CLOSE WINDOW

Ty057-007: 'bum phrag gsum pa las 'byung ba'i sgyu 'phrul dra ba chen mo ral pa gyen du brdzes pa'i rgyud las sgyu ma chen mo zhes bya ba
Wyliee-texts produced with BDRC’s OCR application

ན་དངོས་གྲུབ་ཀྱིས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། དེ་ནས་ཡང་དག་བཤད་བྱསྟེ།། འབུམ་ཕྲག་གསུམ་པ་ལས་འབྱུང་བའི་སྐུ་འཕྲུལ ་བ་ཆེན་མོ་རལ་པ་གྱེན་དུ་བརྫེས་པའི་རྒྱུད་ལས་སྒྱུ་མ་ཆེན་མོ་ཞེས་བྱ་བ་སྟེ། སྙིང་ཁ་ནས་སྨོས་པས་རྨི་ལམ་ལྟ་བུའི་ལུས་དང་ལོངས་སྤྱོད་དམ་པའི་བདེ་བ་གཉིས་སུ་མེད་པར་གྱུར་པ་དང་། འདིར ་དེའི་སྟེང་དུ་མ་ནིང་གི་ས་བོན་བལྟ་སྟེ། ས་བོན་ད་ཡོངས་སུ་གྱུར་པ་ལས་དམར་མོ་ཞལ་སྟེང་དུ་ཕྱོགས་ཤིང་གྱེན་དུ་གཟིགས་པ། ཞབས་གཡོན་པ་ལ་འཁྱུད་པའི་ཐོད་པའི་འཕྲེང་བ་དང་མེ་ཏོག་། ་འབྲང་བ་བཅིངས་པའི་ཕྱག་ཅན་མ། མེ་ཏོག་གི་ཞགས་པ་གཡོན་པའི་ཕྱག་ནའོ།། ཞབས་གཡས་པའི་རྟིང་པ་ལ་རེག་པའི་གཡས་པ་ན་རྡོ་རྗེའི་ཕྱག་ཅན་མ། རྒྱུན་ཐམས་ཅད་སྤངས་པ་མོ། རིག་པ། ་འཛིན་མའི་རིག་པའི་སྦྱོར་བ་ཅན་མ། སྤྲོ་ཞིང་ཀུན་ཏུ་སྡུད་པའི་ལུས་ཅན་མ། མནྡ་ར་བ་དང་། མྱ་ངན་མེད་པ་དང་། ཡོངས་འདུ་རྣམས་སྐྱེས་པར་གྱུར་པའི་རིན་པོ་ཆེ་བརྩེགས་པའི་ཁང་པར་རབ ་ཏུ་འཇུག་པར་བདག་ཉིད་བསྒོམ་པར་བྱའོ།། ཨོཾ་བཾ་རྡོ་རྗེ་ཕག་མོའོ།། ཧཱཾ་ཡོཾ་སྔོན་མོ་གཤིན་རྗེ་མའོ།། ཧྲིཾ་མོཾ་རྨོངས་བྱེད་མའོ།། ཧྲེཾ་ཧྲཱི་ཀུན་ཏུ་བསྐྱོད་མའོ།། ཧཱུཾ་ཧཱུཾ་ཀུན་ཏུ་སྐྲག་བྱེད་མའོ།། ཕཊ ་གཏུམ་མོ་ཡན་ལག་ཐམས་ཅད་ལ་མཚན་མའོ།། ལྕེ་བ་དང་། སྙིང་བདང་། དེ་བཞིན་དུ་ལ་དང་། མགོ་བོ་དང་། སྐྱེ་བོ་སྡེའདི་མཛོད་བྱའོ།། རྣལ་བྱོར་པ་ལྔ་པོ་འ། ་རྣམས་རྡོ་རྗེ་སེམས་དཔར་བཤད་དོ།། རྡོ་རྗེ་མཐའ་འགྲོ་མའི་གློ་ཆ་དགོས་ལ་རང་བཞིན་གྱིས་བསྐྱེད་པའི་གཏོད་མ་སྦྱིན་པར་བྱའོ།། ཨོཾ་ཤྲཱི་དྷེ་རུ་ཀ་མ་དྷྱ་བཛྲ་ཨཱཀཱཌྜྷྱ་ཨཱ་ཀཱནྡྷ་ཐཱ་བ་ས་ཏེ་ཥཱམ?། ་སརྦ་ཌཱ་ཀི་ནཱི་ནཱ་ཛཱ་ད་ཡཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱི་ཙྪེ་མཾ་བ་ལ~ཾ་ཧཱུཾ་ཨོཾ། ཨོཾ་བཛྲ་ཌཱ་ཀི་ནཱི་ཡེ་པྲ་ཏཱིཙྪ་མཾ་བ་ལིཾ་དྲུཾ་དྲུཾ། ཨོཾ་རཏྣ་ཌཱ་ཀི་ན~ཾ་པྲ་ཏཱིཙྪ་མཾ་བ་ལོ་ཛྫཿ། ཨོཾ་བཛྲ་ནྟ་ཀཾ་ནི་པྲེ་ཏཱིཙྪ་མཾ་བ་ལི་དྷྲྀ་ཛིཿ ་ཤྭ་ཌཱ་ཀི་ནཱི་པྲ་ཏཱི་ཙྪེ་མཾ་བ་ལིཾ་ཧཱུཾ་ཨ། ཨོཾ་སརྦ་ཡོ་ག་ནཱི་པྲ་ཏཱིཙྪེ་མཾ་བ་ལི་ཧཱུཾ་ཧཱུཾ། ཧ་ཧ་ཧི་ཧི་བཛྲ་ཛཿཧཱུཾ་བཾ་ཧོཿོཾ་བཛྲ་ཡོ་གི་ནཱི་ས་མ་ཡེ། སྟྭ~ཾ་དྲི་ཤྱ་རཀྵ་རཀྵ་ཧོཿ། རིག་པ་འཛིན་མའི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ ་ཐབས་རྫོགས་སོ།། རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་ཛ་ཡ་སེ་ནཱའི་ཞབས་དང་། ལོ་ཙ་བ་བཙུན་པ་དྷརྨ་ཡོན་ཏན་གྱིས་བསྒྱུར་བའོ།། ་