱར་ལ། ན་ཐཱ་ཀ་རའི་མེ་ཏོག་གི་སྦྱོར་སྒེག་བྱའོ།། དེས་ནི་དུག་ཐམས་ཅད་འི་བར་འཞུགས་པར་འགྱུར་རོ།། སྣ་ཚོགས་ཀྱི་ཟུག་གཟེང་མ ་མེད་པར་བྱེད་ཅིང་ཞི་བར་བྱེད་དོ།། མཁའ་ལྡིང་གི་རིག་པའི་རྒྱུད་ཀྱི་ཆོ་གའོ།། ཁམས་གསུམ་པ་ཡི་ལམ་གནས་པའི།། བཙུན་མོར་གྲགས་པ་ཇི་སྙེད་པ།། སྦྱིན་སྲེག་འཁྲུལ་འཁོར་སྦྱོར་བ་ཡིས། ་དེཀུན་བཀུག་ནས་སྤྱོད་པར་བྱེད།། བྱམས་པ་ཆགས་པའི་ལྟ་བ་ཡིས།། སེམས་དེ་ཡིས་ནི་དབང་དུ་བྱེད།། འགྲོ་བ་ཐམས་ཅད་དབང་བྱས་ནས།། སངས་རྒྱས་བྱང་ཆུབ་ངེས་པར་སྤྱོད།། འདི་ནི་དབང་དུ་བྱ་བའི ་ཆོ་གའོ།། རྣམ་པ་ཀུན་མཁྱེན་ཞེས་བྱ་བ།། ཤེས་རབ་མེད་པར་ཐོབ་མི་འགྱུར།། དེ་ཕྱིར་དེ་ཐོབ་འདོད་པ་གང་།། ཤེས་རབ་རྣོན་པོ་སྒྲུབ་པར་བྱ།། བཟླས་དང་སྦྱིན་སྲེག་སྦྱོར་བ ་ཡིས་ཆོས་རྣམས་ཀུན་ལ་སྤྱོད་པའོ།། བློ་ནི་དག་གསལ་དྲི་མ་མེད།། དེ་ཉིད་ཤེས་རབ་ཕ་རོལ་ཕྱིན།། རྣལ་འབྱོར་པ་ནི་གྲོལ་བར་འགྱུར།། གྲི་ཧ་བི་དའི་ལོ་མ་དང་།། ཤ་ཏི་དང་ནི་ཤིང་མ་ངར་དང་། ་བྲམ་ཟེ་མོ་དང་མ་ག་ཏ།། སྦྲང་དང་བཅས་པ་བཟའ་བར་བྱ།། ཤེས་རབ་འཕེལ་བར་བྱ་བའི་ཆོ་གའོ།། དུག་རྗེས་སྦྲང་རྩི་མར་དང་བཅས།། འཁོར་ལོ་བཟང་རྩ་དེ་བཞིན་ཏེ།། མཆེ་བའི་དུག་གིས་བཟུང་བ ་ལ་བསྐུས་དང་འཐུངས་པས་ཞི་བར་མཛད།། དུག་གཞིལ་བའི་སྨན་ནོ།། ཛ་རྀ་ཙཎྜ་ལི་དག་དང་།། ནང་པའི་སྡི་ནི་མར་ཁུར་བཅས།། ལུས་ཀྱི་སྲིན་བུ་ཤི་བའི་རོ།། ཟོས་ནས་དབང་དུ་འགྱུར་བ ་ཡིན། དབང་དུ་བྱ་བ་སྨན་ནོ།། དུག་འགུགས་པས་ནི་འགྲོ་བ་བཞིན།། ཤེས་རབ་འཕེལ་བས་སངས་རྒྱས་ཉིད།། ཆོས་ཀྱི་འཁོར་ལོ་བསྐོར་བ་ནི།། སྐད་ཅིག་གིས་ནི་དབང་བྱེད་འགྱུར།། བདག་གཞན ་དོན་རབ་བསྒྲུབ་པ་ལ།། ཐེག་པ་ཆེན་པོར་ཐབས་གཞན་མེད།། རིག་པ་ལ་ན་ཅིག་བསྒྲུབས་པ་ཡིས།། འཕྲལ་དུ་ཡིད་ཆེས་བྱེད་པ་ཡིན།། ཧྲཱིཿཡིག་མྱོས་པའི་སྣོད་པ་ས་མ་ན།། བུད་མེད་རྣམས་ནི ་འཛག་པར་འགྱུར།། ལྕེ་སྙིང་དཀྱིལ་དུ་ཧྲཱི་དེ་ཉིད།། བསམས་ན་བློ་རྣམས་སྐྱེ་བར་བྱེད།། མཆེ་བས་བཟུང་བ་ལས་བསྒོམས་པ།། ཆོས་ཀྱི་ཡི་གེ་མཛེས་པ་ཡིས།། ཡི་གེ་དག་ནི་དུགཞི་བྱེད།། ་སྒྲོལ་མའི་སྙིང་པོ་ཁམས་གསུམ་ལས།། རྒྱལ་བ་ཡིན་པར་བརྗེ་བ་ཅན་གྱིས་རྣམ་ཤེས་བྱ།། ངག་གི་སྐྱོན་རྣམས་ཟད་པས་དུག་སེལ་སེམས་ཀྱི་སྐྱོན་སྤངས་པས།། ཤེས་རབ་འཕེལ་འགྱུར་ལུས་ཀྱི ་སྐྱོན་རྣམས་ཟད་པས་དབང་དུ་བྱེད།། དེ་ཕྱིར་འགྲོ་བ་འདི་དག་མི་དགེ་བ་ལ་ཞེན་པས་དངོས་གྲུབ་ཐོབ་མི་འགྱུར།། དེ་ཕྱིར་རྒྱལ་བའི་སྲས་ཀྱིས་ཕན་ཕྱིར་མི་དགེ་བ་རྣམས་སྤང་བར་བྱ་ཕྱིར་བགྱི།། ཕྱག ་རྒྱ་བཅིངས་པའི་ཁྱད་པར་གྱིས་ནི་ངེས་པར་ལུས་ཀྱི་སྐྱོན་རྣམས་ཟད་པར་འགྱུར།། སྔགས་ཀྱིས་ལྕེ་ཡི་ཚོགས་ཀྱི་སྐྱོན་རྣམས་གང་ཡིན་སེམས་ཀྱི་སྐྱོན།། བསམ་གཏན་དགའ་བའི་སེམས་ཀྱིས ་དགའ་བར་འགྱུར་བར་དད་པ་དྲི་མེད་ཀྱིས།། ལུས་ཀྱི་ཡིད་རྣམས་གཡོ་བ་མེད་པ་དེ་ཚེ་སངས་རྒྱས་བྱིན་གྱིས་རློབ།། སྡིག་མེད་མིག་གིས་སྡིག་ལྟ་ཞིང་ནི་སྙིང་རྗེ་ལྡན་པ་འཇིག་རྟེན་གསུམ་གྱི་རྒྱལ ་པོར་འགྱུར།། སྦྱིན་པས་བསོད་ནམས་སྟོབས་ལྷག་གྱུར་པར་ས་སྟེང་གཙོ་བོ་སྦྱིན་བདག་བརྩོན་འགྲུས་ལྡན་པར་འགྱུར།། ལེ་ལོ་སྤངས་པས་མཁས་པས་དམྱལ་བའི་སྡུག་བསྔལ་ཅུང་ཟད་ཀྱང་མི་མྱོང ་དེ་ཕྱིར་སངས་རྒྱས་སྲས་ཀྱི་སྙིང་རྗེའི་ནོར་དང་བརྩོན་འགྲུས་སྤྱོད་པ་དག་ལ་བརྟེན།། ནམ་མཁའི་དཀྱིལ་དུ་སངས་རྒྱས་རྣམ་བལྟས་བསམ་གཏན་སྟོབས་ཀྱིས་སངས་རྒྱས་རྣམས་ལ་སེམས། ་རྨི་ལམ་ནའང་རྟག་ཏུ་བདག་ཉིད་སངས་རྒྱས་རྣམས་ཀྱིས་བསྐོར་པོ་མཐོང་།། མཁས་པས་འཆི་བའི་ཚེ་ཡང་རི་རིས་རྩེར་གཤེགས་དང་།། བནོད་པ་སྣ་ཚོགས་དོན་པའི་སངས་རྒྱས་ནས།། སྙིང་རྗེའི་བདག་ཉིད་ཅན། ་གྱིས་མཐོང་གྱུར་པ།། སྡིག་པ་བྱས་པས་དམྱལ་བའི་གྲོང་ཁྱེར་མཐོང་བར་འགྱུར།། དེ་རྣམས་རྣམ་པར་དག་པའི་རྒྱུད་ཡིན་ཏེ།། བློ་ཡང་དེར་ནི་གནས་པར་འགྱུར།། དེ་ཡི་ཕྱིར། ་ན་ཅི་ནས་ཀྱང་།། གོས་དཀར་དག་གིས་བཙུན་མོར་འདོད།། དེ་ཉིད་དུག་ནི་ཞི་བྱེད་པས།། རྟ་མགྲིན་གྱི་ནི་གོ་འཕང་གནས།། འདོད་ཆགས་རྡོ་རྗེའི་ཆོག་འབྱུང་བ།། འགྲོ་བ་གསུམ་པོ་དབང་དུ་བྱེད།། འདོད ་ཆགས་ཀྱི་རིགས་ཀྱི་རྒྱུད་སྒྲུབ་པའོ།། ། དེ་ནས་སྦྱོར་བ་གཞན་འབྱུང་བར་འགྱུར་ཏེ། དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི།། སླར་ཡང་གྲུ་གསུམ་གཞན་ཞིག་གོ། དབང་པོ་ཕྱོགས་ནས ་བརྩམས་ནས་ནི།། ཨོཾ་ལ་སོགས་པ་མཁས་པས་བྲི།། མཚམས་དྲུག་ཏུ་རིས་བོན་དྲུག། ཆོས་ཀྱི་ས་བོར་དཀྱིལ་དུའོ།། ཡི་གེ་ཕུ་ཡི་ནང་བྱས་པ།། དེར་སྒོ་ཡིམ་ཟེས་བྲི།། སྦྲུལ་བསླང་བའི་རྒྱུད ་དོ་འདེ་ནས་བུད་མེད་སྐལ་བ་དང་ལྡན་པར་བྱ་བའི་ཕྱིར།། སྦྱོར་བ་གཞན་བཤད་པར་བྱ་སྟེ། འདབ་མ་བདུན་པའི་ཨུཏྤལ་བྱས་ལ་དེ་ལ་ཡི་གེ་བདུན་སྦྱར་བར་བྱའོ།། དེའི་ལྟེ་བ་ལ་ཧྲཱིཿགཉིས་ཀྱིས ་བརྟེན་པའི་བསྒྲུབ་བྱའི་མིང་བ་དུ་བྱ་བའི་ཆོ་ག་བཞིན་དུ་གྱིག་འམ། ཡའང་མེ་ཏོག་དང་བཅས་པའི་རས་ལ་བྲིས་ལ་མི་འུ་བྱས་ནས་དཔུང་བ་ལ་གདགས་པར་བྱའོ།། བདག་པོ་བུད་མེ་ཐམ་དུ་གྱུལ ་རྒྱལ་པོ་འང་ནཔལ་འབྲིང་ཉིད་དུ་འགྱུར།། ཤིན་བྱུང་གཅིང་གཙང་པ་ལས།། སྔགས་འདི་བཏུབར་བྱ་བ་ཡིན།། དབང་དུ་བྱ་བའི་ཚིག་ལོ།། སྲུང་བའི་དོན་དུ་མ་ཚུལ་འཁོར་འབྱུང་བར་འགྱུ་ཏེ། ་འདྲབ་བཞི་བྱས་ནས་ནི།། དེ་ལ་དབུས་སུ་ཟླ་བ་བྲི། ཤར་དུ་མངའ་ནི་བྲི་བར་བྱ།། ལྷོ་ཉིད་དུ་ནི་གཞུ་བྲིའོ།། མི་འཇིགས་ལག་པ་ནུབ་ཏུའོ།། བྱང་དུ་ཨུཏྤལ་བྲི་བར་བྱ།། དབུས་ཀྱི་ཟ་བར་བསྲུང་བྱསྟེ། ་ས་བོན་བདུད་གྱིས་བསྐོར་བའོ།། འཁོར་ལོའི་ཕྱི་མོ་རིམ་པ་ལ།། ཨུཏྤལ་འཕྲེང་བས་བརྒྱན་པའོ།། འདི་ནི་གྲོག་ལ་བྲིས་ལ།། རང་གི་དཔུང་ལ་གདགས་པར་བྱ།། གཞན་ཡང་བྱིས་པ་རྒ ་པོ་ངརལ་བབ།། འཁྲུལ་འཁོར་གྱིས་ནི་རང་སྲུང་འགྲུག། གལ་ཏེ་དབང་ཕྱུག་ཐོབ་པར་བྱ་འདོང་ན།། ས་བོན་གྱི་གྲོང་ཁྱེར་བྲིས་ལ་དེའི་དཀྱིལ་དུ་ག་ཞུ་བྲི་བར་བྱའོ།། གཞུའི་དཀྱིལ་དུ་རིན་པོ་ཆེའི་རྣམ་པ ་ལྟ་བུའི་ཨུཏྤལ་གྱི་མྱུ་གུ་བྲི་བར་བྱའོ།། ཨུཏྤལ་སྙིང་པོའི་དབུས་སུ་ཡི་གེ་ཛྭ་ལ་ཡི་གེ་བདུན་གྱིས་བསྐོར་བའོ།། ས་ལེ་སྦྲམ་གྱི་བྱང་བུ་ལ་མངོན་པར་བྲིས་ལ་ཁྱིམ་གྱི་སྟེང་དུ་ངེས་པར་གཞག་པར་བྱའོ།། ཕྱི་རོལ ་ནས་ཨུཏྤ་ལའི་འཕྲེང་བས་མངོན་པར་བསྐོར་བར་བྱས་ལ།། ཚེས་བཅུ་གཉིས་སམ་བརྒྱད་ལ་རིན་པོ་ཆེ་ལྔ་དང་ལྡན་པའི་བུམ་པ་གང་བས་ཕབ་ལ་ཁྲུས་བྱས་ནས་མཆོད་ནས་བཟླས་པ་བརྒྱ་རྩ་བརྒྱད ་བྱས་ན། ལོ་གཅིག་གིས་ནོར་འཛིན་དང་མཚུངས་པར་འགྱུར་རོ།། དེ་ལྟ་བུའི་རིགས་པའི་རིལ་བུ་ཡང་དག་པར་གདགས་པར་བྱའོ།། དེ་ནས་སྦྱོར་བའང་འབྱུང་བར་འགྱུར་ཏེ། མིག་དམར་ལ་བབ་པ ་ནའགྲོན་བུ་གན་ཀྱལ་དུ་གནས་པ་རྙེད་ན་ལག་པའི་མཐིལ་དུ་བཞག་ནས། སྔགས་འབུམ་ཕྲག་གཅིག་བརྒྱ་བཟླས་ན་རྒྱན་པོ་འདེབས་པ་ན་ཕ་རོལ་པོ་ལས་རྒྱལ་བར་འགྱུར་རོ།། འགྲོན་བུ་དེ་བླངས་ལ་ཀུ་རུ ་གའི་སྔགས་བཅཝ་རྩ་བརྒྱད་བཟླས་ནས། ཆོས་བཅུས་གཉིས་སས་བརྒྱད་ལ་ཁྲུས་བྱས་ནས་མཅོ་དུལ་ངུར་གྱི་ནང་དུག་ཏུམས་ནས་དཔུང་བ་ལ་བཏགས་ད། འདིས་དོར་གྱི་དབང ་ཕྱུག་ཆེན་པོར་འགྱུར་རོ།། འགྲོན་བུ་དེ་སྣོད་དུ་བཅུག་པའི་ནང་དུ་སྦ་བ་བྱས་ན་ཉིན་རེ་རེ་ཀར་ཤ་པ་ཎ་རེ་རེ་རྙེད་པར་འགྱུར་རོ།། དོན་སྒྲུབ་པ་དང་། རྒྱལ་སྲིད་སྒྲུབ་པ་དང་། རྒྱན་པོ་རྙེད་པ་དང་། འབྲས་བུ་སྒྲུབ ་པའི་རྒྱུད་དོ།། རྟོག་པ་གསུམ་པ་རྫོགས་སོ།། ། གང་གིས་རྡུལ་ཚོན་མཐོང་ཙམ་གྱིས།། སངས་རྒྱས་མྱུར་དུ་ཐོབ་པར་བྱེད།། དཀྱིལ་འཁོར་མཐོང་བའི་རིམ་པ་བཞིན།། དེ་ནས ་ཡང་དག་བཤད་བྱ་བ།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞི་ཡིས་ཉེ་བར་བརྒྱན།། དེ་ཡི་དཀྱིལ་དུ་ལྷ་མོ་དགོད།། བྷ་གའི་རྣམ་པ་ཁ་དོག་ལེགས།། མདའ་ནི་ཤར་དུ་བྲི་བར་བྱ།། གཞུ་ནི་ལྷོ་ཡོ་ཕྱོགས ་སུ་འོ། མི་འཇིགས་ལག་པ་ནུབ་ཏུ་སྟེ།། བྱང་དུ་དེ་བཞིན་ཨུཏྤ་ལའོ།། མཚམས་དཀྱིལ་ཆ་ནི་ཐམས་ཅད་དུའོ།། རྡོ་རྗེ་འཁོར་ལོ་སོགས་དེ་བཞིན།། གོས་དམར་པོ་ཡི་སྟོད་གཡོགས་བགོས།། དར་དམར ་པོས་གདོང་བཀབ་པའི་སློབ་མ་གཞུག་པར་བྱའོ།། འདིས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ལ་འཁོར་ལོར་མེ་ཏོག་བསྒྱུར་བར་བྱས་ཏེ། པྲ་ཏཱིཙྪ་བཛྲ་ཧོ་ཞེས་བྱའོ།། གཡོགས་པ་བཀྲོལ་ལ་དཀྱིལ་འཁོར། ་བསྟན་པར་བྱའོ།། དཀྱིལ་དུ་བ་བ་ན་ནི་དབང་དུ་བྱ་བའི་ལས་ལ་དབང་བར་འགྱུར་རོ།། མི་འཇིགས་པ་སྦྱིན་པ་ལ་བབས་ན་ནི་དུག་འགུགས་པ་ལ་བསླབ་པར་བྱའོ།། ཨུཏྤ་ལ་ལ་བབས་ན་ནི་ཤེས་རབ་འཕེལ་བ་ལ་བསླབ ་བར་བྱའོ།། གཞུ་ལ་བབ་ན་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བསླབ་པར་བྱའོ།། འཇུག་པའི་དུས་སུ་འདི་སྐད་སྨྲ་བར་བྱའོ།། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་འདི།། ་དཀྱིལ་འཁོར་དུ་མ་ཞུགས་པ་གང་གིའང་མདུན་དུ་བརྗོད་པར་བྱ་བ་མ་ཡིན་ནོ།། དམ་ཚིག་ཉམས་པར་གྱུར་ཏ་རེ། ཡང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ་ཞེས ་བརྗོད་ནས། དེའི་རྗེས་ལ་དམ་ཚིག་སྦྱིན་པར་བྱ་སྟེ། དཀོན་མཆོག་གསུམ་ནི་མི་སྤང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་རྒྱུད་ལས་གྲུབ་པ་ཡིན་ནོ།། མནའ་བསྒག་པར་ཡང་བྱ་སྟེ། ཆོས་ཀྱི་རྒྱལ་པོ་དམ་ཚིག་ཆེ།། ་ང་ལས་བླངས་ནས་འགའ་ཉམས་ན།། སངས་རྒྱས་བྱང་ཆུབ་སེམས་དཔའ་དག། གསང་སྔགས་སྤྱོད་མཆོག་སྤྱོད་པ་རྣམས།། ཁྲག་ཆེན་དང་མི་སྙིང་ཆེན་ཡང་།། དེ་ཚེ་ཕྱུང་ནས་གསོལ་བར་བྱེད།། ཆོས ་ཀྱི་བསྟན་པ་སྐྱོང་བྱེད་པ།། ང་ལ་ཁྱོད་ཀྱིས་བརྙས་མི་བྱ།། རྟག་ཏུ་གོས་དམར་བགོ་བྱ་ཞིང་།། འཕྲེང་བ་དམར་པོ་བཅིང་བར་བྱ།། དམར་པོའི་དྲིས་ཀྱང་བྱུག་བྱ་ཞིང་།། རིན་ཆེན་དམར་པོ་སོགས་ཀྱིས ་བརྒྱད།། ཆགས་པའི་སེམས་ཀྱིས་བསྒོམ་བྱ་ཞིང་།། སྔགས་ཀྱང་ཆགས་པའི་སེམས་ཀྱིས་བཟླ།། བཙག་གམ་སིན་དྷར་དག་གིས།། ཕོ་བྲང་དག་ནི་བྲོ་བར་བྱ།། མཚལ་གྱི་ཕྱེ་མ་དག་གམ་ནི། ་གུར་ཀུམ་དང་མི་ཅན་ངན་ངམར།། བྱུ་རུའི་ཕྱེ་མ་དག་ཀྱང་རུང་། ཀ་གེ་ག་མི་ཕྱེ་མས་གྲི།། སྦྱིན་སྲེག་ཡང་ང་འཁོར་ལོའོ།། རབ་ཏུ་གནས་པ་དེ་བཞིན་ཏེ། ཀུན་ཀྱང་དམར་བའི་རང་བཞིན་བྱ་བ ་སངས་རྒྱས་ངུར་སྨྲིག་མཚོར་བྱེད་ཡིན།། སྲོག་ཆགས་གསད་པར་མི་བྱ་ཞིང་།། བདེན་པ་མིན་པ་ཡང་མི་སྨྲ།། མ་བྱིན་པར་ཡང་བླང་མི་བྱ།། གཞན་གྱི་ཆུང་མ་བསྟེན་མི་བྱ།། ་ལུས་ཀྱི་ལས་ནི་རྣམ་གསུམ་དང་།། ངག་གི་རྣམ་པ་བཞི་དག་དང་།། ཡིད་ཀྱི་རྣམ་པ་གང་གསུམ་པོ།། མི་དགེ་བ་དག་སྤང་བར་གྱིས།། ཆོས་དང་དེ་བཞིན་ཟང་ཟིང་དང་།། བྱམས་དང་མི་འཇིགས ་ཞེས་བྱ་བ་འི།། སྦྱིན་པ་ཁྱོད་ཀྱིས་རྟག་ཏུ་བྱིན།། མེད་ན་བསམ་གཏན་ལས་ཀྱིས་སོ།། བསྡུ་བའི་དངོས་པོ་བཞི་དག་ཀྱང་།། ཁྱོད་ཀྱིས་རྟག་ཏུ་བསྟེན་པར་བྱ།། ཕ་རོལ་ཕྱིན་པའི་སྐུ ་དག་དང་།། སྟོབས་རྣམས་དང་ནི་དབང་དག་དང་།། བུད་མེད་འགྲོ་བ་བརྙས་མི་བྱ།། སྒྲོལ་མའི་མིང་ཅན་ཁྱད་པར་དུ།། གསང་སྔགས་སྤྱོད་པའི་ཁྱིམ་པས་ཀྱང་།། བུད་མེད་དེ་ནི་བླང་མི་བྱ།། ་གྲོང་ཁྱེར་སྒོ་དང་གྲོང་དག་དང་།། ཡུལ་གང་དུ་ནི་སྒྲོལ་མ་ནི།། སྒོ་ལྡང་བཞི་མདོ་རྩིག་ངོས་དང་།། སུམ་མདོ་དག་ཏུ་ཁྱད་པར་དུ།། གནས་པའི་གནས་དེར་རྟག་ཕྱག་བྱ།། བསྟོད་ཅིང་མཆོད་པ་ཆེན ་བོ་བྱང་གནས་དེར་གནས་པ་བྱས་ནས་ནི།། སྔགས་ལ་སོགས་པ་བསྒྲུབ་པར་བྱ།། སྒྲོལ་མའི་མིང་ཅན་བུད་མེད་གང་།། ཁ་དོག་དམར་སེར་མགེ་ལེགས་མ།། དེ་མཐོང་རྣལ་འབྱོར་གུས་པ ་ཆོས་ཡིད་ཀྱིས་ཕྱག་ནི་བྱ་བ་ཡོས།། བར་དུ་བེའུ་འབྲུལ་ལ་ཏོག་དང་།། དེ་བཞིན་ཀར་བཱིར་འཛིམ།། གཞན་ཡང་མེ་ཏོག་དབར་པོ་ལ།། བསྒྲུབ་པ་པོས་དེ་འགོས་ས་བྱ།། དེ་ལྟར་རྫོམ ་པ་བྱིན་པས་ནི།། གཙང་ཞིང་དག་པའི་ལྦ་ཛས་ཏྭ།། བུམ་པ་བཞིར་གནས་པའི་ཆུས།། སློབ་མ་སྔགས་རྒྱས་དག་པར་བྱ།། སློབ་དཔོན་གྱིས་ནི་རིབ་པ་བཞིན།། མངའ་གཞུ་སོགས་ཀྱི་ཕྱག་རྒྱ ་བཀྲུ་དང་པོར་མདའ་ཅན་བུམ་པ་སྟེ།། གཉིས་པ་གཞུ་དང་ལྡན་པས་སོ།། གསུམ་པ་མི་འཇིགས་པ་ལག་སྟེ།། ཨུཏྤལ་གྱིས་ནི་བཞི་པར་རོ།། ཇི་སྐར་སངས་རྒྱས་ཤཱཀྱ་ཡི།། སེང་གེ་སྲས ་བཅས་རྡོ་རྗེ་འཛིན།། རྒྱལ་སྲིད་ཆེན་པོར་དབང་བསྐུར་ལྟར།། དེ་བཞིན་བདག་གིས་ཁྱོད་དབང་བསྐུར།། ཁྱོད་ཀྱིས་སངས་རྒྱས་ཐམས་ཅད་ཉིད།། དེ་ཉིད་དཀྱིལ་འཁོར་འདི་རུ་རྙེད།། རྡུལ་ཚོན ་འདི་གཟིགས་སངས་རྒྱས་རྣམས།། རབ་ཏུ་དགྱེས་པར་གྱུར་པ་ཡིན།། འདི་ནི་འཆི་མེད་ནད་མེད་ཀྱང་།། མྱ་ངན་མེད་ཅིང་འཕོངས་པ་མེད།། ཐེག་པ་ཆེརན་པོ་གཙང་མ་འདིས།། ཁྱོད་ཀྱིས་རྫོགས་པའི ་བྱང་ཆུབ་ཐོབ།། མདའ་སོགས་བཞི་ཡིས་དབང་བསྐུར་བས།། དམ་ཆོས་སྣོད་དུ་བྱས་ནས་ནི།། སློབ་མ་ལ་ནི་གསང་བ་དག། ཆོ་ག་བཞིན་དུ་སྦྱིན་པར་བྱ།། དེ་ལ་རེ་ཞིག་དང་པོར་ཀླུལ་བསྡིགས་པ་ལ ་བསླབ་པར་བྱའོ།། ན་མོ་རཏྣ་ཏྲ་མཱ་ཡ། ར་མོ་བུདྡྷ་བོ་དྷི་ས་ཏྭེ་བྷྱོ། ན་མོ་ཨ་སྭ་མ་ཧཱ་ཨ་ནྱ་ཎྱ་པྲ་ཀ་ལ་ཡཾ། ན་མོ་བ་བ་ཏེ་བྷྱོ། བུདྡྷ་ཀོ་ཙ་བྷྱཿཏདྱ་ཐཱ། ཨོཾ་ཧྲཱིཿཧྲཱིཿཧྲཱིཿསརྦ་ནཱ་གཱ་ནཱ~ཾ། ཨ་ནན་ཏ་ཀུ་ལཱནཱ ་བ་སུ་ཀི་ཀུ་ལཱ་ནཱ~ཾ། ཤཾ་ཁ་པཱ་ལི་ཀུ་ལཱ་ནཱཾ། ཀ་ར་ཀེ་ཊ་ཀུ་ལཱ་ནཱ~ཾ། པདྨ་ཀུ་ལཱ་ནཱ~ཾ། ཀུ་ལི་ཀ་ཀུ་ལཱ་ནཱ~ཾ། སུན་ང་རྀཀ་ཀུ་ལཱ་ནཱ~ཾ། ག་ར་ཀ་ཀུ་ལཱ་ནཱ~ཾ། མེ་ཀ་ཀུ་ལཱ་ནཱ~ཾ། ངི་ལ་ད་ཀུ་ལཱ་ནཱ~ཾ། ཛ་ལ ་དྷ་ར་ཀུ་ལཱ་ནཱཾ། བཛྲཱི་མུ་ཏ་ཀུ་ལཱ་ནཱཾ། སཾ་བརྡྷ་ཀུ་ལཱ་ནཱ~ཾ། ཨེ་ས་བརྟ་ཀུ་ལཱ་ནཱཾ། ཀུ་མུ་དཀུ་ལཱ་ནཱཾ། ཀ་ཧ་ར་ཀུ་ལཱ་ནཱཾ། སཽ་གནྡྷེ་ཀུ་ལཱ་ནཱ~ཾ། ཧ་ན་ཧ་ན། ཤ་རེ་ཎ། བནྡྷ་བནྟ ་བེ་ན། ཏཱ་ཌ་ཡ་ཏཱ་ཌ་ཡ། ཨུཏྤ་ལེ་ན། བརྟ་ན། ཨ་བྷ་ཡ་མ། དེ་ཧི་དེ་ཧི། པྲ་ལ་ཡ། ཀ་ལྀ་བཛྲ་ལི་ད་ར། མ་བྷ་ཏ་ར་ཡ་ན། བ་ར་ཤཱདྷི་ནཱ་ག་ན་བི་ཤེ། ཀུ་རུ། ཀུ་རུ། ཀུ་རུ་ཀུ་རུ། པུ་ཀུ་རུ ་བ་ལ་ཀུ་རུ་བ་ཡ། ཕུ་ཕུ་ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཧཱུཾ་སྭཱ་ཧཱ་ཕཊ། སྔགས་འདིས་དགོན་པའི་ལྕི་བ་ལས་དཀྱིལ་འཁོར་བྱས་ལ། ཆོ་ག་བཞིན་དུ་ཙན་དན་གྱི་པདྨ་འདབ་མ་བརྒྱད་པ་བྲིས་ལ། ཤར་ལ ་སོགས་པའི་འདབ་མ་ལ་དགའ་བོ་ལ་སོགས་པའི་ཀླུ་བརྒྱད་བཞག་ནས། ཤ་ཁ་ར་དང་གུ་གུལ་རྒྱུ་སྐར་སྣར་མ་ལ་བབ་པའི་ཚེ་བརྒྱ་རྩ་བརྒྱད་བཟླས་ནས། ཀླུ་རྣམས་ལ་བདུག་པ་བྱིན་ནས་དེ་ནས་མཆོད། ་པའོ། གལ་ཏེ་ཆར་འབབ་པར་མི་འགྱུར་ན། ཆང་གིས་ཁྲུས་བྱས་ལ་སེང་ལྡེང་གི་མེས་གདུང་བར་བྱའོ།། དེ་ལྟར་བྱས་ན་ཆར་འབབ་པར་འགྱུར་རོ།། གལ་ཏེ་ཆར་འབེབས་པར་མི་བྱེད་ན ་མཛེས་ཐེབས་པར་འགྱུར་རོ།། རིག་པ་འཛིན་པ་དེ་དག་བྱ་བའི་ཟས་དང་ལྡན་པར་བྱ་བ་ཡིན་ནོ།། ཕྱི་ནས་ཉེ་བར་བསྡུས་ལ་ཆུ་བོ་ཆེན་པོར་དོར་བར་བྱའོ།། ལྷ་ཡང་དུས་སུ་ཆར་འབེབས་ཤིང་།། ལོ་ཏོག ་ཕུན་སུམ་ཚོགས་པར་ཤོག། འཇིག་རྟེན་མཐའ་དག་སྐྱེད་པ་དང་།། རྒྱལ་པོ་ཆོས་དང་ལྡན་གྱུར་ཅིག། ཅེས་ཡོངས་སུ་བསྔོ་བའང་བྱའོ།། ཆར་ཤིན་ཏུ་ཆེས་པ་གཅད་འདོད་ན། སྦྲུལ་འདུལ་བའི་མི་ལས ་སྦྲུལ་གཅིག་བླངས་ལ་ཙན་དན་གྱིས་བྱུགས་ནས་འོ་མ་བླུད་པར་བྱ་ཞིང་། སྔགས་འདི་ལན་བདུན་བསྔགས་པ་བྱས་པའི་བུམ་པ་དམར་པོ་མ་ཚོས་པའི་ནང་དུ་བཅུག་ལ་ཕྱག་རྒྱ་ཆེན་པོས་རྒྱས་བཏག། ་ནས་བུམ་པ་བཅག་པར་གྱུར་ན་དེ་མ་ཐག་ཏུ་ཆར་པ་གཅོད་པར་བྱེད་དོ།། ཕྱིས་ནས་ཚོགས་ཀྱི་སྟོན་མོ་བྱ།། ཡང་ན་ཉན་ཐོས་དགེ་འདུན་མཆོད།། ཁྱེའུ་དང་བུ་མོ་ལའང་ཟས་སྐོམ་སྦྱིན།། དེ་ལྟར ་བྱས་ན་ཀླུ་རྣམས་དགའ།། ཆར་ནི་འབབ་པར་གྱུར་པའི་ཚེ།། གལ་ཏེ་འདི་ལྟར་མི་བྱེད་ན།། ཀླུ་རྣམས་དགའ་བར་མ་བྱས་པས།། མཛེ་ཡིས་ཐེབས་པར་གྱུར་པ་ཡིན།། རྒྱལ་པོའི་བུ་དང་བཙུན་མོའི་འཁོར་དང ་བཅས་པ་ཁྲུས་བྱས་ལ་ཕྱིར་བཟློག་པའི་ཚེས་ལྔ་ལ། ཕྱིར་ལྡོག་པའི་རྩ་བ་བཙལ་ནས་འོ་མའམ་ཡང་ན་མར་དང་སྦྱར་ཏེ། དངུལ་གྱི་སྣོད་དུ་བླུགས་ལ་བཏུང་ཞིང་དགེ་སློང་ལ་གསོལ་བར་བྱས་ན། ལོ་གཅིག་གི ་བར་དུ་སྦྲུལ་གྱི་འཇིགས་པ་འབྱུང་བར་མི་འགྱུར་རོ།། དེ་ལ་མི་དགེ་བའི་ལས་ཀྱིས་གལ་ཏེ་སྦྲུལ་གྱིས་བཟུང་ན་སྦྲུལ་དེ་ཉིད་འཆི་བར་འགྱུར་ཏེ། ལན་བདུན་མངོན་པར་བསྔགས་པ་འགྲུབ་པར་འགྱུར་རོ།། ཡང ་མཛེ་ནད་སོས་པར་འདོད་ན། སྔགས་འདི་ཉིད་ཀྱིས་དུག་མེད་པར་བྱས་ནས་ཟོས་ན་མཛེ་ནདང་སོས་པར་འགྱུར་རོ།། རྩ་བའི་སྔགས་ཀྱིས་ཆུ་ལ་བསྔགས་ལ་སྦྲུལ་གྱིས་བཟུང་བའི་རྨལ་བསྐུས་མ་དུག་མེད་པར ་འགྱུར་རོ།། ཡང་ཀླུ་མཐོང་བར་འདོད་ན། ཨུཏྤལ་དམར་པོའི་འདབ་མ་ལ་ཡི་གེའི་གྲངས་ཀྱིས་འབུམ་བཟླས་ནས། ཀླུ་གནས་ཤིང་བྱིན་གྱིས་བརླབས་པ་མཆེའུ་ལ་སོགས་པར་བཏབ་ན། དེའི་རྗེས ་ལ་ཀླུའི་ཆུང་མ་འདར་བར་འགྱུར་རོ།། སྒྲུབ་པ་པོ་ལ་གྱི་བཅོམ་ལྡན་འདས་ཅི་ཞིག་བགྱི་ཞེས་བཀའ་ལུང་ནོང་བར་བྱེད་དོ།། སྔགས་པས་ཀྱང་འདོད་པ་དེ་བསྲུང་བར་བྱའོ།། རྟོག་པ ་བཞི་པའོ།། །། དེ་ནས་གཞོན་ནུ་སྒྲ་གཅན་འཛིན་བཟང་པོས་གང་གི་ཚེ་བསོད་སྙོམས་ལ་རྒྱལ་པོའི་ཁབ་ཏུ་ཞུགས་ནས། ཡང་འོད་མའི་ཚལ་དུ་ཞུགས་ཏེ་ལྷུང་བཟེད་བཀྲུ་བའི ་ཕྱིར་རྫིང་བུ་རིང་པོར་ཞུགས་པ་ན། གྲགས་འཛིན་མའི་བུ་དགེ་སློང་དཀར་པོ་དང་འཁྲུལ་ནས་རྫིང་བུར་དྲངས་པ་དང་། དེའི་ཚེ་གཞོན་ནུ་སྒྲ་གཅན་འཛིན་བཟང་པོས་རིག་པ་འདི་བཟླས་སོ།། བཟླས་པ ་ཙམ་གྱིས་ཇི་ལྟར་འགའ་ཞིག་རང་གི་ཁྱིམ་ནས་བྱུང་བ་བཞིན་དུ་སྒྲ་གཅན་འཛིན་བཟང་པོ་ཡང་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ངོ་།། ཉེ་བར་སོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ ་ཏོ་ཡབ་ལགས་ཁྱེད་ཀྱིས་བདག་ལ་གསང་སྔགས་གང་སྩལ་བའི་མཐུ་དེ་བདག་གིས་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། གང་དུ་མཐོང་། ཀླུ་རྣམས་ཀྱི་དྲུང་དུའོ།། དེ་ལྟ ་བས་ན་བཅོམ་ལྡན་འདས་སྲོག་ཆགས་གཞན་དག་བསྲུང་བའི་སླད་དུ་སྔགས་འདི་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་དེའི་དུས་སུ་སྔགས་འདི་དང་རྟོག་པ ་འདི་ལག་ན་རྡོ་རྗེ་ལ་བསྐུར་ནས་ཉན་ཐོས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ལ་བཀའ་དྲིན་གསལ་བར ་བྱས་སོ།། རིགས་ཀྱི་བུ་དེའི་ཕྱིར་གསང་སྔགས་འདི་དང་རྟོག་པ་འདི་ཙན་དན་གྱི་དཀྱིལ་འཁོར་བྱས་ནས་ཀློག་པར་བྱེད་པ་དེའི་ལུས་ལ་དུག་གི་གནོད་པ་མི་འབྱུང་། དུག་གིས་འཆི་བར་མི་འགྱུར།། ་ཤུ་བའི་འཇིགས་པ་མི་འབྱུང་། གཡན་པའི་འཇིགས་པ་མི་འབྱུང་། མཛེ་ནད་ཀྱི་འཇིགས་པ་མི་འབྱུང་། ནད་ཀྱི་འཇིགས་པ་མི་འབྱུང་། ཀླུའི་འཇིགས་པ་མི་འབྱུང་། སྦྲུལ་གྱི་འཇིགས་པ་མི ་འབྱུང་། སྟག་དང་གཅན་གཟན་གྱི་འཇིགས་པ་མི་འབྱུང་།། མཚོན་གྱི་འཇིགས་པ་མི་འབྱུང་། དགྲའི་འཇིགས་པ་མི་འབྱུང་། དབུལ་བའི་འཇིགས་པ་མི་འབྱུང་། དུས་མ་ཡིན་པར་འཆི ་བའི་འཇིགས་པ་མི་འབྱུང་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བསྟན་པ་བསྲུང་བའི་ཕྱིར་ནག་པོ་ཆེན་པོ་ཉིད་ཀྱི་བསོད་སྙོམས་ཀྱིས་གསོས་པའི་སྲིན་མོ་འཕྲོག་མ་ལ་བྱིན་ནོ།། དེ་ཡང་སྔོན ་གྱི་ལས་མི་དགེ་བ་ལ་སྐལ་བ་ངན་པར་གྱུར་པས་ནག་པོ་ཆེན་པོ་དང་རྗེས་སུ་འཐུན་པ་མ་ཡིན་པས་གནས་པར་མི་བྱེད། རྩེ་བར་མི་བྱེད། བསྟན་པ་སྲུང་བར་ཡང་མི་བྱེད་དོ།། དེ་ནས་སྲིན་མོ་དེ་ཡི་མུག་པར་གྱུར ་པ་དང་། དེ་ལ་ནག་པོ་ཆེན་པོ་དབང་དུ་བྱ་བར་འདོད་པས་ཀུ་རུ་ཀུལླེའི་རྟོག་པ་འདི་གསུངས་སོ།། དེ་ནས་བཟུང་ནས་སྐལ་བ་ཆེ་ཞིང་བཟང་བ་དང་ལྡན་པར་གྱུར་ཏོ།། རིགས་ཀྱི་བུ་དེའི་ཕྱིར་སེམས་ཅན ་དབང་དུ་བྱ་བར་འདོད་པས་གསང་སྔགས་འདི་ཉིད་དང་རྟོག་པ་འདི་ཉིད་ལ་གོམས་པར་བྱའོ།། གཞན་ཡང་ཤིན་ཏུ་དགའ་བའི་བུ་གཟུགས་བཟང་ཞིང་མཛེས་པ་སྟོབས་ཆེ་ཞིང་མཚན་དང་ལྡན་པ་ཞིག་སྐྱེས་སོ།། ་འོན་ཀྱང་བློ་རྟུལ་བར་གྱུར་ཏོ།། དེ་ནས་ཤིན་ཏུ་དགའ་བས། བཅོམ་ལྡན་འདས་ལ་ཞུ་བ་ཞུས་པ། བཅོམ་ལྡན་འདས་བདག་གི་བུ་གཟུགས་བཟང་ཞིང་མཛེས་པ་སྟོབས་ཆེ་ཞིང་མཚན། ་དང་ལྡན་པ་ཞིག་སྐྱེས་པར་གྱུར་ན། འོན་ཀྱང་བློ་རྟུལ་བར་གྱུར་ཏོ།། བཅོམ་ལྡན་འདས་དེ་ཇི་ལྟར་ན་དེའི་ཤེས་རབ་འཕེལ་བར་འགྱུར། གལ་ཏེ་བདག་གི་བུ་དེའི་ཡི་གེ་དང་བཅས་པར་གྱུར་ན།། དེ་ལྟ་ན་ཁྱོད ་ཀྱིས་བསྟན་པ་རྗེས་སུ་བསྲུང་བར་བགྱིའོ།། དེ་ལྟར་གསན་ནས་བཅོམ་ལྡན་འདས་ཀྱིས་དྲན་པ་སྔོན་དུ་བཞུགས་ནས་རྟོག་པ་འདི་དང་གསང་སྔགས་འདི་བཀའ་སྩལ་ཏོ།། དེ་བཀའ་སྩལ་གྱིས ་ཤིན་ཏུ་དགའ་བའི་བུ་གཞོན་ནུ་སྣར་མ་ཞེས་བྱ་བ་འདི་ཤེས་རབ་དང་ལྡན་པར་འགྱུར་རོ།། ལོ་བཅུ་གཉིས་ཀྱིས་བསྟན་བཅོས་ཐམས་ཅད་འཇིགས་པ་མེད་པ་དང་། བཟོའི་གནས་ཀྱི་ཐབས ་ཐམས་ཅད་ལ་མངོན་པར་ཤེས་པ་དང་ལྡན་པར་གྱུར་ཏོ།། རིགས་ཀྱི་བུ་དེའི་ཕྱིར་ཤེས་རབ་ཆེན་པོ་འཕེལ་བར་བྱ་བའི་ཕྱིར་གསང་སྔགས་དང་རྟོག་པ་འདི་ལ་བསླབ་པར་བྱ་བ་ཡིན་ནོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་མཁའ་སྤྱོད་ཀྱི་དངོས་གྲུབ་བཀའ་སྩལ་བ། རོ་ཡི་སྦྱོར་དང་བྲལ་བ་ཡི།། དངུལ་ཆུ་ལེགས་པར་བླངས་ནས་སུ།། རྡོ་རྗེ་རྟེན་གཤོང་དུ་བྱས་ནས།། འཇིག་རྟེན་མགོན་དང་བཏགས ་པར་བྱ།། སླར་ཡང་ཆོས་སྐུ་དང་བཏགས་ལ།། དེ་བཞིན་འཛའ་བ་ཏི་ཀི་ཏི་ཀ་དང་།། བྱི་ནའི་ལོ་མའི་ཁུ་བ་དང་།། ཉི་མ་གསུམ་དུ་མཉེ་བར་བྱ།། བན་ད་ཀ་ཀོ་ལའི་འོ་མ་དང་།། ཧ་ཀ་བཛྲའི ་འོ་མ་དང་།། རྣམ་ཕུག་པའི་ཁུ་བ་དང་།། ནུ་མའི་འོ་མ་དང་མཉེ་བ།། དངུལ་ཆུ་དང་ནི་རྩབ་མོ་ཡིས།། ལན་བདུད་བར་དུ་བཀྲུ་ཞིང་མཉེ།། ལྕགས་ཀྱི་སྣོད་དུ་ལེགས་བཅུག་ནས།། འབྲི་དྷ་ར་ཀའི། ་ཟན་བཅུག་བཅོ།། ཀ་ན་ཀ་ཡི་མེ་ཏོག་གོང་བུ་དང་།། འོག་དང་སྟེང་དུ་ངེས་པར་བསྐོར།། རྩ་བའི་གསང་སྔགས་འབུམ་བཟླས་ན།། དངུལ་ཆུ་དེ་ནི་གཡས་ནིས་འཁོར།། མུ་ཟི་ཉི་མས་བསྒོས་པ་ལ།། ་གསང་སྔགས་དེས་ནི་བཟླས་བྱས་ནས།། ལྕགས་སྡོང་མེ་ལ་བཞག་པ་ལ།། ཕྱེ་མའི་སྦྱོར་བ་ཅུང་ཞིག་བླུགས།། མུ་ཟི་ཅུང་ཟད་ཞུ་གྱུར་ནས།། དམ་མཁའི་འདབ་མ་བཅུགནས་བཞུ།། ཕྱེ་ནས་ཀྱི ་ནི་ས་ལེ་སྦྲམ།། དེ་ལ་མ་ཀི་ཀི་ཡང་གཞག། དངུལ་དང་ཟངས་ཀྱང་དེ་ནས་གཞུག། དེ་བཞིན་ལྕགས་ཀྱང་ལྔ་འགྱུར་རོ།། གཞན་ཀུན་དྲུག་འགྱུར་བ་ཞུ་བྱས་ནས།། ཉི་མའི་འོད་དང་མཉམ་པར ་འགྱུར།། དེ་ཡི་རི་ཐིས་གཞན་ཕུང་ཆེན།། མཁས་པར་སྒྱུར་བར་བྱེད་པ་ཡིན།། མན་བཅས་ཕྲ་ཞིང་བསྒྱུར་ནུས་ན།། དངུལ་ཆུ་གྲུབ་པར་ཤེས་པར་བྱ།། མ་ཧེ་རང་དང་བཅས་པ་ཡི།། སྤྱི་ལའོ། ་མས་རྡོ་རྗེ་གསང་།། བྱི་བ་མཆུ་རིངས་ཁྭ་དང་ནི།། གྲུབ་པའི་དངུལ་ཆུ་ནང་དུ་གཞུག། འདི་དང་དངུལ་ཆུ་འདྲེས་གྱུར་ན།། མ་ར་ཀ་ཏ་ལ་སོགས་པའང་འཇུ།། ཀུ་རུ་ཀུལླེའི་རྣལ་འབྱོར་པས།། མིག་གི་ཕྱིར་ནི ་མུ་ཏིག་བཅུ།། རྟག་ཏུ་གཟིགས་མ་རྩ་ཟོས་མ།། བུད་མེད་བརྒྱ་ལ་འདོད་པ་སྤྱོད།། མཚད་བདུན་ཙམ་ཞིག་སྦྱོར་བས་ནི།། བརྟུལ་ཞུགས་ཅན་ནི་མཁའ་སྤྱོད་འགྱུར།། དངུལ་ཆུ་མཁའ་སྤྱོད་སྒྲུབ་པའི་རྒྱུད་དོ།། ་ཞ་ཉེའི་རིལ་བུ་བྱས་ནས་ནི།། འབང་ཧུའི་ས་བོན་སྣོད་དུ་ནི།། ཁྲག་འཛག་ཀན་ཙུའི་སྣོད་བཅུག་ནས།། ས་སྣོད་དམར་པོར་བཅུག་ནས་ནི།། དངུལ་ཆུ་དང་བཅས་ཞ་ཉེ་དེ།། ་འཆི་བར་འགྱུར་པར་ཐེ་ཙོམ་མེད།། དེ་དང་དངུལ་ཆུ་སྲང་རེ་བསྲེས།། ཕྱི་ནས་སྲང་གཅིག་དྲུག་ཅུར་བསྲེ།། རང་དང་མཉམ་པར་བསྒྲུབ་བྱས་ནས།། དངུལ་གྱི་རིལ་བུ་བྱེད་པ་ཡིན།། སྒྲོལ་མས་དངུལ ་ཆུ་གྲུབ་གྱུར་ནས།། སེམས་ཅན་དོན་བྱེད་ནུས་པར་འགྱུར།། སེམས་ཅན་དོན་ལ་བསོད་ནམས་ཚོགས།། ཚོགས་ལས་བྱང་ཆུབ་མཆོག་ཏུ་འགྱུར།། དངུལ་ཆུ་སྒྲུབ་པའི་རྒྱུད་དོ།། བསྟན་པའི་ཀུན་ཏོའི། ་མེ་ཏོག་སྡེ།། ཙི་ཏྲ་ཀ་སྔོན་ཞེས་བྱ་དང་།། རྣལ་འབྱོར་པ་ཡིས་ཟླ་གཅིག་ཏུ།། འོ་མ་དར་འཐུངས་ལོ་སྟོང་འཚོ།། སྔགས་ཀྱི་བཀའ་ལས་ནག་པོ་བླང་།། འོད་མའི་སྣོད་དུ་བཅུག་ནས་ནི།། ཚེས་བརྒྱད ་ལ་སྒྲུབ་རྣལ་འབྱོར་པས།། ཉི་ཟླ་སྐར་མ་གནས་ཡང་འཚོ།། ཡུ་ང་བུང་དང་འདྲ་རྙེད་ནས།། འོ་མ་དང་མཉེས་འཐུངས་ནས་ནི།། ཚངས་པ་མདུན་ན་འདོན་མཉམ་པའི།། ཚེ་དང་ལྡན་འགྱུར་ཐེ་ཙོམ།། ་མེད་དེ་བཞིན་ཤིང་ཆེན་འབྲས་བུ་ཡི།། ཆུ་ཤིང་འབྲས་བུ་འདྲ་རྙེད་ནས།། གང་དང་གང་ན་གནས་པ་དེར།། གལ་ཏེ་གསོ་སྦྱོང་ལ་གནས་པ།། འོ་མ་དང་མཉེས་འཐུངས་ནས་ནི།། སྐྲ་དཀར་གཉེར ་མ་རེངས་པར་འགྱུར།། བཅུད་ཀྱི་ལེན་སྒྲུབ་པའི་རྒྱུད་དོ།། བུ་འདོད་པས་ནི་བྷ་གའི་ཤིང་མེ་ཏོག། བརྟུལ་ཞུགས་གནས་པའི་འོ་མ་དང་འཐུངས་ནས།། དེཡི་ཆུང་མ་གས་སྤྱོང་ལྡན་བྱས་ཏེ།། འཐུངས ་ནས་སྐལ་བཟང་བུ་དང་ལྡན་པར་འགྱུར།། སྔགས་འདི་ཤུ་དག་གི་ནི་འབྲས་བུ་དག། བཏགས་ནས་འོ་མ་དང་ནི་བསྲེ་བྱས་ནས།། གལ་ཏེ་བཙུན་མོ་དང་ཡང་གསོ་སྦྱོང་ལྡན་བྱས་ཏེ།། འཐུངས་ན།། ་རྒྱལ་བའི་མཚན་ལྡན་བུ་ཐོབ་འགྱུར།། ལག་སྨན་ཞེས་བྱའི་རྩ་བ་གང་གི་འོ་མ་དང་།། ཁྲུས་བྱས་འཐུངས་དབུ་བཙས་འགྱུར།། དོན་གྲུབ་པ་ཡི་སྐུའང་ཡོངས་སུ་རྫོགས་པའི་གཟུགས།། མཚོན ་གྱིས་མཚོན་རྣམས་ཀྱིས་ནི་འཇིགས་པ་མེད་པའི་ནི།། མཛའ་ལ་ཤེ་ལ་རྩ་བ་ནས་བཏོན་ནམ།། རྩ་བ་བླངས་ནས་ལན་བདུན་མངོན་བསྔགས་ཏེ།། ངོ་བོ་ལ་ནི་ངེས་པར་བཅིངས་བྱས་ནས།། ལོ་གཅིག ་རིམས་ནི་མེད་པར་བྱེད་པ་ཡིན།། རྣལ་འབྱོར་པས་ནི་གསེར་ཤིང་རྩ་བ་དག། བླངས་ནས་གང་གི་མགོ་ལ་བཅིངས་བྱས་ན།། དེ་ཡི་ཉིན་བཞི་པ་ཡི་གནོད་པ་དག། རིམས་ཀྱིས་ཟིན་པ་རིམས་མེད་འགྱུར།། སོ ་ཕག་དུ་བ་ཆང་དང་རྩ་བ་མོ་དང་།། ར་གཉིས་པ་མི་རྒྱལ་བའི་ཁུ་བ་བཅས།། ཟངས་མའི་སྣོད་དུ་བུད་མེད་འོ་མ་དང་མཉེས་ནས།། མིག་ལ་བསྐུས་ན་མིག་གི་ནད་རྣམས་སེལ།། ཤིང་ཐོག་ཨུ་ཙ་ཏ་ཡི་རྩ་བ ་བླངས་ནས་ནི།། སྔགས་འདི་བརྒྱ་བྱེད་བར་དུ་བཟླས་ནས་སུ།། ཇི་ལྟར་འདོད་པའི་འོ་མ་དང་འཐུངས་མ།། དམ་པའི་མི་དབང་དེའི་མཚན་ལ་རུང་ནས།། ནགས་ལ་ཞེས་བྱར་རབ་གྲགས་པ།། དེ་ཡིའོ།། ་མ་ངག་དང་ལྡན་བྱས་པ།། དེས་ནི་མཚན་མ་སྟོབས་བསྐྱེད་བུ་འཕེལ་བུ་ཚ་བསྐྱེད།། སྔགས་འདི་བརྒྱ་ཕྱེང་བར་དུ་བཟླས་སུའོ།། གིའུ་ཝང་དང་ནི་སོམ་སྐྱེས་པའི་ལྕེ།། མི་ཡི་དབང་པོའི་རྩ་བ་རྒྱུ་སྐར་བཟང ་བོ་ལ་དེ་ཡི་དཔྲལ་བར་ཐིག་ལེ་བྱས་ནས་ནི།། ཐིག་ལེ་དེ་མཐོང་འཇིག་རྟེན་གསུམ་དབང་བྱེད།། ཤི་བའི་རོ་ཡི་མིག་དང་སྙིང་དང་ལྕེ་དག་དང་།། དབྲལ་བ་དང་ནི་དེ་བཞིན།། ་སྣ་དག་དང་།། བླངས་ནས་སྐར་མ་རྒྱལ་ལ་ནི།། ཏིལ་མར་ལ་བཙོས་སྐྱེ་བོ་དབང་དུ་བྱེད།། སྦྲུལ་གྱི་དབང་པོའི་མགོ་བོའི་མིག་སྨན་དང་།། མིག་ངན་གཅོད་དང་མེ་ཏོག་ཅེས་བྱའི་ཁྲག། མིག་སྨན་དེ་ཡིས ་མིག་ལ་བསྐུས་བྱས་ན།། རྒྱལ་པོའི་བཙུན་མོ་དབང་དུ་བྱེད་པར་འགྱུར།། སྔགས་འདི་བརྒྱ་ཕྱེད་རྐང་པ་སར་བཞག་ནས།། ས་ཡི་ནང་ན་ཡོད་པའི་ནོར་སྩལ་ན།། རྐང་པ་གང་དུ་བཞག་པ་གཡོ་འགྱུར་བ།། ་དེ་ན་གཏེར་དག་ཡོད་པར་ཤེས་པར་བྱ།། རྐང་པའི་བོལ་འགུལ་ན་ནི་ཉེ་བར་འགྱུར།། རྐང་མཐིལ་འགུལ་ན་རིང་ན་གནས་པ་ཡིན།། གང་ན་གཏེར་ཡོད་ཟེར་བ་ཐོས་པ་མངོན་བྱས་ནས།། རིག་པ་འཛིན ་པས་ཉིན་བཞིན་འོག་ཏུ་བལྟ།། བྱིས་པ་མཆུ་རིངས་ཕྱི་མ་ནི།། གུ་གུལ་བཅས་པ་བྱུགས་ཙམ་གྱིས།། གླང་ཆེན་མྱོས་པས་གསལ་ཞིང་བདེ་བར་འབྱུང་བར་འགྱུར།། ཤིན་ཏུ་གནག་པའི་ཁྱི་མོ་ཡི།། ་འོ་མ་བསྲུབས་ནས་མར་གསར་གྱིས།། བསྐུས་ནས་རྔ་ལྤགས་ལྷམགོན་ནས།། ཆུ་ཡི་སྟེང་ནས་འགྲོ་བར་འགྱུར།། ས་བཀོད་ཚ་ཉའི་ཚེར་མ་དག་བསྡུས་ནས་ཚང་ཚིང་ཁྱིམ་སྦས་ན།། ཆང་རྣམས ་བརླག་སྟེ་ཕྱུང་ནས་སུ།། བཟང་པོ་ཉིད་དུ་འགྱུར་བ་ཡིན།། རྫ་མཁན་རྫ་མ་བསྲེགས་པའི་མེ།། ཐོག་གིས་བཅག་པའི་ཤིང་བཙུགས་ནས།། དེ་མེ་འབར་བར་མི་འགྱུར་ཏེ།། ཆང་བླུགས་ན་སླར་འབར ་བར་འགྱུར།། ཟོང་ལ་གོང་བསྟན་སྔགས་བཟླས་ནས།། སྔོན་སྔགས་ཚོང་པ་རྣམས་བསྟན་ན།། རྣལ་འབྱོར་པ་ཡི་ཚེང་འགྲུབ་ཅིང་།། ཚོང་པ་རྣམས་ལ་ཁེ་ཆེར་རྙེད།། ཆང་གི་ས་བོན་བྱེད་པ་ལ།། ་སྤྲེའུ་ཡི་མིག་གཙང་མ་བཅུག་ནས།། ཆང་སྣོད་བཅས་བརླག་པར་འགྱུར།། བགུ་ལས་འགྲུས་སྤྱད་དུ་རུང་།། བ་གུ་ལ་ཡི་ཆུས་བཀྲུས་ན།། བྱིས་པ་མ་མས་བླངས་ནས་ནི།། འབྱུང་པོ་སྒྲ་ཡིས ་བདུག་བྱས་ནས།། ངུར་སྨྲིག་བསྐོན་པས་སོས་པར་འགྱུར།། བྱིས་པ་ནུ་ཞོ་འཐུངས་སྐྱུགས་ན།། རྨ་བྱའི་སྒོ་བསྲེགས་ཐལ་བ་ཡིས།། མགུལ་པ་བཅིང་བ་བྱས་ན་ནོ།། སྦྱོར་བ་མཆོག་གིས་སླར་སོས ་འགྱུར།། ཡ་ད་ཀ་བ་ཀ་ནི་ཆོ་ག་དང་།། ལྡན་པའི་ཞ་ཉེ་བྱང་དུ་བསྐོ་བྱས་ནས།། ཁ་ཡི་ནང་དུ་བཅུག་ནས་འདུག་ན་ནི།། འཚང་དང་མཚོན་ཆ་མི་བྱམས་པ་ལས་ཐར།། ཀྵ་མ་ར་ཡ་ཡི་གེ་རྣམས་དང་ལྡན།། ་ཡི་གེ་ཀུན་ཀྱང་ཨེ་ཡིས་བརྒྱན་པ་ལ།། ཡང་དག་ཀ་བ་ཀ་ཡི་མཐའ་མར་ནི།། སྒོ་ང་བཞི་དང་ཚད་གསུམ་གཉིས་གཉིས་སྦྱིན།། དན་ཏིལ་ཨུཏྤལ་ས་ར་པུ་ཀ་དང་།། ནི་ཚུལ་དང་འགི་རོ་ཀར་ནི་ཆུས།། ལན ་བདུན་པར་དུ་བཀྲུས་པའི་ན་ཉི་ཡི།། བྱང་བུ་ལ་ནི་བློ་དང་ལྡན་པས་བྲི།། ཤིང་སྒྲོག་ལྤགས་སྒྲོག་ཁྲི་དང་གཡུལ་ངོ་རུ།། མཚན་ཆའི་ཆར་འབབ་པ་དང་གཞན་དག་ནི།། ཞེ་སྡང་བ་དག་ངེས་པར་འཇོམ ་བྱེད་པར།། རྒྱུད་ཆེན་འདིས་ནི་འགྲུབ་པར་འགྱུར་བ་ཡིན།། གང་གིས་སྔགས་ཀྱི་རྒྱལ་པོ་བྲིས་ནས་ནི།། རིག་པ་བྱས་ནས་དཔུང་པ་ལ་བཏགས་ན།། དེ་ཡི་དབང་ཕྱུག་ནོར་སྦྱིན་པ་དང་མཉམ་པར་འགྱུར།། ་གཞན་གྱིས་མི་འཕྲོག་ནོར་གྱི་གཏེར་ཐོབ་འགྱུར།། ཨོཾ་ཀུ་རུ་ཀུལླེ་སྭཱ་ཧཱ། ལྷུང་བཟེད་ལ་ནི་བཏགས་ནས་སུ།། ཡུལ་གྱི་མུ་གེ་བྱུང་བའི་ཚེ།། སློང་མོ་པས་ནི་བསོད་སྙོམས ་ཐོབ་ཨུཏྤལ་སྡོང་བུའི་ཕྱི་རོལ་འཁྲིགས་པ་ཡིས།། ཁུ་བ་འོ་མ་དང་བཀྲུས་བུད་མེད་ཀྱིས་འཐུངས་ན།། རང་གི་ལས་ཀྱིས་མངལ་བླུགས་པ་དག་ཀྱང་།། དེས་ནི་ངེས་པར་གནས་པར་བྱེད་པ་ཡིན།། ། ་མ་ག་དྷ་ཡི་འབྲས་བུ་ལྔ་ཙམ་ཞིག། བཏགས་ནས་བུད་མེད་གང་གིས་འོ་མ་འཐུངས།། གསང་སྔགས་འདི་ཡི་མཐུ་རབ་ཆེ་བ་ཡི།། དེ་ནི་བདེ་བ་དང་ལྡན་བཙའ་བར་འགྱུར།། ནིམ་པས་བ་དུ་འོ་མ་ནི་བཏག ་ནས་རྡོ་རྗེ་ཆུ་དང་བསྲེགས་བྱས་ནས།། སྐྱེས་པའི་ཚེ་ན་མངལ་ནི་བསྐ་བྱས་ན།། བུད་མེད་དེ་ནི་བདེ་བར་བུ་བཙར་འགྱུར།། གླང་པོ་མ་ག་ན་ཡི་ཤུ་དག་བཅས།། རྟ་ཡི་དྲི་དང་མ་ཧེའི་མར་གསར ་བཅས།། བ་ལ་དང་ལྡན་སྦྱོར་བ་བྱས་ནས་ནི།། ནུ་མ་དག་ནི་སྒྲུབ་བྱེད་འཕེལ་བར་བྱེད།། བཟའ་བ་ཐམས་ཅད་ཟོས་ནས་ནི།། སྣ་ནས་ཆུ་ནི་འཐུངས་ནས་ནི།། མགོ་བོའི་དུས་མིན་སྐྲ་དཀར་དག། སྔགས ་ཀྱི་སྦྱོར་བས་དེ་མེད་འགྱུར།། ཨ་བ་ཤི་ཡི་རྩ་བ་དང་།། ཀ་མ་ཙ་ཀ་གསེར་ཤིང་འབྲས།། ལྡན་པར་ག་པུར་ཆུས་བཏགས་ནས།། ལུས་མཆོག་བསྐུས་བསྲུབས་མཛུབ་མོ་འཇིགས།། འཁྲིག་པའི ་ཚེ་ན་མི་འཛག་ན།། བདག་པོ་མི་གུས་འགྲོ་བར་འདོད།། འཆིང་བ་ཡི་ནི་སྦྱིན་པར་འདོད།། དེ་འཛག་བྱ་ཕྱིར་དེ་ཡིས་བསྐུ།། མཁྲིས་པ་སྦྱོར་ཚེ་ཕག་ཞག་ལས།། མར་མེ་ར་སྦར་བར་བྱས་ནས་ནི།། མཽ། ་འདོད་པ་ཡང་མྱུར་དུ་འབྱུང་།། དེ་ཡང་མངལ་དུ་ཡུན་རིངས་གནས།། རྡོ་རྗེ་མ་ཡིས་ཁྱིམ་ཚིག་ན།། མི་གང་སྔགས་ཀྱི་ཆང་གིས་འཐོར།། མེ་ནི་འཆི་བར་གྱུར་ཏོ་ཞེས།། སྦྱོར་བ་འཇིག་རྟེན། ་དབང་ཕྱུག་གསུངས།། སེམས་ཅན་གང་དག་འཁོར་གནས་དང་།། འཇིག་རྟེན་མགོན་པོས་དེ་སྐད་བསྒྲགས།། རི་ཡི་རྒྱལ་པོ་པོ་ཏ་ལར།། བཅོམ་ལྡན་གཞན་སྡུག་པས་སྡུག་པོ།། སངས་རྒྱས ་གྱུར་ཅི་ཡང་མེད།། སེམས་ཅན་དོན་རྣམས་སྒྲུབ་པའི་ཕྱིར།། སྔར་སྤྱད་མ་ཡིན་ཅི་ཡང་མེད།། ཉམས་པ་སླར་ཡང་གསོ་བར་བསམ།། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག ་གིས་དེ་སྐད་ཅེས་བཀའ་སྩལ་ནས། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུང ་པ་ལ་མངོན་པར་བསྟོད་དོ།། འཕགས་མ་སྒྲོལ་མ་ཀུ་རུ་ཀུལླེའི་རྟོག་པ་རྫོགས་སོ། རྒྱ་གར་གྱི་མཁན་པོ་ཀྲཥྞ་པཎྜི་ཏ་དང་། ལོ་ཙ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས ་ཏེ་གཏན་ལ་ཕབ་པ། !། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ།། སྤྱན་ནི་སྐད་ཅིག་གློག་དང ་