| Wylie | e-texts produced with BDRC’s OCR application |
སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྐུར་བའོ།། རྒྱ་གར་སྐད་དུ། ཤྲཱི་ཙནྡྲ་མ་ལེ་ནྡྷན་ཛ། བོད་སད་དུ། དཔལ་ཟླ་བའི་འཕྲེང་བའི་རྒྱུད་ཀྱིརྒྱལ ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། ཀྱེ་ཧོ་མགོན་པོ་རྡོ་ཆ་ཅན།། གྲོལ་མ་ཉི་ཤུ་རྩ་བཞི་ཡི།། ངེས་པ་གང་ལགས་ཆད་གང་ལགས།། རང་བཞིན་གྲུབ་པའི་སླར་ལགས་ཀི་མནན་ས། ་བདག་ལ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རང་བཞིན་ཐུབ་པ་སྒྲུབ་འདོད་པས།། བླ་མའི་བཀའ་དྲིན་ལེགས་མནོས་ཏེ།། དུ་ཁྲོད་ལ་སོགས། ་ས་ཕྱོགས་སུ།། བར་ཆད་གསུམ་མེད་ཡོན་ཏན་ལྡན།། བརྟགས་པ་ལས་དང་པོ་ཡི་གནས།། གང་ཟག་མཆོག་ལ་བརྟག་ཏུ་མེད།། ཡོན་ཏན་ལྡན་པའི་སར་འཇུག་སྟེ།། བླ་མེད་སེམས་གཟུང་། ་རྣལ་འབྱོར་པས།། སྒོ་གསུམ་ངལ་བའི་ཚད་བརྟག་སྟེ།། བཅིང་བ་གསུམ་ནི་ངེས་བསྒོམས་པས།། སྐྱེ་བ་གཅིག་གིས་འགྲུབ་པར་ངེས།། དབུགས་བཅིང་ཀུན་རྫོབ་སྣ་ནྡེར་ཡིད།། ཡིད་བཅིང་སོར་བཞིའི། ་ནམ་མཁའི་ཁམས།། སེམས་བཅིང་རང་རིག་བསམ་མི་ཁྱབ།། རྒྱུ་རྐྱེན་ལས་ནི་སྣ་ཚོགས་ལས།། སེམས་ཅན་མོས་པ་སྣ་ཚོགས་འབྱུང་།། དེ་དག་བཅིང་གསུམ་དག་པ་ཡིས།། སེམས་ཅན་བཅིངས ་ལས་ངེས་པར་གྲོལ།། བླ་མའི་ནལ་ནས་ཤེས་པར་བྱ།། འདུ་ཤེས་གསུམ་གྱི་ཆ་ལས་གྲོལ།། ཐིག་ལེ་ཆ་གསུམ་ཕྲ་མོ་ནོ།། ཡན་ལག་ལྔ་ལྡན་འབྱུང་བའི་རིམ།། སྒྲ་དང་རང་རིག་རེ་རེར་སྣང་།། སྟོང་ཉིད ་ཐབས་དང་ཤེས་རབ་ཚུལ།། ས་དང་ལམ་སོགས་རིམ་པ་ཀུན།། རང་བཞིན་གྱིས་གནས་མཁས་པས་སྦྱར།། དེ་ནས་སྒྲོལ་མའི་ཚད་བསྟན་ཏེ།། ཚད་ནི་སྤྱི་དང་བྱེ་བྲག་སྟེ།། བརྒྱ་ཕྲག་གཉིས ་དང་བཅུ་གཉིས་དང་།། ཡི་གེ་གསུམ་ལས་ངེས་འབྱུང་བ།། གསང་བ་གཅོད་པའི་དྲུད་ཀྱི་ཚད།། བརྒྱ་ཕྲག་གཅིག་དང་སུམ་ཅུ་ལ།། ཡི་གེ་བཅུ་དགུ་ལས་འབྱུང་པོ།། རིན་ཆེན་འཕྲེང་བའི་ངེས ་། ཅུ་གས་ཞུ་། ཐུགས་། ས ་གསང་བ་བསམ་གྱིས་མི་ཁྱབ་པའོ།། བརྒྱ་སུན་གཉིས་ཡི་གེ་གཅིག། རིན་ཆེན་འབང་བའི་ལྡང་ཆད་དོ།། སུམ་ཅན་གཅིག་ཡི་ག་ནོ།། ཉི་ཤུརྩ་གཉིས་ལས་རླུང་བ།། རྣམམཁའ་མཉམ་པའི་རྒྱ ་ཡིན་ནོ།། དྲུག་ཅུརྩ་དྲུག་ཡི་གེ་དྲུག། དམ་ཚིག་ཆེན་པོའི་རྒྱུད་ཀྱི་ཚད།། དྲུག་ཅུ་ཡི་གེ་ཉི་ཤུ་གཅིག། གསང་བ་རྡོ་རྗེར་རབ་ཏུ་གྲགས།། དྲུག་ཅུ་རྩ་གཉིས་མི་འགྱུར་བ།། བཅུ་དྲུག་སྟོབས་པོ ་ཚེཆེ་ཡི་ཚད།། བཞི་བཅུ་རྩ་གཅིག་ཡི་གེ་ལྔ།། ནམ་མཁའ་ཆེན་པོའི་ཚད་ཡིན་ནོ།། དྲུག་ཅུ་རྩ་དྲུག་ཡི་གེ་དྲུག། ཡེ་ཤེས་པར་རིའི་ལྗང་ཚད་དོ། ཀུམ་ཅུ་དྲུག་འི་གེ་དགུ། ཤེས་འཕྲེང་བའི་ཚ་ཡིན། ཨུ་ཆུན་བཤིཞིཉི་ཤུ་བཞི།། མཁའ་འགྲོ་གསང ་བའི་ཚད་ཡིན་ནོ།། སུམ་ཅུ་རྩ་བཞི་བཅུ་བཞི་དག། མེ་ཡི་འཕྲེང་བའི་ཚད་ཡིན་ནོ།། དྲུག་ཅུ་རྩ་དྲུག་ཡི་གེ་དྲུག། ཉི་ཤུ་རྩ་གཉིས་བཅོ་བརྒྱད་དག། ཡེ་ཤེས་རྒྱལ་པོའི་ལྡང་ཚད་དོ།། བདུན ་ཅུ་རྩ་བརྒྱད་རྐང་པ་ཕྱེད།། ཆགས་པའི་རྒྱལ་པོའི་ཚད་ཡིན་ནོ།། ཚིགས་སུ་བཅད་པ་ཉི་ཤུ་ལྔ།། ཡེ་ཤེས་བསམ་པའི་ལྡང་ཚད་དོ།། དགུ་བཅུ་གོ་བརྒྱད་ལས་བྱུང་བ།། ཡེ་ཤེས་གསང་བའི་ཚད ་ཡིན་ནོ།། ཉི་ཤུ་ཐམས་པ་གང་ཡིན་པ།། གསང་བ་རྗོརྗེ་རྒྱལ་པོའི་ཚད།། བརྒྱ་དང་ཉི་ཤུ་རྩ་གཉིས་ནི།། རྡོ་རྗེ་རྒྱལ་པོའི་རེ་ལའི་ཚད།། ལྔ་བཅུ་རྩ་གསུམ་ཡི་གེ་བཅུ།། དུར་ཁྲོད་རྒྱན་གྱི་ལྡང ་ཚད་དོ།། སམ་ཙྪ་ན་གསུམ་མི་གནི་བཅུ་དྲུག་པ་འ་འགྲོམ་སྡོམ་ཛད། རྫ་བསུ་ཡི་གེ་བཅཝོ་ལྔ་ལས།། ཐུང་བགས་བ་བདུདན་ཅིའི་རྒྱལ། བ་བཅུལ་ཟུང་གི། ་ཉི་མའི་འཁོར་ལོའི་གཞུང་ཚད་དོ།། སུམ་ཅུ་ཡི་གེ་བཅུ་དྲུག་ལས།། ཐུང་བ་ཟླ་བའི་འཕྲེང་ཚད་དོ།། དེ་ནས་ངེས་པར་བཤད་བྱ་སྟེ།། གསང་བའི་འཁོར་ལོ་གང་སྟོན་པ།། གསང་བའི་རྡོ་རྗེ་འདམ་ཚིག་དག ་སྟོན་པ་དམ་ཚིག་ཆེན་པོར་ངེས།། དགྲ་དྲུག་སྟེན་པ་སྟོབས་པོ་ཆེ།། དབང་བཞི་དག་སྒྲུབ་གསང་བ་གཅོད།། རང་རིག་དེ་སྟོན་བསམ་མི་ཁྱབ།། ཡི་གེ་གསུམ་སྟོན་རིན་ཆེན་འབར།། སྒོ་གསུམ་ལམ་སྟོན་ནམ ་མཁའ་མཉམ།། བཅོམ་ལྡན་ལ་སོགས་ཐེ་ཙོམ་མེད།། སྟོན་པ་ནམ་མཁའི་ཆེན་པོ་སྟེ།། དབང་བཞིའི་དེ་ཉིད་གང་སྟོན་པ།། ཡེ་ཤེས་གསང་བའི་རྒྱུད་དུ་ངེས།། ལྟ་སྤྱོད་རྨད་དུ་གང་བྱུང་བ།། ་སྟོན་པ་ཡེ་ཤེས་འཕྲེང་བར་ངེས།། གླེང་བ་སྤང་རྣམ་པ་ལྔ་ཡི་དོན།། སྟོན་པ་མཁའ་འགྲོ་གསང་བའི་རྒྱུད།། ཧེ་རུ་ཀ་དཔལ་གང་སྟོན་པ།། མེ་ཡི་འཕྲེང་བའི་རྒྱུད་དུ་གྲགས།། དབང་གསུམ་དོན་ནི་གང ་སྟོན་པ།། སྐུ་གསུང་ཐུགས་ཀྱི་ར་ལིང་ངེས།། སྣོད་བཅུད་རིན་ཆེན་སྔོན་བྱེད་པ།། རིན་ནེན་འཕྲེང་བའི་རི་ལིང་ངེས།། ལྷན་ཅིག་སྐྱེས་སྨོན་ཡེ་ཤེས་བསམ།། རྡོ་རྗེ་རྙོག་པ་མེད་པའོ།། བྷ་ལི་དེ་ཉིད་གང ་སྟོན་པ། ཆགས་པའི་རྒྱལ་པོར་ལིར་ངེས།། ངེས་པ་ལྔ་སྔོན་རྡོ་རྔ་རྒྱལ།། རིག་ཨ་ར་ལི་ཞེས་གྲགས།། དྲང་ཁྲོད་བརྒྱད་སྔོན་དུར་ཁྲོད་རྒྱན།། དམ་ཚིག་སྡོམ་པ་མཁའ་འགྲོ་གསུམ།། སྨོན་པ་མཁའ་འགྲོ ་རྣམ་པ།། ཀྱིམ་ཚ་ལ་མོངས་གྱུ་ན་པ། ། འཕྲུལ་པ་འཕྲུ་གས་། ། ན། ་ངེས་སྒྲུབ་གསུམ་སྟོན་ཟླ་འཕྲེང་།། རྒྱུད་སོགས་ལྔ་སྟོན་ཡེ་ཤེས་འབར།། དེ་ནས་འཁོར་ཐམས་ཅད་དགའ་ནས་རྒྱུད་ཐམས་ཅད་ཀྱི་དོན་ལ་ཡི་རང་བར་གྱུར་ཏོ།། དཔལ་ཟླ་བའི་འཕྲེང་བའི་རྒྱུད་ཀྱི་རྒྱལ་པོ ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་ག་ཡ་ངྒ་ར་དང་། ལོ་ཙ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། @རྒྱ་གར་སྐད་དུ། ་