| Wylie | e-texts produced with BDRC’s OCR application |
དང་། ཡོས་པ་ངཤེས་རྗེས་། ཀླུང་དདུ། ན ་ཛ། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་རྣམ་པར་འཇོམས་པའི་རྒྱུད་ཀྱི་རྒྱལ་པོ།། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འད ་འཁོར་དཔག་ཏུ་མེད་པ་དང་རི་རབ་ཀྱི་སྟེང་དུ་བཞུགས་པའི་དུས་སུ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས། བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོད་པ་བྱས་ཏེ། ཐལ་མོ་སྦྱར་ནས་འདི ་སྐད་ཅེས་གསོལ་ཏོ།། ཐུགས་རྗེ་ཆེ་ལྡན་བཅོམ་ལྡན་འདས།། རྡོ་རྗེ་གང་ལཀྲ་འཇིགས་བྱེད་གང་།། འཇོམས་པ་གང་ལགས་རྒྱུད་གང་ལགས།། རྒྱལ་པོ་གང་ལགས་བཤད་དུ་གསོལ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྡོ་རྗེ་རྣམ་པ་གསུམ་ཡིན་ཏེ།། ཉོན་མོངས་བདུད་སོགས་འཇོམས་པར་བྱེད།། ཉོན་མོངས་དགྲ་སོགས་རྣམ་པར་འཇོམས།། རྒྱུ་ཡི་རྒྱུད་དང་འབྲས་བུའི ་རྒྱུད།། མཐར་ཐུག་རྒྱུད་ནི་གང་ཡིན་ལ།། རྒྱལ་པོ་ཞེས་ནི་བསྟན་པ་ཡིན།། རྡོ་རྗེ་སྙིང་པོས་ཡང་གསོལ་པ།། རེ་རེའི་བྱེ་བྲག་མ་མཚལ་བས།། དེ་ཡི་དབྱེ་བ་བཤད་དུ་གསོལ།། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་བ།། རྡོ་རྗེ་རྣམ་པ་གསུམ་ཡིན་ཏེ།། དོན་གྱི་རྡོ་རྗེ་དེ་ནས་རྟགས།། རྫས་ཀྱི་རྡོ་རྗེ་དང་ནི་གསུམ།། དེ་ནས་དོན་གྱི་རྡོ་རྗེ་བཤད།། གཟུང་འཛིན་རྟོག་པས་མི་བྱེད་ཕྱིར།། དོན་གྱི་རྡོ་རྗེར ་བཤང་པའོ།། དབང་བར་རྗེ་རིམ།། རྡུ་རྗེ་བའི་རུ་བཤད་པ་ཡིན།། རྟགས་ཀྱི་ངོ་རྗེགསུམ་ཡིན་ཏེ།། ཅེ་གསུམ་ཆེ་ལ་ཟེ་བ་པ།། ཅེ་གསུམ་སྲུ་གསུང་ཐུགས་ཀྱི་ནགས།། ས་བྱེས་སྔ་མ།། ་གྲུས། དེ་གྲ་ཁམས་པ་སུམས་དཔ་གས།། རམ་ཀྱིར་རྟེམ་ཡིན་ནོ།། རྣམ་པའི་དབང་ད་ལ་བ་སྟེ།། སྐུ་མདག་དྲུག་སཚན་ལས་ཤེསཿ།། གཟུང་དང་འཛིན་པའི་ད་འོག་ནི ་འཇིག་སྣང་འཇོམས་པའི་རྡོ་རྗེའོ།། གསང་བའི་དབང་དང་འབྲེལ་བ་ཡི།། ནྱ་དང་རླུང་དང་ཐིག་ལེ་ལ།། གཟུང་འཛིན་གཉིས་སུ་གང་རྟོགས་པ།། འཇིག་ཅིང་འཇོམས་པས་རྡོ་རྗེའོ།། ཤེས་རབ་ཡེ་ཤེས ་དང་འབྲེལ་བའི།། ལྷན་ཅིག་སྐྱེས་དགའ་ལ་སོགས་པའི།། གཟུང་དང་འཛིན་པ་གང་རྟོགས་པ།། འཇིག་ཅིང་འཇོམས་པས་རྡོ་རྗེ་ཡིན།། བཞི་པའི་དབང་དང་འབྲེལ་བ་ཡི།། རང་རིག་སེམས་ཉིད་སྟོང་ཉིད ་ལ།། གཟུང་འཛིན་གཉིས་སུ་གང་རྟོག་པ།། འཇིག་ཅིང་འཇོམས་པས་རྡོ་རྗེའོ།། དེ་ནས་རྟགས་ཀྱི་རྡོ་རྗེ་ནི།། རྩེ་གསུམ་སྐུ་གསུང་ཐུགས་སུ་བཤད།། འདོད་ཆགས་ཞེ་སྡང་གཏི་མུག་གསུམ།། འཇིག ་ཅིང་འཇོམས་པས་རྡོ་རྗེ་སྟེ།། རྩེ་ལྔ་ཡེ་ཤེས་ལྔ་ཡི་རྟགས།། ང་རྒྱལ་ལ་སོགས་རྣམ་པ་ལྔ།། འཇིག་ཅིང་འཇོམས་པས་རྡོ་རྗེའོ།། དེ་ནས་རྫས་ཀྱི་རྡོ་རྗེ་ནི།། རྣམ་པ་བཞི་རུ་བསྟེན་པ་ནི།། ཟུར ་གསུམ་རྣོ་ལ་འབིགས་པ་དང་།། གྲུ་བཞི་དག་ཅིང་གསལ་བར་བྱེད།། ཟླུམ་པོས་རྫས་རྣམས་འཇོམས་པར་བྱེད།། ཟུར་ལྔས་འདོད་སྒྲུབ་སྲས་རྡོ་རྗེ།། རྒྱུད་ཀྱི་དོན་ནི་རྣམ་པ་བཞི།། རྒྱུ་དང་འབྲས་བུ་གཉིས ་ཀའི་རྒྱུད།། མཐར་ཐུག་རྒྱུད་ཀྱི་རྒྱལ་པོ་སྟེ།། དེ་རྣམས་ཀུན་ལ་དབང་བྱེད་པ།། ལོག་ལྔའི་རྒྱུད་སོགས་སྤོང་བར་བྱེད།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ ་པ་དང་། བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་རྣམས་དགའ་ཞིང་མགུ་ནས་རྗེས་སུ་ཡི་རངས་ཏེ།། གཡས་ཕྱོགས་ནས་ལན་གསུམ་བསྐོར་བ་བྱས་ཏེ། སོ་སོའི་རྫུ་འཕྲུལ་གྱིས་མི་སྣང ་བར་གྱུར་ཏོ།། དཔལ་རྡོ་རྗེ་འཇིགས་བྱེད་རྣམ་པར་འཇོམས་པའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། ། བླ་མ་ག་ཡ་དྷ་ར་དང་། ལོ་ཙ་བ་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ་