CLOSE WINDOW

Ty055-019:
Wyliee-texts produced with BDRC’s OCR application

དེ་ནི་དེ་ཆབ་པ་ཡི་འོས་མིན་ཏེ།། ཆོས་ཉིད་འདི་ནི་མི་གཡོ་གནས་ཕྱིར་རོ།། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ན།། སངས་རྒྱས་དང་ནི་ལྷག་པའང་མཚུངས་པ་མེད།། ལྷ་དང་མི་ཡི་སྟོན་པ་བླ་ན།། ་མེད།། སྟོན་པ་དེད་དཔོན་སྨན་པ་རྣམས་ཀྱི་མཆོག། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།། ་བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། སོས་ཀའི་ཟླ་བ་དང་པོར་ཐུབ་པ་ཡིས།། ནགས་ཁྲོད་ཆོས་ཀྱི་དམ་པ་གང་གསུངས་པ།། ཆོས་དེ་དང་ནི་མཚུངས་པའང་ལྷག་པ་མེད།། འདི་ལ་དེར་རེག་གྲངས ་སུ་ཕྱིན་མི་འབྲང་།། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། དམ་པའི་ཆོས་ཀྱི་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། ་སྡིག་པ་རིང་བང་གའ་དུ་བྱས་མེངས། ནས་དང་མེད་ཅིང་འཇིགས་མེད་མྱ་ང་བུལ།། སྲེད་པ་འགགས་པས་རྨ་བ་མི་སྐྱེད་པ།། བདེན་པ་མར་མ་བཞིན་དུ་འབར་བར་འགྱུར ་ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། བདེ་ལེགས་ཀྱི ་སུ་བཅད་པ་རྫོགས་སོ།། རྒྱ་གར་སྐད་དུ། བཉྩཏ་ཐཱ་ག་ཏ་མང་ཀཱ་ལ་ག་ཐ། ད་སྐད་དུ། དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཀྱི་ཚིགས་སུ་། ་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན།། ཟླ་བ་ཉ་འདྲའི་སྐུ་མངའ་སྲིད་པའི་མཐར་ཕྱིན་པ།། དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས ་གང་ཡིན་པ།། བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། མི་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྦྱོང་བ།། མགོན་པོ་ཡོན་ཏན་ཐམས་ཅད་རྫོགས་པའི་བཀྲ་ཤིས་པ།། དགེ་མཉམ་བསམ ་སེམས་ལྡན་པའི་བཀྲ་ཤིས་གང་ཡིན་པ།། བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། ཡོན་ཏན་སངས་རྒྱས་ཡོན་ཏན་ཀུན་གྱི་རྒྱར་བྱིས་བརྒྱན་མཛད་པ།། ཡང་དག་བདེན་པའི་འབྱོར་པ་སྦྱིན་མཛད་མི ་བསླུ་བ།། རིན་ཆེན་འབྱུང་གནས་ཞེས་བྱའི་བཀྲ་ཤིས་གང་ཡིན་པ།། བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། བསམ་གཏན་ཏིང་འཛིན་དམ་པ་ཕ་རོལ་ཕྱིན་པའི་གནས།། ཡེ་ཤེས་པདྨའི་སྟེང་བཞུགས། ་དཔག་མེད་ཆེ་ལྡན་ཞིང་། ཚེ་གྲངས་མེད་པར་བྱིན་གྱིས་བརླབས་པའི་བཀྲ་ཤིས་གང་། བརྦ་ཤིས་ངེས་ནི་མྱི་གུ་རྣམས་ལ་འི་བྱང་ཤོག། སེམས་ཅན་དྲོ་བྷ་ལས་ལཐུགས་ནི་སྦྱོར་མཛད་ཅིང་།། ཐོ་བ་བུ ་འཆིང་བས་བཅིངས་ལས་གྲོལ་མཛད་པ།། ཐུབ་མཆོག་དོན་ཡོད་གྲུབ་ཀྱི་བཀྲ་ཤིས་གང་ཡིན་པ།། བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཚིགས་སུ་བཅད་པ་རྫོགས ་སོ།། @དམ་པ་ཏོག་དཀར་དགའ་ལྡན་པོ་བྲང་ངམ་པ་རུ།། མི་ལམ་མགོན་ལ་རྒྱལ་ཚབ་དམ་པར་དབང་བསྐུར་ཞིང་།། འཛམ་གླིང་ཉིད་དུ་གླང་ཆེར་ཐལ་ཀར་སྐར་གཤེན ་གང་།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དམ་པ་ཟས་གཙང་སྲས།། བུད་མེད་སྐྱོན་བྲལ་གཡོ་སྒྲ་སྤངས་པ་ལྷ་མཛེས་ཡུམ།། ལྷུམས་སུ་ཟླ་བཅུར་བློ་གྲོས་ལྡན་པ ་ཤཱཀྱའི་རིགས།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ལྡུམ་པའི་ཚལ་ནི་དབེན་ཞིང་ཉམས་དགའ་བླག་ཤ་ཡི།། ཡལ་གནས་བཟུང་བལྟམས་གྱུར་ཚངས་དང་བརྒྱ་བྱིན་འདུད།། མཁའ ་ལ་གཤེགས་ཏེ་ཕྱོགས་བཅུར་པདྨ་འབྱུང་འགྱུར་གང་།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། གཞལ་མེད་ཁང་མཛེས་དྲང་སྲོང་དམ་པའི་མདུན་བཞག་ནས།། མཚན་ལྷས་ཤིས་པ་བརྗོད ་དེ་སྟོན་པ་བྱུང་གྱུར་པ།། ཤཱཀ་རིགས་བུད་མེད་འཁོར་ལྡན་ཀུན་འདུས་རྒྱན་བཏགས་གང་།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། གཞོན་ནུའི་སྟོབས་ནི་སྒྱུ་རྩལ་ཡིག་རྩིག་འཕོང་ལས་ནི།། ་ཀུན་ལས་མཐར་བྱུང་ལྷ་མི་ལ་སོགས་ཀུན་པས་མཆོག་ཀ་ཤཱཀྱའི་རིགས་འཁྲུངས་ལོག་རྟོག་བསལ་ཕྱིར་བཙུན་མོའི་འཁོར།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ཕོ་བྲང ་ནས་བྱུང་རྒ་ནང་འཆི་བ་ལས་བྱུང་གཟིགས།། མི་རྣམས་རྫུ་འཕྲུལ་གྱིས་ལྕགས་ངུར་སྨྲིག་གོས་རྣམས་ཕུལ།། སྲིད་གསུམ་དག་ལས་རྒལ་ཕྱིར་མཐོན་མཐིང་དབུ་སྐྲ་བྲེགས།། བཀྲ་ཤིས་དམ་པ་དེས་ཀྱང་དེ་། ་འདིར་བདེ་ལེགས་ཤོག། ལྷ་རྣམས་རྫུ་འཕྲུལ་གྱིས་ལྤགས་ངུར་སྨྲིག་གོས་རྣམས་ཕུལ།། ནཻ་རཉྫ་རའི་ཆུ་བོར་དཀའ་ཐུབ་མ་ལུས་རྫོགས།། ཐུབ་པ་བསམ་གཏན་ནས་བཞེངས་བཀྲ་ཤིས་འོ་ཐུག་གསོལ།། བཀྲ ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། པདྨོ་ལས་བྱུང་ཁྱུ་མཆོག་བྱང་ཆུབ་ཤིང་དྲུང་དུ།། སྐྱིལ་མོ་ཀྲུང་བཅས་མི་གཡོ་མཆོག་གིས་བདུད་བཏུལ་ནས།། ཐོ་རངས་བདུད་རྩི་མི་འགྱུར་ཕུན་ཚོགས་སངས ་རྒྱས་པ།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ཝཱ་ར་ཎ་སིར་ཆོས་ཀྱི་འཁོར་ལོ་མགོན་པོས་བསྐོར།། ཀུན་ཤེས་ལ་སོགས་བདེན་བཞི་ལྔ་སྡེ་བཟང་ལ་བསྟན།། ལྷ་ཀླུ་ལྷ་མིན་ལ ་སོགས་མི་མིན་བདུད་འགྱུར་གང་།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ང་རྒྱལ་བསྙེམས་པར་ལྡན་པའི་སྟོན་པ་དྲུག་བཏུལ་ཞིང་།། གླང་ཆེན་རབ་མྱོས་མི་བཟང་ལྷས་བྱིན་གྱིས་རྦད་བཏུལ ་དྲང་སྲོང་མཆོག་ལ་སྤྲེའུ་རྒྱལ་ཅང་ཤེས་སྦྲང་རྩི་མཆོད།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། པདྨོ་གཞོན་ནུ་ལྟ་བུའི་མཚན་ལྡན་ཤཱཀྱའི་རིགས།། ཟས་གཙང་སྲས་སུ་རྒྱལ་རིགས ་འཁོར་ལོ་སྒྱུར་རྒྱལ་བལྟམས།། བསྐམས་པ་ནས་བཟུང་སཱ་ལའི་ཚལ་དུ་མ་ལུས་རྫོགས།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། བྱམས་པའི་སྟོབས་ཀྱིས་འགྲོ་བ་མ་ལུས་སྒྲོལ་མཛད་ཅིང་། ་སེམས་ཅན་མཐའ་ཡས་ཞི་བ་དེའི་ལམ་ལ་རབ་བཀོད་ནས།། གྲོང་ཁྱེར་རྩཝ་མཆོག་དམ་པར་དགོངས་པ་ཡོངས་རྫོགས་གང་།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། བཅོམ་ལྡན་རྣམ་པར་གཟིགས། ་ནི་རྒྱལ་རིགས་གཟི་བརྗིད་ཅན།། ཚེ་ལོ་བརྒྱད་ཁྲིའི་དུས་ན་གྲོང་ཁྱེར་ཉེ་ལྡན་དུ།། པ་ཏོ་ལ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ།། དེང་འདིར་བདེ་ལེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག། བདེ་གཤེགས ་གཙུག་ཏོར་མངའ་བ་རྒྱལ་རིགས་རྫུ་འཕྲུལ་ཅན།། ཚེ་ལོ་བདུན་ཁྲིའི་དུས་ན་ཀ་ནའི་གྲོང་ཁྱེར་དུ།། ཤིང་མཆོག་སིན་འདིའི་ཤིང་དྲུང་མངོན་པར་སངས་རྒྱས་པ།། དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས ་གྱུར་ཅིག་། རྒྱལ་བ་ཐམས་ཅད་སྐྱོབ་པའི་རྒྱལ་རིགས་བློ་གྲོས་ཅན།། ཚེ་ལོ་དྲུག་ཁྲིའི་དུས་ན་གྲོང་ཁྱེར་མཉམ་མེད་དུ།། ཤིང་མཆོག་སཱ་ལའི་ཤིང་དྲུང་མངོན་པར་སངས་རྒྱས་པ།། དེང་འདིར་བདེ་གཤེགས ་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག། ཐུབ་པ་འཁོར་བ་འཇིག་ནི་སྟོབས་ལྡན་བྲམ་ཟེའི་རིགས།། ཚེ་ལོ་བཞི་ཁྲིའི་དུས་ན་གྲོང་ཁྱེར་བདེ་ལྡན་དུ།། ཤི་རི་ཤི་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ།། དེང་འདིར ་བདེ་ལེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག། འདྲེན་པ་གསེར་ཐུབ་བསླབ་པ་མཆོག་ལྡན་བྲམ་ཟེའི་རིགས།། ཚེ་ལོ་སུམ་ཁྲིའི་དུས་ན་གྲོང་ཁྱེར་མཛེས་ལྡན་དུ།། ཨུ་དུམ་ཝ་རའི་ཤིང་དྲུང་མངོན་པར་སངས། ་རྒྱས་པ།། དེང་འདིར་བདེ་གཤེགས་པཀྲ་ཤྲཱིས་དུས་སུམ་ཚོགས་གྱུར་སྐྱེ།། སྐྱོབ་པ་འོད་སྲུངས་རྒྱལ་རིགས་ཐ་མ་སོན་ཏན་ཅ།། མམ་མཐའི་དུས་ན་གྲོང་ཁྱེར་ཝཱ་ར་ཎ་སིརྦ། ་ནྱ་གྲོ་དྷ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ།། དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག། འགྲོ་མགོམ་ཤཱཀྱ་ཐུབ་པ་རྒྱལ་རིགས་བརྩོན་འགྲུས་ཅན།། ཚེ་ལོ་བརྒྱ་པའི་དུས་ན་སེར་སྐྱའི ་གྲོང་ཁྱེར་དུ།། ཨ་ཤྭཏྠ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ།། དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག། ཕུན་སུམ་ཚོགས་པ་མངའ་དབང་གསེར་གྱི་རི་བོ་འདྲ།། འཇིག་རྟེན་གསུམ། ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ།། སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ།། བཀྲ་ཤིས་དེས་ནི་སྐྱེ་དགུའི་ཞི་བྱེད་དང་པོའོ།། དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ།། འཇི ་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་བ།། ཆོས་མཆོག་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ།། འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ།། དགེ་འདུན་དམ་པའི་ཆོས་ལྡན་ཐོས་པའི་བ ་ཤེས་ཕྱག། མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས།། ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་ཞིང་།། འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ།། ཆེ་བའི་ཚེ་མཆོག་སྟོན ་མཆོག་བླ་ན་མེད།། ཆོས་རྗེ་ཉི་མ་རྒྱལ་བའི་ཕྱིར་རླབས་ཀྱིས།། བགེགས་དང་བདུད་རིས་གནོད་པའི་དགྲ་ཞི་སྟེ།། རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག། ཆོས་ཉིད་བདེན་པའི་ཆོས་མཆོག་བླན ་མེ་དམ་ཆོས་བདུད་རྩིའི་བདེན་པའི་བྱིན་རླབས་ཀྱིས།། ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ།། རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག། དགེ་འདུན་ཡོན་ཏན་རིན་ཆེར་དཔལ ་འབར་བ།། རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས།། ཉེས་པའི་སྐྱོན་ཞི་དགེ་ཚོགས་རྣམ་པར་འཕེལ།། རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག། ཚངས་དང་ལྷ་དབང་སྲུངས་མའི་བྱིན་རླབས། ་ཀྱིས་ཁ་ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་གྱུར་ཏེ།། བདེ་ལེགས་བསམ་པ་ཡིད་བཞིན་གྲུབ་པ་དང་།། ཚེ་རིང་ནད་མེད་བདེ་སྐྱིང་ལྡན་པར་ཤོག། @ོཾ ་