| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་སཱུརྱ་ཙཀྲ་ཏནྟ་རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་ཉི་མའི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། ཨ་ལ་ལ་ལ་ཙེ ་དཔལ་པོ་ཀྱེ།། ངོ་མཚར་རྨད་དུ་བྱུང་བ་ཡི།། བསྐྱེད་དང་རྫོགས་པ་ཆེན་པོ་ཡི།། མ་སྤངས་པ་དང་ངེས་པ་དགེ། མགོན་པོས་བདག་ལ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་དང་པོ་མ་སྤངས་བཤད་བྱ་སྟེ།། ཕུང་པོ་ཁམས་དང་སྐྱེ་མཆེད་དག། བསྐྱེད་པའི་རིམ་པའི་ཟླུམ་སྤངས།། ཕྱག་མཚན་ཉི་ཟླ་ཡིག་འབྲུ་དང་།། བླ་མའི་མན་ངག་རྐྱེན་མ་སྤངས།། ལུས་དགེ་སྒོ ་བསྡམས་དམ་ཚིག་ལས།། སྐུ་གཉིས་འབྱུང་བ་འབྲས་མ་སྤངས།། ཞེ་སྡང་རུ་ཏྲར་སྐྱེ་བོའི་ལས།། ཞེ་སྡང་རང་རིག་བསྐྱེད་པ་དང་།། ལུས་ཀྱི་དྲི་མ་འཁྲུད་པ་ལས།། ལས་ཀྱི་དབྱེ་བ་མ ་། སྤངས་པའོ།། པུ་ལི་ར་དང་ཛ་ལན་སོགས།། ནང་དུ་སྤྱི་བོ་སྤྱི་གཙུག་སོགས།། གནས་ཀྱི་དབྱེ་བ་མ་སྤངས་པའོ།། ཤར་སོགས་བདུད་ཀྱི་སྙིང་ཀ་རུ། ཞབས་གནས། ་གནས་ཆེན་མ་སྤངས་པ།། གནས་དེ་ཕྱི་དང་ནང་དུ་ཤེས།། གནས་ཀྱི་དབྱེ་བ་མི་སྤངས་པའོ།། གསེར་འགྱུར་རྩི་ཡི་རྣམ་པ་བཞིན།། ཕུང་སོགས་ལྷ་རུ་འཕོ་བྱེད་ན།། འདི་ནི་འཕོ་བ་མ་སྤངས ་པའོ།། རྒྱུ་ཡི་གནས་ནི་སྙིང་ཀ་སྟེ།། འབྲས་བུའི་གནས་ནི་ཕུང་སོགས་ཏེ།། མ་སྤངས་པ་ནི་གཉིས་སུ་ཤེས།། ཕུང་སོགས་སྒྱུ་མར་འཛིན་བྱེད་པ།། འདི་ནི་རྟེན་པ་མ་སྤངས་པའོ།། གལ ་ཏེ་ནང་དུ་མ་ཟིན་ན།། ཕྱི་རུ་དེ་ཉིད་ངོ་བོར་བསྒོམ།། དེ་ཉིད་ཤོར་བ་མ་སྤངས་པའོ།། གཉེན་པོ་མ་སྤངས་སྒྱུ་མར་བསྒོམ།། ཕུང་སོགས་ལ་རྟེན་ལྷ་རྣམས་ལ།། སྒོ་གསུམ་ངོ་བོ་མ་སྤངས་པ། ་ཐ་མལ་པ་དང་བསྐྱེད་རིམ་གཉིས།། གོང་འོག་ཁྱད་པར་ཤེས་བྱ་སྟེ།། སྒྱུ་མ་གཉེན་པོ་མ་སྤངས་པའོ།། བདུན་པོ་རྣམ་དག་ལ་སོགས་པ།། སྔོན་དུ་འགྲོ་བ་མ་སྤངས་པའོ།། ཕུང་སོགས་རྟོག ་པ་ལས་ལོག་ནས།། ཕྲ་བའི་གནས་སུ་གནས་པ་བྱེད།། གནས་ཀྱི་ཁྱད་པར་མ་སྤངས་པའོ།། ལྷ་ཡི་རྣམ་པར་འཇུག་པ་དང་།། གང་དུ་སྒྱུ་མར་བཟློག་པ་གཉིས།། འཕོ་བའི་ཁྱད་པར་མ་སྤངས ་ཉིད།། ཡེ་ཤེས་མེ་ནི་ཆེར་འབར་ཏེ།། ཕུང་སོགས་སྒྱུ་མར་གང་འཛིན་པ།། རྟེན་གྱི་ཁྱད་པར་མ་སྤངས་པའོ།། མཉམ་གཞག་རྗེས་ཐོབ་ཀུན་འགགས་ཏེ།། ཐམས་ཅད་རྟེན་དང་བརྟེན་པར་སྣང་། ་ཇིབའི་ཁྱད་པར་མ་གྲངས་པ།། དེ་ཉིད་སྒྱུ་མའི་རང་བཞིན་མེད།། གཉེན་པོའི་བྱུང་པར་མ་སྤངས་པའོ།། ཤེས་རབ་པག་མོམ་སངས་པ།། ཕྱག་རྣམ་སངས་པ་བུ་འདོད།། མ་གྲངས་གཅིག་ནི་གཞན་ད་། ་གོང་འོག་ལས་ཀྱི་ཁྱད་པར་རོ།། ཞེ་སྡང་ཐུགས་ལ་འདོད་ཆགས་གསུང་།། གཏི་ག་སུ་ཡི་ཕྱག་རྒྱ་ས།། ཕྱག་དྷའི་དབྱེ་བ་མ་སྤངས་པ།། སྐུ་དང་གསུང་དང་ཐུགས་འཁོར་ལོ།། བདེ་བ་ཆེན་པོའི་འབྱོ ་ལོ་དག། འཁོར་ལོའི་དབྱེ་བ་མ་སྤངས་པའོ།། དང་པོ་སྒྱུ་མ་ཡེ་ཤེས་མེ།། གཉིས་པ་སྒྱུམ་ལྟར་སྣང་མ།། གཏུམ་མོའི་དབྱེ་བ་མ་སྤངས་པའོ།། ཕུང་སོགས་སྒྱུ་མ་ལས་གཡོ་ཞིང་།། ཕུང་སོགས ་སྒྱུ་མས་ཡང་དག་སྲེག། ཀུན་རྫོབ་རྟོགས་པའི་རྐྱེན་ཡིན་ཏེ།། སྒྱུ་མ་ལྟར་སྣང་ལས་གཡོ་ཞིང་།། སྒྱུ་མ་དེ་ཉིད་ལྟར་བསྲེགས་པ།། དོན་དམ་གཉིས་མེད་རྐྱེན་ཡིན་ཏེ།། རྐྱེན་གྱི་དབྱེ་བ་མ་སྤངས་པའོ།། ་འཁོར་བ་སྤེལ་ཞིང་རྣམ་རྟོག་བསྐྱེད།། ཀུན་རྫོབ་བདེན་པ་སེམས་ཀྱི་ལས།། འཁོར་བར་མི་འཁོར་རང་རིག་བསྐྱེད།། དོན་དམ་སེམས་ཀྱི་ལས་ཡིན་ཏེ།། ལས་ཀྱི་དབྱེ་བ་མ་སྤངས་པ།། འདི་དག ་མ་སྤངས་ཉི་ཤུ་བརྒྱད།། བུམ་པའི་དབང་དང་འབྲེལ་བའོ།། གསང་དབང་བླ་མའི་ཞལ་ནས་བླང་།། ཤེས་རབ་ཡེ་ཤེས་གཞན་དུའོ།། བཞི་པའི་མ་སྤངས་ཉི་ཤུ་བརྒྱད།། རང་རིག་ལྷན་ཅིག་སྐྱེས་པ་ཡི།། ་ན་#ས་པ་པམ་མམས་། ས ་འོག་མིན་གནས།། གནས་དང་གནས་ཆེན་མ་སྤངས་པ།། དེ་ཉིད་ཕྱི་དང་ནང་དུ་ངེས།། ཕྱི་ནང་དབྱེ་བ་མ་སྤངས་པའོ།། སྟོང་པ་དང་ནི་གཟུང་འཛིན་ཆར།། འཕོ་བ་མ ་སྤངས་ཨ་དང་ཧཾ།། རྟེན་མ་སྤངས་ཏེ་རྟོག་པ་ལ།། སེམས་འཕྲོས་དེ་ཉིད་རང་རིག་བསྒོམ།། ཤོར་བ་མ་སྤངས་པར་རིག་པ།། དབང་པོའི་སྒོ་བསྡུ་ངོ་མ་སྤངས།། རྟོག་བཅོམ་གཉེན་པོ་མ ་སྤངས་པ།། རང་རིག་སྤྱི་ལ་སེམས་པ་ལས།། སྔོན་དུ་མ་སྤངས་མ་སྤངས་བརྒྱད།། བླ་མའི་ཞལ་ནས་ཤེས་པར་བྱ།། སྤྱི་དང་རང་རིག་མཚན་ཉིད་ལ།། འཕོ་བ་མ་སྤངས་རང་རིག་བསྒོམ།། ་ཕྱག་རྒྱ་མ་སྤངས་རང་རིག་ལས།། འཕྲིན་ལས་ཉི་ཤུ་རྩ་བཞི་འབྱུང་།། ལས་མ་སྤངས་ཏེ་གཞན་རྣམས་ནི།། བླ་མའི་ཞལ་ནས་ཤེས་པར་བྱ།། དད་མེད་བླ་མ་མ་བསྟེན་དང་།། བླ་མ་དམ ་པ་མ་རྙེད་དང་།། མ་སྤངས་ངོ་བོར་མ་ཤེས་པར།། རང་རིག་འབྲས་བུ་གང་འདོད་པ།། དེ་དག་མི་ཤེས་དྲི་མས་བསྒྲིབས།། དཔེར་ན་སྦྲུལ་གྱི་འོ་མ་བཞིན།། དེ་ནས་ངེས་པ་བཅོ་ལྔ་ཡང་།། རྒྱུ ་དང་རྐྱེན་དང་གནས་དང་ཡང་།། གཏད་པ་གོ་རིམ་གྲངས་དང་རིལ།། ངེས་པ་བདུན་ནི་གཞན་དུ་གསུངས།། སྔགས་ནི་སྤྲོས་བཅས་སྤྲོས་མེད་དེས།། རྐྱེན་ནི་ཡེ་ཤེས་མེ་རླུང་ངེས།། རྒྱུ་འབྲས ་གནས་ནི་ཨ་ཧཾ་ངེས།། དབང་བཞི་གོང་འོག་ཁྱད་པར་ངེས།། སུན་འབྱིན་གཉེན་པོ་ངེས་པ་དང་།། ངོ་བོ་ངེས་དང་དབྱེ་བ་ངེས།། ལས་ངེས་པ་དང་བཅོ་ལྔ་སྟེ།། དེ་ལས་བྱུང་བའི་ངེས་པ་དག། བཅུ ་བདུན་བླ་མའི་ཞལ་ནས་ཤེས།། མ་སྤངས་པ་དང་ངེས་པ་ཡི།། མཚན་ཉིད་ཡོངས་སུ་ཤེས་གྱུར་ན།། འཁྲུལ་པ་དང་ནི་འཁྲུལ་པའི་གཞི།། ཐམས་ཅད་འདི་ཡིས་སྤོང་བར་བྱེད།། འཇིག་རྟེན་འཇིག་རྟེན ་འདས་པ་ཡི།། དངོས་གྲུབ་ཐམས་ཅད་འདི་ལས་འབྱུང་།། གོང་བུ་ཆུ་དང་གཟུགས་སུ་གནས།། དེ་བཞིན་གཟུགས་ལས་འདས་པ་སྟེ།། གནས་པ་རྣམ་པ་བཞི་རུ་ཡང་།། རྒྱུད་ནི་ངེས་པ་ཁོ་ན་སྟེ། ་རྒྱུད་ནི་དབང་པོའི་ངོ་བོར་གནས།། དེ་ཕྱིར་དངོས་གྲུབ་འདོད་པས་ཀྱང་།། འབད་པས་བླ་མ་མཉེས་བྱ་སྟེ།། རྒྱུད་ཀྱི་ངོ་བོ་དབང་རྣམས་དང་།། དེ་ཡི་མན་ངག་ཤེས་པར་བྱ།། བླ་མ་མཉེས་པར་མ་བྱས། ་ཤིང་།། དབང་རྣམས་ཐོབ་པ་མ་བྱས་པར།། ཉན་པ་ལ་སོགས་བྱེད་པ་ནི།། འབྲས་བུ་མེད་ཅིང་རླག་པར་འགྱུར།། དེ་བས་འབད་དེ་ནན་ཏན་བྱ།། དཔལ་ཉི་མའི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོ ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ་