CLOSE WINDOW

Ty058-003: dpal rin chen 'bar ba'i rgyud kyi rgyal po zhes bya ba
Wyliee-texts produced with BDRC’s OCR application

རྫོགས་སོ།། རྒྱ་གར་གྱི་མཁན་པོ་ག་ཡ་ངྒ་ར་དང་། ལོ་ཙ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། @རྒྱ་གར་སྐད་དུ། ་ཤྲཱི་རཏྣ་ཛྭ་ལ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་རིན་ཆེན་འབར་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། ཧེ་ཧེ་རྡོ་རྗེ་སྙིང་པོ་དང་།། མཁའ་སྤྱོད་མ་ལ་སོགས་པ་དག། སྒྲ ་གསུམ་ལེགས་པར་བསྡུས་ནས་ནི།། རལ་ཆེན་པོའི་དབྱེ་བ་ཉོན།། ལ་ལས་བྱུང་བ་ཐབས་ཀྱི་རྒྱུད།། ར་ལས་བྱུང་བ་ཤེས་རབ་རྒྱུད།། ཨི་ཕྱིས་ཨ་ལས་གཉིས་མེད་རྒྱུད།། ཐབས་ནི་སྐུ་སྟེ་ཤེས་རབ་གསུང་། ་གཉིས་མེད་ཐུགས་སུ་ཤེས་པར་བྱ།། སྐུ་གསུང་ཐུགས་ཀྱི་རང་བཞིན་ལས།། ཉི་ཤུ་རྩ་བའི་བྱུང་བའོ།། ཨ་ལ་ལ་ཧོ་ཨེ་མའོ།། ཐབས་ནི་ལ་ལས་ཇི་ལྟར་བྱུང་།། མས་ཤེས་རངས་གྲུག་ས་འམས་ཡེ་ཅིར་བྱུང་། ་གསུང་ཐུགས་སུ་ཇི་ལྟར་འགྱུར།། ཉི་ཤུ་མ་བཞིར་ཇི་ལྟར་དབྱེ།། ཨེ་མ་གོ་མགོན་པོས་བཤད་དུ་གསོལ།། འཇིགས་བྱེད་ཆེན་པོས་བཀའ་སྩལ་པ།། ཨ་ལས་ཨ་བ་དྷཱུ་ཏཱི་སྟེ།། འདི་ཉིད་ལས་ནི་གཉིས་མེད་ཆུང་།། ་འབྱུང་བའི་གནས་དང་མྱུ་བརྟག། ལུལས་ལ་ལན་ཡིན།། དེ་ལས་ཐབས་ཀྱི་རྒྱུད་བྱུང་བའཾ།། རྒྱུ་གནས་དང་བོར་བརྟག། དམས་རས་མ་ས།། འདི་ཉི་ལས་ནི་ཤེས། ་རབ་ཀྱི།། ར་ལི་འབྱུང་བའི་རྒྱུད་དང་གནས།། རིན་ཆགས་ཕྱིར་ཤེས་རབ་སྟེ།། ཤེས་རབ་ཡི་གེ་བཅུདྲུག་པང་།། ལ་ནི་ནུ་པ་བྱིད་ཐབས་ཡིན་ཏེ། ཐབས་ཀྱི་ཡི་གེ་བཅུ་བཞིའི་འང་།། ཐོག་མ་མེད་ནས་པ ་སྐྱེས་པ།། ཨེ་ནི་གཉིས་མེད་རང་བཞིན་ཏེ།། གཉིས་མེད་བློ་ཡི་སྤྱོད་ཡུལ་མིན།། བློ་དང་སྒྲནི་ཀུན་རྫོབ་ཕྱིར།། གཡས་ནི་ཐབས་ཡིན་ལ་ལ་ནཱ།། གཡོན་པ་ཤེས་རབ་ས་ན།། ཨ་བ་དྷཱུ་ཏཱི་གཉིས་སུ་མེད།། ་ཐབས་དང་ཤེས་རབ་གཉིས་མེད་ཀྱི།། ར་ལིའི་ངོ་བོ་ཤེས་པར་བྱ།། འདོད་ཆགས་རྡུལ་ལ་ལུས་ནི་ཐབས།། ལ་ལ་ནཱ་ནི་སྐུ་ཡིན་ཏེ།། གཏི་མུག་མུན་པ་དག་དང་ཡང་།། ཤེས་རབ་ར་ས་ནཱ་ནི་གསུང་།། ཞེ་སྡང་སྙིང ་སྟོབས་ཡིད་ཡིན་ཏེ།། ཐུགས་ཏེ་གསུམ་གྱིས་འགྱུར་བའོ།། སྐུ་ལ་བརྒྱད་དེ་གསུང་ལ་བརྒྱད།། ཐུགས་ལ་བརྒྱད་དེ་ཉི་ཤུ་བཞི།། ར་ལི་ཉི་ཤུ་བཞི་རུ་ངེས།། གནས་ནི་ཉི་ཤུ་རྩ་བཞི་དང་།། ཙཎྜ་ལི་དང ་ཕྱག་དག་དང་།། མཁའ་འགྲོ་འབྱུང་པོ་ཉི་ཤུ་བཞི།། དེ་ཉིད་བརྡ་རུ་ངེས་པ་སྟེ།། སྐུ་གསུང་ཐུགས་ཀྱི་དབྱེ་བས་སོ།། གནས་དང་མཁའ་འགྲོ་རའི་དབྱེ།། སྐུ་གསུམ་དུན་དེ་ཉིད་བསྡུ།། དང་པོར་རྒྱུད་ཀྱི ་ངེས་པ་དང་།། རྒྱུ་ཡི་གནས་དང་གནས་ངེས་པ།། གཏངས་ངེས་དང་གོ་རིམས་ངེས།། གྲངས་དེས་རིགས་ངེས་བཅོ་ལྔར་ངེས། མདོ་སྡེ་འདུལ་བ་མངོན་པ་ཡི།། དམན་པའི་རིམ་པས་དང་པོར་གསུངས། ་དམན་པ་རྣམས་ལ་བྱ་བའི་རྣས། དེརྗེས་རྣལ་བྱུང་བ་ཡིན་ཏེ།། ཅེསུ་པ་ཕྲུལ་བྱེ་ནལ་འབྱོར་དྲུ།། ཕྲིནས་རྣལ་འབྱོར་བ་རྒྱ་།། ངད་མང་ཡོངས་སུ་བཅ་གྱིའོ།། དྷ་སོ་ཥྚྲི་དྡྷ། ་གསུངས་ཏེ།། དེ་ནས་བཤད་པའི་རྒྱུད་ཉིད་དོ།། དེ་ནས་རྒྱུད་ནི་ཕྱི་མའོ།། དེ་རྗེས་ཕྱི་མའི་ཕྱིམ་སྟེ།། རིམ་པ་བཅུ་ནི་བསྐོར་བ་སྟེ།། སྣོད་ངན་དམན་པའི་རིམ་པས་གསུངས།། མེ་ཏོག་སྙིང་པོའི་བདུན ་བཞིན་དུ།། ཕྱི་ཡི་ཕྱི་ནས་བདུད་རྩིའི་རོ།། ར་ལིའི་སྙིང་པོ་སྙིང་པོའི་རྒྱུད།། དང་པོར་ལ་ལས་སུ་ཡི་རྒྱུད།། དཔའ་བོ་མཁའ་འགྲོ་མས་ཞུས་ནས།། སྐུ་ཡི་མཁའ་འགྲོ་བརྒྱད་ལ་གཏད།། དེ་རྗེས ་ལས་གསུང་གྱི་རྒྱུད།། གསུང་གི་མཁའ་འགྲོ་བརྒྱད་ལ་གཏད།། ཕྱི་ནས་ཨ་ལས་ཐུགས་ཀྱི་རྒྱུད།། ཐུགས་ཀྱི་མཁའ་འགྲོ་བརྒྱད་ལ་གཏད།། གཉིས་མེད་ཡེ་ཤེས་བདུད་རྩིའི་རོ།། ལུས་ལས་ལུས ་གསལ་མིག་གིས་ལུས།། གསལ་བའི་ཕྱིར་ནི་སྒྲོན་མ་སྟེ།། སེང་གེའི་གཟུགས་འདྲ་བདུད་རྩིའི་རོ།། ཉི་མའི་འོད་འདྲ་ཟླ་བའི་ཟེར།། འབྲུག་གི་སྒྲ་འདྲ་རྒྱ་མཚོའི་གཏིང་།། ཆུ་བོའི་རྒྱུན་འདྲ་རི་རབ་ལྷུན།། ་ཨུ་དུམ་ཝཱར་འདྲའི་ཞིང་གི་རྡུལ།། འདི་ལ་འདོད་འདོད་ཚོལ་བ་དང་།། རྟོག་གེ་པ་ཡིས་དཔྱད་དུ་མེད།། གལ་ཏེ་རང་འདོད་དཔྱད་གྱུར་ན།། དཔའ་བོ་མཁའ་འགྲེ་ཁྲོས་གྱུར་ཏེ།། མགོ་ལུས་ཚལ་པ་བརྒྱ་རུ ་འགས།། དེ་བས་རང་གི་ཆུང་མ་དང་།། བུ་དང་ཡུལ་འཁོར་ལུས་ངག་གིས།། བླ་མ་དམ་པ་མཉེས་བྱ་སྟེ།། ཆུ་བོ་རྒྱུན་འདྲའི་མན་ངག་བླང་།། ཀྱེ་མའོ་མགོན་པོ་སྙིང་རྗེ་ཅན།། ར་ལིའི་དབྱེ་བ་དེ་ལྟར་ན།། ་#། དེའི་ཆེན་པོ་ཇི་ལྟར་ལགས།། ནང་དུ་ཉི་ཤུ་རྩ་བཞི་ཡི།། ངེས་པ་སྐུར་ཡང་བདག་ལ་གསུངས།། རྡོ་རྗེ་ཅན་གྱིས་བཀའ་སྩལ་པ།། མ་སྤངས་ཉི་ཤུ་རྩ་བརྒྱད་ཀྱིས།། ར་ལི་ཛི། ་ནི་ཆེན་པོར་ངེས།། རེ་རེ་ལ་ཡང་ཆེན་པོ་བདུན།། གང་ཞིག་འབྲས་བུ་འདོད་པ་ལ།། རྒྱུ་ཉིད་གཙོ་བོར་གྱུར་པ་སྟེ།། ས་ལུ་ལས་ནི་མྱུ་གུ་བཞིན།། དེ་ཕྱིར་དང་པོ་རྒྱུ་མི་སྤང་།། ལྷན་ཅིག་སྐྱེས་གཉིས་རྒྱུ་ཡིན་ཏེ།། ་རང་བཞིན་ལྷན་ཅིག་སྐྱེས་པ་དང་།། ལྷན་ཅིག་ལྷན་ཅིག་སྐྱེས་པའོ།། ཐུན་མོང་དང་ནི་ཐུན་མོང་མིན།། བླ་མའི་ཞལ་ནས་ཤེས་བྱིའི་ཕྱིར།། དཔའ་བོ་མཁའ་འགྲོའི་ཞལ་ཡིན་ཏེ།། དེ་ཉིད་སྟོན་པའི་བཀའ་ལས ་འདས།། དེ་ལས་འཁྲུལ་པ་ཞིང་རེ་རྗེ།། ཕུང་སོགས་རྩ་དང་ཤུ་ལ་ནི།། ལྷན་ཅིག་སྐྱེས་པའི་རྒྱུ་ཡིན་ཏེ།། ལོག་རྟོག་འཁྲུལ་པ་རྒྱར་འདོད་དང་།། ངོབོ་མ་གྲུབ་རྒྱུར་འདོད་དང་།། ཀུན་རྫོབ་བྱང་སེམས ་དྷུ་དོད་པ།། འདི་ནི་རྨོངས་པ་མཇུངས་པ།། ཕུང་པོ་འབྱུང་བ་དབང་པོ་དང་། ཁྲི་ཡི་སྐྱེ་མཚོད་དམན་པའི་དྷ། བཏགས་པ་རྗིད་འདོད་མེང་རྗེ། ནམམའིའི་མ་རྟོག་ག་ཇིགག། ་པ་ལ་ན། ན་ནས་པ་ལཤེས་། ག་གས་ས།། ད་བྱང་ཆུབ་རྣམས་།། ན་ས ་ས་མེ། ཞན་གྱིས་པཉིས་མྱེད་རྐྱེན་མིན་གེ། ཉིད་ང་བ་མི་བྱཞིང་། ལས་ཀྱི་རླུང་མེ་དང་། ན་ན་གྱུར་བྱུང་ང། སེཾ་པ་ལེད་དང་བདེ་བ་ཡིན།། མསུ་མི ་བ་ཡང་། མི་སྲུང་བ་ནི་བཞི་པའོ།། ལུས་དང་ལུས་ཀྱི་སྙིང་པོ་\ུ0f7f།། གནས་དང་གནས་ཆེན་མི་སྤང་བ།། ལྔ་པ་དྲུག་པ་ཡིན་པར་འདོད།། དེ་ཉིད་བྱི་དང་ནང་དུ་ཤེས། ཕྱི་ནང་དབྱེ་བ་མ་མངས་པས ་སྣང་བ་དང་ནི་མུན་པའི་ཆ།། གང་བ་དང་ནི་སྟོང་པའི་ཆར།། འཕོ་བ་མ་སངས་བརྒྱད་པའོ།། ནུ་མི་གནས་དང་འབྲས་བུའི་གནས།། དེ་ཉིད་ཀྱི་སྲང་ཤེས་པར་བྱ།། རིན་པོ་ཆེ་ལ་པོ་ཟང་དུ།། ཛྙཱན་ནིམི་སྤང ་གཟུང་།། གལ་ཏེ་དེ་རུ་མ་ཟིན་ན།། ཤོར་བ་མི་སྡང་རོ་མར་བསྟིམ།། གཉེན་པོ་མེ་སྤང་གཟུགས་སྐུ་གཉིས།། མ་སྤངས་པ་ནི་བཅུ་གཉིས་པའོ།། ནོར་བུའི་རྟེན་ལས་སྐྱེས་པ་ཡི།། བདེ་བ་ལ་བརྟེན་དབང་པོ་ཡི། ་སྒོ་བསྡུ་ངོ་བོ་མ་སྤངས་པའོ།། གོང་འོག་ཁྱད་པར་ཤེས་བྱས་ནས།། སྒྱུ་མས་གཉེན་པོ་མ་སྤངས་པའོ།། དགའ་བ་མཆོག་དགའ་ཤེས་བྱས་ཏེ།། སྡོད་དུ་འགྲོ་བ་མ་སྤངས་པའོ།། འཁོར་བ་ལུགས་ལས་བཟློག་བྱ ་སྟེ། གནས་ནས་གནས་སུ་ཟློག་བྱེད་པ།། གནས་ཀྱི་ཁྱད་པར་མ་སྤངས་པའོ།། དེ་ཉིད་རིམ་པར་འཕོ་བྱེད་པ།། བླ་མའི་ཐ་མ་ལས་བརྒྱུད་ཤེས།། འཁོར་བར་འཇུག་ལྡོག་བྱེ་བྲག་ནི།། འཕོ་བ་མ་སྤངས་རྣམ་པ ་གཉིས།། ཡེ་ཤེས་མེ་ནི་ཆེར་འབར་བས།། ཕུང་པོ་འབྱུང་པོ་དབང་པོ་སོགས།། ཐམས་ཅད་བདུད་རྩིར་གྱུར་པ་ནི།། རྐྱེན་གྱི་ཁྱད་པར་མ་སྤངས་པའོ།། ལུས་ཀྱི་བ་སྤུའི་བུ་ག་དང་།། བརྟན་དང་གཡོ་བའི་དངོས ་པོ་ཀུན།། བདེ་བའི་དབོར་གང་སྣང་བ།། ངོ་བོའི་ཁྱད་པར་མ་སྤངས་པའོ།། དེ་ཉིད་སྒྱུ་མའི་རང་བཞིན་མེད།། གཉེན་པོའི་ཁྱད་པར་མ་སྤངས་པའོ།། བཞིན་མཛེས་མིག་སངས་ཕྱུག ་སྦྱིད།། ལྡན་པ་ཕྱག་རྒྱ་མ་སྤངས་པའོ།། དམ་ཚིག་ཆོས་ཀྱི་ཕྱག་རྒྱ་དང་།། དེ་ནས་ཡེ་ཤེས་ཕྱག་རྒྱ་ཆེ།། ཕྱག་རྒྱའི་ཁྱད་པར་མ་སྤངས་པའོ།། ཆགས་པའི་ཕྱག་རྒྱ་ལས་ཡིན་ཏེ།། དམ་ཚིག་ཆོས་ནི་མ་ནི ་གི། ཕྱག་རྒྱ་གཉིས་སུ་ཤེས་པར་བྱ།། ཡེ་ཤེས་ཕྱག་རྒྱ་ཆེན་པོ་གཉིས།། གྲོལ་བའི་ཕྱག་རྒྱ་ཡིན་པར་འདོད།། ཕྱག་རྒྱའི་དབྱེ་བ་མ་སྤངས་པའོ།། དང་པོར་གསང་བའི་འཁོར་ལོར་ཏེ།། ཕྱི་ནས་རང་བཞིན ་འཁོར་ལོར་ཡིན།། འཁོར་ལོའི་དབྱེ་བ་མ་སྤངས་པའོ།། དང་པོ་གསང་བའི་གཏུམ་མོ་སྟེ།། གཉིས་པར་རང་བཞིན་གཏུམ་མོ་ནི།། གཏུམ་མོའི་དབྱེ་བ་མ་སྤངས་པའོ།། ལས་ཀྱི་རླུང་དང་མེ་གཉིས་ནི།། ཀུན ་རྫོབ་འཁོར་བའི་རྐྱེན་ཡིན་ཏེ།། ཡེ་ཤེས་རླུང་དང་མེ་གཉིས་ནི།། དོན་དམ་གཉིས་མེད་རྐྱེན་ཡིན་ཏེ།། རྐྱེན་གྱི་དབྱེ་བ་མ་སྤངས་པའོ།། སྲིད་པ་བསྐྱེད་ཅིང་འཛག་པ་བདེ།། ཀུན་རྫོབ་ཤུ་ཀྲའི་ལས་ཡིན་ནོ།། ་སྲིད་པ་མི་ལེན་རང་རིག་སྐྱེས།། དོན་དམ་བྱང་སེམས་ལས་ཡིན་ནོ།། ལས་ཀྱི་དབྱེ་བ་མ་སྤངས་པའོ།། སྦྱོར་ཐབས་རྩེ་ནི་རྒྱས་པ་དང་།། ཁ་འབྱེད་པ་ཡི་ལས་ཡིན་ཏེ།། སྦྱོར་ཐབས་བཞི་ལ་མ་རྨོངས་པ།། ་འདི་ནི་མ་སྤངས་ཉི་ཤུ་བརྒྱད།། སྤྱི་མཐུན་ལས་ལ་གྲུབ་པ་ཡི།། མིག་དྲུག་ལ་སོགས་གྲངས་ཀྱིས་བསྟན།། རང་རིག་ཡེ་ཤེས་གང་འདོད་པས།། བླ་མའི་དུས་ཐབས་ལེགས་པར་བསྟེན།། མི་སྤངས་ངེས ་པའི་གདམས་གཟུང་། འདི་ཉིད་དོ་འང་ཤི་རྩཝ། དེ་ལས་བྱུང་བ་འད་པར་འབྲས། དང་པོར་མ་མཁྲིག་པ་དང་། ཚུལ་དང་ཚུལ་ཅན་མཆོག་གན་མ་ཆོ།། འདིཉིད་དེང་དུག་སྦྱིན་ཏེ། དང། ་དྲུག་ནི་ཙཎྜལི།། རེ་རེ་ལ་ཡང་ཟིན་པའི་རྩེ། ཙཎྜི་མཱན་ནི་གུ་བཞི།། དེ་འི་ཉི་ཤུརྩ་བཞིར་ངེས།། ཕྱི་རུ་གནས་ནི་ཉི་ཤུ་བཞི།། སྤྱན་དང་ཕྱག་རྒྱའི་བུ་བཞི།། ཙཎྜ་ལཱི་དང་རལ་ཡི།། བྱི་དང་ནང་དུ་བླངས ་སྲུ་ངས།། ཧེ་ཧེ་དཔའ་བོ་རྡོ་རྗེ་འཆང་།། ར་ལི་འབྱུང་བའི་རྒྱུ་གང་ལགས།། ར་ལོའི་ངོ་བོ་གང་གང་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྐུ་དང་ཕྱག་མཚན་རགས་པ་ཀུན།། ར་ལིའི ་ངོ་བོ་དམན་པའི་ལམ།། མཁའ་སྤྱོད་ས་སྤྱོད་ས་འོག་སྤྱོད།། སྒོ་གསུམ་ལ་གནས་ཁྱད་པར་གྱི།། ར་ལིའི་ངོ་བོར་གསུངས་པ་ཡིན།། དགའ་བ་བཅུ་དྲུག་རྟེན་དང་བཅས།། ཟབ་པའི་ར་ལིའི་ངོ་བོར་བརྟག ་རང་རིག་སྟོང་པ་ཐབས་དང་བཅས།། མཐར་ཐུག་ར་ལིར་ཤེས་པར་བྱ།། ཨ་ནི་ཐོག་མར་མ་སྐྱེས་པ།། ལ་ནི་ནུབ་དང་སྐྱོང་བ་སྟེ།། ར་ནི་ཆགས་དང་རིན་པོ་ཆེ།། ར་ལས་འདོད་ཆགས་ཁྲགས་ཡིན་ཏེ། ་ལ་ལས་ཞེ་སྡང་ཁུ་བའོ།། ཨ་ལས་གཏི་མུག་ཁུ་བ་སྟེ།། སེམས་ཅན་ར་ལིའི་རང་བཞིན་ཏེ།། ཡེ་ཤེས་ལྔ་དང་ས་བཅུ་སོགས།། ཀུན་ལ་ལྡན་པས་ར་ལིར་གནས།། སྐུ་ཡི་ར་ལི་སྤྱི་བོ་ཡི། ་གཙུག་ཏོར་དག་ལས་བྱུང་བའོ།། གསུང་ནི་ལྗགས་ཀྱི་དབང་པོ་ལས།། ཐུགས་ཀྱི་ར་ལི་ཐུགས་ཀ་ནས།། བྱུང་བ་རྣམ་པར་ངེས་པའོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི།། སྤྱན་རྣམས་ལ་ནི་རང་བཞིན ་བྱུང་།། སུ་གསུང་ཐུགས་ཀྱི་གནས་ལས་ཏེ།། སྤྱི་བོ་ལ་སོགས་དག་ལས་བྱུང་།། ཕྱག་གི་མཐིལ་ནས་རིམ་པས་བྱུང་།། ཐ་མའི་ཞལ་ནས་བླང་བར་བྱ།། བྱེ་བྲག་འབྱུང་བའི ་སྒོ་ཡིན་ཏེ།། ཧེ་ཧེ་སེམས་ཅན་སངས་རྒྱས་ཀྱི།། རང་བཞིན་ས་དང་ལམ་ལྡན་ཏེ།། ཟླ་བ་བཅུ་སོགས་ས་སོགས་ནི།། རྔུས་སྐྱེས་ལ་སོགས་ཇི་ལྟར་ལགས།། འོན་ཏེ་སངས་རྒྱས་མིན་ནམ་ཅི། ་སེམས་ཅན་ཐམས་ཅད་གདོད་མ་ནས།། སངས་རྒྱས་ཡིན་པར་གསུངས་པ་སྟེ།། རྫུས་སྐྱེས་སྒོང་སྐྱེས་དྲོད་གཤེར་སོགས།། སེམས་ཀྱི་གནས་བཅུ་ས་བཅུ་སྟེ།། རྣམ་ཤེས་བརྒྱད་ནི་བྱང་ཆུབ་ལྔ།། ་མཁན་པོ་སེམས་ཀྱི་རྒྱལ་པོ་སྟེ།། རང་བཞིན་དག་པ་ཆོས་གོས་ཡིན།། རང་བཞིན་གནས་པ་ཁ་སྤུ་བྲེགས།། ཨ་དང་ཧཾ་གཉིས་སྔགས་ཀྱི་དོན།། ཐམས་ཅད་སེམས་ལ་གནས་པ་སྟེ།། སམ ་མེད་སངས་རྒྱས་མ་ཡིན་ཏེ།། ངམ་གྲོག་ལ་སོགས་བེམས་པོའོ།། སེམས་ཉིད་སངས་རྒྱས་ཡིན་པའི་ཕྱིར།། སེམས་ཅན་སངས་རྒྱས་རང་བཞིན་ནོ།། རྒྱུ་དང་འབྲས་བུའི་ཚུལ་དང་ཡང་།། བག་ལ ་ཉལ་དང་ཀུན་ཏུ་རྒྱུ།། ནུས་པའི་ཚུལ་དང་མངོན་སུམ་ཚུལ།། གཟུགས་ཅན་གཟུགས་མེད་མཁས་པས་བརྟག། སངས་རྒྱས་སེམས་ཅན་དེ་བཞིན་ནོ།། དེ་ལྟར་སེམས་ཅན་སངས་རྒྱས་པས།། ང་འི ་སེམས་ཅན་རང་བཞིན་ཕྱིར།། ལུས་ལ་སྐུ་ཡི་ཕྱག་རྒྱས་གདབ།། ངག་ལ་གསུང་གི་ཕྱག་རྒྱས་གདབ།། སེམས་ལ་ཐུགས་ཀྱི་ཕྱག་རྒྱས་གདབ།། སྐུ་གསུང་ཐུགས་ཀྱི་རང་བཞིན་དུ།། དངོས་པོ ་ངོམཉམ་ཐུར་པལ།། སངས་རྒྱས་སེམས་ཅན་ས་ལ་ཡོད། དགྲན་དང་མནོམ་ག་ལ་སྤྱོད། འཁོར་བ་མོངས་སུ་ཤེས་པལ།། མདུན་འདས་ཞེས་དེ་ལ་བརྗོད།། གམས་ཅད་འ་གས་དྲུན་ངོན། ་སྤོང་།། འདི་ལ་ཐམས་ཅད་ངོ་མཚར་གྱིས།། ལེགས་པར་གཏད་ཀྱིས་དམ་དུ་སོ།། དེའི་ཚེ་འཁོར་འདུས་པ་ཐམས་ཅད་ངོ་མཚར་དུ་གྱུར་ཏེམ་སྣང་བར་གྱུར་ཏོ།། དཔལ་རིན་ཆེན་འབར་བའི་དྲུད་ཀྱི ་རྒྱལ་པོ་རྫོགས་སོ།། ། རྣལ་འབྱོར་མ་ཟླ་བའི་འཕྲེང་བ་དང་། ལོ་ཙ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་