| Wylie | e-texts produced with BDRC’s OCR application |
བག་ཅིངགཏན་ལ་པ་བྱ་བའོ།། ། རྒྱ་གར་སྐད་སྨྲ། ཏྟ་ག། བོང་ཤ་ཧཱུ~ཾ། དབང་སངོར་བསྟན་གྱི། དཔས ་དཔའ་ས་ཕྱག་འཚལ་ལོ།། ཟླ་བ་བཟུང་པོས་གསོལ་པ། སྟོན་པ་དབང་བསྐུར་རྣམ་བདུན་དང་།། རྣམ་ག་སུམ་དེ་བའི་ནབླར་མེད།། འཇོག་རྟེན་འདས་པའི་དངོས་གྲུབ་ཕྱིར། མངོར་བསྡུས ་བ་ཡིས་བདག་ལ་གསུངས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཉོན་ཅིག་ཟླ་བཟང་དབང་བསྐུར་དོན།། རྣམ་པ་བདུན་དང་རྣམ་གསུམ་མཆོག། རྩ་ཡི་གུར་སྤྱོད་རྩོལ་བ་ནི། ་མདོར་བསྟན་པ་ཡིས་ཁྱོད་ལ་བཤད།། རྒྱུད་དུ་མདོར་བསྟན་རྣམ་གསུམ་དང་།། རྒྱས་པར་བཤད་པ་རྣམ་གསུམ་འགྱུར།། རབ་ཏུ་མདོར་བསྟན་མདོར་བསྟན་ཆེ།། རབ་ཏུ་རྒྱས་པར་བཤ ་པ་གཞན།། མདོར་བསྟན་རྒྱས་པར་བཤད་པ་ཉིད།། རྒྱུད་ཡང་དག་པར་བསྡུས་པར་བརྗོད།། རབ་ཏུ་མདོར་བསྟན་རྒྱས་བཤད་པ།། བཀའ་འགྲེལ་ཚིག་ནི་འབྱེད་པའོ།། མདོར་བསྟན ་ཆེན་པོ་རྒྱས་བཤད་བ།། འགྲེལ་བཤད་ཐམས་ཅད་དོན་སྟོན་བྱེད།། དེ་ནི་མངོན་ཤེས་ཐོབ་རྣམས་ཀྱིས།། བྱ་ཡི་མཁས་རྣམས་ཀྱིས་མིན་ཉིད།། དེ་ལྟར་མཐའ་དྲུག་རྣམས་ཀྱིས་དག ་རྡོ་རྗེ་རྣལ་འབྱོར་རྣམ་པ་ནི་དང་།། རྫོགས་པའི་བྱང་ཆུབ་བཞི་རྣམས་དང་།། ཕུང་ཁམས་སྐྱེ་མཆེད་རིགས་དྲུག་རྣམས།། དག་པ་འཇིག་རྟེན་ཁམས་ལ་སོགས།། ལེའུ ་ལྔར་ནི་འདོད་རྣམས་ཀྱིས།། བདེན་གཉིས་དང་པོའི་སངས་རྒྱས་འགྱུར།། དུས་ཀྱི་འཁོར་ལོ་མངོན་རྗོད་བྱེད།། དང་པོར་དབང་བསྐུར་བདུན་པོ་གང་།། བྱིས་པ་རྣམས་ནི་གཞུག་པའི་ཕྱིར།། རྣམ ་གསུམ་འཇིག་རྟེན་ཀུན་རྫོབ་ཀྱིས།། དམ་པའི་དོན་གྱིས་བཞི་པའོ།། བདེན་པ་གཉིས་ཀྱི་ཆོས་རྣམས་ཀྱི།། རྡོ་རྗེ་ཅན་དག་གིས་བསྟན་པ།། འཇིག་རྟེན་ཀུན་རྫོབ་བདེན་པ་དང་།། དམ་པའི ་དོན་གྱི་བདེན་པས་སོ།། ཆུ་དང་ཅོད་པན་དར་དབྱངས་དང་།། རྡོ་རྗེའི་དྲིལ་བུ་བརྟུལ་ཞུགས་ཆེ།། མིང་དང་རྗེས་གནང་ཡང་དག་ལྡན།། དབང་བསྐུར་རྣམ་བདུན་མི་ཡི་བདག། ལུས་ངག་སེམས། ་ནི་ལེགས་དག་པ།། མངོན་པར་དབང་བསྐུར་གཉིས་གཉིས་སོ།། རྗེས་གནང་ཡེ་ཤེས་ཡང་དག་དག། གཞན་པ་ཁམས་སོགས་དག་པ་ལས།། ཆུ་ནི་ཁམས་ཀྱི་དག་པ་སྟེ།། ཅོད་པན ་ཕུང་པོ་རྣམ་སྦྱོང་བྱེད།། དར་དཔྱངས་ཕ་རོལ་ཕྱིན་པ་དག། རྡོ་རྗེ་དྲིལ་བུ་མི་འགྱུར་ཆེ།། སངས་རྒྱས་སྐད་རྒྱུན་མི་འཆད་པ།། ཉི་ཟླ་གཅིག་ཏུ་དག་པར་བྱེད།། ཡུལ་དང་དབང་པོ་ལེགས་དག་པ།། ་འཕོ་མེད་རྡོ་རྗེའི་བརྟུལ་ཞུགས་འགྱུར།། མིང་ནི་བྱམས་སོགས་ཡང་དག་དག། རྗེས་གནང་སངས་རྒྱས་ཉིད་དག་བྱེད།། དབང་བསྐུར་བདུན་པོ་འདི་རྣམས་ནི།། དཀྱིལ་འཁོར་བཞེངས་ནས ་སྦྱིན་པར་བྱ།། བུམ་པ་གསང་བའི་དབང་བསྐུར་དང་།། ཤེས་རབ་ཡེ་ཤེས་མངོན་རྗོད་པ།། སྔར་ཡང་ཤེས་རབ་ཆེན་པོ་ཉིད།། དེ་ཡི་ཡེ་ཤེས་མངོན་རྗོང་བྱེད།། འགྱུར་དང་འགྱུར་དང ་དེ་ནས་འཇོག། དེ་ནས་གཞན་ཡང་མི་འཛག་པའོ།། ལུས་ངག་སེམས་ནི་ལེགས་དག་པས།། དབང་བསྐུར་གསུམ་པོ་རིམ་པ་ཡིས།། བཞི་པ་ཡེ་ཤེས་ཡང་དག་དག། ལུས་ངགས་པ ་ནི་དག་པར་བྱེད།། བྱིས་པ་དར་མ་དེ་ནས་རྒན།། བཞི་པ་སྐྱེ་དགུའི་བདག་པོའོ།། ཤེས་རབ་ནུ་མར་ཡན་ལག་ནི།། རེག་པས་བྱང་ཆུབ་སེམས་འཕོའི་བདེ།། འོ་མ་འཛིན་པས་དབང ་བསྐུར་བ།། གང་ལས་བདེ་ཐོབ་དེ་བྱིས་པའོ།། ཡུན་རིང་གསང་བར་སྤྲོས་ལས་སྐྱེས།། བྱང་ཆུབ་སེམས་ནི་འཕོ་བའི་བདེ།། གསང་བའི་དབང་བསྐུར་གསང་བ་ནི།། གང་ལས་བདེ ་ཐོབ་དེ་དར་མ།། ཡུན་རིང་གསང་བར་སྨོས་ལས་སྐྱེས།། རྡོ་རྗེའི་རྩེ་མོར་གཡོ་བའི་བོངདེ།། ཤེས་རབ་ཡེ་ཤེས་དབང་བསྐུར་བ།། གང་ལས་གཡོ་བའི་བགྲོད་དེ་ནམ།། ཕྱག་རྒྱ་ཆེན་པོ་རྗེས ་ཆགས་ལས།། སྐྱེས་པ་གཡོ་མེད་བདེ་བ་ནི།། ཤེས་རབ་ཆེན་པོའི་དབང་བསྐུར་བ།། གང་ལས་གཡོ་མེད་རྟོགས་པའི།། སྐྱེ་དགུའི་བདག་པོར་རྣམ་ཤེས་བྱ།། སློབ་པ་ཐམས་ཅད་སྐྱེད ་མཛད་པ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ།། བྱང་སེམས་གཉིས་མེད་མི་འགྱུར་བ།། འདི་ནི་དམ་ཚིག་སེམས་དཔར་འགྱུར།། རྡོ་རྗེ་རྣལ་འབྱོར་རྣམ་པ་བཞི།། དུས་ཀྱི་འཁོར་མི ་འདིར་བཤད་པ།། རྣལ་འབྱོར་པ་ཡི་ཐར་སྟེར་བྱེད།། འདི་ཉིད་ཀྱི་ཚེ་བསྒྲུབ་པ་བྱ།། རབ་གསལ་བསམ་གྱིས་མི་ཁྱབ་པའི།། དུ་སོགས་མཚན་མ་དེ་རྣམས་ཀྱིས ་ཤེས་རབ་གཟུགས་བརྙན་ནམ་མཁའ་མཉམ།། ཡོད་དང་མེད་ལས་རྣམ་པར་འདས།། རང་གི་སེམས་ཀྱི་རྐྱེན་གྱི་དོན།། རྡུལ་བྲན་ལས་སྐྱེས་ཚོགས་པ་རྣམས།། ཀུན་ནས་ཡོངས་སུ ་དོར་བ་ཡིས།། དུ་བ་སྨིག་རྒྱུ་མཁའ་སྣང་དང་།། སྒྲོན་མ་འབར་བ་ཟླ་ཉི་མ།། མུན་ཅན་ཆ་དང་ཐིག་ལེ་ཆེ།། སྣ་ཚོགས་གཟུགས་བརྙན་འོད་གསལ་བ།། བཀབ་དང་མ་བཀབ་མིག་དག་གིས། ་སྟོང་པར་འདི་ནི་རྗེས་བརྟགས་མིན།། རྨི་ལམ་བཞིན་དུ་གཟུགས་མཐོང་འགྱུར།། རྟག་ཏུ་གཟུགས་དེ་བསྒོམ་པར་བྱ།། དངོས་མེད་གཟུགས་ལ་སྒོམ་པ་དེ།། རྣལ་འབྱོར ་པ་ཡི་སྒོམ་མ་ཡིན།། དངོས་པོ་དངོས་མེད་སེམས་ཀྱི་མོན།། སྟོང་པར་མ་བརྟགས་མཐོང་ཕྱིར་རོ།། ཇི་ལྟར་པྲ་ཕབ་མེ་ལོང་ལ།། གཞོན་ནུ་མས་མཐོང་དངོས་མེད་སྐྱེས།། ་བཞིན་འདས་དང་མ་འོངས་ཆོས།། མཁའ་ལ་དེ་ཉིད་རྣལ་འབྱོར་པས།། འདི་ལ་དངོས་པོ་དངོས་མེད་འགྱུར།། དངོས་པོ་སྟོང་པའི་དོན་མཐོ་ཕྱིར།། དངོས་པོ་དངོས་མེད་དོན ་ཡོད་པ། སྒྱུ་མ་རྨི་ལམ་མིག་འཁྲུལ་བཞིན།། མེད་པའི་ཆོས་ཅན་དག་ལ་ཆོས།། སྐྱེ་བ་འདི་ནི་རབ་ཏུ་མཐོང་།། ཡིང་བཞིན་ནོར་ལྟར་མཐའ་ཡས་པའི།། སེམས་ཅན་བསམ་པ ་ཡོངས་རྫོགས་བྱེད།། བྱ་བབ་པ་མི་གནོན་དུམས། མ་མཐོང་བ་ཡི་རྐུན་པོ་མཐོང་། སྦྱིཆེ་བ་ཡི་མིག་དག་གིས། སོད་ནས་སྒྲུབ་པ་པོ་ཡིས་མཐོག་གལ་ཡོད་པའི་གཟུས། ་མཐོང་ན།། རང་གི་གདོང་པ་ཅིས་མི་མཐོང་།། གལ་ཏེ་མེད་པའི་གཟུགས་མཐོང་ན།། རི་བོང་རྭ་ནི་ཇི་ལྟར་མིན།། གཞན་གྱི་མིག་གོས་མི་མཐོང་ཞིང་།། རང་གི་མིག་གིས་མཐོང་མིནག། ་སྐྱེ་བ་མེད་པ་མཐོང་བ་ནི།། གཞོན་ནུ་མ་ཡི་བུ་ཇི་བཞིན།། གཟུགས་བརྙན་མཐོང་ན་དེ་ནས་ནི།། བར་མ་ཆད་པར་སྲོག་རྩོལ་བྱ།། སྟེང་འོག་རྩ་གསུམ་པོ་རྣམས་ལ།། ལུས་ངག་སེམས། ་ནི་འགོག་པ་ལས།། ཟླ་ཉིད་སྒྲ་གཅན་བཤང་གཅི་དང་།། ཁུ་བ་འབབ་པའི་ལམ་རྣམས་སུ།། ཆུ་མེ་སྟོང་པ་ས་རླུང་དང་།། ཡེ་ཤེས་ཁམས་རྣམས་སྐྱེས་རྣམས་ལ།། གང་ཞིག་ཟླ་ཉི་མུན་ཅན ་དང་བ་ཤང་གཅི་ཁུ་བ་འབབ་མ་རྣམས།། སྒྲོག་དང་ཐུར་སེལ་རིམ་པ་ལས།། ལུས་ངག་སེམས་ཀྱི་རྩ་རྣམས་སོ།། ཟླ་བ་ཐབས་ཀྱི་སྐུ་ཡིན་ཏེ།། ཉིན་མོར་བྱེད་པ་ཤེས་རབ་གསུང་།། ཤེས ་རབ་སྐུ་ནི་བཤང་བའི་རྩ།། གཅི་བ་འབབ་མ་གཙོ་བོའི་གསུང་།། སྟེང་འོག་ཐུགས་ཀྱི་རྩ་གཉིས་དག། མུན་ཅམ་ཁུ་བ་འབབ་མའོ།། ཐབས་ཀྱི་ཐུགས་ནི་མུན་པ་ཅན།། ཁུ་བ་འབབ་མ་ཤེས་རབ ་ཀྱི་སྟེང་འོག་རིགས་དྲུག་འདི་རྣམས་ནི།། སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ལས།། ཤེས་རབ་ཐབས་དངོས་ཡན་ལག་གིས།། ལུས་ཅན་ཀུན་ལ་ཡང་དག་གནས།། འཆི་ལྟས་ལུས་ངག་རྩ་དག་ལ། ་སྟེ་འོག་སྡུག་པའི་རླུང་རྣམས་ཀྱིས།། སུན་རྒྱམཐབ་འབབ་སལ།། སྐྱེ་བ་དང་ནི་འཚབ་གནས། སྐྱེ་དཔ་འཆི་དང་འག་པ་ས།། དུས་སུ་མཔའབ་པའོ།། ་ཅན་མ་ཡང་སྟེང་དུ་འབབ།། ཉི་མའི་འཕོ་བ་མཉམ་པ་ལས།། དུས་སྦྱོར་འཆར་བའི་མངོན་མཚམས་སུ།། དབུ་མ་ནས་ནི་མཉམ་པ་འབག། རྐང་པ་དང་བཅས་ལྔ་བཅུ་དྲུག། འབྱུང་དང ་འཇུག་པའོ་མི་ཡི་བདག། བདུན་ཅུ་རྩ་ལྔ་ལྷག་པ་ཡི།། དྲུག་བརྒྱ་ཉིན་དང་མཚན་ལའོ།། དྲུག་བརྒྱ་རྣམས་ཀྱིས་ལྷག་པ་ཡི།། སྟོང་ཕྲག་ཉི་ཤུ་རྩ་གཅིག་པོ།། འདི་ཡིས་དམན་པ་གང་དེ ་རྣམས་གཡོན་དང་གཡས་པའི་རྩར་འབབ་བོ།། ཕྱོགས་གསུམ་དང་བཅས་ལོ་གསུམ་རྣམས།། ལོ་བརྒྱ་རྣམས་ལས་དབུ་མའོ།། སྟེང་དུ་གཡོན་གཡས་ཟླ་ཉི་མ།། བརྐྱང་མ་ལུག་དང ་སེར་སྐྱ་གཞན།། ཆུ་དང་མེ་ཡི་རང་བཞིན་ཅན།། པདྨ་རིན་ཆེན་འཛིན་འདོད་པ།། འོག་ཏུ་བཤང་གཅི་འབབ་པ་དག། ས་དང་རླུང་གི་རང་བཞིན་ཅན།། དབུ་མའི་རྩ་དང་གཡོན་པ་ཡང་།། ་འཁོར་ལོ་རལ་གྲི་འཛིན་པར་འདོད།། སྟེང་དང་འོག་ཏུ་དབུམ་གཡས།། སྒྲ་གཅན་ཁུ་བ་རབ་འབབ་པ།། སྟོང་པ་ཡེ་ཤེས་རང་བཞིན་ཅན།། རྡོ་རྗེ་རྡོ་རྗེ་འཛིན་པར་འདོད།། ཟླ་བའི་ལམ་གྱིས ་བཤང་བའི་རྩ།། གཉི་མས་གཅིབ་འབབ་པ་སྟེ། སྐྱེ་འཆི་མཉམ་པ་ཆགས་པ་ལ།། སྒྲ་གཙམ་ཐུ་བ་རབ་ཏུ་འབབ།། ལྟེ་བའི་སྟེང་དུ་གུར་འདར་མ།། གང་ང་མིང་བཟང་མུན་པ་འབག། འོག ་ཞུ་བ་འད་བགང་།། མཔའ་འགྲོས་དོང་དང་དུ་མ་མ།། སེ་བ་ན་བྱུག་ཞིང་སབྱིན་དང་།། དམྱལ་བ་བཅུས་ཏོར་འངས་སྐྱེས་པ། ཨཱ་རྒྱས་རླུང་སྟོད་བ་དྷ་ཀྵ། རགཏུའབབ་བརྒྱ ་ས་འབྱུང་འགྱུར་དེ་ནི་འཇུག་པ་དག། བསྒྲེང་བས་འཇུག་སྐྱེ་ས་ལའོ།། ལྕེ་བ་ནས་ནི་སྡེ་བའི་དབུས།། ཨ་བཛྲཱ་ཏཱི་འགྲོ་དྲང་འོང་།། སྩོགས་ནོར་བུའི་ཆུ་སྨྲས་ལ།། ལུམ ་སེམས་རྣམས་འབབ་པ་ནི།། འབྱུང་དང་དེ་ནི་འཇུག་པ་དག། སྡུད་དང་སྐྱེད་པའི་རང་བཞིན་ཅན།། དུང་ཅན་སྐྱེ་བོ་ཐམས་ཅད་ཀྱི།། ཐུར་སེལ་རླུང་ནི་འབབ་པའོ།། འདི་རྣམས་བུང་མེད ་བདེ་བ་ལས།། ཁུ་བ་ཁྲག་འབབ་དུས་དག་ཏུ།། ཤེས་རབ་ཐབས་དངོས་ཡན་ལག་གིས།། སྟེང་དུ་གཡས་དང་གཡོན་དག་དང་།། འོག་ཏུ་བཤང་གཅི་འབབ་པ་དང་།། རྡུལ་དང་ཁུང་འབབ་པ་དག ་རྡུལ་འབབ་ཕྱིར་དེ་གཏུམ་མོ་སྟེ།། ཁུ་བ་འབབ་ཕྱིར་མཁའ་འགྲོ་གདོང་།། སྟེང་དུ་བརྗོད་དུས་བུད་མེད་ཀྱིས།། གཡུང་མོ་སྐྱེས་བུའི་ཀུན་འདར་མ།། རྣམ་ཤེས་ལ་སོགས་དཀྱིལ་འཁོར་ལྔ། ་རྟག་ཏུ་གཡོན་པའི་རྩ་ལའོ།། ས་སོགས་གཡས་པའི་རྩ་ལ་སྟེ།། དབུས་སུ་དྲུག་པ་འབབ་པའོ།། ལྟེ་བའི་པདྨའི་འདངབ་མོ་ལ།། དཀྱིལ་འཁོར་དྲུག་ཅུ་རྣམས་རིམ་བཞིན།། གཡོན་དང་གཡས ་བའི་དུས་སྦྱོར་ནི།། ལུག་སོགས་གླང་ལ་སོགས་པ་ལ།། རྩ་བ་གཡོན་དང་དེ་ནས་གཡས།། སྟེང་དང་དབུས་སུ་རིམ་པས་རླུང་།། ས་སོགས་དཀྱིལ་འཁོར་རེ་རེ་ཞིང་།། དབྱུག་གུས་ལྔ ་བུག་དགལའོ།། རིསྲ་པས་རྒྱ་ཆོང་འབབ་པ་ནི།། དྲུག་ཅུ་དང་བཅས་སུམ་བརྒྱའི་དབུགས།། བདྨ་ཕྱག་བཅོ་བརྒྱ་དཐུགས་དེ་རྣམས།། ཆུ་ཆོད་སྔར་ནི་འབབྱ་བའོ།། ་ཆུ་ཚོད་དྲུག་ཅུ་ཉིན་མཚན་དུ།། ལུས་ལ་དཀྱིལ་འཁོར་རྣམས་ཞེས་པའོ།། འདབ་མའི་དབུས་དང་དེ་ནས་ཤར།། གཡས་གཡོན་གཞན་དུ་རིམ་པ་ཡིས།། གཡོན་པ་རྟག་ཏུ་མམ་མཁའ་སོགས། ་གཡས་པར་ས་སོགས་གཞན་ལས་སོ།། གཡོན་པར་རྣམ་ཤེས་སོགས་འབྱུང་བ།། གཡས་པར་ས་སོགས་སྡུད་པའོ།། ནུབ་དང་ཤར་དུ་འཛིན་མ་རླུང་།། ཕན་ཚུན་ཤེས་རབ་ཐབས་ཡིན་ཏེ། ་མཐེ་བོང་མིང་མེད་དག་གིས་ནི།། གང་ཕྱིར་ཁ་ལ་དབང་བསྐུར་བ།། གཡས་དང་གཡོན་དུ་མེ་དང་ཆུ།། ཕན་ཚུན་ཤེས་རབ་ཐབས་ཡིན་ཏེ།། གུང་མོ་མཛུབ་མོ་གཉིས་དག་གིས།། གང་ཕྱིར ་རལ་གྲིར་འགྱུར་བའོ།། ཟླ་ཕྱེད་རྣམ་པའི་ཕྱག་རྒྱ་ནི།། མཆེ་བ་གྲི་གུག་མཐེའུ་ཆུང་སྟེ།། སྟོང་པ་མི་འགྱུར་སྟེང་འོག་ཏུ།། ཕན་ཚུན་ཐབས་དང་ཤེས་རབ་བོ།། དཀྱིལ་འཁོར་བཅུ་པོ་ཡང ་ངག་སྦྱོར།། སོར་མོ་རྣམས་ནི་ཕན་ཚུན་དུ།། མགོ་བོར་ལག་མཐིལ་སྦྱར་བ་ལ།། གྲི་གུག་དང་བཅས་རྩེ་གཅིག་གོ།། དབུ་མའི་རྩ་ལ་མཉམ་པ་དེ།། སྐྱེད་དང་སྡུད་པའི་བྱེད་པ་པོ།། ་ཕུང་པོ་ཁམས་དང་རྡོ་རྗེ་གསུམ། གཅིག་ཉིད་དབུ་མར་སོན་པ་ནའོ།། ཟླ་བ་ཉི་མའི་རྩ་འགགས་ན།། བཤང་པ་གཅི་བའི་རྩ་འགག་གོ།། སྒྲ་གཅན་རྩ་མི་འགགས་པ་མ།། འོག་ཏུ་ཁུ་བ་འབབ ་འགག་འགྱུར།། སྒྱེད་དང་སྡུད་པའི་བྱེད་པ་ཅན།། འདི་རྣམས་གྲོལ་ན་གྲོལ་བར་འགྱུར།། སྲོག་དང་གྱུར་སེལ་ལམ་གསུམ་གྱིས།། འདི་མིང་ཡི་ཀུར་སྤྱོད་དོ།། གཡོན་པ་འམ་ནི་གཡས་པ་ལ། ་མཚན་མོ་གཅིག་དང་དེ་བཞིན་ལྔར།། ལྷག་པའི་རླུང་ནི་རབ་འབབ་པ།། དེ་ལས་ལོ་གསུམ་ན་འཆིའོ།། གཡས་པ་ཉི་མའི་འཆི་ལྟས་ལ།། ལྷ་དང་ཕྱོགས་ཆོས་ཉི་ཤུ་དང་།། དེ་ཉིད་གཅིག་ལྷག ་གཞན་རིམ་པས།། ཉི་མ་ཞག་སུམ་ཅུ་གསུམ་རྒྱུ་ན།། གསུམ་གཉིས་གཅིག་ལོ་ཟླ་བ་ནི།། དྲུག་གསུམ་ཟུང་ཟླ་ཉིན་ཞག་ཚེས།། ཕྱོགས་ལྔ་ཡོན་ཏན་གཉིས་གཅིག་གིས།། ལུས་ཅན་རྣམས ་ཀྱི་ཚེ་འགྲོའོ།། རྩ་བ་ནས་གཅིག་ལྷག་པ་ཡིས།། གཡོན་པར་ཟླ་བའི་རྒྱུ་བར་འགྱུར།། ཉི་ཟླ་ཉིན་ཞག་ཟླ་བ་དག། ཉིན་ཞག་གསུམ་རྣམས་ཟླ་བ་གསུམ།། ཉིན་ལ་འཚོ་ལྟས་ཟླ་བར་དགེ། འཕེལ། ་འགྲིབ་དེ་ནས་འདི་དག་ལ།། དབུ་མའི་འཆི་བའི་རྒྱུ་བ་ནི།། ལོ་བརྒྱ་ཡོངས་སུ་རྫོགས་པ་ཡིས།། མཉམ་དང་མི་མཉམ་ཉིན་ཞག་རྣམས།། སྐྱེ་བར་སྐྱེས་པའི་དཀྱིལ་འཁོར་གྱིས།། དེ་རྒྱུ ་ཐམས་དང་གསོནས་མང་།། ཕྱོགས་གཉིས་རྣམ་པར་ཉམས་བྲལས།། གཞན་དུ་འཆི་བར་མྱི་འགྱུར་ཏེ།། ཕྱོགས་གཉིས་ཡང་དག་གནས་པ་ན།། གོཡས་དང་གཡོན་པའི་བུར་སྤྱོད་དཔེ ་དཀྱིལ་འཁོར་སྔ་རྣམས་འབབ་པའི་ཕྱིར།། འཆི་ལྟས་མཚན་ཉིད་ཤེས་ནས་ནི།། སྲོག་ནི་ཐིག་སེར་གཟུག་པར་བྱ།། ཨ་བ་དྷཱ་ཏཱིའི་ནབས་བརྟེན་ནས།། མཆོག་ཏུ་མི་འགྱུར་བསྒོམ་པར་བྱ། ་#རྟག་ཏུ་རྡོ་རྗེ་བསླང་བར་བྱ།། བྷཱུ་ཉིའི་བགྲོང་པ་འཇོམས་པ་ལས།། གཞམ་དུ་ཀུན་འདར་ཡན་ལག་ལ།། སྲོག་གི་རླུང་ནི་འཇུག་པ་མེད།། འོག་ཏུའང་དུང་ཅན་མཐུར་སེལ། ་དེ་མ་ཞུགས་ལས་འཆི་བའོ།། འཆི་ལྟས་སླུ་བ་རྣལ་འབྱོར་པའི།། འདི་ནི་དགའ་བ་རྣམས་ཀྱིས་འགྱུར།། མགོ་བོའི་པདྨར་གཙུག་ཏོར་ལས།། ཁུ་བ་འོངས་པ་དགའ་བ་སྟེ།། མགྲིན་པ་སྙིང་ཁར ་མཆོག་དགའ་འོ།། དགའ་བྲལ་དགའ་བ་དེ་ནས་འགྱུར།། སྣ་ཚོགས་དགའ་བ་ལྟེ་བ་དང་།། གསང་བའི་པདྨར་གང་འོངས་པའོ།། གསང་ནས་རྡོ་རྗེ་ནོར་བུའི་བར།། ལྷན་ཅིག་སྐྱེས་དགའ་མི ་འཕོ་བ།། རབ་གནས་མྱ་ངན་འདས་པ་མིན།། ཆགས་ཆེན་མི་འགྱུར་ཁྱབ་བདག་པོ།། འདོད་ཆགས་བྲལ་ལས་འཕོ་མེད་བདེ།། དེ་ནི་མྱ་ངན་འདས་རབ་གནས།། ཁུ་བ་ཟླ་འཆར་གཙུག ་ཏོར་དུ།། རྫོགས་པའི་གསང་བའི་མཚོ་སྐྱེས་ལ།། བཅུ་དྲུག་ཆ་གང་དེ་ནོར་བུའི།། པདྨར་རྡོ་རྗེའི་རྩེ་མོར་གནས།། དེ་སྟེང་འཕོ་བའི་དུས་སུ་འགྱུར།། ནག་པོའི་ཚེས་གཅིག་འོངས་པ་ན།། ་འདོད་ཆགས་བྲལ་བས་གནམ་སྟོང་ལ།། ཉི་མ་མཛོད་སྤུའི་གནས་སུ་འགྲོ།། དེ་ཡི་ཆ་ཤས་བཅུ་དྲུག་ལ།། གཙུག་ཏོར་པདྨར་སོན་པའོ།། ཟླ་བ་ཉམས་པ་ཞེས་བརྗོད་དོ།། ཆགས་པའི་བདེ་ལ ་ཆགས་བྲལ་ཕྱིར།། ལུས་ཅན་ཐམས་ཅད་འཚོབ་མ།། ཟླ་བ་བདུད་རྩིའི་འོག་ཏུ་འགྲོ།། སྟེང་དུ་ཉི་མ་རྡུལ་སྒྲ་གཅན།། རྣམ་ཤེས་དངོས་པོའི་མཚན་ཉིད་ལ།། དེ་ཕྱིར་ཟླ་བ་བདུད་རྩི་ནི། སྟེང ་སུ་ད་བྱ་ས་ང་།། ག་ས་སྨྲན། ས་གྱུ་མེད་འདུ་ས་རྣས་ཀྱིམ་། དྷཱ་ས་། ས་སྟོང ་བཅུས་ཏར་ནོར་ཐ་དག་གོ།། རྣས་པསྟོན་པའི་རྡོ་རྗེ་ཚིག། སྒྲས་ཅན་ཀུན་བློན་ཅི་ལོག།། རབ་གནས་མྱ་ངན་འདས་ཕྱི་མིམ། ཁམས་རྗེམས་རྒྱུན་ཅི་མིག་ཏུ་འགྱུར།། དོན་ནུ ་དྲུང་གསང་བར་གསུང། སྐྱེ་བར་སྨྲསྐྱེ་བྱ་ཆེན་ལས།། ཆོས་དང་མོངས་སྤྱོད་རྫོགས་སྤྲུལ་པ། འདི་རྣམས་དག་པའི་སུལས་སྷོ།། ཁྱབྱས་ཀྱི་འོག་ཏུ་རྒྱལ་མོ་དིབ་ག། གེ་ཀྱི ་ནི་སྟེང་དུ་འགྱུར།། འདི་ཡི་དཔྲལ་བར་སྐུ་རྡོ་རྗེ།། མགྲིན་སྙིང་ལྟེ་བའི་འངམ་སྐྱེས་ལ།། གསུང་ཐུགས་ཡེ་ཤེས་རྡོ་རྗེ་རྣམས།། སྤྲུལ་པ་ལ་སོགས་འདི་རྣམས་སྤྲོ།། ཕུང་པོ་ཁམས་སོགས ་སྤྲོ་བ་ནི།། སྒྲིབ་པ་མེད་པའི་བདེ་བ་ལས།། ལས་ཀྱི་ཕྱག་རྒྱའོ་སྙོམས་འཇུག་དང་།། ཡེ་ཤེས་ཕྱག་རྒྱའི་དམིགས་པ་དང་།། ཕྱག་རྒྱ་ཆེན་པོ་གཅིག་སྦྱོར་བས།། མི་འགྱུར་བ་དེ་འཕེལ་བར ་འགྱུར།། འཕེལ་བའི་འཕེལ་བར་འགྱུར་བ་མེད།། ཉམས་པའི་ཉམས་པ་ཉིད་ཀྱང་མེད།། ནུབ་པ་དེ་ཡི་ནུབ་པ་མེད།། འཆར་བ་ཡི་ནི་འཆར་བ་མེད།། རབ་ཏུ་གསལ་བའི་རབ ་གསལ་མེད།། བཀབ་པའི་བཀབ་པ་ཡང་མེད་དོ།། སྐྱེ་བའི་སྐྱེ་བར་འགྱུར་ཉིད་མེད།། འཚེ་བའི་འཆི་བ་ཡང་མེད་དོ།། གྲོལ་བའི་གྲོལ་བར་འགྱུར་བའང་མེད།། མི་གནས་པ་ཡི་མི་གནས ་མེད་དངོས་པོ་མེད་པའི་དངོས་མེད་མྱེད།། དངོས་པོའི་དངོས་པོ་ཉིད་ཀྱང་མྱེད།། འགྱུར་བའི་འགྱུར་བར་འགྱུར་བའང་མེད།། འགྱུར་བའི་ཡང་མི་འགྱུར་མེ་པ།། ་རང་བཞིན་མེད་པའི་ཆོས་རྣམས་ཀྱི།། སྐྱེ་འཇིག་སྒྱུ་མ་དེ་བཞིན་ནོ།། འབྱུང་རྣམས་འཇིག་པར་འགྱུར་མིན་ཏེ།། རང་བཞིན་ཉིད་ཀྱིས་སྐྱེ་མི་འགྱུར།། སྣ་ཚོགས་འདི་ནི་རང་བཞིན་མེད།། ་དངོས་པོ་དངོས་མེད་མཚན་ཉིད་གཅིག། རང་གི་ཤེས་རབ་ལ་འཁྱུད་སེམས།། རྡོ་རྗེ་ནོར་བུའི་པདྨར་སོན།། དེར་སོན་ཟླ་བ་གཡོ་བ་དང་།། མི་གཡོ་བ་དང་མི་འགྱུར་སྒོམ།། ལུས་ངག་སེམས་ཀྱི ་རྩརྣརྣམས་སུ།། སྐུ་གསུང་ཐུགས་རྣམས་སྒོམ་པ་སྟེ།། རྡོ་རྗེ་གསུམ་རྣམས་ལེགས་བསྡུད་པ།། ཡེ་ཤེས་དུང་ཅན་མར་སྒོམ་པའོ།། ཤེས་རབ་ཆགས་པས་ཞུ་བ་ཡི།། ཐིག་ལེ་རིམ་པས་མགོ ་བོ་ལས།། རྫོགས་པའི་གནས་སུ་ཞུགས་རྣམས་ཀྱང་།། འཆིང་བ་དམ་པའི་དོན་གྱིས་སོ།། ཇི་ལྟར་ཟླ་ཤར་རིམ་པ་ཡིས།། ཆུ་རྣམས་ཀྱིས་ནི་རྫོགས་པར་འགྱུར།། གྲིབ་མ་ཉམས ་པ་རྫོགས་པ་སྟེ། ཟླ་བརྒྱ་དང་རྫོགས་པ་མིམ།། དེ་བཞིན་ཡེ་ཤེས་ཤར་རིམ་པས།། ས་རྣམས་ཀྱིས་ནི་རྫོགས་པར་འགྱུར།། ཉོན་མོངས་ལ་སོགས་ཉམས་པ་རྫོགས།། ཡེ་ཤེས་ཆང ་དང་རྫོགས་པ་མིན།། ཇི་ལྟར་རི་བོང་མཚན་མས་དབུས།། རྫོགས་པར་རི་བོང་ཅན་མི་གནས།། དེ་བཞིན་འགྱུར་མེད་བདེ་བར་སེམས།། འཁོར་བའི་བག་ཆགས་མཚན་མ་ཡིས།། བསྐྱེད་དང ་རབ་ཏུ་ཉམས་པའི་ཕྱོགས།། དཀར་པོ་ནག་པོ་རབ་ཏུ་གནས།། དེ་དག་དབུས་སུ་རྫོགས་པ་གང་།། དེ་ནི་རྫོགས་པར་མི་གནས་སོ།། སྐད་ཅིག་གཅིག་མངོན་རྫོགས་སངས་རྒྱས།། རྫོགས་པ། ་ལ་ནི་གཡོ་མི་འགྱུར།། གང་ཚེ་རྡོ་རྗེ་ནོར་བུར་སེམས།། དེ་ནི་སྐད་ཅིག་ཐམས་ཅད་རྫོགས།། དཀར་པོའི་ཕྱོགས་ལ་འདི་མི་གནས།། རེས་འགའ་དཀར་མིན་ལ་མི་འགྲོ།། ཕྱོགས་གཉིས ་པོ་ཡི་དབུས་གནས་པ།། རྫོགས་པ་ལ་གནས་གཉིས་སུ་མེད།། གཙུག་ཏོར་ལས་ནི་ཤར་བ་དེའི།། རྡོ་རྗེ་ནོར་བུར་རྫོགས་པར་འགྱུར།། དེ་ཆགས་བྲལ་ལས་ཆ་ཉམས་པ།། རྡོ་རྗེ་ནས་ཉམས ་ལ་རབ་རྫོགས།། སླར་ཡང་གཙུག་ཏོར་དུ་ཤར་བ།། སླར་ཡང་རྡོ་རྗེ་ནོར་བུར་རྫོགས།། དེ་ཆགས་བྲལ་ལས་ཆ་ཉམས་པ།། ལུས་ཅན་ཡེ་ཤེས་ཉམས་པ་མིམ།། འདི་ཡི་བདེ་བ་ཆེ་རང་བཞིན།། ་རྫོགས་པའི་སྐ་མས་བརྗོད་པར་བྱ།། དངོས་པོ་བར་མ་གཞན་ཐམས་ཅད།། འབྱུང་དང་སྡུད་པའི་རྒྱུ་ཡིན་ནོ།། སྐྱོང་ལས་མྱ་ངན་འངས་པར་འགྲོ།། དེ་ལས་སླར་ཡང་སྲིད་པར ་འོད་རང་ཕྱོགས་དགསས་ཟླ་བཞིན་དང་།། བགྲོད་པ་དགུ་ལས་སྣང་བྱེད་བཞིན།། རྫོགས་པར་མི་གསོ་བ་འཛིན།། ས་རྣམས་ཀྱིས་ནི་ཡོངས་རྫོགས་ཉིད།། ནྀ་ཁྲི་བརྒྱ་གཉིས ་བརྒྱ་མི་ཐུགས།། འབྲུ་མེ་ག་ཅིན་ཐོས་མས་ཀྱིས།། ཕྱོགས་ག་ཉིས་ཡང་དག་པ་པ་མ།། ས་རྣམས་ཀྱིས་ནི་མིངས་སུ་རྫོགས། ཛིན་ལ་ཆུས་ཉིས་པ་མ ་འགྱུར་བ་མེད།། རྣམ་པ་བཅུ་གཉིས་ས་རྣམས་ཀྱིས།། རྫོགས་པ་གགས་མ་པ་འཇོག། ཆ་ཤས་ས་ཀྱི་སས་པའས།། ་དོན་གཅིག་གཉིས་སུ་མེད་པ་ཆོས།། དམ་པའི་དོན་ཏེ་འཇིགས་པ་མེད།། རྫོགས་པའི་གནས་སྐབས་སོན་པའི་སེམས།། ཀུན་མས་རབ་ཏུ་རྫོགས་པའོ།། ཆགས་བྲལ་དང་པོ་ཆགས་པ་ཆེ། ་རྡོ་རྗེ་ལུས་མེད་མི་འགྱུར་ཆེ།། ཡོངས་སུ་རྫོགས་པ་ཕྱོགས་ཉིད་ཀྱི།། བག་ཆགས་རྣམས་ཀྱིས་མ་འཁྱུད་པའོ།། ཇི་ལྟར་ཆུ་བོའི་ཆུ་ཞུགས་པ།། དེ་ནི་རྒྱ་མཚོའི་ཆུར་མཚུངས་པ།། དེ་བཞིན ་དངོས་པོའི་ཚོགས་འདི་དེ།། འགྱུར་བ་མེད་པར་འགྱུར་མེད་མཚུངས།། ཇི་ལྟར་ཁམས་ཀྱི་ཚོགས་པ་འདི།། ཟོས་པ་ལས་ནི་རོ་ཉིད་འགྱུར།། ས་བོན་རང་བཞིན་ས་བོན་གྱིས།། འབྲས ་བུའི་དུས་སུ་ང་རྒྱལ་སྤངས།། དེ་ལྟར་དངོས་པོའི་ཚོགས་པ་ཡང་།། མཆོག་ཏུ་མི་འགྱུར་ཟོས་པ་ཡིས།། མཆོག་ཏུ་མི་འགྱུར་བ་ཉིད་འགྱུར།། རྣམ་པ་ཐམས་ཅད་རང་བཞིན་འཛིན ་མཆེ་བའི་ཚོར་བ་སྡུག་བསྔལ་ནི།། དུག་རྫོགས་གནས་སྐབས་གྱུར་པ་ན།། རྨལ་རིག་མིན་གཞན་དུ་མིན།། ཡུལ་རྣམས་དབང་པོའི་སྒོ་རྣམས་ཀྱིས།། དེ་བཞིན་རྣལ་འབྱོར་དམ་པའི་བདེ། ་སེམས་རྫོགས་ཆེར་འགྱུར་ན་རྡོ་རྗེ།། ནོར་བུར་རིག་མིན་གཞན་དུ་མིན།། ཡུལ་རྣམས་དབང་པོའི་སྒོ་རྣམས་ཀྱིས།། ཇི་ལྟར་རོ་ཆེན་ལྕགས་རྣམས་ཀྱི།། ཕྱོགས་གཅིག་ཡང་དག་གནས ་བནྡྷ་དལྕགས་ས་དྲས་པོའི་མིས་གདུངས་ན།། ཀུན་ནས་ཀུན་ཏུ་འཕགས་པར་བྱེད།། དེ་བཞིན་ཉིད་དུ་འགྱུར་མེད་པ།། ཕྱོགས་གཅིག་ཡང་དག་གནས་སྨྲས་པ། མས་དོད། ་པའི་མེས་གདུངས་ན།། ཀུན་ནས་ཀུན་ཏུ་འབིགས་པར་བྱེད།། ཇི་ལྟར་ཕུག་པའི་ལྕགས་རྣམས་ནི།། འགའི་ཞིག་ཏུ་ཡང་དྲི་མ་མེད།། དེ་བཞིན་དུ་ནི་ཐུག་པའི་སེམས།། འགའ་ཇིག་ཏུས་། ་བག་ཆགས་མེད།། ལྕགས་ནི་གསེར་ཉིད་དུ་གྱུར་པ།། མེ་ཡོས་དྲི་མ་མེད་པར་འགྱུར།། དེ་བཞིན་ཡང་དང་ཡང་དུ་སེམས།། འདོད་ཆགས་མེ་ཡིས་དྲི་མ་མེད།། ཇི་ལྟར་ནོར་བུ་ཆེ་རེག་ལས།། ་རྡོ་ནི་རབ་ཏུ་འབར་བར་འགྱུར།། དེ་བཞིན་འགྱུར་མེད་བདེ་རེག་ལས།། སེམས་ནི་བདེ་བ་ཉིད་དུ་འགྱུར།། འདིར་ནི་མང་པོ་བརྗོད་པས་ཅི།། འཇིག་རྟེན་ཀུན་རྫོབ་བདེན་པ་ཡིས།། ལྕགས ་རྣམས་རབ་ཏུ་འབུགས་བྱེད་པ།། རོ་ཡི་མཐུ་ནི་བརྟག་བྱ་མིན།། ཅི་ཞིག་སླར་ཡང་དོན་དམ་པས།། གློ་བུར་དྲི་མས་གཡོགས་པ་ཡིས།། སེམས་ནི་རབ་ཏུ་འབུགས་བྱེད་པ།། ཡེ་ཤེས་མཐུ ་ནི་བརྟག་བྱ་མོན།། སེམས་ལ་བློ་བུར་དྲི་མ་མེད།། སེམས་ལས་ཡུན་རིང་དུས་ཅན་མིམ།། སེམས་མེང་པར་ནི་སྐྱེ་བ་མེད།། སེམས་ལ་མི་ཟང་གནས་པ་མིན།། གལ་ཏེ་འདི་ཉིད་གློ་བུར་རབ ་དེ་ཚེ་སྔོན་དུ་སེམས་དྲི་མེད།། གལ་ཏེ་སེམས་ལས་དུས་རིང་ཅན།། དེ་ཚེ་དེ་ནི་ཙི་ལས་སྐྱེས།། གལ་ཏེ་སེམས་མེད་པར་སྐྱེ་ན།། དེ་ཚེནམ་མཁའི་མེ་ཏོག་མཚུངས།། གལ་ཏེ་སེམས་ལ ་རྟག་ཏུ་གནས།། དེ་ཚེ་ཀུན་ཏུ་ཐར་པ་མིན།། ཇི་ལྟར་ཟངས་ཀྱི་དྲི་མ་ནི།། རོ་ཡི་སྦྱོར་བས་ཉམས་པར་འགྱུར།། དེ་ཡི་ཡོང་ཉིད་ཉམས་པ་མེད།། དྲི་མེད་ཉིད་ཀྱིས ་ཡང་དག་གནས།། དེ་བཞིན་སེམས་ཀྱི་དྲི་མ་ནི།། སྟོང་ཉིད་སྦྱོར་བས་རྣམ་ཉམས་འགྱུར།། དེ་ཡི་ཡེ་ཤེས་ཉིད་ཉམས་མེད།། དྲི་མེད་ཉིད་ཀྱིས་ཡང་དག་གནས།། ཇི་ལྟར་བཅུད་ཀྱིས་ཕུག ་པའི་ལྕགས།། ལྕགས་ཉིད་དུ་ནི་རྗེས་འགྲོ་མིན།། དེ་བཞིན་བདེ་བས་ཕུག་པའི་སེམས།། སྡུག་བསྔལ་ཉིད་དུ་རྗེས་འགྲོ་མིན།། ཆགས་བྲལ་ལས་གཞན་སྡིག་པ་མེད།། བདེ་བ་ལས་གཞན ་བསོད་ནམས་མེད།། དེ་ཕྱིར་འགྱུར་མེད་བདེ་བར་སེམས།། མི་བདག་རྟག་ཏུ་གནས་པར་བྱ།། གཞོན་ནུ་མ་ཡི་དགའ་བ་ནི།། མེད་པར་བདེ་བ་སྨྲ་མི་ནུས།། ལང་ཚོའི་དགའ་བ་ཐོབ་པ་ན།། ་བདེ་བ་ཆེན་པོ་རང་གིས་རིག། དེ་བཞིན་ཏིང་འཛིན་དང་བྲལ་བའི།། བདེ་བ་སྨྲ་བར་ནུས་མ་ཡིན།། འགྱུར་མེད་ཏིང་འཛིན་ཐོབ་པ་ན།། རྣལ་འབྱོར་པ་ཡིས་རང་རིག་འགྱུར།། འགྱུར ་མེད་ལས་སྐྱེས་པ་དེ་རིག་པ།། ཐམས་ཅད་མཁྱེན་ལའང་ཐེ་ཚོམ་ཟ།། དེ་ལྟ་ན་ཡང་ཡིད་བདེ་མིན།། ཆགས་བྲལ་ཉིད་དུ་མི་བྱའོ།། འཕོས་པ་ལས་ནི་ཆགས་བྲལ་འགྱུར།། ཆགས ་བྲལ་ལས་ནི་སྡུག་བསྔལ་འབྱུང་།། སྡུག་བསྔལ་སྐྱེས་བུའི་ཁམས་ཟད་བྱེད།། ཟད་པ་ལས་ནི་འཆི་བར་བརྗོད།། ཤི་ནས་སླར་ཡང་དེ་རྣམས་ཀྱི།། སྲིད་པའོ་སྲིད་ལས་སླར ་འཆི་འཕོ།། དེ་ལྟར་སེམས་ཅན་གྱི་སྲིད་པ།། ཆགས་བྲལ་ལས་འབྱུང་གཞན་དུ་མིན།། དེ་ཕྱིར་འབང་བ་ཐམས་ཅད་ཀྱིས།། འགྲོ་བའི་ཆགས་པ་རྣམ་པར་སྤང་།། གང་གིས་འགྱུར་མེད ་བདེ་བར་འགྱུར།། རྣལ་འབྱོར་འཁོར་བར་བཅིངས་པ་ཡིས།། འདོད་ལྡན་ཡང་ནི་ཆགས་བྲལ་བར།། འདོད་པའི་བསྟན་བཅོས་སུ་མི་འདོད།། བདག་གིས་བརྗོད་པའི་རྒྱུང་ངུ་སླར།། རྡུལ ་འབྱོར་པ་ཙས་སྡུག་བསྔལ་འདོད།། ཁུ་བ་མི་འགྱུར་རང་བཞིན་གྱིས།། མཆོག་ཏུ་མི་འགྱུར་བསྒྲུབ་པར་བྱ།། རྗེན་ནི་འཕོ་བ་ཐོབ་པ་ན།། བརྟེན་པའི་འདོད་ཆགས་བྲལ་བ་ཉིད།། རྟེན ་དང་བརྟེན་པ་ལོགས་རྫོགས་པ།། ཇི་སྲིད་འགྱུར་མེད་ཉིད་དུ་འགྲོ།། སེམས་ཀྱི་འགྱུར་མེ་ཉིད་ཐོབ་ན།། རྟེན་དང་བརྟེན་པའི་མཚན་ཉིད་མེང་།། འགྱུར་མེད་ལས་བྱུང་སྐུ་ཡི་ནི།། མཛོད ་སྤུའི་འཁོར་ལོར་སོན་པའི་ཡང་།། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ།། ཧཱུཾ་ཡིག་མི་འདོད་མི་ཡི་བདག། སྟོང་པ་ལས་བྱུང་གཟུགས་བརྙན་རྒྱུ།། མི་འགྱུར་ལས་སྐྱེས་བདེ་བ་འབྲས།། རྒྱུ་རི་འབྲས ་ཁྲུས་རྒྱས་བཏབ་པ།། འབྲས་བུ་རྒྱུ་ཡིས་རྒྱས་བཏབ་པའོ།། སྟོང་ཉིད་གཟུགས་བརྙན་འཛིན་པ་རྒྱུ།། སྙིང་རྗེ་འགྱུར་མེད་འཛིན་པ་འབྲས།། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ།། བྱང་ཆུབ་སེམས ་དེ་མི་འཕོ་བའོ།། མྱ་ངན་འདས་པ་བྲལ་བའི་གཟུགས།། འཁོར་བ་ལས་འདས་མི་འགྱུར་བ།། དེ་དག་སྦྱོར་བ་གཉིས་མེད་མཆོག། རྟག་དང་ཆང་ལས་ངེས་པར་གྲོལ།། དངོས་མེད་ལས་བྱུང ་མཚན་ཉིད་ཕྱིར།། གཟུགས་ནི་དངོས་པོ་མེད་པ་མིན།། དངོས་པོ་ལས་བྱུང་མཚན་ཉིད་ཕྱིར།། འགྱུར་བ་མེད་པ་དངོས་པོ་མིན།། དངོས་པོ་དངོས་མེད་ཡང་དག་སྦྱོར། ་རྡོ་རྗེའི་རྣལ་འབྱོར་གཉིས་མེད་མཆོག། གཟུགས་དང་གཟུགས་མིན་རྣམ་པར་གྲོལ།། པྲ་ཕབ་མེ་ལོང་ལ་བཞིན་ནོ།། གཟུགས་ནི་སྲིད་པར་མི་འོང་སྟེ།། འགྱུར་མེད་མྱ་ངན་འདས་མི་འགྲོ།། བན ་ཚུན་འཁྱུད་པ་ཞི་བ་སྟེ།། མ་ནིང་གི་ནི་གོ་འཕང་མཆོག། ཤེས་རབ་རྒྱུ་ལས་མ་བྱུང་ཞིང་།། ཤེས་རབ་རྒྱུ་ལས་བྱུང་བ་འབྲས།། ཤེས་རབ་རྒྱུ་ལས་མ་སྐྱེས་ཕྱིར།། ཤེས་རབ་ལ་སྐྱེས་རྒྱུ ་སྐྱེས་མིན།། དེ་ཕྱིར་ཡེ་ཤེས་རྒྱུ་སྐྱེས་མིན།། ཤེས་རབ་ཡེ་ཤེས་བླ་ན་མེད།། འབྲས་བུ་རྒྱུ་ཡིས་གཞན་དང་གཞན།། ཕན་ཚུན་དུ་རི་རྒྱས་བཏབ་མེད།། རྒྱུ་དང་འབྲས་བུ་ཐམས་ཅད་གང་། ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་།། ཕན་ཚུན་རྒྱ་ཡིས་བཏབ་པའི་གཟུགས།། སྐྱེ་མི་ནི་མྱ་ངན་འདས་པའང་མིན།། ཤེས་རབ་ཀུན་ནས་མྱ་ངན་འདས།། སྐྱེ་བ་མཆོག་ཏུ་འགྱུར་བ ་མེད་རྒྱུ་དང་འབྲས་བུ་རྣམ་ངེས་གྲོལ།། ཕན་ཚུན་དུ་ནི་རྒྱས་བཏབ་མེད།། མ་སྐྱེས་པ་དང་མ་འགགས་པའི།། ཤེས་བྱ་གང་ཞིག་འདིར་མཐོང་བ།། དེ་ནི་རང་སེམས་གཞན་མ་ཡིན།། ་ཕྱི་ཡི་ཤེས་བྱ་རྣམ་འབྱེད་ཕྱིར།། དེ་ཕྱིར་བདག་གིས་བདག་ཉིད་ལ།། འགར་ཡང་རྒྱས་གདབ་ནུས་མ་ཡིན།། རལ་གྲི་ཆེན་པོ་བདག་ཉིད་ལ།། བདག་ཉིད་སོ་ཡི་གཅོད་དམ་ཅི།། མོ་གཤམ ་བུ་མོ་དང་འགྲོགས་པས།། རྨི་ལམ་དུ་ནི་བདེ་འགྱུར་ལྟར།། ནམ་མཁའ་ལས་བྱུང་གཟུགས་བརྙན་ནི།། བསྟེན་པས་བདག་ལ་དེ་བཞིན་ནོ།། ཤེས་རབ་མ་ཡིན་ཐབས་ཀྱང་མིན།། འང་ན།། ་ལྷན་སྐྱེས་ཤེས་རབ་བཅས།། ཀུན་ནས་བདེ་བ་རྫོགས་པ་ལས།། སྒྲུབ་པ་ཐམས་ཅད་སྤངས་པ་སྟེ།། ནམ་མཁའ་བཞིན་དུ་གོས་པ་མེད།། ཡུལ་དང་དབང་པོ་སྤངས་པ་ནི།། ཀུན་ནས ་འབྱུང་པོ་ཀུན་ལ་གནས།། གཅད་དུ་མེད་པ་དབྱེ་བ་སྤངས།། རང་བྱུང་རྡོ་རྗེ་སེམས་དཔའ་འདི།། དོན་ཆེན་མཆོག་ཏུ་མི་འགྱུར་བ།། འདོད་ཆགས་ཆེན་པོ་སེམས་དཔའ་ཆེ།། སེམས་ཅན་ཐམས ་ཅད་དགའ་བར་བྱེད།། བྱང་ཆུབ་སེམས་དཔའ་ཞེ་སྡང་ཆེ།། ཉོན་མོངས་ཟད་པ་དགྲ་ཆེན་པོ།། དམ་ཚིག་སེམས་དཔའ་གཏི་མུག་ཆ།། གཏི་མུག་བློ་སྟེ་གཏི་མུག་སེལ།། རྡོ་རྗེའི་རྣལ་འབྱོར་ཁྲོ་བ་ཆེ།། ་ལྷ་མིན་ཁྲོ་བོ་དགྲ་ཆེན་པོ།། དུས་ཀྱི་འཁོར་ལོ་ཆགས་པ་ཆེ།། འཕོ་བའི་ཆགས་པ་སེལ་བར་བྱེད།། རྡོ་རྗེ་མི་ཕྱེད་ཅེས་པར་བརྗོད།། འདིར་ནི་དོན་ཆེན་བཅོམ་ལྡན་འདས།། སེམས ་དཔའ་སྲིང་གསུམ་གཅིག་པ་ཉིད།། མཆོག་ཏུ་མི་འགྱུར་བརྗོད་པར་བྱ།། མཆོག་ཏུ་མི་འགྱུར་བདེ་བ་རྫོགས།། ས་རྣམས་ཡོངས་སུ་རྫོགས་པ་ཡིས།། འདོད་ཆགས་ཆེན་པོ ་སེམས་དཔའ་ཆེ། སེམས་ཅན་ཐམས་ཅད་དགའ་བར་བྱེད། བྱང་ཆུབ་ལ་གནས་སེམས་དཔའ་ནི།། མི་གཡོ་ད་ཕྱིར་བྱང་ཆུབ་སེམས། ཉོན་མོངས་ལ་སོགས་ཞེ ་སྡང་ཚོགས།། ཞེ་སྡང་ཆེན་པོ་དགྲ་ཆེ་བ།། དམ་ཚིག་ཟླ་བ་བདུད་རྩི་ཡི།། ཁུ་བ་འཕོ་མེད་དེ་ཟབ།། དམ་ཚིག་སེམས་དཔའ་འོ་རིགས་པ་འདིས།། ཀཎྜི ་བུག་བློ་སྟེ་གཏི་མུག་སེལ།། རྡོ་རྗེ་ཐམས་ཅད་གཅིག་པ་ཉིད།། ཤེས་རབ་སྐུ་དང་མི་འགྱུར་བཅས།། ཁྲོ་བོ་ཆེན་པོ་དགྲ་ཆེན་པོ།། ཁྲོ་བོའི་གཟུགས་ཅར་བདུད་རྣམས་ཀྱིས།། འགྱུར་མེད་བདེ ་པ་ཆེ་ཐབས་ལས།། ནམ་ཡང་སེམས་ཅན་དོན་མི་འདོར།། སེམས་ཅན་གྲོལ་ནས་ཆགས་ཆེན་པོ།། འགྱུར་བའི་ཆགས་པ་སེལ་བར་བྱེད།། འདི་རྣམས་རྣམ་པ་དྲུག་ཏུ་བརྗོད།། མི་འགྱུར ་ཤེས་ཚོར་བ་དང་།། རྣམ་ཤེས་གཟུགས་དང་འདུ་བྱེད་དང་།། འདུ་ཤེས་དེ་རྣམས་ཕུང་པོའི་རིགས།། ཡེ་ཤེས་མེ་དང་ནམ་མཁའ་ས།། རླུང་ཆུ་རྣམས་ཀྱི་རིམ་པ་བཞིན།། ཡིད་མིག་རྣ་བ ་ལུས་དང་སྣ།། ལྕེ་རྣམས་ཀྱི་ཡང་དེ་བཞིན་ཉིད།། སྒྲ་རོ་ཆོས་ཀྱི་དབྱིངས་དང་དྲི།། རེག་བྱ་ཁ་དོག་རྣམས་ཀྱི་ཡང་།། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས།། རིགས་དྲུག་རྣམས་ཀྱི་ཡོངས ་དག་པ།། ལུས་ངག་གསང་བ་དབང་པོ་སེམས།། རྟག་ཏུ་དཀྱིལ་འཁོར་རྣམ་པ་གསུམ།། ཤེས་རབ་ཐབས་ཀྱི་རྡོ་རྗེ་གསུམ།། རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར།། འདི་ནི་དབང་གི ་སྒྲུབ་ཐབས་ཏེ།། མཆོག་ཏུ་མི་འགྱུར་སྒྲུབ་པའི་ཐབས།། རྩ་དང་རིགས་དང་ཡང་དག་ལྡན།། ཟླ་བ་མདོར་བསྟན་པ་ཡིས་བཤད།། ཅེས་པ་འཇིག་རྟེན་ཁམས་ཀྱི་ལེའུར་ལེའུ་ལྔ་པའི ་མཆོག་ཏུ་མི་འགྱུར་བའི་དབང་གི་སྒྲུབ་ཐབས་མདོར་བསྟན་པ་རྫོགས་སོ།། ། འདི་ནི་ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐ་དད་། བོད་ཀྱི་ལོ་ཙ་བ་འབྲོ་དགེ་སྦྱོང་ཤེས་གྲགས་པས ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། སླར་ཡང་རིན་ཆེན་རྒྱལ་མཚན་གྱིས། དཔལ་རཱ་རོ་པའི་འགྲེལ་བཤད་དང་མཐུན་པར་བསྒྱུར་ཅིང་ཞུས་ཏེ་དག་པར་བྱས་པའོ།། ་