| Wylie | e-texts produced with BDRC’s OCR application |
བོད་ཀྱི་ལོ་ཙ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། རྒྱ་གར་སྐད་དུ། བཛྲ་སཱ་ར་ལི་མ་ཧཱ་ཏནྟྲ་རཱ་ཛ་ནཱ་མ། ་བོད་སྐད་དུ། རྡོ་རྗེ་ཨཱ་རེ་ལི་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྷ་ག་ལ་བཞུགས་སོ།། བཅོམ་ལྡན་འདས་ཀྱིས་སངས་རྒྱས་དང་།། བྱང་ཆུབ་སེམས་དཔའ་དུ་མ་དང་། དེ་བཞིན་གཤེགས་པས་གསོལ་བ་བཏབ་པར ་རིག་ཅིང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་མཁྱེན་ནས་བདེ་བའི་ཏིང་ངེ་འཛིན་ལས་བཞེངས་ཏེ།། ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཆུ་ཡིས་གདོང་ནི་བཀྲུས་ནས་ནི།། སྨན་ནི། ་བཟའ་བར་བྱས་ནས་སུ།། བདེ་བའི་སྤྱན་ལ་འདུག་ནས་ནི།། ཧེ་རུ་ཀ་ནི་རབ་བསྒྲུབ་བྱ།། རང་གི་སྙིང་ཁར་རེ་པ་ནི།། སྲེག་པའི་བསྐལ་པ་ལྟར་འབར་བསྒོམ།། དེ ་བྱུང་རྡོ་རྗེ་ཉི་མ་ནི།། འབར་བའི་འཕྲེང་བས་ཡང་དག་ཁྱབ།། དེ་ཡི་སྟེང་དུ་ཧཱུཾ་ཉིད་དེ།། བསྐལ་པའི་མོ་ནི་ལྟ་བུ་ཉིད།། དེ་ནི་རྡོ་རྗེར་ཡང་བསམས་ནས།། རྡོ་རྗེ་ལས་བྱུང་ཧེ་རུ་ཀ། བགེགས ་ནི་ཆེན་པོ་མནན་ནུས་ནི།། སྲུ་ལ་ཐལ་བས་བྱུགས་པ་དང་།། ཕྱག་རྒྱ་ལྔ་དང་ཡང་དག་ལྡན།། འཇིགས་པ་ཡང་ནི་འཇིགས་པར་མཛད།། ཨིནྡྲ་ནི་ལའི་འོད་ལྟ་བུ།། དབུ་སྐྲ་སེར་པོ་སྟོབས་པ ་ཆེ་གར་དགུའི་རོ་དང་ལྡན་པ་ནི།། རོལ་པའི་གར་གྱིས་གར་མཛད་ཅིང་།། རི་རབ་རི་རྒྱལ་ལྷུན་པོ་ཡང་།། ས་ཡི་འོག་ཏུ་ཡང་དག་མནན།། ཕྱག་ཏུ་རྡོ་རྗེ་བསྣམས་བསྒོམས་ནས།། གཡོན ་པས་སྐྱེས་པའི་ཐོད་པ་ནི།། བདུད་རྩི་ལྔ་དང་ཡང་དག་ལྡན།། ཤ་ལྔ་ཡང་དག་ལྡན་པར་བསྒོམ།། ཀུན་ད་དང་ནི་ཟླ་བ་དང་།། ཆུ་སྐྱེས་དོ་ཤལ་ལྟ་བུར་ནི།། ཁ་ཊྭཱཾ་ག་ཡིས་ཕྲག་པ་བརྒྱན།། རྡོཿ ་ཨཱ་རིལ་ལས་ལྷའི་ལེའུ་སྟེ་དང་པོའོ།། །། དེ་ནས་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དབང་པོ་ལ་སོགས་པ་རྡོ་རྗེ་ནམ་མཁའ་ལ ་གནས་པ་ཐམས་ཅད་དང་། གླང་པོ་རེའི་རྣ་བ་ལ་སོགས་པ་ཞིང་སྐྱོང་བ་ཐམས་ཅད་དང་། ཀུན་དར་ལ་སོགས་པའི་ཡི་དགས་ཐམས་ཅད་དང་། དེ་དག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི ་ཆོས་ཉན་པའི་སྦྱོར་བ་དེས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་ཨཱ་ར་ལི་ཆེན་པོ་ལ་ཞུས་པ། བཅོམ་ལྡན་འདས་གཏོར་མའི་སྔགས་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ། ་སྩལ་པ།། བདེར་གཤེགས་ཀུན་གྱི་སྟོན་པ་ཡིས།། གཏོར་མའི་ལས་ནི་རབ་ཏུ་ཕྱེ།། ཕྱག་རྒྱ་ཡང་ནི་ཁྱད་པར་དུ།། འདོད་པའི་དོན་ཀུན་སྒྲུབ་པའོ།། རྡོ་རྗེ་ཐལ་མོ་གྱེན་ཕྱེ་ནས།། ཨོཾ་ཛྭ་ལ་ཛྭ་ལ་བྷྱོ ་ཧཱུཾ་ཕཊ་སྭཱ་ཧཱ། འདི་ཉིད་སྔགས་ནི་ཆེན་པོ་ཉིད།། དེ་བཞིན་དུ་ནི་གཏོར་མའི་སྔགས།། ལས་ནི་ཐམས་ཅད་པ་ཡི་སྔགས།། ཡིན་པ་ཉིད་དུ་ཐེ་ཙོམ་མེད།། རྡོ་རྗེ་ཨཱ་ར་ལི་ལས་གཏོར་མའི་ལེའུ་སྟེ། ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་མིང་ཡང་དག་པར་རབ་ཏུ་ཕྱེ་བ། གདོང་རིང་སྣ་ནི་མཐོ་བ་དང་།། དེ་བཞིན་དཔག་བསམ་ཤིང་ཉིད་དང་།། ཚངས་པར་སྤྱོད་པ ་མང་བ་ཉིད།། དམ་ཚིག་འདིར་ནི་དངོས་གྲུབ་སྦྱིན།། གླང་པོ་རྟ་བོང་གླང་རྔ་མོ།། ཁྱི་ལས་བྱུང་བའི་མར་མེ་དང་།། མར་མེ་ཆེན་པོ་བསྲེགས་ནས་ནི།། ཚངས་སྤྱོད་འཛིན་པ་མཆོད་པར་བྱ།། དེ་ནས ་སྡོམ་པ་བཀའ་སྩལ་པ།། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ།། བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ།། ཁྱོད་ཀྱིས་མ་བྱིན་པར་ཡང་ལོང་།། གཞན་གྱི་བུད་མེད་བསྟེན་པར་གྱིས།། མ་དང་སྲིང ་མོ་ཉིད་དང་ཡང་།། བུ་མོ་སྲིང་མོའི་བུ་མོ་ནི།། ཐབས་དང་ཤེས་རབ་ཆོ་ག་ཡིས།། རྣལ་འབྱོར་རིག་པས་རྟག་ཏུ་མཆོད།། དེ་ནས་དབང་བསྐུར་བཀའ་སྩལ་པ།། ཕྱག་རྒྱ་ལྡན་པའི་སློབ་དཔོན ་གྱིས།། དེ་ལ་དབང་བསྐུར་སྦྱིན་པར་བྱ།། དབང་བསྐུར་དེ་ཡི་ཕྱི་ནས་ནི།། དེ་ཉིད་འདི་ནི་རབ་ཏུ་དབྱེ།། འདི་ཉིད་བདེ་བ་ཆེན་པོ་སྟེ།། ཐམས་ཅད་ལུས་ལ་རྣམ་པར ་གནས།། འདི་ཉིད་ཡེ་ཤེས་ཆེན་པོ་སྟེ།། མཆོག་ཏུ་དགའ་བའི་རང་བཞིན་ཅན།། དེ་ནས་སྦྱིན་སྲེག་བཀའ་སྩལ་པ།། ཁྲུ་གང་ཙམ་པའི་ཚད་དང་ནི།། ཁྲུ་བྱེད་ས་ལ་བརྐོ་བར་བྱ།། ་རྡུལ་ཚོན་དཀར་པོ་ལྡན་པར་ནི།། རྣམ་པར་མཁས་པས་ཐབ་ཁྲང་བྱ།། གསུངས་པའི་སྔགས་ཀྱིས་ངེས་པར་ནི།། དེར་ནི་ཤ་སོགས་སྦྱིན་སྲེག་བྱ།། མེ་ནི་ལྷ་ཡི་སྤྱན་ཉིད་དེ།། འདོད ་པའི་དོན་ཀུན་སྒྲུབ་པའོ།། དེ་ནས་དཀྱིལ་འཁོར་བཀའ་སྩལ་པ།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞི་ཡིས་རྣམ་པར་བརྒྱན།། ཀ་བ་བརྒྱད་དང་ཡང་དག་ལྡན།། མཁས ་པས་དཀྱིལ་འཁོར་བྲི་བར་བྱ།། དུར་ཁྲོད་སོལ་བ་སོ་ཕག་དང་།། ལྡོང་རོས་ཕྱེ་མ་ཉིད་དང་ཡང་།། ལྗང་ཀུ་ཡི་ཡང་ཕྱེ་མ་ཉིད།། དཀྱིལ་འཁོར་ལ་ནི་མཁས་པས་བསྔགས།། དབུས་སུ།། ་གསུམ་ལ་རྡོ་རྗེ་བྲི།། ཤར་གྱི་སྒོ་རུ་མགོ་ཆེན་པོ།། ལྷོ་རུ་རྡོ་རྗེ་དྲིལ་བུ་ཉིད།། དེ་བཞིན་ནུབ་ཏུ་དགྲ་སྟ་སྟེ།། བྱང་དུ་གྲི་གུག་དགེ་བ་ཉིད།། རྡོ་རྗེ་དཀྱིལ་འཁོར་དུ་ནི་བྲི།། ཆོས་དོན་འདོད་དང་། ་ཐར་པ་ལ།། དཀྱིལ་འཁོར་འདི་ནི་རབ་ཏུ་དབྱེ།། དཀྱིལ་འཁོར་བཞེངས་པར་བྱས་ནས་ནི།། དེར་ནི་སློབ་མ་གཞུག་པར་བྱ།། རས་ཀྱིས་གདོང་ནི་བཅིངས་ནས་ནི།། བཀྲོལ་ནས་དཀྱིལ་འཁོར།། ་བསྟན་པར་བྱ།། རྡོ་རྗེ་མཱ་ར་ལི་ལས་ལས་ཐམས་ཅད་པའི་ལེའུ་གསུམ་པའོ།། ། མངོན་པར་ཤེས་པ་བཀའ་སྩལ་པ།། ལྷ་ཡི་མིག་དང་རྣ་བ་དང་།། དེ་བཞིན་གཞན ་སེམས་ཤེས་པ་ཉིད།། སྔོན་གྱི་གནས་རྗེས་དྲན་པ་དང་།། དེ་བཞིན་རྫུ་འཕྲུལ་མངོན་ཤེས་ཉིད།། ཧེ་རུ་ཀ་ཡི་དབྱིབས་བསྒོམས་ན།། ཡོ་གི་མངོན་ཤེས་ལྔ་རུ་འགྱུར།། ཤིན་ཏུ་གོམས ་པའི་རྣལ་འབྱོར་གྱིས།། ཧེ་རུ་ཀར་ནི་ངང་གིས་འགྱུར།། བསམ་གཏན་ལས་ནི་ནུས་སྐྱེས་ནས།། ཡིད་ནི་བརྟན་ནམ་གཡོ་བའམ་ཅི།། རང་གི་སེམས་ནི་བསྐུལ་བའི་ཕྱིར།། ཀླུ་ནི་སྣ ་ཚོགས་ལེན་པ་དང་།། དེ་བཞིན་གར་ནི་སྣ་ཚོགས་ཉིད།། སྣ་ཚོགས་རིམ་གྲོ་བྱེད་པ་དང་།། ལུས་ལ་རྒྱན་ནི་སྣ་ཚོགས་དང་།། དེ་བཞིན་སྣ་ཚོགས་དགའ་བ་ཡི།། གཟུགས་སྒྲ་དེ་བཞིན་དྲི ་དང་ནི།། རོ་དང་རེག་བྱ་ཡང་དག་བརྩམ།། དེ་ནས་ལས་རྒྱས་བཀའ་སྩལ་པ།། རེའུ་མིག་བརྒྱད་ནི་བྲིས་ནས་ནི།། རྒྱུད་ཀྱི་སྔགས་ནི་རྒྱས་པར་བྱ།། ལས་ཀྱིས་དབྱེ་བའི་རབ་དབྱེ་བས།། ་དེ་བཞིན་ཞི་རྒྱས་ལ་སོགས་ཀྱིས།། ཨོཾ་ནི་དབང་ལྡན་ལ་ནི་མེར།། དེ་བཞིན་བདེན་བྲལ་ཉིད་དུ་ལ།། རླུང་གི་མཚམས་སུ་ཧཱུཾ་ཉིད་དེ།། ཤར་དུ་ཛཱ་ནི་རྣམ་པར་གནས།། ལྷོ་རུ་ཛཱ་ཡི་རྣམ་པ ་ཉིད།། ནུབ་ཏུ་བྷྱོ་ཡི་རྣམ་པ་སྟེ།། བྱང་དུ་ཕཊ་ཀྱི་རྣམ་པ་ཡིན།། དབུས་སུ་སྭཱ་ཧཱ་རྣམ་པར་གནས།། ངོས་གསུམ་དུ་ནི་བསྒྲུབ་བྱའི་མིང་།། རྡོ་རྗེ་ཨཱ་ར་ལི་ལས་ལེའུ་བཞི་པའོ།། ་དེ་ནས་འཁོར་ལོ་བྲི་བ་བཀའ་སྩལ་པ། ཆེ་གེ་མོ་འདི་སོད་ཅིག། ཆེ་གེ་མོ་འདི་དབང་དུ་མཛོད་ཅིག། ཆེ་གེ་མོ་རེངས་པར་མཛོད་ཅིག། ཆེ་གེ་མོ་རྨོངས་པར་མཛོད་ཅིག ་ཆེ་གེ་མོ་མ་ལུས་པར་གྱིས་ཤིག། ཆེ་གེ་མོ་ལྐུགས་པར་མཛོད་ཅིག། ཆེ་གེ་མོ་ཁྲུག་ཅིག། ཆེ་གེ་མོ་སྐྲོད་ཅིག། ཆེ་གེ་མོ་ལ་སྡང་བར་མཛོད་ཅིག། ཆེ་གེ་མོ་ཆིངས་ཤིག། ཆེ་གེ་མོ་མ་ནིང་དུ། ་མཛོད་ཅིག། ཆེ་གེ་མོ་སྒུར་པོར་མཛོད་ཅིག། ཅེས་སྔགས་ཀྱི་རྐང་པ་འདི་རྣམ་ཀྱི་ངོས་གཉིས་སུ་བྲིས་ཏེ། གྲོ་གའི་འདབ་མར་གུར་ཀུམ་གྱིས་བྲི་བར་བྱ་ཞིང་འདི་དཔུང་པའི་རྩ་བར་གདགས ་པར་བྱའོ།། དགུག་པ་ལ་ནི་ཟླ་མཚན་ཟགས་པའི་རས་ལ་རྒྱ་སྐེགས་ཀྱི་ཁུ་བས་བྲི་བར་བྱའོ།། གསད་པ་ལ་སོགས་པའི་ལས་ལ་དུར་ཁྲོད་ཀྱི་སོལ་བ་དང་། ཙི་ཏྲ་ཀ་ཡི་ཁྲུ་བ་དང་། ཡུངས ་མར་དང་། དུག་དང་། སྐེ་ཚེ་དང་། ལན་ཚྭ་དང་། ཚ་བ་གསུམ་དང་། ཀ་ན་ཀ་ཡི་ཁུ་བ་དང་། རུས་པའི་སྦུ་གུས་སོ།། དགུག་པ་ལ་ནི་སྐྱུ་རུ་རའི་ཚེར་མས་སོ།། རྨོངས་པ་ལ་ནི་དྷུ་དྷུ་ར་ཀའི ་ཤིང་གིས་སོ།། རེངས་པ་ལ་ནི་པ་ཊའི་སྨྱུ་གུས་སོ།། མ་ལུས་པ་ལ་ནི་པོ་དེ་ཙེའི་ཤིང་གི་སྦུ་གུས་བྲི་བར་བྱའོ།། དེ་ནས་རྡོ་རྗེ་མཆོད་པ་བཀའ་སྩལ་པ། བས་མཐའ་དང་ནི་དབེན་པ་དང ་བདག་གི་ཁྱིམ་གྱི་ནང་དུ་ཡང་།། ལོ་ནི་བཅུ་གསུམ་དེ་བཞིན་དུ།། ལོ་ནི་བཅུ་དྲུག་བུ་མོ་དང་།། ཉི་ཤུ་རྩ་ལྔ་མ་མཆོད་བྱ།། བ་དང་དེ་བཞིན་མ་ཧེ་དང་།། སྤྲེའུ་མོ་དང་ཁྱི་མོ་དང་།། བོང་མ ་དེ་བཞིན་རྔ་མོ་དང་།། ཤ་བ་དང་ནི་ར་མ་ཉིད།། ཕག་དང་བ་མེན་ལས་བྱུང་བ།། གཞན་ཡང་ཧེ་རུ་ཀ་མཆོད་པ།། འགྲུབ་པ་ཉིད་དུ་ཐེ་ཚོམ་མེད།། ཉ་དང་ཟླ་བ་འཕོ་བ་ཡི།། ཚེས་ནི་མུ་སྟེགས་ཅན་གྱིས ་བརྟག། དྲི་མ་གཞིག་པར་བྱ་བའི་ཕྱིར།། རྣལ་འབྱོར་པས་ནི་མྱང་བར་བྱ།། སྲོག་ཆགས་རྣམས་ནི་གསད་མི་བྱ།། བརྫུན་གྱི་ཚིག་ནི་སྨྲ་མི་བྱ།། མ་བྱིན་པར་ནི་བླང་མི་བྱ།། ཕ་རོལ་བུད་མེད ་བསྟེན་མི་བྱ།། ཉིན་པར་ཉལ་ཞིང་མཚན་མོ་ལང་།། ཤིན་ཏུ་མཉམ་པར་བཞག་པས་འདུག། ཤ་ཆེན་དང་ནི་རུས་པ་དང་།། ཁྲག་ནི་ཆེན་པོ་བཏུང་བ་དང་།། ཁུ་ཆེན་ཡང་དག་བཟའ་བ་དང་།། ་དེ་བཞིན་རྣམ་སྣང་ཆེན་པོ་ཉིད།། བྲམ་ཟེ་མ་དང་གཡུང་མོ་ཉིད།། གར་མ་དེ་བཞིན་བཙོ་བླག་མ།། ཟོད་ཅན་མ་དང་ཀོ་ལྤགས་མཁན།། གདོལ་པ་དེ་བཞིན་ཕྱག་བདར་མ།། རྩཝ་འཚོང་མ་དང་། ་ཤན་མ་ཉིད།། དེ་བཞིན་ཀླ་ཀློ་ལ་སོགས་དང་།། སྨིག་མཁན་དང་ནི་ཆང་འཚོང་མ།། གཞན་ཡང་ཟླ་མཚན་འཛག་པ་ཉིད།། མ་དང་སྲིང་མོ་བུ་མོ་དང་།། སྲིང་མོ་ལས་བྱུང་བུ་མོ་ཉིད།། གཞན ་གྱི་བུ་མོ་སྤང་མི་བྱ།། རྗེའུ་རིགས་མངོན་དགའ་མི་བྱ་སྟེ།། བཟོད་བྱའི་བུ་མོ་རྟག་སྤངས་ནས།། བགྲོད་མིན་མཁས་པས་བསྟེན་པར་བྱ།། རྡོ་རྗེ་ཨཱ་ར་ལི་ལས་ལེའུ་ལྔ་པའོ།། ་དེ་ནས་དམ་ཚིག་གི་བག་དབབ་པ་བཀའ་སྩལ་པ། ཉན་ཐོས་སྐལ་བ་ངན་པ་ལ།། བག་ནི་དབབ་པར་མི་བྱ་ཞིང་།། དེ་བཞིན་གཅེར་བུ་ཐོད་དུམ་དང་།། རལ་པ་ཅན་ནི་ཐམས་ཅད་ལ། ་དམ་ཚིག་བག་ནི་དབབ་མི་བྱ།། སྙིང་རྗེ་ཡི་ནི་བདག་ཉིད་ཅན།། གལ་ཏེ་ཡིན་ན་བཟའ་བར་བྱ།། གྲུབ་ཀྱང་ས་པ་དམ་པ་ནི།། སེམས་ཅན་དོན་བྱེད་སྐྱེས་པ་ཉིད།། སྐལ་བ། ་ངན་པ་ཞེས་བྱར་བརྗོད།། བྲམ་ཟེ་དམ་ཚིག་རྣམ་པར་སྣང་།། དེ་ནས་སློབ་མའི་དམ་ཚིག་བཀའ་སྩལ་པ། དུལ་བྱེད་བློ་དང་ལྡན་པ་དང་། བཟོད་ལྡན་དལ་བ་མི་སྦུ་བ།། བླ་མར་གུས་ཤིང་སྙིང ་རྗེ་ལྡན།། རྒྱུད་ནི་འདིར་ནི་རབ་ཏུ་བསྔགས།། དེ་ནས་སློབ་དཔོན་གྱི་མཚན་ཉིད་བཀའ་སྩལ་པ། སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས།། སྙིང་རྗེ་ལྡན་ཞིང་བསྟན་བཅོས་མཁས།། དེ་ཉིད་བཅུ་ནི། ་ཡོངས་སུ་ཤེས།། དཀྱིལ་འཁོར་བྲི་བའི་ལས་ལ་མཁས།། དེ་ནས་ཐུན་ཚོད་བཞི་བྱིན་གྱིས་བརླབ་པ་བཀའ་བྱ། ཇི་ལྟར་བསྒོམ་པའི་སྦྱོར་བ་དེས།། དང་པོ་ཐུན་ཚོད་བྱིན་གྱིས་བརླབ།། ་དེས་ནི་ཇི་སྲིད་ཉི་ཕྱེད་ན།། ཉི་མ་ཕྱེད་ན་ཐུན་གསུམ་པ།། དུས་དང་བྲལ་ནས་ནམ་བྱེད་ན།། ཐུན་ཆོད་བྱིན་བརླབས་རབ་ཏུ་གྲགས།། ཐུན་ཚོད་བྱིན་བརླབས་རྣལ་འབྱོར་གྱིས།། བདག་གི་རྣལ། ་འབྱོར་ལྡན་པས་འགྲུབ།། དེ་ནས་བདག་ཉིད་ཀྱི་དཀྱིལ་འཁོར་བཀའ་སྩལ་པ། འདོད་ཆགས་ཞེ་སྡང་གཏི་མུག་དང་།། ཕྲག་དོག་དང་ནི་སེར་སྣ་ཉིད།། བཅོམ་ལྡན་ཧེ་རུ་ཀ་ལ་མེད།། ཡ ་ན་རྣམ་པར་དག་པ་ཉིད།། དེ་ནས་དམ་ཚིག་བསྒྲུབ་པ་བཀའ་སྩལ་པ། འགེགས་དང་བཙུགས་པའི་ཤིང་ལའམ།། ལྗོན་ཤིང་བཏགས་ཤིང་འཕྱང་བ་དང་།། གཡུལ་དུ་མཚོན་གྱིས་བསྣུན་པ་ཉིད། ་བདག་ཉིད་རྣལ་འབྱོར་ལྡན་པས་བསྒྲུབ།། དེ་ནས་ནང་དུ་མཛད་པ་བཀའ་སྩལ་པ། བཏུང་བ་རིན་པོ་ཆེ་ཡི་ཆུ།། གང་ཞིག་བཟའ་དེ་དོན་ཡོད་ཉིད།། ཁྲུས་ནི་དཔག་མེད་རྡོ་རྗེ་ཡིས།། དྲིལ་སོགས་རིམ་པ་རྣམ ་སྣང་མཛད།། དམ་ཚིག་ཆོས་ཀྱི་དེ་བཞིན་སྤྱད།། བཙོ་ནི་གང་ཟག་མཉམ་པས་ནི།། དམ་ཚིག་རོ་ནི་འདི་ཡིས་ནི།། གང་ཞིག་གླུ་ཡི་རང་བཞིན་ཉིད།། མཁའ་འགྲོ་ཐམས་ཅད་བཙུན་མོ་མེ།། བུ་ནི་འཇམ ་དཔལ་ལ་སོགས་པ།། ཁྲོ་བོ་ཡི་ནི་བསྟར་བཀུར་བ།། བདག་ཉིད་ཧེ་རུ་ཀ་རུ་འགྱུར།། བརྗོད་པ་བཟླས་པ་ཡང་དག་བཤད།། ཡན་ལག་ཉེད་སོགས་ཕྱག་རྒྱ་སྟེ།། ལྷ་ཡི་རྣལ་འབྱོར་དམིགས་ནས་ནི།། ་གང་ཞིག་ཐམས་ཅད་དུ་ནི་གནས།། མང་དུ་བརྗོད་པས་ཅི་ཞིག་བྱ།། གང་ཞིག་འཇིག་རྟེན་བྱ་གནས་པ།། རྡོ་རྗེ་སེམས་དཔའི་གནས་ཐོབ་ཕྱིར།། རྣམ་པར་བཟློག་པས་བྱ་བ་ཉིད།། རི་དགས་ཤོ། ་སོགས་བྱ་བ་ནི།། འཇིག་རྟེན་དུ་ནི་མི་ཤེས་པས།། མཆོག་ཏུ་རབ་ཏུ་བསྔགས་འགྱུར་བ།། རྣམ་དག་དག་པ་དམ་པ་ནི།། དེ་ཉིད་ཐོབ་པས་རབ་ཏུ་སྤྱོད།། དེ་ནས་སྡོམ་པ་བཀའ་སྩལ་པ། ་དྲིས་བུ་གཟུང་བ་ཞིང་།། བདུད་རྩི་མཁས་པས་བཟའ་བར་བྱ།། རང་གི་ཕྱག་དྷཱ་དགེ་བསྙེན་ཅིང་།། སྤྱོད་པ་འདའ་བ་ཉིད་མི་བྱ།། དེ་ནས་ལྷའི་མཆོད་པ་བཀའ་སྩལ་པ། ཆུ་ཀྲུང་ཆས་ཅིག ་མུན་བདག་ཉིད་ལནི་མཆོད་པར་བྱ།། བདག་གི་སྔགས་ནི་བརྗོད་པར་བྱ།། མེ་ཏོག་ལ་སོགས་བྱིན་གྱིས་བརླབ།། རྡོ་རྗེ་སྥ་ར་ལི་ལས་ལེའུ་དྲུག་པའོ།། དེ་ནས་པས ་སྙོམས་ཀྱི་ལྷུང་བཟེད་བཀའ་སྩལ་པ། མཁས་པས་བྲུ་བ་ཆག་པར་ནི།། རིགས་བནི་རུ་ནི་སྡོང་མོས་རྒྱུ།། ཆུ་བོའི་འགྲམ་དུ་བཟའ་བྱ་ཞིང་།། གཙང་སྦྲ་ཉིད་ནི་རབ་ཏུ ་དབྱེ་ཁྱི་ལའི་རྐང་པ་ཙམ་གྱིས་ནི།། ཁམ་ནི་བློ་དང་ལྡན་པས་བླང་།། བློ་བཏབ་བཟའ་བར་མི་བྱ་ཞིང་།། མི་སྦར་བ་ལ་རྟག་ཏུ་བྱུང་།། གཡས་སུ་རབ་མྱོས་སྐྱེ་བོ་ནི།། གཡོན་ནས་བསྐོར ་བ་རུ་ནི་བྱ།། ངེས་པ་མེད་པར་ཁྱིམ་དུ་གནས།། འགྲུབ་འགྱུར་འདི་ལ་ཐེ་ཙོམ་མེད།། རྡོ་རྗེ་ཤིང་གི་སྟོངས་བྱས་དང་།། དེ་བཞིན་དྲིལ་བུ་ཤིང་གི་བདག། ཧེ་རུ་ཀ་ནི་རབ་གྲུབ་ཕྱིར།། བཟུང ་ནས་རྟག་ཏུ་རྒྱུ་བར་བྱ།། དེ་ནས་རྡོ་རྗེ་གནོད་སྦྱིན་མའི་སྒྲུབ་པ་བཀའ་སྩལ་པ། སེར་སྐྱའི་ཕྲུ་མ་བླང་ནས་ནི།། སྔགས་ནི་འདིས་ནི་བཟླ་བར་བྱ།། བསྲུང་བར་བྱས་ཤིང་བསྐམས་བྱས ་ནས། དེ་ལ་གྲུ་གུལ་བསྲེ་བར་བྱ།། མཁས་པས་གནོད་སྦྱིན་མོ་སྔོན་དུ།། དེས་ནི་བདུག་པ་སྦྱིན་པར་བྱ།། ཤིན་ཏུ་མཛེས་ཤིང་གོས་མཛེས་པ།། བྲིས་སྐུར་གནས་པ་ལེགས་གྲུབ་ཕྱིར།། ་འདི་ཉིད་ཀྱི་ནི་ཆོ་ག་ཡིས།། གནོད་སྦྱིན་མོ་ནི་དགུག་པར་བྱ།། བྲིས་སྐུ་ཉིད་ནི་གནོད་སྦྱིན་མོ།། སྔ་བར་བྱིན་ནས་འགྲོ་བར་འགྱུར།། དེ་ཡི་རྒྱན་རྣམས་ཐམས་ཅད་ནི།། གང་ཞིག་ཅུང་ཟད་རྒྱན་རྣམས་ཀུན།། ་སྔ་བ་རུ་ནི་བླང་བར་བྱ།། གལ་ཏེ་འདོད་ན་མཚན་མོ་ལ།། མེ་ཏོག་གིས་ནི་མཆོད་པར་བྱ།། དེ་ནས་རྡོ་རྗེ་རོ་ལངས་ཀྱི་སྒྲུབ་པ་བཀའ་སྩལ་པ། མཆད་རྨ་མེད་གང་བ་ནི།། ལེགས་པར་བརྟུལ་ཞུགས་ཅན་གྱིས ་བཀྲུ་མར་ཁུ་ཆེན་པོས་བྱུགས་པ་དང་།། བདུག་པ་ཆེན་པོས་བདུག་པར་བྱ།། དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་སུ།། མར་ཁུ་ཆེན་པོའི་མར་མེ་དབུལ།། ང་ཡིས་ཁྱོད་ལ་ཅི་གསུངས་པའི། ་ལ་དཀྱིལ་འཁོར་བཞེངས་པར་བྱ།། ཡུངས་ཀར་རོ་ལ་བརྡེག་བྱ་ཞིང་།། སྒྲ་ནི་རི་བོར་ཡང་དག་བརྗོད།། དེ་ལ་མཁས་པས་འཇིགས་མི་བྱ།། ཨོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུ~ཾ་བརྗོད་པར་བྱའོ།། དེས་ནི ་ཅི་ཞིག་སྦྱིན་ཞེས་སྨྲ།། སྒྲུབ་པོས་དེ་ལ་བླང་བར་བྱ།། རྐང་བྱུག་དང་ནི་མིགས་སྨན་ཉིད།། རལ་གྲི་དང་ནི་ས་འོག་དང་།། རིལ་བུ་མཁའ་ལ་སྤྱོད་པ་ཉིད།། ཐམས་ཅད་སྦྱིན་པར་ཐེ་ཚོམ་མེད།། ་དེ་ནས་ཚོགས་ཀྱི་དཀྱིལ་འཁོར་བཀའ་སྩལ་པ།། གོང་གི་བསམ་གཏན་བྱས་ནས་ནི།། དེ་ལ་སྔགས་ནི་བཟླ་བར་བྱ།། རང་གི་ཧེ་རུ་ཀ་ཡི་ནི།། རྣལ་འབྱོར་གྱི་ནི་བདག་ཉིད་དུ།། ཚོགས་ཀྱི་དཀྱིལ།། ་འཁོར་འགྲུབ་པར་འགྱུར།། གཙང་ཞིང་དབེན་པའི་ས་ཕྱོགས་དང་།། ཞི་ཞིང་དགེ་བའི་གནས་སུ་ནི།། རྣལ་འབྱོར་པ་ཡིས་བཟའ་བར་བྱ།། ཚོགས་ཀྱི་དཀྱིལ་འཁོར་འདི་ཉིད་དུ།། དཔལ ་ལྡན་ཧེ་རུ་ཀ་ཡི་ནི།། ཨཱ་ར་ལི་ཞེས་བྱ་བའི་མཚན།། ཟ་བ་ན་ནི་གཏམ་སྨྲ་བྱ།། རི་ཡི་རྒྱལ་པོའི་མགྲོར་གནས་པར།། ཚོགས་ཀྱིས་དག་པོའི་སེམས་ཀྱིས་བསྐོར།། དེ་ཡང་ཚོགས་ཀྱི ་དཀྱིལ་འཁོར་འདིར།། འགྲུབ་འགྱུར་གང་ཕྱིར་འདི་ཉིད་དུ།། མཆོད་པས་གྲུབ་པར་ཤེས་མི་འགྱུར།། དེ་ཡི་བཙུན་མོ་སྲུང་བ་ནི།། གཤིན་རྗེ་མཐར་བྱེད་དུ་ནི་འགྱུར།། ཤེས་རབ་མཐར་བྱེད་དཔུང་གི ་མགོན།། པདྨ་མཐར་བྱེད་སྐུ་བསྲུངས་བདག། དེ་ཡི་བགེགས་ཀྱི་མཐར་བྱེད་ནི།། དམག་དཔོན་དུ་ནི་བརྗོད་པ་ཡིན།། འདོད་པའི་རྒྱས་པོ་ཞེས་བྱ་བ།། དེ་ཡི་གཤེད་མའི་བད། ་པོ་ཉིད།། དཔལ་ལྡན་དབྱིག་པ་སྔོན་པོ་ནི།། སྒོ་སྲུངས་པ་ཡི་བདག་པོ་ཉིད།། ཐམས་ཅད་ལ་ནི་དབང་བྱེད་པ།། ཞར་བ་མི་གཡོ་མགོན་པོ་ཉིད།། ཡི་གེ་བ་ཡི་བདག་པོ་ནི།། དེ་བཞིན་དུ་ནི་སྟོབ ་པོ་ཆེ་འརྡོ་རྗེ་ཨཱ་ར་ལི་ལས་ལེའུ་བདུན་པའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སོགས་པ་ཐམས་ཅད་གཏམ་འདི་ཐོས་ནས་སྲིད་པའི་སྦྱོར་བ་ཀུན་ཏུ་བཅད ་ཅིང་རྣམ་པར་དག་པར་གྱུར་པ་དདྲ་།། སྡིག་པ་ཟད་ཅིང་ཉོན་མོངས་པ་བསྲེགས་པར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་ཚིག་འདི་སྐད་ཅེས་གསོལ་ཏོ།། རྡོ་རྗེ་མཱ་ར་ལི་ནི་བཅན ་འགྲུས་ཆེ།། སྣ་ཚོགས་ཨེ་མརྨེད་དབྱུང་བ།། གང་ཞིག་བདག་ཅག་ཉོན་མོངས་ཁེབས།། གང་ཞིག་བདག་ཅག་གྲུབ་འགྱུར་བ།། དེ་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་རྐང་གཉིས་ཀྱི་མཆོན ་དབ་པ་ཐོབ་ནས་སངས་རྒྱས་ཀྱི་ངོམ་པ་སོད་པར་བྱེད་དོ།། ལ་ལར་རྫོགས་བྱང་ཆུབ་མཛད།། ཁ་ཅིག་ཏུ་ནི་དཀའ་ཐུབ་སྐྱེད།། ལྷ་ལས་བབས་པའི་སྤྲུལ་པ་དང་།། དེ་བཞིན་ཁབ་ནས་འབྱུང་བ་དང་། ་ཆོས་ཀྱི་འཁོར་ལོ་བསྐོང་བ་དང་།། ཁཅིག་ཏུ་ནི་རབ་བྱུང་བྱེད།། འདུལ་བ་ལྗོན་པར་བྱེད་པ་དང་།། མངོན་པའི་སེམས་ནི་ལྷག་པའི་སེམས།། ལ་ལར་སྔགས་ཀྱི་བདག་ཉིད་འཆང་།། ཁ་ཅིག་པ ་རོལ་ཕྱིན་པའི་ཚུལ།། ཁ་ཅིག་བྱེ་བྲག་སྨྲ་བའི་ལམ།། ཁ་ཅིག་ཏུ་ནི་མདོ་སྡེ་པ།། ཁ་ཅིག་ཏུ་ནི་རྣམ་ཤེས་ཉིད།། ཁ་ཅིག་ཏུ་ནི་དབུ་མ་ཉིད།། ལ་ལར་དམྱལ་བ་ཆེན་པོར་འགྲོ།། ལ་ལར་སེམས་ཅན་རྗེས ་སུ་སྐྱོང་།། སེམས་ཅན་འདུལ་བ་ལ་བལྟས་ནས།། སྙིང་རྗེའི་བསམ་པས་རོལ་པར་བྱ།། རྡོ་རྗེ་ཨཱ་ར་ལི་ལས་ལེའུ་བརྒྱད་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས ་ཅད་དང་།། གང་ཡང་བྱང་ཆུབ་སེམས་དཔའ་དེ་དག་གིས་ལས་རྣམ་པར་འབྱེད་པ་བསྟན་པར་བྱའོ།། གང་ཞིག་རྒྱུད་གང་དུ་དམ་ཚིག་བྱེད་པ་དེས་ནི་འཇིག་རྟེན་གསུམ་པོ་ཀུན་གྱིས་བསྟོད་པར ་འགྱུར་རོ།། གང་ཞིག་རྒྱུད་དེ་ཡིས་གང་གི་རོ་བྱེད་པ་དེ་ནི་སྲིད་པར་མཛེས་པར་འགྱུར།། གང་ཞིག་གླུ་ཡིས་མཆོད་བྱེད་ན།། དེས་ནི་རྟག་ཏུ་སྒྲ་སྙན་འགྱུར།། གང་ཕྱིར་གང་ཞིག་མར་མེ་འབུལ།། ་དེ་ནི་མིག་དང་ལྡན་པར་འགྱུར།། གང་ཞིག་གར་གྱིས་མཆོད་བྱེད་པ།། དེ་ནི་རིག་འཛིན་ཆེན་པོར་འགྱུར།། གང་ཞིག་ཕྱག་འཚལ་བྱེད་པ་ནི།། དེ་ལ་སྐྱེ་བོ་ཕྱག་འཚལ་འགྱུར།། གང་ཞིག་དྲི་ཞིམ ་འབུལ་བ་ནི།། ལུས་ནི་དྲི་ཞིམ་ལྡན་པར་འགྱུར།། གང་ཞིག་འཕྲེང་བ་བཟང་འབུལ་བ།། དེ་ནི་གསེར་གྱི་འཕྲེང་ལྡན་འགྱུར།། གང་ཞིག་གོས་ནི་འབུལ་བ་ནི།། དེས་ནི་ལྷ་ཡི་གོས་རྙེད་འགྱུར།། ་གང་ཞིག་མཚན་ཙམ་འདོན་པ་དང་།། དད་པ་ཙམ་ཡང་རབ་བྱེད་པ།། ལྷག་པར་མོས་པ་རབ་ཏུ་བྱེད།། གང་ཞིག་སྐྱེ་བོ་མཆོད་བྱེད་པ།། དེ་རྣམས་ཐམས་ཅད་རྣམ་དག་པའི།། སྲིད་པའི་ལོངས་སྤྱོད་རབ་ཏུ་བཟད།། ་རྡོ་རྗེ་ཨཱ་ར་ལི་ལས་ཡོན་ཏན་རྗེས་སུ་བསྔགས་པའི་ལེའུ་སྟེ་དགུ་པའོ།། ། དེ་ནས་ཡང་གང་ཞིག་དེ་ལྟར་རྣམ་པར་དག་པའི་སྦྱིན་པ་བྱིན་པས་དེ་རྐང་གཉིས། ་ཀྱི་མཆོག་ཏུ་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་དགའ་བས་ཐེ་ཚོམ་སྐྱེས་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཉེ་བར་འདུག་སྟེ་ཞུས་པ། ཇི་ལྟ་བུ་ཡི་རྣལ་འབྱོར ་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྦྱིན་པ་མཐའ་གསུམ་ཡོངས་དག་པ།། ཧེ་རུ་ཀ་ནི་བསྒོམ་པར་བྱ།། སྦྱིན་པ་ཡང་ནི་ཧེ་རུ་ཀ། གང་ལ་སྦྱིན་པའང་དེ་ལྟ་བུ།། སྦྱིན་པ་འདི་ནི་རབ་ཏུ ་བསྔགས།། སྦྱིན་པ་འདི་ནི་དཔེ་ཙམ་སྟེ།། ཚུལ་ཁྲིམས་ལ་སོགས་འདི་ལྟ་སྤྱད།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་ཨཱ་ར་ལི་ལས་དེ་སྐད་ཅེས་གསུངས་སོ།། རྡོ་རྗེ་ཨཱ་ར་ལི་ལས་རྣལ་འབྱོར་མའི་གོང ་ན་མེད་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་པའོ།། །། རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཀ་ཡ་སྠ་པ་ག་ཡ་དྷ་རིའི་ཞལ་སྔ་ནས།། བོད་ཀྱི་ལོ་ཙ་བ ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཞུས་ཏེ་གཏན་ལ་ཕབ་པའོ།། རྒྱ་གར་སྐད་དུ། ཤྲཱི་ཙ་ཏུར་པཱི་ཐཱ་མ་ཧཱ་ཡོ་གི་ནཱི་ཏནྟྲ་རཱ་ཛ་ནཱ་མ་བོད ་