| Wylie | e-texts produced with BDRC’s OCR application |
ལ་ངྒར་དང་། ལོ་ཙབ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ། ཎྱ་གར་སྐད་དུ། ཤྲཱི་ཨ་མྲི་ཏ་གུ་ཧྱཱཏནྟརཱཛ ་བོད་སྐད་དུ། དཔལ་གསང་བ་བདུད་རྩིའི་རྒྱུད་ཀྱི་རྒྱལ་པོ།། བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།། བཅོམ་ལྡན་འདས་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་ཞུགས་སོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་གསོལ་པ།། དཀྱིལ་འཁོར་དབྱེ་བ་ཇི ་ལྟ་བུ། སྔགས་དང་གཏོར་མ་ཇི་ལྟ་བུ།། སྦྱིན་སྲེག་མཆོད་སོགས་ཇི་ལྟ་བུ།། ཁྱོད་ཀྱིས་བདག་ལ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དང་པོ་དཀྱིལ ་འཁོར་དབྱེ་བ་ཡང་།། ཕྱི་ལ་གཟུགས་བརྙན་དཀྱིལ་འཁོར་ཏེ།། ནང་དུ་ལུས་ཀྱི་དཀྱིལ་འཁོར་རོ།། གསང་བར་བྷ་གའི་དཀྱིལ་འཁོར་ཏེ།། བཞི་པ་རང་རིག་བྱང་ཆུབ་སེམས།། དེ་རྣམས་ལྷ་ཡི ་མཚན་ཉིད་ཀྱང་།། སྐུ་མདོག་ཕྱག་མཚན་རིགས་པའི་ལམ།། ཁྲོ་ཚུལ་དྲུག་ཅུ་རྩ་བཞི་དང་།། འབར་བའི་གར་དགུ་ཕྱག་རྒྱ་དྲུག། མཚན་ཉིད་སྒྱུ་མ་ལྟ་བུ་ལ།། ཐ་མལ་པ་ཡི་རྣམ་རྟོག་སྤོང་།། ་ལུས་ཀྱི་དྲི་འཁུ་ཞེ་སྡང་དག། ལོངས་སྤྱོད་རྫོགས་པའི་སྐུར་གྱུར་པའོ།། འདི་དག་ཕྱི་ཡི་དཀྱིལ་འཁོར་ཏེ།། དཀྱིལ་འཁོར་དབུས་སུ་གང་གྱུར་པ།། དེ་ཉིད་ཀྱི་ནི་དཀྱིལ་འཁོར་ཏེ།། རྡོ་རྗེ་ཅན ་དང་བན་པ་དང་།། དེ་བཞིན་རྡོ་རྗེག་ཟི་བརྗིད་དང་།། པཛྲ་གར་གྱི་དབང་ཕྱུག་དང་།། དེ་བཞིན་དུ་བདུན་རྡོ་རྗེ་སེམས།། སྙིང་པོ་ཡོངས་བཟུང་དཀྱིལ་འཁོར་ཏེ།། དེ་དག་ཕྱི་ཡི་དཀྱིལ་འཁོར་སྨིན།། ་དེ་ནས་ནང་གི་དཀྱིལ་འཁོར་ཡང་།། རྣམ་གྲོལ་སྟེང་དུ་གདན་ཁྲི་རླུང་།། རང་རིག་བདག་པོ་ལྔ་ཡིན་ནོ།། དང་པོར་དེ་ཉིད་ཤེས་བྱ་སྟེ།། རགས་པ་དང་ནི་ཕྲ་བ་དང་།། ཟུང་འཇུག་སྒོ་གསུམ་ཉི་ཁྲི་དང་། ་རིག་སྟོང་དྲུག་བརྒྱ་རྒྱུ་བ་ཙམ།། ལས་ནི་རགས་པའི་ལམ་འཇོམས་ཤིང་།། ངག་གི་དྲི་འཁྲུ་གཏི་མུག་དག། སྤྲུལ་པའི་སྐུ་ཡི་རྒྱུར་གྱུར་པ།། མཁའ་སྤྱོད་རླུང་དུ་ཤེས་པར་བྱ།། གང་ཞིག་སྣང ་བ་སྒོམ་པ་དང་།། དེ་བཞིན་མུན་པ་སྒོམ་པ་དག། ཉིན་དང་མཚན་མོར་རབ་ཏུ་གྲགས།། གནོད་མཛེས་ལྟ་སྟངས་དམན་པ་སྟེ།། ཚུལ་དེ་དེ་ལས་བཟློག་པའོ།། དང་པོར་ཡིད་བཅིང་སྣ་རྩེར་བྱ།། ་དེ་བཞིན་སེམས་བཅིང་རླུང་བཅིང་ཡང་།། ནམ་མཁའ་སོར་བཞི་དེ་ནས་སྟོང་།། དེ་ནས་བར་དུ་ཐིག་ལེ་ཡང་།། ཡན་ལག་དང་བཅས་ཡན་ལག་མེད།། ཤིན་ཏུ་ཡན་ལག་མེད་པ་སྟེ།། ཡན ་ལག་བཅས་པ་བཅུ་གསུམ་སྟེ།། ཐབས་ལ་ཐབས་ཀྱི་སྦྱོར་བ་ནི།། བླ་མའི་ཞལ་ནས་ཤེས་པར་བྱ།། མ་ནིང་འདུས་པའི་སྒོ་རུ་གསུངས།། དེ་ནས་འོག་སྒོར་ཙནྡྲ་ལི།། ཁ་སྦྱོར་དང་ནི་སྡུག། ་བོ་སོགས།། རྐྱེན་དང་བཅས་དང་རང་བཞིན་དང་།། བདག་སྦྱང་བ་དང་གཞན་སྦྱང་དང་།། གཏུམ་མོ་རང་བཞིན་སྦར་བ་དང་།། གཏུམ་མོ་གོ་བཟློག་སྦར་བ་དང་།། གཏུམ་མོ་རྐྱེན་གྱིས་སླར། ་བ་དང་།། གཏུམ་མོ་ཞར་ལ་སྦར་བ་དང་།། གཏུམ་མོ་བྱེ་བྲག་སྦར་བ་དང་།། སྤྱི་ཡི་གཏུམ་མོ་སྦར་བ་དང་།། གྲོལ་བའི་རང་བཞིན་གཏུམ་མོ་དང་།། ཆགས་པའི་རང ་བཞིན་གཏུམ་མོ་སྟེ།། ནང་གི་ལྷ་ཡི་ངོ་བོ་སྟེ།། གསང་བའི་ལྷ་ཡི་རིང་བའི་རྒྱུ།། དེ་ནས་གསང་བའི་དཀྱིལ་འཁོར་ཡང་།། དབང་པོ་གཉིས་སྦྱོར་ཀུན་ཏུ་རུ།། དེ་ཡི་ཕྱིར་ན་བྷ་ག་ཡིན།། དགའ་བ ་ལ་སོགས་སྒྱུ་མ་ཡིས།། ཕྲ་བའི་ལམ་སྤོང་ལས་ཡིན་ཏེ།། སེམས་ཀྱི་ཇི་འཁྲུད་འདོད་ཆགས་དག། རང་རིག་སེམས་ཀྱི་རྒྱལ་པོའི་རྒྱུ།། དེ་ནས་བཞི་པའི་དཀྱིལ་འཁོར་ནི།། ཆོས་སྐུ་སྐྱེ་མེད་ནམ ་མཁའ་བཞིན།། རང་རིག་སྟོང་པར་འོད་གསལ་བ།། བསྒོམས་པས་ཉེས་པ་མ་ཡིན་ཏེ།། མ་བསྒོམས་པས་ཀྱང་ཉེས་པ་ཡིན།། སྒོམ་པ་ཉིད་ཀྱང་རྟོག་པ་སྟེ།། མི་སྒོམས་པ་ཡང་རྟོག་པ་ཉིད།། ་སྒོམ་དུ་རྡུལ་ཙམ་མེད་པ་ལ།། ཡོངས་སུ་སྐད་ཅིག་མེད་པ་འདི།། ལྷ་ཡི་རྒྱལ་པོ་ཡིན་པར་འདོད།། དཀྱིལ་འཁོར་རྣམས་ཀྱི་མཆོག་གྱུར་པ།། རང་རིག་ཡེ་ཤེས་མེ་བོ་ཆེ།། ཐམས་ཅད་འདི་ལ་གནས ་པ་སྟེ།། དཔེར་ན་འཁོར་ལོ་སྒྱུར་བའི་རྒྱལ་པོ་དག། ཡུལ་དང་གྲོང་ཁྱེར་དག་ཏུ་མི་འགྲོ་ཡང་།། ཡུལ་ན་འདོད་པ་ཐམས་ཅད་སྡུད་པ་ལྟར།། མཆོད་དང་གཏོར་མ་ལ་སོགས་པའི།། ལས་དང་བྱ་བ་སྣ ་ཚོགས་ཀུན།། སེམས་ཀྱི་དེ་ཉིད་ཤེས་གྱུར་ན།། ཐམས་ཅད་འདི་ལ་སྡུད་པར་ངེས།། ལས་ནི་ཟབ་པའི་ལས་སྤོང་སྟེ།། སྒོ་གསུམ་རྣམ་དག་དུག་གསུམ་འཇོམས།། གཟུགས་སྐུ་གཉིས་ནི ་འབྱུང་བའི་རྒྱུ།། བྱིན་སྲེག་རྣམ་པ་པཞི་ཡིན་ཏེ།། ཕྱི་ཡི་ཐུན་མོང་ཡིན་པར་གསུངས།། དེ་ནས་ནང་གི་སྦྱིན་སྲེག་ཀྱང་།། ལྟེ་བཞིང་ཀ་སྤྱི་བོ་མཟིན།། རིགས་ནི་ངེས་པའི་ཐག་ཟུང་སྟེ།། མུན་། ་བོ་གསུང་མགྲིན་པ།། སྙིང་ཀར་ཐུགས་ཏེ་ཡོན་ཏན་དང་།། འཕྲིན་ལས་གཏུམ་མོ་གཉིས་སུ་ངེས།། རླུང་དང་རྩ་དང་ཐིག་ལེ་དང་།། རང་བཞིན་གནས་པའི་ཡེ་ཤེས་མེ། མེ་ལྔ་དག་པས་བདག ་པོའི་ལྔ།། སྐུ་མདོག་ཕྱག་མཚན་རྣམ་རྟོག་དག། བསྲེག་རྫས་བསྲེགས་ཏེ་མེ་མཆོད་བྱ།། ཉེ་བར་ཞི་བ་སྦྱིན་པ་དང་།། རྣམ་རྟོག་བསྲེག་ཕྱིར་སྦྱིན་སྲེག་སྟེ།། རང་ལུས་ཡེ་ཤེས་མེ་ཡིས་ནི། ་རྟོག་པའི་བུད་ཤིང་བསྲེག་བྱ་བ།། འདི་ནི་སྦྱིན་སྲེག་ཚད་མ་སྟེ།། ཏི་ལ་སོགས་སྡིག་པར་ངེས་པ་འམ།། ལས་ཀྱི་མེ་ཉིད་ཡེ་ཤེས་སམ།། བསྲེགས་པས་ངེས་པར་ཚིག་གམ་ཅི།། ་བསྲེག་རྫས་རྟོག་པ་སྲེག་བྱེད་མེ།། དབང་པོའི་སྤྱོད་ཡུལ་མ་ཡིན་ཏེ།། དེ་ཕྱིར་ལས་ཀྱི་མེ་ཉིད་ལ།། ཏི་ལ་སོགས་བསྲེགས་པའི་ལས་བྱས་ཀྱང་།། ངེས་པར་སྡིག་པ་འཚིག་མི་འགྱུར།། ་མཆོད་པ་ལ་སོགས་དེ་བཞིན་ནོ།། བསྐྲུན་པ་ཙམ་དྲངས་པ་སྟེ།། རྒྱུད་ནི་དོན་དམ་མ་ཡིན་ཏེ།། དོན་དམ་རྟོག་པས་བསྟན་པ་མེད།། དགང་གཟར་ཐུགས་གཟར་ལ་སོགས་པ།། བླ་མའི་ཞལ ་ནས་ཤེས་པར་བྱ།། དེ་ནས་གསང་བའི་སྦྱིན་སྲེག་ཀྱང་།། ཐབ་ཁུང་ལྟེ་བ་འམ་སྣ་རྩེ་སྟེ།། ཆགས་གྲོལ་གནས་ནི་ངེས་པ་དང་།། རང་བཞིན་དང་ནི་གསང་བ་ཡི།། གཏུམ་མོ་ཡེ་ཤེས་མེ་སྦར་ཏེ། ་གཡས་གཡོན་དགང་གཟར་བླུགས་གཟར་གྱིས།། ཤྲ་ཀ་རྩ་དང་རླུང་སོགས་ཀྱི།། ཕྲ་མོའི་རྟོག་པའི་བསྲེག་རྫས་བསྲེག། བདེ་བའི་མེ་ལྷ་མཆོད་པར་བྱ།། ཞི་རྒྱས་ལས་ཀྱི་རིམ ་པ་དང་།། བཞི་པ་ཞལ་ནས་ཤེས་པར་བྱ།། དེ་ནས་སྔགས་ཀྱི་དབྱེ་བ་ཡང་།། ཕྱི་ཡི་སྔགས་ནི་ཨོཾ་ཨཱཿཧཱུཾ།། ནང་དུ་བདུད་རྩི་མཚན་ཉིད་དེ།། གསང་བར་མཆོག་ཆད་དབུས་ན་གནས། ་མཐར་ཐུག་མཐའ་བྲལ་རང་རིག་གོ།། སྤོས་སོགས་ཕྱི་ཡི་མཆོད་པ་སྟེ།། བདུད་རྩི་ལ་སོགས་ནང་དུའོ།། གསང་བར་བདེ་བའི་རོ་ཡིས་མཆོད།། མཐར་ཐུག་སྟོང་པའི་རོ་ཡིས་མཆོད།། འབྲས ་སོགས་ཕྱི་ཡི་གཏོར་མ་སྟེ།། དམན་པའི་བགེགས་སོགས་ཞི་བར་བྱེད།། ཨ་བ་དྷཱུ་ཏཱིའི་ཀ་པཱ་ལར།། ཤ་སོགས་བདུད་རྩིའི་རང་བཞིན་གནས།། རྣམ་རྟོག་བགེགས་ཆེན་ཞི་བར་བྱེད། ་བདེ་བ་ཆེན་པོའི་བདུད་རྩིའི་རོས།། ཕྲ་བའི་གདོན་ཆེན་ཞི་བྱས་པ།། འདི་ནི་གསང་པོའི་གཏོར་མར་གསུངས།། རང་རིག་སྟོང་པའི་བདུད་རྩིའི་རོས།། བདེ་ཆེན་དོན་ནི་ཞི་བྱས་པ།། འདི་ནི ་བཞི་པའི་གཏོར་མར་ངེས།། ཕྱག་འཚལ་སྐོར་བ་ལ་སོགས་པ།། སྦྱང་སོགས་བླ་མའི་ཞལ་ནས་ཤེས།། གང་གི་ཕྱིར་ན་སྦྱིན་སྲེག་ནི།། དངོས་གྲུབ་དམ་པ་སྟེར་བ་དང་།། རྣམ་རྟོག་སྲེག ་ཕྱིར་སྦྱིན་སྲེག་སྟེ།། ཤིང་སོགས་སྲེག་པ་སྦྱིན་སྲེག་མིན།། མཉེས་པའི་དོན་གྱིས་མཆོད་པ་སྟེ།། སྤོས་སོགས་ཕུལ་བས་མཉེས་པ་མེད།། རང་སེམས་ལས་སུ་རུང་བ་དག་མཉེས། ་པས་མཆོད་པ་ཆེན་པོས།། གདོན་དང་གནོད་པཞི་པ་དང་། བར་ཆོད་ནི་དང་དངོས་གྲུབ་དག། འབྱུང་བའི་ཕྱིར་ན་གཏོར་མ་སྟེ།། འབྲས་སྲོགས་ཀྱི་ཡི་གཏོར་མ་ཡིས།། གདོན་སོགས་ནི ་བར་མི་འགྱུར་ཏེ།། རང་གི་སྒོ་གསུམ་རྣམ་ཏོག་དག། གདོན་ལ་སོགས་པར་སྣང་བ་སྟེ།། འཁྲུལ་པའི་རྣམ་ཏོག་མ་སྤངས་པར།། གདོན་སོགས་ཞི་བར་མི་འགྱུར་ཕྱིར།། སྒོ་གསུམ་རྣམ་ཆོག ་འཇོམས་པ་ཡིས།། སེམས་ཀྱི་གཏོར་མ་གཏོར་མའི་མཆོག། གདོན་དང་གནོད་པཞི་པ་དང་།། དམ་ཚིག་གསོ་དང་ལྡརྣམ་འགྲོ།། དངོས་གྲུབ་ཐམས་ཅད་འབྱུང་བར་འགྱུར།། ཕྱི་ནང་གཏོར ་མའི་ངེས་པའོ།། རྒྱུད་རྣམས་ཉེ་བར་ཞི་བ་དང་།། ལུས་ལས་འབྱུང་ཕྱིར་ལྷ་ཡིན་ཏེ།། བྱི་ཡི་དཀྱིལ་འཁོར་ལྷ་མ་ཡིན།། ལུས་དང་ཡན་ལག་ལྷ་མ་ཡིན།། ཁ་མིག་ལ་སོགས་ལྷ་མ་ཡིན། ་ལུས་ལས་མ་བྱུང་གཡེང་བའི་ཕྱིར།། དབང་པོ་སྒོ་གསུམ་གཡེང་བ་དག། རང་གི་ལུས་ལ་རང་ལུས་འབྱུང་།། སྒོ་གསུམ་ཞི་ཕྱིར་ལྷ་ཞེས་བརྗོད།། ཡིད་སྐྱོབ་ཕྱིར་ན་སྔགས་ཡིན་ཏེ།། རང་སེམས ་ལས་སུ་རུང་བ་དང་།། རྣམ་རྟོག་གདོན་རྣམས་ལས་སྐྱོང་ཕྱིར།། འདི་ནི་སྔགས་ཀྱི་རྒྱལ་པོར་གསུངས།། གཞན་ཡང་དངོས་གྲུབ་འདོད་པ་ཡིས།། ཐམས་ཅད་ཐ་མའི་ཞལ་ནས་ཐང་། ་རྒྱུད་འདི་གཏད་ཀྱིས་ནན་ཏན་གྱིས།། དེའི་ཚེ་འཁོར་འདུས་པ་ཐམས་ཅད་རྒྱུད་ཀྱི་དོན་ལ་ཡི་རང་བར་གྱུར་ཏོ།། དཔལ་གསང་བ་བདུད་རྩིའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་ག་ཡ་དྷཱ་ར་དང་། ལོ་ཙ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། @རྒྱ་གར་སྐད་དུ། ཤྩ ་