CLOSE WINDOW

Ty055-007: 'phags pa dga' ba'i bshes gnyen gyi rtogs pa brjod pa zhes bya ba
Wyliee-texts produced with BDRC’s OCR application

བོར་བའི་སྟོན་ཟླ་ཐ་ཆུང་ཡན་ཆད། དཀྲུང་ལོ་སྟོང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་ཙམ་པ་ལགས།། རྒྱ་ཀར་སྐད་དུ། ཨརྱ་ན་ནང་མི་ཏྲ་ཨད་དྷཱར ་ཎམ་ནཱ་མ། དོད་སྐད་དུ། འཕགས་པ་དགའ་བའི་བཤེས་གཉེན་གྱི་རྟོགས་པ་བརྗོད་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚུལ་ལོ།། འདི་སྐད་བདག་ཅག་གིས ་ཐོས་ཏེ། བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་ངརྒྱང་བརྒྱ་ལོན་པར་གྱུར་པ་ན། དེའི་ཚེ་དེའི་དུས་ན་ཡུལ་ཤི་བ་ག་ཞེས་བྱ་བ་ན། གྲོང་ཁྱེར་བྱིན་གྱིས་བརླབས་པ་ཞེས་བྱ་བ་ཡོད་དེ། དེ་ན་རྒྱལ་པོ་རིགས ་བའི་སྡེ་ཞེས་བྱའི་གནས་སོ།། དེའི་ཚེ་རྒྱལ་པོ་རིགས་པའི་སྡེའི་ཡུལ་ན་དགེ་སློང་དགའ་བའི་བཤེས་གཉེན་ཞེས་བྱ་བ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་དང་། མངོན་པར་ཤེས་པ་དྲུག་དང་ལྡན་པ། ་རྫུ་འཕྲུལ་ཆེ་བ། མཐུ་རེ་བ། དཔག་ཚད་བརྒྱ་སྟོང་ཕྲག་དུ་མ་པ་སེམས་ཅན་རྣམས་ལས་ཐ་ན་གྲོག་མ་དང་། ཀུ་ཏ་ཡི་ཡང་སེམས་ཅན་སྤྱོད་པ་ཤེས་པ་ཞིག་གནས་ཏེ། དེ་ཡོངས་སུ་མྱ་ངན་ལས་འདའ་བའི ་བྱུ་བྱ། དུས་ཀྱི་ཚེ། དགེ་སློང་གི་དགེ་འདུན་འདུས་པ་ལས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་བཤད་དེ། འདི་ལྟར་དགེ་སློང་རྣམས་ཐེ་ཙོམ་སྐྱེས་ནས་དྲིས་པ། གནས་བརྟན་ཡུན། ་ཇི་སྙེད་ཅིག་གི་བར་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དམ་པའི་ཆོས་གནས་པར་འགྱུར། དེས་སྨྲས་པ། གཞིན་བཟང་དག་དོགོས་པ་མེད་ཀྱིས་མྱ་ངན་དང་སྨྲེ་སྔགས་མ་འདོན་ཅིག། ཅིའི་ཕྱིར་ཞེ ་ནབཅོམ་ལྡན་འདས་ཡོངས་སུ་མྱ་ངན་འདས་པའི་དུས་ཀྱི་ཚེ། གནས་བརྟན་ཆེན་པོ་བཅུ་དྲུག་གི་ལག་ཏུ་དམ་པའི་ཆོས་གཏད་པར་གྱུར་ཏེ། སྦྱིན་བདག་དང་སྦྱིན་པ་པོའི་སྦྱིན་པ་ཡོངས་སུ་དག་པར ་བྱ་བའི་ཕྱིར་རོ།། དེ་སྐད་ཅེས་སྨྲས་པ་དང་། གནས་བརྟན་དགའ་བའི་བཤེས་གཉེན་ལ། དགེ་སློང་དག་གིས་འདི་སྐད་ཅེས་སྨྲས་སོ།། གནས་བརྟན་བདག་ཅག་གིས་གནས་བརྟ་ནོ་དེ་དག་གི་མཚན་ཡང ་མི་འཚལ་ལོ།། གནས་བརྟན་གྱིས་སྨྲས་པ། ཚེ་དང་ལྡན་པ་དག་གནས་བརྟན་དང་པོའི་མཚན་ནི་བ་ར་དྭ་ཙཱ་བསོད་སྙོམས་ལེན་ཞེས་བྱའོ།། གནས་བརྟན་གཉིས་པའི་མཚན་ནི་གསེར་བུ་ཞེས་བྱའོ།། ་གནས་བརྟན་གསུམ་པའི་མཚན་ནི་བ་ར་དཱ་ཙ་ཞེས་བྱའོ།། གནས་བརྟན་བཞི་པའི་མཚན་ནི་མི་བྱེད་པ་ཞེས་བྱའོ།། གནས་བརྟན་ལྔ་པའི་མཚན་ནི་ཤིང་ཤུན་ཅན་ཞེས་བྱའོ།། གནས་བརྟན ་དྲུག་པའི་མཚན་ནི་བཟང་པོ་ཞེས་བྱའོ།། གནས་བརྟན་བདུན་པའི་མཚན་ནི་ནག་པོ་ཞེས་བྱའོ།། གནས་བརྟན་བརྒྱད་པའི་མཚན་ནི་འད་སའི་བུ་ཞེས་བྱའོ།། གནས་བརྟན་དགུ་པའི་མཚན་ནི་བ་ལང ་སྐྱོང་ཞེས་བྱའོ།། གནས་བརྟན་བཅུ་པའི་མཚན་ནི་ལམ་པ་ཞེས་བྱའོ།། གནས་བརྟན་བཅུ་གཅིག་པའི་མཚན་ནི་སྒྲ་ག་ཅན་འཛིན་ཅེས་བྱའོ།། གནས་བརྟན་བཅུ་གཉིས་པའི་མཚན་ནི་ཀླུའི་སྡེ ་ཞེས་བྱའོ།། གནས་བརྟན་བཅུ་གསུམ་པའི་མཚན་ནི་ཟུར་གྱིས་ཤེས་ཞེས་བྱའོ།། གནས་བརྟན་བཅུ་བཞི་པའི་མཚན་ནི་ནགས་ན་གནས་པ་ཞེས་བྱའོ།། གནས་བརྟན་བཅོ་ལྔ་པའི་མཚན ་ནི་མ་འམ་པ་ཞེས་བྱའོ།། གནས་བརྟན་བཅུ་དྲུག་པའི་མཚན་ནི་གཙུག་གི་ལམ་ཞེས་བྱའོ།། གནས་བརྟན་དེ་དག་ནི་རིག་པ་གསུམ་དང་ལྡན་པ། སྡེ་སྣོད་གསུམ་པ། ཁམས་གསུམ་པའི་འདོད་ཆགས་དང ་བྲལ་བ། རྫུ་འཕྲུལ་གྱི་སྟོབས་ཀྱིས་ཚེ་བྱིན་གྱིས་བརླབས་ཏེ་བསྲུངས་ནས། བཅོམ་ལྡན་འདས་ཀྱིས་བཀའ་གནས་པ་ཡིན་ནོ།། སྦྱིན་པ་པོ་དང་། སྦྱིན་བདག་རྣམས་ཀྱི་སྦྱིན་པ་ཡོངས་སུ་དག་པར་བྱེད་དོ།། དེ་སྐད ་ཅེས་སྨྲས་པ་དང་། དགེ་སློང་རྣམས་ཀྱིས། གནས་བརྟན་དགའ་བའི་བཤེས་གཉེན་ལ་འདི་སྐད་ཅེས་སྨྲས་སོ།། གནས་བརྟན་བདག་དྲུག་གིས་གང་ན་བཞུགས་པའང་མི་འཚལ་ལོ།། གནས་བརྟན་གྱིས ་སྨྲས་པ། ཚེ་དང་ལྡན་པ་གནས་བརྟན་དང་པོ་བ་ར་དཱ་ཙ་བསོད་སྙོམས་ལེན་ཞེས་བྱ་བ་ནི། འཁོར་དགྲ་བཅོམ་པ་སྟོང་དང་ལྷན་ཅིག་ཏུ་བསླང་སྤྱོད་ཀྱི་གླིང་ན་གནས་སོ།། གནས་བརྟན་གསེར་བུ་ཞེས ་བྱ་བ་ནི། འཁོར་དགྲ་བཅོམ་པ་ལྔ་སྟོང་དང་ལྷན་ཅིག་བྱང་ཕྱོགས་ཀྱི་ཁ་ཆེའི་ཡུལ་ན་གནས་སོ།། གནས་བརྟན་པ་ར་དཱ་ཙ་ཞེས་བྱ་བ་ནི། འཁོར་འགྲ་བཅོམ་པ་དྲུག་སྟོང་དང་ལྷན་ཅིག ་ཤར་གྱི་ལུས་འཕགས་ཀྱི་གླིང་ན་གནས་སོ།། གནས་བརྟན་མི་ཕྱེད་པ་ཞེས་བྱ་བ་ནི། འཁོར་དགྲ་བཅོམ་པ་བདུན་སྟོང་དང་ལྷན་ཅིག་འཛམ་བུའི་གླིང་ན ་གནས་སོ།། གནས་བརྟན་ཤིང་ཤུན་ཞེས་བྱ་བ་ནི། འཁོར་དགྲ་བཅོམ་པ་དྲུག་སྟོང་དང་ལྷན་ཅིག་བྱང་གི་སྒྲ་མི་སྙན་གྱི་གླིང་ན་གནས་སོ།། གནས་བརྟན་བཟང་པོ་ཞེས་བྱ་བ་ནི། འཁོར ་དགྲ་བཅོམ་པ་དགུ་སྟོང་དང་ལྷན་ཅིག་ཟངས་གླེང་ན་གནས་སོ།། གནས་བརྟན་དག་པོ་ཞེས་བྱ་བ་ནི། འཁོར་དགྲ་བཅོམ་པ་སྟོང་དང་ལྷན་ཅིག་སིང་གའི་གླིང་ན་གནས་སོ།། གནས་བརྟམ་པ། ་སའི་བུ་ཞེས་བྱ་བ་ནི། འཁོར་དགྲ་བཅོམ་པ་ཁྲི་ཆིག་སྟོང་དང་ལྷན་ཅིག་པ་ནི་སའི་གླིང་ན་གནས་སོ།། གནས་བརྟན་པ་ལང་སྐྱོང་ཞེས་བྱ་བ་ནི། འཁོར་དགྲ་བཅོམ་པ་བརྒྱད་སྟོང་དང་ལྷན་ཅིག་རི་བོ ་སྤོས་ཀྱི་ངད་ལྡན་ན་གནས་སོ།། གནས་བརྟན་ལམ་པ་ཞེས་བྱ་བ་ནི། འཁོར་དགྲ་བཅོམ་པ་སྟོང་ཕྲག་བཅུ་གསུམ་དང་ལྷན་ཅིག་ལྷ་རྣམས་ཀྱི་གནས་སུམ་ཅུ་རྩ་གསུམ་ན་གནས་སོ།། གནས་བརྟན་སྒྲ་གཅན ་འཛིན་ཅེས་བྱ་བ་ནི། འཁོར་དགྲ་བཅོམ་པ་སྟོང་དང་ལྷན་ཅིག་ཏུ་པྲི་ཡཾ་ཀུའི་གླིང་ན་གནས་སོ།། གནས་བརྟན་ཀླུའི་སྡེ་ཞེས་བྱ་བ་ནི། འཁོར་དགྲ་བཅོམ་པ་སྟོང་ཕྲག་བཅུ་གཉིས་དང་ལྷན་ཅིག་རི་སྱ་འོ ་ན་གནས་སོ།། གནས་བརྟམ་ཟུར་གྱིས་ཤེས་ཞེས་བྱ་བ་ནི། འཁོར་དགྲ་བཅོམ་པ་སྟོང་ཕྲག་བཅུ་གསུམ་དང་ལྷན་ཅིག་རིམ་ངོས་ཡངས་ན་གནས་སོ།། གནས་བརྟན་ཆགས་གནས་ཞེས་བྱ་བ་ནི། འཁོར ་དགྲ་བཅོམ་པ་སྟོང་ཕྲག་བཅུ་བཞི་དང་ལྷན་ཅིག་ལུས་འཕགས་ཀྱི་རི་ལ་གནས་སོ།། གནས་བརྟན་མི་ཕམ་པ་ཞེས་བྱ་བ་ནི། འཁོར་དགྲ་བཅོམ་པ་སྟོང་ཕྲག་བཅོ་ལྔ་དང་ལྷན་ཅིག་རྒྱལ་པོའི་ཁབ་བྱ་རྒོད་ཀྱི ་ཕུང་པོའི་རི་ལ་གནས་སོ།། གནས་བརྟན་གཙུག་གི་ལམ་ཞེས་བྱ་བ་ནི། འཁོར་དགྲ་བཅོམ་པ་སྟོང་ཕྲག་བཅུ་དྲུག་དང་ལྷན་ཅིག་རི་བོ་གཉའ་ཤིང་འཛིན་ན་གནས་སོ།། གནས་བརྟན་དེ་དག་གིས་མི་ཤེས་པ ་འམ་མ་མཐོང་བ་འམ། མ་ཐོས་པ་འམ། མངོན་སུམ་དུ་མ་བྱས་པ་ཅུང་ཟད་ཀྱང་མེད་དོ།། དགེ་འདུན་གྱི་བཞེས་པ་འམ། སྤྱན་དྲངས་པ་འམ། བཅོ་ལྔ་སྟོན་ནམ། གཙུག་ལག་ཁང་དབུལ་བ ་འམ། གཎྜཱིའི་རབ་གནས་སམ། གང་ཅུང་ཟད་ཀྱང་མི་ཤེས་པ་མེད་དེ། དེ་དག་ཏུ་གནས་བརྟན་བཅུ་དྲུག་པོ་དེ་དག་དང་། འཁོར་དུ་བཅས་པ་གཞན་དང་གཞན་གྱིས་དེར་བྱོན་ཞིང་གནས་ཏེ། དེ་ལྟར་སྦྱིན་པ ་ཡོངས་སུ་རིག་པར་བྱེད་དེ། མ་འོངས་པ་ན་མཚོན་གྱི་བསྐལ་པ་བྱུང་བ་འདས་ནས། མི་རྣམས་དགེ་བ་བཅུ་དང་ལྡན་པས་ཚེ་སླར་འཕེལ་ཏེ། དེ་ལྟར་ལོ་བརྒྱ་ཐུབ་པ་ནི་སྟོན་པ་ཉན་ཐོས་དེ་དག་ཡང་ཕྱིར་ལ་འཛམ་བུ ་གླིང་དུ་བྱོན་ནས། དམ་པའི་ཆོས་ཡང་དག་པར་སྟོན་པར་བྱེད་ཅིང་རབ་ཏུ་འབྱིན་པར་བྱེད་དེ། དེ་སྲིད་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་དྲུག་བརྒྱ་པར་གྱུར་པ་དེ་སྲིད་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་དམ་པའི་ཆོས ་གནས་པར་འགྱུར་ཏེ། མི་རྣམས་ཀྱི་ཚེ་ལོ་བདུན་བརྒྱ་པར་གྱུར་པ་ན། ཉན་ཐོས་དེ་དག་གིས་སའི་སྟེང་འདི་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པའི་ཚོགས་ཇི་སྙེད་པ་དེ་གཅིག་ཏུ་བསྡུས་ནས་རིན་པོ་ཆེ་སྣ ་ཚོགས་ཀྱི་མཆོད་རྟེན་གཅིག་བྱས་ཏེ། ཀུན་ནས་བསྐོར་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས། འདི་སྐད་ཅེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་འདུད་པས་ཕྱག་འཚལ་ལོ་ཞེས་བརྗོད་དེ་ཕྱག་འཚལ་ནས། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདའ་བའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ།། ་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དེའང་ནུབ་ནས། འོག་གི་གསེར་གྱི་ས་གཞི་གང་ཡིན་པ་དེ་ལ་གནས་སོ།། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟེན་པ་དམ་པའི་ཆོས་ནུབ་པར་གྱུར་ཏོ།། ་དེ་ནས་དེའི་རྗེས་ལ་རང་སངས་རྒྱས་བྱེ་བ་ཕྲག་བདུན་འཇིག་རྟེན་དུ་འབྱུང་ངོ་།། དེ་ནས་མི་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་པར་གྱུར་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་བའི་སངས་རྒྱས་བྱམས་པ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་ངོ་།། དེའི་ཚེ་འཛམ་བུའི་གླིང་ནི་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། མི་དང་། སྐྱེ་བོ་མང་པོས ་ཡོངས་སུ་གང་ཞིང་བྱ་བག་འཕུར་བ་ཙམ་ན། གྲོང་ཁྱེར་དང་། གྲོང་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་ཡོད་པར་འགྱུར་རོ།། ལན་ཅིག་ས་བོན་བཏབ ་བས་ལན་བདུན་གྱི་བར་དུ་འབྲུ་རྣམས་སྐྱེ་བར་འགྱུར་རོ།། དེའི་ཉན་ཐོས་འདུས་པ་ལན་གསུམ་དུ་འགྱུར་ཏེ། འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་འབྱུང་བར་འགྱུར་རོ།། ་འདུས་པ་གཉིས་པ་ལ་ནི་ཉར་ཐོས་བྱེ་བ་ཕྲག་དགུ་བཅུ་རྩ་བཞི་འབྱུང་བར་འགྱུར་རོ།། འདུས་པ་གསུམ་པཱ་ལ་ནི་ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་ཀྱི་འདུས་པ་ཆེན་པོའང་འབྱུང་བར་འགྱུར་རོ།། ་གང་འདི་དག་ནི་སྦྱིན་པ་པོ་དང་། སྦྱིན་བདག་ཡིན་ཏེ། ཡང་དེ་དག་གིས་གཞན་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གསུང་རབ་ལ་སངས་རྒྱས་ལས་དགེ་བའི་རྩ་བ་བསྐྲུན་ཅིང་བྱ་བ་བྱས་པར་གྱུར་པ་ཡིན་ཏེ ་འདི་ལྟ་སྟེ། གསེར་གྱི་རང་བཞིན་དང་། དངུལ་གྱི་རང་བཞིན་དང་། བཻ་ཌཱུཪྻའི་རང་བཞིན་དང་། ཤེལ་གྱི་རང་བཞིན་དང་། རིན་པོ་ཆེའི་རང་བཞིན་དང་། ར་གན་གྱི་རང་བཞིན་དང་། འཁོར་བའི་དངོས ་པོ་དང་། མུ་ཏིག་དང་། ལྕགས་ཀྱི་རང་བཞིན་དང་། ཟངས་ཀྱི་དངོས་པོ་དང་། ཙན་དན་གྱི་དངོས་པོ་དང་། ཨ་ཀ་རུའི་རང་བཞིན་དང་། དུང་གི་རང་བཞིན་དང་། བ་སོའི་རང་བཞིན་དང་། རཱའི ་རང་བཞིན་དང་། རྩཝའི་རང་བཞིན་དང་། སྣ་ཚོགས་ཀྱི་རང་བཞིན་དང་། རུས་པའི་རང་བཞིན་རྣམས་ལས་སྐུ་གཟུགས་སམ། མཆོད་རྟེན་བཞེངས་སུ་གསོལ་ཞིང་། ཐ་ན་སོར་མོ་ཙམ་གྱི་སྐུ་འམ ་མཆོད་རྟེན་བཞེངས་སུ་གསོལ་ཞིང་། དགེ་བའི་རྩ་བ་དེ་དག་ཐམས་ཅད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པའི་གསུང་རབ་ལ་མིའི ་ལུས་ཐོབ་པར་རབ་ཏུ་ཐོབ་ནས། འདུས་པ་དང་པོ་ལ་ནི་དད་པ་དང་ལྡན་པས་ཁྱིམ་ནས་བྱུང་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ། ཆོས་གོས་ནི་བགོས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། སྔོན ་ལམ་ཇི་ལྟ་བ་བཞིན་དུ་ཡོངས་སུ་མྱ་ངན་འདའ་འོ།། ཚེ་དང་ལྡན་པ་དེ་དག་ནི་རེ་ཞིག་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྲུན་པ་ཡིན་ནོ།། ཡང་གང་དག་སྣང་བ་ཆོས་ཀྱི། ་ཕུང་པོ་བརྒྱད་ཁྲི་པོ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཆོས་ཀྱི་བདུད་རྩི་ལ་དགེ་བའི་རྩ་བ་བསྐྱེད་པར་གྱུར་ཅིང་། བསྐྱེད་དུ་བཅུག་ཅིང་བྲིས་པ་དང་། འདྲིར་བཅུག་པ་དང་། བཀླགས་པ ་དང་། ཀློག་ཏུ་བཅུག་པ་དང་། གང་ཞིག་ཐེག་པ་ཆེན་པོའི་མདོ་སྡེ་ཟབ་པར་གྱུར་པ། སྟོང་པ་ཉིད་དང་ལྡན་པོ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དམ་པའི་ཆོས་པདྨ། ་དཀར་པོ་དང་། རྒྱ་ཆེར་རོལ་པ་དང་། གསེར་འོད་དམ་པ་དང་། ཡོན་ཏན་འོད་མཆོག་དང་། སྟོང་པ་ཉིད་ཀྱི་འོད་མཆོག་དང་། ཕྱག་ན་རྡོ་རྗེ་གསང་བ་ལ་སོགས་པ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ ་འཛིན་དང་། ཆོ་འཕྲུལ་ཆེན་པོའི་ཏིང་ངེ་འཛིན་དང་། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་དང་། འཇིགས་པ་ཟླ་བ་སྒྲོན་མའི་ཏིང་ངེ་འཛིན་དང་། དེ་བཞིན་གཤེགས་པའི་མ་ཤེས་ཀྱི་ཏིང ་འཛིར་དང་། གཟི་བརྗིད་ལྡན་པའི་ཏིང་ངེ་འཛིན་དང་། བྱང་ཆུབ་ཀྱི་ཏིང་ངེ་འཛིན་དང་། བྱང་ཆུབ་བསྡུས་པ་དང་། སངས་རྒྱས་ཐམས་ཅད་ཡོངས་སུ་འཛིན་པ་དང་། གླང་པོའི་རྩལ་དང་། སྤྲིན་ཆེན ་དང་། སོར་མོའི་འཕྲེང་བ་དང་། ལངྐར་གཤེགས་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་དང་། ཟླ་བའི་སྙིང་པོ་དང་། ཉི་མའི་སྙིང་པོ་དང་། ནམ་མཁའི་སྙིང་པོ་དང་། སའི་སྐུ ་དང་། བྱམས་པས་ཞུས་པ་དང་། ཚངས་པས་ཞུས་པ་དང་། ལེགས་པའི་འཚམས་ཀྱིས་ཞུས་པ་དང་། དྲུག་ཤུལ་ཅན་གྱིས་ཞུས་པ་དང་། དྲ་བ་ཅན་གྱིས་ཞུས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས། ་ཞུས་པ་དང་། རྒྱས་པས་ཞུས་པ་དང་། བརྒྱ་བྱིན་གྱིས་ཞུས་པ་དང་། ལག་ན་རིན་ཆེན་གྱིས་ཞུས་པ་དང་། མི་འམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པ་དང་། དཔའ་བོའི་ནམ་མཁས་ཞུས་པ་དང་། བུ་མོ ་འོད་དང་བས་ཞུས་པ་དང་། བུ་མོ་རིན་ཆེན་ལྡན་གྱིས་ཞུས་པ་དང་། བུ་མོ་གསེར་གྱི་འོད་མཆོག་གིས་ཞུས་པ་དང་། བང་སའི་རྒྱལ་པོ་འཆར་བྱེད་ཀྱིས་ཞུས་པ་དང་། དབང་ཕྱུག་ཆེན་པོས་ཞུས་པ ་དང་། གཟུགས་ཅན་སྙིང་པོས་ཞུས་པ་དང་། དགེ་བ་བཟང་པོས་གང་གིས་ཞུས་པ་དང་། ལྷའི་བུ་ལེགས་པའི་འཚམས་ཀྱིས་ཞུས་པ་དང་། ལྷའི་བུ་ཙན་དན་གྱིས་ཞུས་པ་དང་། ལྷའི་བུ་རང་གི་རྒྱ ་གྱིས་ཞུས་པ་དང་། ལག་བཟངས་ཀྱིས་ཞུས་པ་དང་། སེང་གེས་ཞུས་པ་དང་། སེང་གེ་རྣམ་པར་རོལ་པས་ཞུས་པ་དང་། དཔའ་སྦྱིན་གྱིས་ཞུས་པ་དང་། གཙུག་ན་རིན་པོ་ཆེས་ཞུས་པ་དང་། ཟུང ་གི་མདོ་དང་། བྱང་ཆུབ་སེམས་དཔའི་ཟློས་གར་དང་། སྟག་རྣའི་རྟོགས་པ་བརྗོད་པ་དང་། ལས་རྣམ་པར་བཤད་པ་དང་། བློ་གྲོས་མི་ཟད་པས་བསྟན་པ་དང་། བློ་གྲོས་རྒྱ་མཚོས་བསྟན་པ་དང་། དྲི། ་མ་མེད་པར་གྲགས་པས་བསྟན་པ་དང་། བདེན་པ་ལ་འཇུག་པ་དང་། མ་སྐྱེས་དགྲ་མི་འགྱུར་བ་དང་། སྲེང་མེད་ཀྱི་འགྱུར་བ་དང་། སྤོང་བར་འགྱུར་བ་དང་། འཛམ་བུ་གླིང་འགྱུར་བ་དང་། འདུས ་པར་འགྱུར་བ་དང་། སངས་རྒྱས་ཀྱི་རྒྱན་དང་། ཐབས་ལ་མཁས་པ་དང་། ལག་ན་ཨུཏྤལ་དང་། སངས་རྒྱས་བཅུ་པ་དང་། ཆོས་བཅུ་པ་དང་། ས་བཅུ་པ་དང་། འོད་དཔག ་མེད་ཀྱི་བཀོད་པ་དང་། བདེ་བ་ཅན་གྱི་བཀོད་པ་དང་། དམ་པའི་ཆོས་ཀྱི་ཡོན་ཏན་བཀོད་པ་དང་། ཚོགས་ཀྱི་བཀོད་པ་དང་། རྣམ་དག་མེ་ཏོག་བསྡུས་པ་དང་། འཇིག་རྟེན་དག་པས་བསྡུས་པ་དང་། བྱང ་ཆུབ་སེམས་དཔའ་དག་པར་བསྡུས་པ་དང་། ཐམས་ཅད་སྟེགས་ལས་བབས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལས་བབས་པ་དང་། རིན་པོ་ཆེའི་ཏོག་དང་། རིན་པོ་ཆེའི་ཕུང་པོ་དང་། རིན ་པོ་ཆེའི་ཟ་མཆོག་དང་། མཛེས་པ་བརྩེགས་པ་དང་། རིན་ཆེར་སྐར་མངའ་དང་། རིན་ཆེན་སྤྲིན་དང་། རིན་ཆེན་ལྟོད་པ་དང་། རིན་ཆེན་གཙུག་དང་། རིན་ཆེན་འབྱུང་གནས་དང་། ཅོད་པན ་དྲ་བ་ཅན་དང་། སྡོང་པོ་བཀོད་པ་དང་། འདི་དག་ལ་སོགས་པ་བྱེ་བ་ཕྲག་བརྒྱ་ནི་ཐེག་པ་ཆེན་པོའི་སྡེ་སྣོད་ཡིན་ནོ།། དེ་བཞིན་དུ་ཉན་ཐོས་ཀྱི་སྡེ་སྣོད་དེ། མངོན་པའི་སྡེ་སྣོད་དང་། འདུལ་བའི། ་སྡེ་སྣོད་དང་། མདོ་སྡེའི་སྡེ་སྣོད་ངོ་།། མདོ་སྡེའི་སྡེ་སྣོད་གང་ཞེ་ན། འདི་ལྟ་སྟེ། ལུང་རིང་པོ་དང་། གཅིག་ལས་འཕྲོས་པའི་ལུང་དང་། ཡང་དག་པར་ལྡན་པའི་ལུང་དང་། ཕྲ་མོའི་ལུང་ད ་དེ་དག་ལ་ནི་མདོ་སྡེའི་སྡེ་སྡོད་ཅེས་བྱའོ།། ཆོས་མངོན་པའི་སྡེ་སྡོང་གང་ཞེ་ན། འདི་ལྟ་སྟེ། དྲི་བ་དྲུག་པ་དང་། ཡང་དག་པར་སྦྱར་བ་བསྡུས་པ་ལ་ནི་མངོན་པའི་སྡེ་སྣོད་ཅེས་བྱའོ།། དེ་ལ ་འདུལ་བའི་སྡེ་སྣོད་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་གི་འདུལ་བ་དང་། དགེ་སློང་མའི་འདུལ་བ་དང་། མ་མོའི་ཕུང་པོ་དང་། འདུལ་བའི་མ་མོའི་སྟེ། ཚེ་དང་ལྡན་པ་དེ་དག་ལ་འདུལ་བའི། ་སྡེ་སྣོད་ཅེས་བྱའོ།། འདི་དག་ནི་སྐྱེས་པའི་རབས་ཏེ། རྟོགས་པར་བརྗོད་པའི་རབས་དང་། རང་སངས་རྒྱས་ཀྱི་རབས་དང་། སངས་རྒྱས་ཀྱིས་གསུངས་པ་དང་། རང་སངས་རྒྱས་ཀྱིས་བསྟན་པ་དང་། བྱ་བ ་ཆུབ་སེམས་དཔས་བསྟན་པ་དང་། ཉན་ཐོས་ཀྱིས་བསྟན་པ་དང་། ལྷས་བསྟན་པ་དང་། འབྱུང་བ་བསྡུས་པ་དང་། ཆོས་ཉེ་བར་བསྡུས་པ་དང་། ཐ་ན་ཚིག་བཞི་པའི་ཚོགས་སུ་བཅད་པ་གཅིག ་གསུངས་པར་གྱུར་པའང་། བཀླགས་པར་གྱུར་པ་དང་། བཟུང་བར་གྱུར་པ་དང་། གླེགས་བམ་བྲིས་པར་གྱུར་པ་དང་། ཆོས་སྨྲ་བ་ལ་མཆོད་པར་གྱུར་པ་དང་། དེ་དག་དང་རང་སངས་རྒྱས ་ལ་མཆོད་པར་གྱུར་པ་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་། སྤོས་དང་། མར་མེ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། གླེགས་བམ་ལ་ཁ་དོག་སྣ་ཚོགས་པའི་གོས་རྣམས ་གཡོགས་ཤིང་དཀྲིས་པ་དང་། གླེགས་ཤིང་མཆོག་བྱས་པར་གྱུར་པ་དང་། གྲོགས་བམ་ཁ་དོག་སྣ་ཚོགས་པས་བྲེགས་བམ་བཅིངས་པར་གྱུར་པས་དགེ་བའི་རྩ་བ་བསྐྱེད་པས་དེ་དག་ཐམས་ཅད་ནི ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱམས་པའི་གསུང་རབ་ལ་མི་ཐོབ་པ་རབ་ཏུ་ཐོབ་ནས་དད་པས་ཁྱིམ་སྤངས་ཏེ། སྐྲ་དང་ཁ་སྤུ་བྲེགས་ནས་ཆོས་གོས་བགོས་ཏེ། ཁྱིམ་ནས་ཁྱིམ་མེད་པར ་འདུས་པ་གཉིས་པ་ལ་རབ་ཏུ་བྱུང་སྟེ། སྨོན་ལམ་ཇི་ལྟ་བ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ།། ཚེ་དང་ལྡན་པ་དེ་དག་ནི་རེ་ཞིག་ཆོས་ལ་དགེ་བའི ་རྩ་བ་བསྐུར་པ་ཡིན་ནོ།། འདི་ལྟར་འདི་དག་སྦྱིན་པ་པོ་དང་། སྦྱིན་བདག་ཡིན་ཏེ། དགེ་འདུན་ལ་དགེ་བའི་རྩ་བ་བསྐྲུན་པ་དང་། བསྐྱེད་དུ་བཅུག་པ་ཡིན་ཏེ། འདི་ལྟར་སྤྱན་འདྲེན་པ་བསྒྲགས་པ་དང ་དགེ་བ་ལ་འཛུད་པ་དང་། བརྒྱད་སྟོན་བྱེད་པ་དང་། གསོ་སྦྱོང་བྱེད་པ་དང་། རབ་ཏུ་མགྲོན་དུ་འབོད་པ་དང་། དགེ་འདུན་ལ་ཆོས་སྟོན་གསོལ་བ་དང་། སྦྱར་འདྲེན་པ་དང་། བློ་འབུར་དུ་འདྲེན་པ་དང་། ་ཟླ་སྟོན་བྱེད་པ་དང་། རྟག་རེ་སྐོར་བྱེད་པ་དང་། ཆོས་སྒྲོགས་པ་སྤྱན་འདྲེན་པ་དང་། ལོ་ལྔ་སྟོན་བྱེད་པ་དང་། གཙུག་ལག་ཁང་འབུལ་བ་དང་། མལ་སྟན་འདིངས་པ་དང་ཆོས་གོས་འདུལ ་བ་དང་། གརྟྟིའི་རབ་གནས་བྱེད་པ་དང་། སྨན་འབུལ་བ་དང་། ཡོ་བྱད་ཕུལ་བས་དགེ་བའི་རྩ་བ་བསྐྱེད་པ་དེ་དག་ཐམས་ཅད་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱམས་པའི་གསུང ་རབ་ལ་མི་ཐོབ་པ་ཐོབ་ནས། འདུས་པ་གསུམ་པ་ལ་དད་པས་ཁྱིམ་སྤངས་ཏེ། སྐྲ་དང་ཁ་སྤུ་ཕྱི་ནས་ཆོས་གོས་བགོས་ཏེ། ཡང་དག་པའི་ངང་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། ་སྨོན་ལམ་ཇི་ལྟ་བ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ།། ཚེ་དང་ལྡན་པ་དེ་དག་ནི་རེ་ཞིག་དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ཡིན་ནོ།། དེ་ནས་གནས་བརྟན་དགའ་བའི ་བ་ཤེས་གཉེན་གྱི་རྣམ་པ་དེ་དག་རྒྱ་ཆེར་བཤད་ནས། ཤིང་ཏ་ལ་བདུན་སྲིད་ཅམ་ནམ་མཁའ་ལ་མངོན་པར་འཕགས་ནས་དགེ་སློང་དེ་དག་གི་མདུན་དུ་རྣམ་པ་སྣ་ཚོགས་པའི་མོ་འཕྲུལ་ཡམ་ཟུག ་དང་ལྡན་པའི་ཆོ་འཕྲུལ་བསྟན་ཏེ། སྟེང་གི་ནམ་མཁའ་ལ་འདུག་ནས། ཚེའི་འདུ་བྱེད་དང་། སྲོག་གི་འདུ་བྱེད་བཏང་སྟེ། ཡོངས་སུ་མྱ་ངན་ལས་འདས་སོ།། དེ་ནས་དགེ་སློང་དེ་དག་གིས་གནས ་བརྟན་དགའ་བའི་བཤེས་གཉེརན་གྱི་ལུས་བསྲེགས་ནས་མཆོད་རྟེན་བྱས་ཏེ། དྲི་དང་། མེ་ཏོག་དང་། སྤོས་དང་། མར་མེ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་མཆོད་པ་བྱས ་སོ།། རྣམ་པ་འདི་དག་འཕགས་པ་ནས་འཕགས་པར་བརྒྱུད་ནས་བཤད་དེ། དེ་ཅིའི་ཕྱིར་ཞེ་ན། སྦྱིན་པ་པོ་དང་། སྦྱིན་བདག་གང་ཡིན་པ་རྣམས་བཅོམ་ལྡན་འདས་ཀྱི་གསུང་རབ་ཡུན་རིང ་དུ་གནས་པར་འགྱུར་རོ་ཞེས་དགའ་བ་རབ་ཏུ་བསྐྱེད་པའི་ཕྱིར། རྟོགས་པ་བརྗོད་པའི་འཕགས་པ་དགའ་བའི་བཤེས་གཉེན་གྱིས་བཤང་ངོ་།། འཕགས་པ་དགའ་བའི་བཤེས་གཉེར་གྱི་རྟོགས་པ ་བརྗོད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་དགེ་སློང་ཨཱ་ཛི་ཏ་ཤཱི་ར་བྷ་ཏྲ་དང་། དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར། རྒྱ་གར་སྐད ་