CLOSE WINDOW

Ty055-011: byang chub dam pa'i rjes su mos pa'i smon lam
Wyliee-texts produced with BDRC’s OCR application

རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབ་པའི་ཐབས་ལ་མཁས་པ་ནི་དེ་ཡིན་ནོ།། འཕགས་པ་བྱམས་པའི་སྨོན་ལམ་རྫོགས་སོ།། བོད་སྐད་དུ ་བྱང་ཆུབ་དམ་པའི་རྗེས་སུ་མོས་པའི་སྨོན་ལམ་ཕྱོགས་བཅུའི་འཇིག་རྟེན་ཁམས་ན་དུས་གསུམ་གྱི།། ཡེ་ཤེས་ཡོན་ཏན་ཐུགས་རྗེ་ཚད་མེད་ཅིང་།། དཔག་མེད་ལྔ ་དུང་རྫོགས་ཏེ་བླ་མེད་པས། བདུད་ཀྱི་སྡེ་བཅོམ་ལེགས་པ་དྲུག་དང་ལྡན།། མཁྱེན་པས་ཇི་བཞིན་གསུང་བཞིར་དེ་བཞིན་གཤེགས།། ཉོན་མོངས་དགྲ་བཅོམ་སྐྱེ་དགུས་མཆོད་པར་འོས།། ་ཡང་དག་རྫོགས་པར་སངས་རྒྱས་ཐམས་ཅད་མཁྱེན།། རིག་པའི་བློ་གསལ་ཁྱད་པར་ཞབས་དང་བཅས།། བགྲོད་མཆོག་གནས་སུ་བདེ་གཤེགས་ལེགས་པ་བརྙེས།། འཇིག་རྟེན་འདི་དག ་དངོས་པོ་ཇི་བཞིར་གཟིགས།། སྐྱེས་བུ་ཅིས་འདུལ་ཐབས་ཀྱིས་ཁ་ལོ་སྒྱུར།། སྲིད་པའི་མཐར་ཕྱིན་ལྷ་མི་སྟོན་པའི་གཙོ།། སྐུ་གསུམ་ལྷུན་གྱིས་གྲུབ་པའི་སངས་རྒྱས་འདི།། གཞལ་ཡས ་ཚོགས་ཀྱི་ཡོན་ཏན་མཆོག་བརྙེས་ནས།། དོན་དམ་དབྱིངས་ལ་མངའ་མཛད་ཆོས་ཀྱི་རྗེ།། སྲིད་གསུམ་རྨོངས་ལས་འཁོར་བའི་སྐྱོན་སེལ་ཕྱིར།། དབང་གྱུར་གཞན་གྱིས་རྙེད་མིན་ཐོས་པར་དཀའ། ་དཀའ་ལས་རྙེད་པ་བླ་མེད་དཀོན་མཆོག་སྟེ།། དེ་བས་སངས་རྒྱས་མཆོག་ལ་བདག་ཕྱག་འཚལ།། དགོངས་པ་ལྷད་མེད་སྙིང་པོ་མདོ་ཡི་སྡེ།། བཀྲི་བའི་དོན་ཕྱིར་ཚིག་བཟང་དབྱངས་ཀྱིས་བསྙད།། ་སྤྲོ་བ་བསྐྱེད་ཅེས་ལུང་བསྟན་འཕགས་པའི་གསུང་།། དོན་གསལ་བསླབ་བདེར་འདྲ་བསྡེབས་ཚིགས་སུ་བཅད།། ཡུལ་གྱི་དགོངས་པ་གཟིགས་ཏེ་ཆེད་དུ་གཟིགས།། གླེང་གཞིས་རྒྱུས་བྱས་བསླབ ་བའི་དབྱིབས་རྣམས་བསྟན།། བཤད་པ་གོ་སླ་དཔེས་མཚོན་རྟོགས་པས་བརྗོད།། ཡོན་ཏན་མཆོག་དང་ཉེས་པའི་སྦྱོར་བསྟན་ཕྱིར།། སྔོན་བྱུང་གཏམ་དང་ཐུབ་པས་མཛད་པའི་རབས། ་རྒྱས་པར་གསུང་དང་མཁྱེརན་པས་ཆོ་འཕྲུལ་རྨད།། ཇི་བཞིན་གཏན་ལ་ཕབ་ཅིང་བསྟན་པའི་སྡེ།། རྣམ་གྲོལ་ཁྱད་པར་བསྒྲུབས་པ་ལམ་གྱི་ཆོས།། མི་མོ་ཞི་བ་དག་མ་དོར་དམ་དབྱིངས། ་བསྟན་པས་ཚང་མར་བསྒྲུབས་པའི་ཆོས་ཉིད་འདི།། ཟབ་མོ་བརྟག་དཀའ་ཐུབ་པས་ཆེད་དུ་གསུངས།། སྒྲིབ་སེལ་ཡང་དག་དོན་ཤེས་ཆགས་མེད་བློས།། བླ་མེད་གནས་སུ་འདེགས་པའི་ཐེག ་ཆེན་ཕྱིར།། ཤེས་རློམ་གཞན་གྱི་གཞུང་ལ་ཡོད་མི་སྲིད།། མི་སྲིད་ཡོད་པ་བླ་མེད་དཀོན་མཆོག་སྟེ།། དེ་བས་ཆོས་ཉིད་མཆོག་ལ་བདག་ཕྱག་འཚལ།། སྟོན་པ་མཆོག་གི་གསུང ་ལས་སྐྱེས་པ་སྟེ།། མ་སྐྱེས་ཆོས་ཉིད་སྟོན་པའི་ཡེ་ཤེས་ཟབ།། བཟང་པོར་སྤྱོད་ལ་བརྩོན་པའི་ཡོན་ཏན་ཆེ།། གཉིས་མིན་བྱེར་མེད་མཐོང་ཞེས་མ་ཆགས་བློ།། གཞན་དོན་གཙོ་བོར་བསྒྲུབ ་ཅེས་སྙིང་རྗེའི་བདག། འཕོངས་ལ་ཡིད་བཞིན་གཏོང་བའི་རིན་ཆེན་གཏེར།། སྡུག་བསྔལ་ནད་རྣམས་གསོ་བའི་སྨན་པ་མཆོག། རྒྱལ་སྲས་གཙོ་བོ་བྱང་ཆུབ་སེམས་དཔའ་དང་།། ཤེས་རབ ་གསུམ་གྱི་བདེན་པའི་ཕྱོགས་བསྒོམས་ཏེ།། བདེན་མཐོང་རིམས་ཀྱིས་ཉོན་མོངས་མཐའ་སྤངས་ནས།། མྱ་ངན་འདས་པའི་དབྱིངས་ལ་གནས་པའི་ཕྱིར།། རྟོགས་པའི་ཡེ་ཤེས་འཇིག་རྟེན ་གསུམ་ལས་འདས།། དབང་པོ་རབ་ཞི་དུལ་བའི་སྤྱོད་ལམ་མཛེས།། ལུས་དང་ངག་ཡིད་སྐྱོན་མེད་རྣམ་དག་ཅེས།། ལྷ་མིན་ཡོན་ཏན་ཁྱད་དུ་མི་འཁོར་བའི།། སློབ ་དང་མི་སློབ་འཕགས་པའི་གང་ཟག་བརྒྱད།། བླ་མའི་ཁྱད་པར་མཐོང་མཐུ་གཞན་དག་ཀྱང་།། དམ་པའི་ས་ལ་འཇུག་པ་སྤྲོ་བ་ཆེ།། དང་མོས་དགེ་བས་འཚོ་བའི་དཀའ་ཐུབ་ཅན།། སོ་སོར་ཐར ་པའི་སྡོམ་ལ་ཚུལ་བཞིན་གནས།། བློ་ཟབ་གྲོལ་གནས་ཚུལ་ཆེན་དགེ་འདུན་འདི།། ཤེས་གསལ་དགེ་བས་བསྒྲུབ་པའི་སྤྱོད་པ་ཟབ།། དད་མོས་བཏུལ་བར་ཞུགས་པའི་དཀའ་ཐུབ་བརྟན་། ་ཡོན་ཏན་འབྱུང་བའི་གནས་ཞེས་འདུས་པའི་མཆོག། རྣམ་དག་སྤྱོད་པས་བདག་གཞན་དོན་བསྒྲུབ་ཕྱིར།། སྒྲུབ་བྱེད་གཞན་གྱི་ཚུལ་གྱིས་འདི་མ་བསྐྲད།། བསྙད་མིན་ངེས་པར་འཕགས ་པའི་དཀོན་མཆོག་སྟེ།། དེ་བས་དགེ་འདུན་མཆོག་ལ་བདག་ཕྱག་འཚལ།། བསོད་ནམས་གཏེར་ཆེན་ལེགས་པ་བསམ་ཡས་ཀྱང་།། རྣམ་དག་སེམས་ཀྱིས་དད་དེ་འོལ་ཕྱོགས་སུ།། བསྟོད ་པའི་ཆ་ཙམ་བརྗོད་ཅིང་ཕྱག་འཚལ་ནས།། འདུས་མ་བྱས་པའི་མཆོད་པ་རྣམ་དག་པས།། མ་བྱུང་མ་སྐྱེས་སྟོང་མའི་མཚན་ཉིད་དེ།། གཉིས་མིན་དབྱེར་མེད་རང་རིག་སྙོམས་པའི་ཡུལ།། ་ཆོས་ཀྱི་ངོ་བོ་ཉིད་དང་རབ་འབྲེལ་ཅིང་།། མཚན་མ་མེད་པའི་སྟོབས་ཀྱིས་གྲུབ་པ་ཡི།། ཡེ་ཤེས་མཉམ་པ་ཉིད་ཀྱི་ལོངས་སྤྱོད་ཀྱང་།། ཐོས་པའི་རྗེས་ཙམ་ཡིད་ཀྱིས་དེར་མོས་ཏེ།། ཡང་དག ་ཉིད་ཀྱི་སྙིང་པོ་དྲག་པས་མཆོ།། བྱང་ཆུབ་དམ་པའི་སྤྱོད་པ་ད་ཀྱཡས་པས། ཉོན་མོངས་མ་འདས་འཇིག་རྟེར་གསུམ་ལ་འདྲེན། རིཅེས་དབྱིབས་བཀོད་ནམ་པར་དགྲ་པའི་ཞིང་།། འབྱོང་། ་རླུང་མེང་ལྷུན་གྱིས་བྲུས་པའི་རྫས། ཀུན་དུ་བཟང་བུ་སྤྱོད་པས་ཐོབ་པ་ཡི།། བསོང་རྣམས་ཀྱང་པར་ཅན་གྱི་མངས་སྤྱོད་ཀྱང་། ངང་པའི་ཤུགས་ཀྱིས་ཡང་དག་འདིར་དམིགས་ཏེ། ཟང་པོ ་ཡིད་བཞིན་ཕུན་སུམ་ཚོགས་པས་མཆོད།། འཇིག་རྟེན་དགེ་བའི་མཆོད་པ་མངོན་སུམ་པ།། མེ་ཏོག་བྱུག་པ་བྱེ་མ་སྨོས་ཆུས་མཆོད།། དྲི་བསྲིང་མར་མེ་རོལ་མོ་སིལ་སྙན་དང་།། རྒྱལ་མཚན ་བ་དན་འཕྲེང་བ་བླ་རེ་གདུགས།། རྒྱན་དང་ན་བཟའ་གདིང་བ་རིན་ཆེརན་དཀོར།། སྨན་དང་ཞལ་ཟས་ཡོ་བྱད་མི་ཟད་པས།། མཛེས་པར་བརྒྱན་པའི་གནས་དང་ས་གཞིར་བཅས།། སྐྱེ་བོ ་བཞོན་པ་ཁྱུ་མཆོག་རྐང་གཉིས་ལྡན།། ལེགས་པར་སྤྱད་པའི་ཚོགས་ཀྱིས་བསྐྱེད་པ་ཡི།། བདེ་འགྲོ་སྐྱིད་པས་འཚོ་བའི་ལོངས་སྤྱོད་ཀྱང་།། གུས་པའི་ཚུལ་གྱིས་མངོན་སུམ་འདིར ་དམིགས་ཏེ།། དགོས་པ་སྣ་ཚོགས་མི་ཡུལ་འབྱོར་པས་མཆོད།། མཆོད་གནས་གསུམ་ལ་འོས་པས་མཆོད་བགྱིས་ཏེ།། སྙིང་རྗེ་བྱམས་ལྡན་ཆགས་མེད་སྙོམས་པའི་བློས།། སྦྱིན་པར་འོས་དང་འཕོང ་དང་མངོན་སུམ་གྱི།། འབྲེལ་བའི་སེམས་ཅན་ཀུན་ལ་སྦྱིན་པ་བསྔགས།། དངོས་པོ་ཆུང་ཡང་དམིགས་པ་ཆེར་བསྐྱེད་དེ།། གུས་པའི་ཚུལ་གྱིས་ཡང་དག་མཆོད་བགྱིས་ནས།། བརྩེ་ལྡན ་མགོན་མེད་སྐྱབས་ཀྱི་མངོན་སུམ་དུ།། སྔོན་གྱི་ཉེས་པ་མ་ལུས་བཤགས་པ་ནི།། ཐོག་མ་མེད་པའི་སྲིད་པ་ཇི་ཙམ་ནས།། དངོས་མེད་དངོས་པོར་བརྟག་པ་ཡིད་བསླབ ་དེ་རྣམ་ནོར་བདེ་བ་རྣམས་ཀྱི་ལམ་མི་མཐོང་།། དཀོན་མཆོག་གསུམ་གྱི་ཡོན་ཏན་ཚུལ་མ་ཤེས།། རྒྱུ་དང་འབྲས་བུར་མ་རྟོགས་དོན་ནོར་ཏེ།། ལུས་ཀྱི་སྤྱོད་པ་མ་དག་སྡིག་ཏོ་བགྱིས། ་ངག་གིས་ཚིག་འཚལ་སྨྲས་པས་ངན་དུ་བརྗོད།། སེམས་ཀྱིས་བློ་ནོར་ལོག་པར་བསམས་པ་ཡི།། བདེ་འགྲོ་མཐོ་རིས་གནས་དང་སྐྱེ་གཞན་གྱི། ཁ་ལས་ངན་སྡིག་པ་མི་འཆ་བ་འདིར་བཤགས ་སོ། ཡང་དག་རིག་པའི་སྐལ་དང་ལྡན་བཞིན་དུ།། དགེ་བའི་བཤེས་གཉེན་རིང་དུ་བྲལ་གྱུར་ཏེ།། སྡིག་པའི་གྲོགས་ཀྱིས་རྟག་ཏུ་ཉེར་བསྟན་པས།། ལེ་ལོ་རང་ཉམ་དབང་དུ་བདག་སྤྱོད། ་ཅིང་།། འདོད་པའི་ཡོན་ཏན་ལྟ་ལ་གཡེངས་པས་ན།། མ་གུས་ཉན་སེམས་བསྒོམ་ལ་བརྩོན་ཞན་ཏེ།། བླ་མེད་དམ་པའི་ལམ་ལ་གྲིབ་པ་ཡིས།། གནན་ཏན་ཉམས་པ་མི་འཆབ་འདིར ་བཤགས་སོ།། མཚན་མ་མང་པོས་རིག་པའི་བློ་གཡེངས་ནས།། དངོས་མེད་དངོས་པོར་རྟོག་ཅིང་གཉིས་ལ་འཇུག། དོན་དམ་ཡང་དག་མཐའ་ལ་བློ་ཞན་ཏེ།། མི་གནས་དབྱིངས་ལ། ་ཡེ་ཤེས་རྨུགས་པས་ན། ཁ་འཁོར་བའི་སྐྱོན་མཐོང་སྡུག་བསྔལ་མི་བཟད་ཅེས།། གཞན་དོན་གཙོ་བོར་བསྒྲུབ་ལ་གཡེལ་གྱུར་པས།། བླ་མེད་སངས་རྒྱས་ས་ལ་སྒྲིབ་པ་ཡི།། ཤེས་རབ་ཞན་པའི ་མི་འཆ་བ་འདིར་བཤགས་སོ།། ཇི་ལྟར་སངས་རྒྱས་རྐང་གཉིས་གཙོར་འགྱུར་ལྟར།། ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས།། ཕ་རོལ་ཕྱིན་བཅུ་རྣམ་པར་རྫོགས་མཛད་ཅིང་།། བསོད་ནམས་ཡེ། ་ཤེས་དཔག་ཏུ་མེད་པར་བསྒྲུབ།། མ་འདྲེས་སྟོབས་བཅུ་མི་འཇིགས་བཞི་བརྙེས་ནས།། མངོན་པར་བྱང་ཆུབ་བདུད་ཀྱི་སྡེ་རྣམས་བཏུལ།། ཆོས་ཀྱི་འཁོར་ལོ་གསུང་གི་ཚུལ་བཞིན་བསྐོར།། མཐའ་གཉིས ་སྤང་ཕྱིར་མི་གནས་མྱ་ངན་འདས།། བཅབས་པ་མེད་བཞིན་ཕུན་སུམ་ཚོགས་ལ་སོགས།། བླ་མེད་སངས་རྒྱས་ཡོན་ཏན་དཔག་ཡས་ཀྱིས།། རྒྱུ་དང་འབྲས་བུ་ལེགས་པ་ཇི་སྙེད་པ།། དེ་དག་ཡོངས་སུ ་རྗེས་སུ་ཡི་རང་ངོ་།། བླ་མ་མཆོད་བྱེད་ཐོས་པས་མི་ངོམས་ཤིང་།། ཤེས་རབ་གསལ་བས་མ་སྐྱེས་ཆོས་ཉིད་མཐོང་།། མཐའ་ལ་མི་གནས་སྡུག་བསྔལ་བཟོད་བྱ་སྟེ། བརྩེར་ལྡན་སྙོམས ་པས་འགྲོ་བའི་སྐྱབས་ལ་བརྩོན།། ས་དང་ཕ་རོལ་ཕྱིན་བཅུ་རྫོགས་མཛད་ཅིང་།། བསོད་ནམས་ཡེ་ཤེས་དཔག་ཏུ་མེད་པ་བསྒྲུབས།། བླ་མེད་དམ་པའི་ལམ་ལ་སྤྲོ་བ་ཆེ། རྒྱལ་བའི ་གདུང་འཚོ་བ་བྱང་ཆུབ་སེམས་དཔའ་དང་།། བློ་ཞིབ་གསལ་བས་རྟེན་འབྲེལ་རྒྱུད་བསྒོམས་ཏེ།། བསྐལ་པ་བརྒྱ་སྙེད་ཡོན་ཏན་ཚོགས་བསགས་པའི།། ཆོ་འཕྲུལ་སྤྱོད་ལམ་ཚུལ ་གྱིས་སྒྲོལ་བྱེད་ཅིང་།། མ་བསྟན་རྐྱེན་ལས་རིག་པའི་ང་རྒྱལ་དང་།། དང་ཕྱིར་བླ་མའི་ལུང་བསྒྲུབས་ཐོས་འཛིན་ཅེས། གང་ཟག་ཆོས་དང་དངོས་པོས་རྣམ་བརྟགས་པས། འཁོར ་བའི་ཟུག་རྔུ་སྐྱོན་དག་སྤང་རིགས་ལ།། མྱ་ངན་འདས་པའི་གནས་མཆོག་བགྲོད་འོས་ཞེས།། ཤེས་རབ་ཏིང་འཛིར་བློས་དཔྱད་རབ་བསྒྲུབས་པས།། སྡུག ་བསྔལ་ཇི་བཞིན་བརྟགས་དེ་ཀུན་འབྱུང་སྤངས།། འགོག་པའི་ལེགས་པ་མཐོང་སྟེ་ལམ་རྣམས་བསྒོམས།། དེ་ཚུལ་གོམས་བྱས་བདེན་མཐོང་ཁྱད་པར་ལམ།། མཐོང་དང་བསྒོམས་པའི ་ལེགས་པ་རིམ་བཞིན་དུ།། འཁོར་བའི་ཟུག་རྔུ་སྐྱོན་དག་ཡང་རིག་ལ།། མྱ་ངན་འདས་པའི་བདེ་གནས་རབ་བསྒྲུབས་པས།། དགྲ་བཅོམ་ལ་སོགས་སྐྱེས་བུ་ཆེན་པོ་བརྒྱད།། བྱང་ཆུབ་ཉན་ཐོས་རང ་རྒྱལ་འཕགས་པའི་རྣམས།། ཡོན་ཏན་སྣ་ཚོགས་བརྗོད་པར་དཀའ་བ་ཡི།། རྒྱུ་དང་འབྲས་བུ་ལེགས་པར་ཇི་སྙེད་པ།། དེ་དག་ཡོངས་ལ་རྗེས་སུ་ཡི་རང་ངོ་།། སོ་སོའི་སྐྱེ་བོ་དགེ་སྦྱོང་ཇི་སྙེད་པ།། དགྱེ ་བཅུ་སྤྱད་པའི་ཚུལ་བཞིན་ནན་ཏན་གྱིས།། མཐོ་རིས་གནས་དང་འཕགས་པའི་ས་བསྒྲུབས་པས།། རབ་ཏུ་བྱུང་ཞིང་ཚངས་པར་སྤྱོད་ལ་སོགས།། འཇིག་རྟེན་དགེ་བའི་སྐྱེ་དོ་གྲངས་མེད་ཀྱིས།། ཡོན་ཏན ་སྣ་ཚོགས་བརྗོད་པར་དཀའ་བ་ཡིན།། རྒྱུ་དང་འབྲས་བུ་ལེགས་པ་ཇི་སྙེད་པ།། དེ་དག་ཡོངས་ལ་རྗེས་སུ་ཡི་རང་ངོ་།། ནམ་མཁའི་དབྱིངས་འདྲ་ཚད་བཟུང་དཀའ་བ་ཡི།། རྒྱུ་དང་འབྲས་བུ་མཆོག ་ལ་ཡི་རང་ནས།། ལེགས་པའི་ཚོགས་ལ་རྗེས་སུ་རབ་མོས་ཏེ།། དད་པས་སེམས་བསྐྱེད་ཡི་དམ་བཅས་པ་ནི།། ཇི་ལྟར་སངས་རྒྱས་དུས་གསུམ་གཤེགས་པ་ཡི།། སྔོན་གྱི་རྒྱལ་བ་སྲས་དང ་བཅས་རྣམས་ལ།། དང་དེ་ཚུལ་བཞིན་ཕྱག་འཚལ་མངོན་པར་བསྟོད།། རྣམ་དག་སེམས་ཀྱིས་དམ་པའི་རྒྱུ་བྱས་ནས།། གཞལ་ཡས་ཚོགས་ཀྱི་དབྱིངས་ལ་ཁྱབ་པའི་སེམས།། འཇིག ་རྟེན་རབ་འབྱམ་ཀུན་ལ་འཇུག་པའི་བློས།། སེམས་ཅན་ཡོངས་ལ་སྙོམས་པར་ཁྱབ་པའི་ཡིད། བསོད་ནམས་དཔེ་མི་བསྒྲུབ་ཀྱི་འབྱུང་གནས་མཆོག། ཡེ་ཤེས་དཔག་ཡས་མངོན་སུམ་གྲུབ ་བའི་རྒྱུས།། སྟོན་པ་རྡུལ་སྙེད་ཤིན་ཏུ་མཉེས་འགྱུར་ལྟར།། དེ་བཞིན་བདག་གིས་དམ་པའི་སེམས་བསྐྱེད་དེ།། དང་དང་སྙིང་རྗེ་བརྩོན་འགྲུས་རབ་བརྟུལ་ནས།། ཚུལ་ཁྲིམས་རྣམ་དག ་ཤེས་རབ་ཐོགས་མེད་བློས།། བཟང་པོ་སྤྱོད་པ་བསྒྲུབས་ཏེ་བསོད་ནམས་བསྐང་།། ཆོས་ཀྱི་དབྱིངས་དངོ་མཉམ་སྟེ་ཡེ་ཤེས་འཇུག། ནམ་མཁའི་ཚད་ཀྱིས་གཞལ་ཏེ་སེམས་ཅན་བསྒྲལ ་འཁོར་བའི་མཐས་གཏུགས་འཇིག་རྟེན་བསྐྱབས་ལ་སོགས། བྱང་ཆུབ་ཆེན་པོར་བྱ་བར་རིགས་པ་དང་།། མ་ལུས་བདག་གིས་བྱ་བར་དམ་བཅའོ།། བླ་མེད་སེམས་བསྐྱེད་དཔག་ཡས་དམ་བཅས། ་ནས།། དགེ་བ་ཇི་སྙེད་མཆོག་ཏུ་བསྔོ་བ་ནི།། མཆོད་འོས་བསོད་ནམས་ཞིང་དག་མ་ལུས་ལ།། དད་དེ་མཆོད་ཅིང་ཕྱག་འཚལ་མངོན་པར་བསྟོད།། བརྩེར་ལྡན་མ་ཆགས་སེམས་ཀྱིས་སྦྱིན ་གསུམ་གཏོང་།། སྡིག་བཤགས་ཡི་རང་སེམས་བསྐྱེད་དམ་བཅས་ནས།། དགེ་བ་ཇི་སྙེད་བྱང་ཆུབ་སྙིང་པོར་བསྔོ།། ཇི་སྙེད་ལེགས་པར་སྤྱོད་པ་སྡུད་པའི་རྐྱེན།། དགེ་བའི་རྩ་བ་མ་ལུས་ཀུན་བསྔོས་ནས། ་རྩེ་གཅིག་སེམས་ཀྱིས་དམིགས་ཏེ་སྨོན་པ་ནི།། འདིར་སྤྱང་བརྗོད་པའི་བསོད་ནམས་འདི་ཉིད་ཀྱིས།། ལེགས་པར་ཁྱད་པར་གྲུབ་པའི་རྒྱུ་བྱས་ཏེ།། རྒྱལ་པོ་ས་བདག ་ཆོས་ཀྱིས་སྐྱོང་བ་དང་།། བདག་ཅག་འཁོར་བཅས་འཐུན་སྤྱོད་མ་ལུས་ཀུན།། དེ་ལྟར་གནས་པའི་ལུས་གནས་འདི་ལ་སོགས།། འཁོར་བའི་རྒྱུད་ན་ནམ་བདག་གནས་ཀྱི་ཚེ།། ཆོས་དང་ལུགས་ཀྱི། ་དོན་རྣམས་ཅི་ལ་ཡང་།། སྐྱོན་དང་བར་ཆད་གཙོལ་བ་གནོད་མེད་ཅིང་།། ལུས་དང་སེམས་བདེ་འབྱོར་པ་ཡིད་བཞིན་ཏེ།། སྙིང་རྗེ་བྱམས་པས་གཞན་ལ་པར་བྱེད་ཅིང་།། མ་སྐྱེས་མ་གོས་ཚང་དུ ་སྐྱེ་མིན་པའི།། ངན་སོང་གསུམ་དང་སྤང་བའི་མི་ལུས་རྣམས།། མཐོ་རིས་སྐྱོན་དང་བགེགས་ཀྱིས་ས་ལ་སོགས། སྡུག་བསྔལ་གསུངས་པའི་གནས་རིགས་གང་དུ་ཡང་།། མི་སྐྱེ་མི་མྱོང ་སྤྱོད་པར་མི་འགྱུར་ཞིང་།། སངས་རྒྱས་སྐུ་གསུང་རྒྱུན་དུ་མཐོང་ཐོས་ཏེ།། དང་ལས་ཚུལ་བཞིར་སྡོམ་ལས་རིག་པ་གསལ།། ཆོས་དང་ཟང་ཟིང་ཚོགས་ལྡན་མ་ཆགས་བློས།། བརྩེ་ཕྱིར ་སྦྱོར་གསུམ་ལྷུར་བྱེད་པན་འདོགས་ཤིང་།། མགོན་དང་སྐྱབས་མེད་རྟེར་དུ་བདག་གྱུར་ཏེ།། ལྷ་མོའི་ཚུལ་དུ་འཚོ་བ་གཞན་ལས་ལེན།། བྱང་ཆུབ་དམ་པའི་ཐབས་དང་བློ་རྫོགས་ཏེ།། སྐུ་གསུམ ་ལྷུན་གྱིས་གྲུབ་སྟེ་སངས་རྒྱས་ནས།། སྔོརན་གྱི་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱི།། སེམས་བསྐྱེད་རྒྱ་ཆེན་སྔོན་ལམ་བཏབ་པའི་མཐུས།། འཇིག་རྟེན་བདེ་བ་ཅན་གྱི་གནས་མཆོག་འདིར། ་འབྱོར་པ་དཔག་ཡས་ཚད་མེད་ལོངས་སྤྱོད་ཅིང་།། འོད་འབར་སྐུ་མཆོག་མི་གཡོ་བཞུགས་ཞིང་དུ།། མཚན་ཙམ་ཐོས་པས་བདེ་གནས་ཐོབ་ལ་སོགས།། འཇིག་རྟེན་ཁྱད་པར་ཕན། ་དགུ་སྐྱབས་མཛད་པའི།། ཡེ་ཤེས་འོད་དཔག་མེད་པར་གྱུར་པ་བཞིན། ཁམས་གསུམ་རྣམ་པར་གྲགས་པའི་དོན་གྲུབ་སྟེ།། འགྲོ་བ་ཡོངས་ཀྱི་དཔལ་དུ་གྲུབ་པར་སྨོན ་དེ་བཞིན་རྒྱུད་དྲུག་ལམ་ལ་གནས་པ་ཡི།། ཉོན་མོངས་དབང་གྱུར་སེམས་ཅན་ཇི་སྙེད་ཀུར།། འཁོར་བའི་རིས་ན་སོ་སོའི་རྐྱེན་བཞིན་དུ།། གཙེ་མེད་ལུས་སེམས་རྟག་ཏུ་བདེ་བཞིན་གནས།། ་དགེ་བའི་བཤེས་གཉེན་མཆོག་ཏུ་བསྙེན་གྱུར་ཏེ།། ཆོས་ཉིད་དབྱིངས་ལ་རིག་པའི་བློ་རྫོགས་ཤིང་།། བྱང་ཆུབ་དམ་པའི་སེམས་བསྐྱེད་མཆོག་གྲུབ་སྟེ།། བདེ་གཤེགས་ཡང་དག་ས་ལ ་གནས་པར་སྨོན།། ལུགས་བཞིན་དངོས་བདུན་བདག་གིས་འདིར་སྨྲས་པས།། སྐྱོན་མེད་རྩེ་གཅིག་དམ་པས་རབ་བསྟན་པའི།། བླ་མ་གསུང་གི་ཆ་ཙམ་འོལ་ཕྱོགས་སུ།། ནེ་ཙོ་ཇི་བཞིན ་ཚིག་བཟླས་བརྗོད་མོད་ཀྱིས།། རྒྱལ་བའི་ཡོན་ཏན་ལ་སོགས་དཔག་ཡས་ལ།། བདག་འདྲའི་བློས་དཔགས་ཚིགས་འདི་འཁྲུལ་སྲིད་ཀྱིས།། གང་ནོངས་བླ་མ་ཡོངས་ལ་བཟོད་པར་གསོལ། ་བྱང་ཆུབ་དམ་པའི་རྗེས་སུ་མོས་པའི་སྨོན་ལམ་རྫོགས་སོ།། རྒྱ་གར་སྐད་དུ། ཨ་གྲ་ཙིདྱ་པྲ་ནི་དྷ་ནཱ་ན། མཽང་མང་དུ། མཆོག་གི་སྤྱོད་པའི ་