| Wylie | e-texts produced with BDRC’s OCR application |
ཞུ་ཆེན་གྱི་ལོ་ཙ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པ།། དགྲ་བཅོམ་པ་དགེ་འདུན་འཕེལ་གྱི་ས་ལུང་བསྟན་པ ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱགའི་ཚལ་ལོ།། འདི་སྐད་བདག་གིས་སློབ་དཔོན་གྱིས་བཤད་པ་ཐོས་པ་ན། ཡུལ་འདིའི་གཙུག་ལག་ཁང་བྲུ་ཉ་ཞེས་བྱ་བའི་དགྲ་བཅོམ་པ་དགེ་འདུན་འབྲེལ ་ཞེས་བྱ་བ་གསུམ་རིག་པ། མངོན་པར་ཤེས་པ་ཐོབ་པ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་ཞིག། དུས་གཞན་ཞིག་ན། སློབ་མ་ཞིག་དང་ཐབས་ཅིག་ཏུ་དབྱར་ཟླ་བ་གསུམ་འཇིག་ཚོགས་ཀྱི་རི་ཞེས ་བྱ་བ་ལ་བཞུགས་ཏེ། སློབ་མ་བནྡེ་ཆོས་འདུལ་བ་ལ་སློབ་པ་ཞིག་ལགས་ན། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལོན་པ་དང་། སངས་རྒྱས་ཀྱི་བསྟན་པརྒྱ ་གར་གྱི་ཡུལ་ཀོའུ་ཤམ་བི་ཞེས་བྱ་བར་ནུབ་པར་འགྱུར་རོ་ཞེས་ཐོས་ནས། འདི་སྙམ་དུ་རྒྱ་གར་ཡུལ་གྱི་ཆོས་དེ་ཙམ་ཞིག་ན་ཡུལ་ཀོའུ་ཤམ་བིར་ནུབ་པར་འགྱུར་བ་ལྟ་ཞིག་ན། ལི་ཡུལ་ལ་སོགས་པ ་གཞན་གྱི་ཆོས་ཡུན་ཇི་སྲིད་ཅིག་ཏུ་གནས་པར་འགྱུར། ནམ་འཇིག། རྐྱེན་ནི་གང་གིས་འཇིག་པར་འགྱུར་སྙམ་དུ་ཐེ་ཙོམ་སྐྱེས་སོ།། དེ་ནས་དགྲ་བཅོམ་པ་དེ་ཕྱི་འཕྲེད་ཀྱི་དུས་ཀྱི་ཚེ། ནང་དུ་ཡང་དག་འཇོག་པ་ལས ་བཞེངས་པ་དང་། སློབ་མ་དེས་མཁན་པོའི་ཞབས་ལ་ཡན་ལག་ལྔས་ཕྱག་བརྩལ་ནས། འདི་སྐད་ཅེས་ཐེ་ཙོམ་ཞུས་སོ།། སློབ་དཔོན་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་མེ་ཉིས་སྟོང་ན་འཇིག ་པར་ལུང་བསྟན་ན། ལི་སུལ་འདི་ལ་སོགས་པ་ཡུལ་གཞན་གྱི་བསྟན་པ་ཇི་སྲིད་དུ་གནས་པར་འགྱུར། ནམ་འཇིག། རྐྱེན་གང་གིས་འཇིག་པར་འགྱུར་བ་ལགས།། དེ་ནས་མ་ཁན་པོས་བཀའ་སྩལ་པ། བུ་ཁྱོད ་ཀྱིས་ལི་ཡུལ་ལ་སོགས་པའི་སྐྱེ་བོ་མང་པོའི་དོན་དང་། བདེ་བར་གཤེགས་པའི་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཐེ་ཙོམ་དྲིས་པ་ལེགས་ཀྱིས། ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་དང་། ལི་ཡུལ་ལ ་སོགས་པའི་བསྟན་པ་ཇི་སྲིད་དུ་གནས་པར་འགྱུར། ནམ་འཇིག་པ་དང་། རྐྱེན་གང་གིས་འཇིག་པར་འགྱུར་བས་ངས་སོ་སོར་ལུང་བསྟན་པར་བྱའོ།། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནི། བཅོམ་ལྡན་འདས་སུ ་ངནལས་འདས་ནས་མཐོང་རྫ་བརྒྱ་ལོན་པ་དང་། ཡུལ་སུལ་དུ་དད་པ་མེད་པ་རྣམས་འཐུང་ཆུང་དམ་པའི་ཆོས་འཇིག་ཏུ་རྒོལ་ལོ།། དེའི་ཚེལ་ཡུལ་འདར་དད་པ་མེད་པ་རྒྱམ་པོར་འཐུང་བར་འགྱུར་ད་།། ་ཡུལ་ས་ང་རྒྱལ་པོས་ཕན་ཚུན་ནོད་ཅིང་འཕྲོག་པར་འགྱུར་རོ།། དེ་ཕྱིན་ཆད་ནི་ཡུལ་ཡང་ཅིན་གཅིག་བཞིན་དུ་ཉམས་པར་འགྱུར། གྲོང་དང་གཙུག་ལག་ཁང་ལ་སོགས་པའང་ཕལ་ཆེར་སྤོངས་པར་འགྱུར། ་རྣམས་ཀྱང་ཉིན་གཅིག་བཞིན་དུ་ཕྱིར་ཡང་དཀོན་མཆོག་གསུམ་ལ་དད་པ་བྲི་བར་འགྱུར་རོ།། རྒྱུ་སྐྱེས་ན་དཀོན་མཆོག་གསུམ་དང་། ཆོས་སྨྲ་བ་དང་། བསམ་གཏན་པ་ཀུན་ཀྱང་མཆོད་གནས་སུ་མི་བྱེད་ཅིང་། རྩཝ ་སྟེགས་ཀྱི་རྒྱལ་པོ་དང་། བློན་པོ་དང་། ཡུལ་འཛིན་པ་དང་། ཁྱིམ་བདག་རྣམས་ཀྱང་ཆོས་དང་མི་མཐུན་པའི་ཕྱོགས་འཛུན་ཅིང་དགེ་བ་བཅུའི་ལས་ཀྱི་ལམ་ཡལ་བར་འདོར་འགྱུར་རོ།། ཆོས་དང་འཐུན་པ་མཚན ་པ་དང་། མ་བརྟགས་པ་དང་། བབ་ཅོལ་གྱི་ལོངས་སྤྱོད་ཀྱང་སོགས་པར་བྱེད་པར་འགྱུར་རོ།། དེ་ནས་དེའི་འོག་ཏུ་དགེ་སློང་དག། དགེ་སློང་མ་རྣམས་འཚེ་བའི་ཡོ་བྱད་ཀྱི་ཕྱིར་དབྱེན་སྤྱོ་བར་འགྱུར་ཏེ། ཆོས་འདུལ་བ་ལས ་འབྱུང་བ། དགེ་སྦྱོང་གི་ཚུལ་སྤྱོད་པ་ནི་ཞི་བ་དང་། དུལ་བ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ལ་སོགས་པ་ཡལ་བར་འགྱུར་ཞིང་། ཞིང་དང་། ལྡུམ་ར་དང་། ཙོ་ཚོང་དང་། བསྐྱི་བར་དང་། སློངས་མོ་པ་རྣམས་ཀྱིས། ་འཚེ་བར་བྱེད་དོ།། ཁྱིམ་པས་བསླབ་པར་བྱ་བའི་བཟོ་དང་། ཁྱིམ་གྱི་སོ་ནམ་དང་། འཐབ་རྩོད་དང་། སྒོ་གསོལ་རྔམས་པོ་ཆེའང་བྱེད་པར་འགྱུར། བོ་ཧར་ཡང་འགྲོ་བར་བྱེད། ལས་ཀྱི་གོ་འཕང་དང་། རྩཝ་འཛིང ་ཡང་ཚོལ་བར་བྱེད་པར་འགྱུར་ཏེ། དེའི་ཚེ་ནི་གཙུག་ལག་ཁང་དང་དགོན་པ་ལ་མི་གནས་ཤིང་། བདེ་བར་གཤེགས་པའི་གདམས་ང་གསལ་བར་བོར་ཏེ། ཡང་དང་ཡང་དུ་མཁར་དང ་གྲོང་དང་། ཚོང་དུས་དང་། སྲང་དང་། མདོ་སུམ་ན་གནས་པར་སེམས་དགའ་བར་འགྱུར། བྲན་དང་། བྲན་མོ་དང་། རྐང་འགྲོས་ཀྱང་ཚོལ་བར་བྱེད་དོ།། རྒྱུ་དེས་ན་ཁྱིམ་བདག་དང་། ཡུལ་འཛིན་པ་དང་། ་བློན་པོ་ལ་སོགས་པས་ཀྱང་དེ་དག་ལ་རིམ་གྲོ་མོ་བྱེད་ཅིང་དད་པ་ཕྱིར་ལོག་ནས། དཀོན་མཆོག་གསུམ་དང་། དགེ་འདུན་གྱི་དཀོར་ལའང་འཕྲོག་པར་བྱེད་དོ།། ཁྱིམ་པ་དེ་དག་གིས་ཀྱང་ནོར་རྫས་དེ་དག་ལ་བསྟེན་ཅིང ་སྤྱད་པས་བསོད་ནམས་འབྲི་བར་འགྱུར་རོ།། རྒྱུ་དེས་ནི་ལི་ཡུལ་ལ་སོགས་པར་གནོད་པ་སྣ་ཚོགས་འབྱུང་ཞིང་ལོ་རེ་ཞིང་དམས་པར་འགྱུར་ཏེ་རྩོད་པ་དང་། ནད་དང་། དུས་མ་ཡིན་པའི་ཆར་པ་དང་། རླུང་དང་། ་དགྲ་མང་པོའང་འབྱུང་བར་འགྱུར་རོ།། དུས་མ་ཡིན་པའི་སད་དང་། སྲིན་བུ་དང་། བྱེ་བ་དང་། བྱི་བའང་འབྱུང་བར་འགྱུར་རོ།། དེའི་ཚེ་སེམས་ཅན་རྣམས་ནང་མི་མཐུན་པར་འགྱུར་ཞིང་། དུས་ཚིགས་ཀྱང ་འཆོལ་བར་འགྱུར་ཏེ། དེ་ལྟར་ན་ཡུལ་གང་དང་གང་དུ་ཆོས་ལུགས་ལོག་པ་བྱེད་པ་དེར་ནི་གནོད་པ་དེ་དག་འབྱུང་བར་འགྱུར་རོ།། དེའི་ཚེ་ལི་ཡུལ་ལ་སོགས་པའི་རྒྱལ་པོ་དང་། བློན་པོ་ལ་སོགས་པ་ཡ་རབས་ལས ་ཀྱང་། དཀོན་མཆོག་ལ་སྙིང་ཐག་པ་ནས་དད་པ་འགའ་ཙམ་ལས་མི་འབྱུང་ན། ཕལ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཆུ་དེ་ལྟ་བུས་ན་ལི་ཡུལ་ལ་སོགས་པའི་དཀོན་མཆོག་གསུམ་གྱི་མཆོད་གནས་ཐམས་ཅད་ཀྱི ་ཐམས་ཅད་དུ་སྡིག་མེད་པར་འགྱུར་རོ།། དེ་ནས་ལི་ཡུལ་ལ་སོགས་པར་དགེ་སློང་གི་གནས། སྔོན་རྒྱལ་པོ་ལ་སོགས་པ་དད་པ་ཅན་གྱིས་བྱས་པའང་། བློན་པོ་ལ་སོགས་པ་དང་པ་མེད་པ་རྣམས་ཀྱིས་བཛྲན། ་ཐོགས་སུ་ཐོགས་ནས་བདག་ཉིད་གནས་པར་བྱེད་དོ།། དགེ་སློང་རྣམས་ཀྱང་འཁྱམས་ནས། འཚེ་བ་དང་། ཆོས་གོས་དང་། གནས་ཀྱིས་འཕོངས་པར་འགྱུར་རོ།། བློན་པོ་ལ་སོགས་པ་དེ་དག་གིས་ད། ་སློང་གི་ཞིང་ཆུ་དང་། ལྡུ་མ་ར་ལ་སོགས་པ་ཡོ་བྱད་རྣམས་ཀྱང་བཅན་ཐབས་སུ་འཕྲོག་པར་བྱེད། ལྷ་འབངས་དང་། ནང་གི་གཡོག་རྣམས་ཀྱང་དགེ་སློང་གི་ངག་མི་ཉན་ཅིང་གཉའ་རེངས་སུ་བྱེད་པར་འགྱུར་རོ།། ་དེ་ནས་དགེ་སློང་རྣམས་ཀྱིས་ཀྱང་དེ་ལྟ་བུར་གྱུར་པར་ཤེས་ནས། ཡི་མུག་སྟེ་ལི་ཡུལ་གྱི་དགེ་སློང་རྣམས་ཕན་ཚུན་དུ་གཅིག་ལ་གཅིག་འདི་སྐད་དུ། ཡུ་བུ་ཅག་རྣམས་གཙུག་ལག་ཁང་ཚར་མ་ཞེས་བྱ་བ ་དང་པོ་དང་ཆོས་འབྱུང་བའི་གནས་དེར་འདུའོ་ཞེས་སྦྲན་ནས་གཙུག་ལག་ཁང་དེར་འདུས་ཏེ། དཔྱིད་ཟླ་ཐ་ཆུང་ཚེས་བཅོ་ལྔའི་ནུབ་མོ་གསོ་སྦྱོང་བྱས་ནས། གཅིག་ལ་གཅིག་འདི་སྐད་དུ། ཡུ་བུ་ཅག་རྣམས ་སྔོན་བག་མེད་པར་གྱུར་ནས། མཁས་པ་ཆོས་དང་འཐུན་པ་རྣམས་ལ་དབང་ཟོས་པའི་རྒྱུས། ད་ལྟར་ཁྱིམ་པ་རྣམས་ཀྱིས་ཀྱང་རྩིས་ལའང་མེད་པར་བྱས་ཏེ། ད་ནི་འཚེ་བའང་མི་འབྱོར་ན། ཕྱིན་ཆད ་གང་དུ་འདོང་། ཐབས་ནི་གང་གིས་འཚོ་བར་བྱ་ཞེས་སྨྲས་ཏེ། དེའི་ཚེ་ཐམས་ཅད་ཀྱིས་ཚེ་ངེ་ཆེན་པོ་འདེབས་པར་འགྱུར་རོ།། དེ་ནས་དེའི་བདེ་བར་གཤེགས་པའི་བསྟན་པ་བསྲུང་བའི་ལྷ། བཅོམ་ལྡན ་འདས་ཀྱི་བྱས་པ་གཟོ་བ་ཐམས་ཅད་ཀྱང་གཙུག་ལག་པ་དེ་དུས་ཏེ། གཅིག་ལ་གཅིགཔ་ས་ཞིང་འདིསྐད་དུ། བདེ་བ་གཤེགས་པའི་བསྟན་པན་རིང་པོས་གནས་སོ།། ་ཡུལ་བ་འདིའི་རྨོངས་པར་འགྱུར་རོ་ཞེས་མྱ་ངན་བྱེད་ཅིང་ངུ་བར་འགྱུར་རོ།། དེའི་ཚེ་དགེ་སློང་དེ་དག་འདི་སྙམ་དུ་སུལ་འདིར་ནིའི་ཚོབ་མི་འབྱོར་ན་འད་བོར་ཏེ། སྲུལ་གཞན་དུ་འགྲོ་བར་བྱའོ་སམ་དུ་སེམས་འཇུ ་པར་གྱུར་ནས། གང་དུ་འདོང་བར་བྱ་ཞེས་གྲོས་བྱས་ཏེ། ཡུལ་ཉེ་བ་གཞན་དང་གཞན་ན་ནི་དད་པ་མེད་པ་གང་གིས་གང་། རྒྱ་གར་ཡུལ་དུ་འདོང་དུ་ནི་ལམ་མི་ཐར་པ་ས་བོད་ཀྱི་ཡུལ་ན་དཀོན་མཆོག་གསུམ་ལ་མཆོད་གནས ་སུ་བྱེད་ཅེས་གྲག་པ་དེར་འགྲོ་བར་བྱས་ནས། ཉི་མ་འདི་ལ་འདོང་ངོ་ཞེས་དུས་བཏབ་ནས།། དེའི་ནུབ་མོ་གཙུག་ལག་ཁང་ཚར་མར་ཞག་གོ།། ནམ་ལངས་པ་དང་། བུད་མེད་དད་པ་ཅན་ཞིག་གིས་གདན་ཆུང་ལ་སྤྱན་དྲངས ་ཏེ། དེ་ནས་གཎྜཱི་དེ་བརྡུངས་ནས། དགེ་འདུན་སྤྱིས་གདྲུག་ལག་ཁང་བསྐོར་ཏེ་མཆོད་པ་བྱས་པ་དང་། སངས་རྒྱས་ཀྱི་གཟུགས་བརྙན་གྱི་གདན་ཁྲི་ཞིག་གས་པའི་གསེབ་ནས། སྒྲོམ་བུ་ཐ་རབས་ཅན་ཞིག་སྣང་བར ་འགྱུར་ཏེ། དེ་ནས་སྦོམ་བུ་དེ་བྱེ་བ་དང་། དེའི་ནང་ནས་གསེར་ལས་བྱས་པའི་ཁ་ཟས་སྡེར་ཆ་བདུར་བྱུང་སྟེ། དགེ་སློང་ཀུན་གྱིས་དེ་བླངས་ཏེ། འབྲུར་བསྒྱུར་ནས་དགེ་འདུན་ཀུན་དབྱར་ཟླ་བ་གསུམ་གཙུག་ལག་ཁང ་ཚར་མར་ཚུལ་དུ་འཇུག་པའི་འཚོ་བ་སྦྱར་ནས། ཟོང་ལྷག་མ་ལས་ཡུལ་བྱུང་སྟེ། འགྲོ་བའི་ལམ་བརྒྱགས་དང་ཁུར་ཁལ་སྦྱར་རོ།། དབྱར་ཟླ་བ་གསུམ་འདས་ནས་འདི་སྐད་དུ། ཡུ་བུ་ཅག་རྣམས་བྱིན་གྱིས ་བརླབས་བརྡབས་པའི་སུལ་འདི་བལྟས་ལ་འགྲོ་བར་བྱའོ་ཞེས་སྨྲས་ཏེ་སོང་ནས། འཕགས་པསའི་སེང་པོའི་གནས་གཙུག་ལག་ཁང་ཡེ་ཤེས་རི་ཞེས་བྱ་བའི་དྲུང་དུ་བྱིན་པ་དང་། དེའི་ནི་བྲགུ་ལ་མཆོད། ་རྟེན་གྱི་འོག་ག་ནི་རྙིང་པ་ཞིག་ཡོད་པ་རིབ་པའི་ནང་ནས་གསེར་པོར་ཆེད་པོ་མུ་ཏིག་གིས་གང་བ་ཞིག་བྱུང་བ་དང་། དེའང་བླངས་ཏེ་འབྲུར་བསྒྱུར་ནས། ཕྱོགས་དེར་དཀུན་ཟླ་བ་གསུམ་གནས་པའི་འཚོ་བ་སྐུར་ཏེ། ་དེ་ནས་དཔྱིད་བྱུང་སྟེ་འགྲོ་བའི་དུས་ལ་བབ་ནས་སོང་སྟེ། ཤེས་ཆུ་འོག་མ་རྒལ་བ་དང་། ཡུལ་མི་སྤྱོད་པ་རྣམས་ཀྱིས་ལམ་ཡོགས་སུ་གདུགས་ཚོད་སྦྱར་ནས། ཉི་མ་རེ་རེ་ཞིང་གདྲུག་ལག་ཁང་དག་ཏུ་གདུགས་ཚོད ་གསོལ་བར་འགྱུར་རོ།། དེའི་ཚེ་ཡུལ་མི་སྨད་པ་རྣམས་ཀྱིས་ཀྱང་དགེ་སློང་རྣམས་ཡུལ་བྱུང་སྟེ་འགྲེའོ་ཞེས་ཐོས་ནས། དགེ་འདུན་དེ་དག་གཙུག་ལག་ཁང་ཙོང་ཞེས་བྱ་བར་སྤྱན་དྲངས་ནས་ཞག་བདུན་གྱི་བར་དུ་བཤེ། ་སྦྱོར་བར་འགྱུར་རོ།། དེའི་ཚེ་ལི་སུལ་ན་གནས་པའི་ཀླུ་ཐམས་ཅད་འདི་སྙམ་དུ། བདེ་བར་གཤེགས་པའི་བསྟན་པ་ནི་མིག་མེད་པར་གྱུར་ལ་ཟུག་གོ་སྙམ་དུ་མྱ་ངན་བྱེད་ཅིང་བསྟན་པ་གནས་པར་བྱ་བའི་ཕྱིར་ཆར ་ཆེན་པོ་ཕབ་སྟེ། ཆར་པ་དེས་གདྲུག་ལག་ཁང་ཙོང་ཞེས་བྱ་བའི་ནང་ན་མཆོད་རྟེན་གྱི་གཞི་ཞིག་ཡོད་པ་ནས། གསེར་པོར་གསེར་བྱེས་གང་བཞིག་བྱུང་བ་དང་། དེའང་དགེ་འདུན་གྱིས་བཙོངས་ནས། དཔྱིད་ཀྱི་འཚོ་བའི ་ཡོ་བྱད་རྣམས་སྦྱོར་བར་འགྱུར་རོ།། དེ་ནས་ཡང་ཡུལ་གྱི་སྨད་པ་རྣམས་ཀྱིས་གཙུག་ལག་ཁང་ས་ལའི་ཆ་ལ་ཞེས་བྱ་བར་དགེ་འདུན་རྣམས་སྤྱན་དྲངས་ནས། ཞག་བདུན་གྱི་གདུགས་ཚོད་གསོལ་ནས། ཞག ་བདུན་ལོན་པ་འཛིན་པར་ཡུལ་སྤྱོད་སྲུང་ཀྱི་མི་ཐམས་ཅད་གཙུག་ལག་པང་སན་པ་ནར་འདུས་ནས། དགེ་འདུན་ལ་རྫོངས་དང་བུམ་པལ་འཕྲུལ་ལོ།། དེའི་ཚིམི་གན་ནོན་རྣམས་ནི་བ ་པ་འཛིན་པར་བྱེད། གཞོན་ནུ་རྣམས་ནི་རྒྱངས་ནས་ལྔ་མིང་གད་མེས་འདེབས་པ་དང་འགྲོགས་པར་འགྱུར་རོ།། དེའི་ཚེ་མཁར་དགེ་བ་ཅན་གྱི་ནང་ནས་ཀྱང་མི་རྒན་རྒོམ་ཁ་ཅིག་གོས་གོས་ཁ་དོག་བསྒྱུར་བ་དང ་ལམ་སུ་འཇུག་པའི་ཚེ་བུད་སོ་སོ་ནས་ཟོས་ནས། སོ་སོའི་དགེ་བའི་བཤེས་གཅེན་དགེ་སློང་དེ་དག་གི་མདུན་དུ་ལྤགས་ནས། འཕགས་པ་རྣམས་བཟོད་པར་བཤགས་ཤིག་ཅེས་སྤ་ཞིང་མཆིས་ཏེ་ཕྱག་འཚ ་བར་འགྱུར་རོ།། དེའི་ཚེ་མཆོད་པ་དེ་ནི་དཔེར་ན་ཀུ་ཤའི་གྲོབ་ཁྱེར་གྱི་མི་རྣམས་བཅོམ་ལྡན་འདས་མྱ་ངན་ལས་འདའ་བར་ཤེས་ནས། མྱ་ངན་བྱེད་བཞིན་དུ་མཆོད་པ་དང་འདྲ་བར་ལ་ཡུལ་དུ་དཀོན་མཆོག་གསུམ ་མཆོད་པའི་ཐ་མ་ཡིན་ནོ།། དེའི་འོག་ཏུ་དགེ་སློང་རྣམས་གཙུག་ལག་ཁང་དེ་ནས་བོད་ཡུལ་ངོས་སུ་ཆས་པ་དང་། ལམ་ཀ་ན་མཆོད་རྟེན་རྙིང་པ་ཞིག་གི་དྲུང་དུ། དཔལ་ལྷ་མོ་ཆེན་མོས་དགེ་འདུན་གྱི་ཆེད་དུ་གསེར་གྱི་དོང་། ་ཙ་པུ་རུང་གང་བཞག་པ་རྙེད་ནས། དགེ་འདུན་གྱིས་དེ་བགོས་ཏེ། ལམ་གྱི་ཆ་རྫས་སྦྱོར་བར་འགྱུར་རོ།། དེའི་ཚེ་ལི་ཡུལ་གྱི་མཁར་གཙུག་ལག་ཁང་ཀ་ས་ར་ཞེས་བྱ་བ་ན། རྒྱལ་རིགས་ལས་སྐྱེས་པའི་ཡོན་བདག ་གཅིག་འབྱུང་བར་འགྱུར་ཏེ། ཡོན་བདག་དེས་དགེ་འདུན་རྣམས་ཞག་བདུན་དུ་མཆེད་སྟོན་གསོལ་བར་འགྱུར་རོ།། དེའི་ཚེ་མཆོད་སྟོན་གསོལ་བ་དེ་ནི་ལི་ཡུལ་དུ་དགེ་འདུན་མཆོད་སྟེན་གསོལ་བའི་ཐ་མ་ཡིན་ནོ།། ་ནས་དགེ་སློང་རྣམས་སེ་ཀར་གྱི་ལམ་དུ་ཞུགས་ཏེ་སོང་བ་དང་། དེའི་ཚེ་དགེ་སློང་པོ་སོགསར་བུལ་པ་ཕལ་ཆེར་རང་རང་གི་སློབ་དཔོན་དང་མཁན་པོ་ལ་ཆོས་གོས་ཕུལ་ཏེ། བཟོད་པར་གསོལ་ནས། སྐར་ཡུལ་དུ་འོ།། ་པཔར་འགྱུར་རོ།། དགེ་སློང་པོ་མོ་གསར་བུ་ཁ་ཅིག་ནི་རབ་ཏུ་བྱུང་བའི་དངོས་པོ་མི་གཏོང་ཞིང་། ཕ་མ་ལ་སོགས་པའི་གཅེར་སྐྱེལ་དུ་འོངས་པ་རྣམས་ལ་མྱ་ངན་གྱི་ཆོག་སྨྲ་ཞིང་དུས་ནས། གཉེན་རྣམས་ཕྱིར་ཟློག་སྟེ། ་དགེ་འདུན་དང་ལྷན་ཅིག་ཏུ་མི་དགའ་བའི་ཡིད་ཀྱིས་བྱེར་བྱིན་གྱིས་བརླབས་པའི་ཡུལ་དང་། གཆེན་གྱི་རྗེས་བཞིན་དུ་ལྷ་བཞིན་དུ་མེ་སྐར་གྱི་ལམ་དུ་ཞུགས་ཏེ་འགྲོ་བར་འགྱུར་རོ།། དེ་ལྟར་སོང་བ་དང་། དེའི་ཚེན་མ་ཐོས ་ཀྱི་བུ་དང་། དཔལ་ལྷ་མོ་ཆེན་མོ་གཉིས་མཆོག་ཏུ་སྙིང་རྗེ་སྐྱེས་ཏེ། འབྲོག་མི་ཕོ་སྨོས་ཀྱི་ལུས་སུ་བསྒྱུར་ཏེ། དགེ་འདུན་རྣམས་སྤྱན་དྲངས་ཏེ། ཡུལ་མེ་སྐར་དུ་ཟླ་བ་གསུམ་གྱི་བར་དུ་གདུགས་ཚོད་གསོལ ་ལམ་དུ་འཇུག་པའི་ཡོ་བྱད་ཅི་དགོས་པའང་རྫོང་བར་འགྱུར་རོ།། དེ་ནས་དགེ་སློང་དེ་དག་མདོ་ལོའི་ལམ་དུ་ཞུགས་པ་ནས། རི་དང་ལུང་པའི་སུལ་གཏུགས་ཏེ་སོང་བ་དང་། འབྲོག་དགོན་པར་ལམ་སྟོར་ནས་ངུ་ཞིང ་ཕྱོགས་བཅུའི་སངས་རྒྱས་ཀྱི་མཚན་དང་། ལི་ཡུལ་གྱི་ལྷ་ཐམས་ཅད་ཀྱི་མང་ནས་འབོད་པར་འགྱུར་རོ།། དེའི་ཚེ་རྣམ་ཐོས་ཀྱི་བུ་སྙིང་རྗེ་སྐྱེས་ནས་གསག་དཀར་པོ་སྐལ་པ་དང་སཱལ་ཆུ་ཅན་གཅིག་ཏུ་སྤྲུལ་ནས ་དགེ་སློང་དེ་དག་གི་དྲུང་དུ་འོངས་པ་དང་། དགེ་སློང་རྣམས་ཀྱིས་དེ་མཐོང་ནས་གཡག་འདི་ནི་མིའི་ཁལ་གཡག་གཅིག་ཡིན་ཏེ། འདིའི་ཕྱི་བཞིན་སེང་ན་གདོན་མི་ཟ་བར་མི་རྣམས་དང་ཕྲད་པར་འགྱུར་བས། དེ་ནི་མོ ་འཆིའོ་སྙམ་དུ་ཡིད་སོས་ཏེ། གཡག་དེས་ཀྱང་ལམ་དྲངས་ནས་གསེབ་ལམ་དུ་བྱུང་སྟེ། ཚལ་ཕྱིར་བསྐྱལ་ནས་གཡག་ཉིད་མི་སྣང་བར་གྱུར་ཏོ།། དེའི་ཚེ་དགེ་སློང་རྒན་རྒོན་མང་པོ་ཞེན། ་ནི་ལམ་ཀར་འཆི་བར་འགྱུར་རོ།། དེ་ནས་ཡུལ་ཚལ་བྷིའི་བོད་རྣམས་ཀྱིས་དགེ་སློང་དེ་དག་མཐོང་ནས་བསུ་སྟེ། འཕྲལ་དུ་ཡོ་བྱད་རྣམས་སྦྱར་ནས། བོད་ཡུལ་འདིར་ལི་ཡུལ་གྱི་དགེ་སློང་མང་པོ་ལྷགས་ན ་ཇི་ལྟར་བགྱི་ཞེས་ཕོ་ཉྫར་གཏོང་བར་འགྱུར་རོ།། དེའི་ཚེ་ན་རྒྱ་རྗེའི་བུ་མོ་བྱང་ཆུབ་སེམས་དཔའི་རིགས་ཅན་གཅིག་བཙས་པ་བོད་ཀྱི་རྒྱལ་པོའི་ཁབ་ཏུ་ལེན་ཅིང་བཙུན་མོ་དམ་པ་བྱེད་པར་འགྱུར་ཏེ། ད་ནི་དད་པ། ་ཤིན་ཏུ་ཆེ་བ། སྙིང་རྗེ་དང་ལྡན་པ། སྐད་སྙན་པདེས་པ། བསླབ་པའི་ཡན་ལག་ལྔ་གཟུང་བ་ཞིག་འབྱུང་བར་འགྱུར་རོ།། བཙུན་མོ་དེས་ཉི་འོག་གཞན་ནས་དགེ་སློང་མང་པོ་བོད་ཀྱི་ཡུལ་དུ་ལྷགས་པར ་མཐོང་ནས། སངས་རྒྱས་ཀྱི་བསྟན་པ་ནི་རིང་དུ་མི་གནས་སོ་སྙམ་ནས། མྱ་ངན་ཆེན་པོས་ནོར་ནས། རང་གི་འཁོར་བུད་མེད་ཉིས་བརྒྱ་དང་། སྐྱེས་པ་སུམ་བརྒྱ་དང་། རུ་རུ་མ་དང་། བཟེ་བོ་དང ་གནང་ཆེར་རྣམས་དྲུང་དུ་བོས་ཏེ། ངུས་ནས་འདི་སྐད་ཅེས་བདེ་བར་གཤེགས་པའི་བསྟན་པ་ནི་དེའི་ཚེ་འཇིག་པར་འགྱུར་གྱིས། ཁྱེད་རྣམས་མྱུར་དུ་བསོད་ནམས་མ་བྱས། ཚུལ་ཁྲིམས་མ་སྲུངས ་ན་འབྱིས་པར་འོང་ངོ་ཞེས་སྨྲ་བར་འགྱུར་རོ།། དེ་ནས་བཙུན་མོ་དེས་རྒྱལ་པོ་ལ་འདི་སྐད་དུ་དགེ་འདུན་དེ་རྣམས་བདག་གིས་བཞོན་པ་དང་གོས་ལ་སོགས་པའི་ཡོ་བྱད་སྦྱར་ན་འདིར་སྤྱན་དྲང་བར་ཅིག་ནང་ནས ་གསོལ་པས། རྒྱལ་པོས་ཀྱང་གནང་བར་འགྱུར་ཏེ། ཚུལ་དེ་ལྟ་བུས་དགེ་སློང་དེ་དག་བོང་ཡུལ་དུ་འགྲོ་བར་འགྱུར་རོ།། དེའི་ཚེ་བོད་ཀྱི་རྒྱལ་པོ་དང་། བློན་པོ་རྣམས་ཀྱིས་དགེ་སློང་དེ་དག་མཐོང་ནས ་དད་པ་ཆེན་པོ་སྐྱེ་ཞིང་གཙུག་ལག་ཁང་ཆེན་པོ་བདུན་ཡང་བརྩིགས་པར་འགྱུར་རོ།། དེ་བཞིན་དུ་དགེ་སློང་ཨན་ཙེ་བ་དང་། གུས་ཏིག་པ་དང་། པར་ཝན་པ་དང་། ཤུ་ལིག་པ་རྣམས་ཀྱང་སྡུག་བསྔལ་ཆེན་པོས ་ནོན་ནས་བྲུ་ཤའི་ཡུལ་དུ་འགྲོ་བར་འགྱུར་རོ།། ཐོ་དཀར་ཡུལ་དང་། ཁ་ཆེ་ཡུལ་གྱི་དགེ་སློང་རྣམས་ཀྱང་དད་པ་མེད་པའི་མི་རྣམས་ཀྱིས་གཙེས་ཏེ། མ་གཅགས་ནས་བྲུ་ཤའི་ཡུལ་དུ་འགྲོ་བར་འགྱུར ་དགེ་སློང་དེ་དག་ཐམས་ཅད་ཀྱིས་བྲུ་ཤའི་ཡུལ་དུ་ཕྱིན་ནས། བོད་ཡུལ་ན་གཙུག་ལག་ཁང་མང་པོ་བརྩིགས་པ་དང་། རྒྱལ་མོ་བྱང་ཆུབ་སེམས་དཔའི་ཞིག་གནས་པས། དཀོན་མཆོག་གསུམ་ལ་མན ་དང་། རིམ་གྲོར་བྱེད་པ་ཐོས་ནས་ཡིད་དགའ་སྟེ། ཐམས་ཅད་བོད་ཡུལ་དུ་འགྲོ་བར་འགྱུར་རོ།། བོད་ཡུལ་དུ་ལྷགས་ནས་ལོ་གསུམ་གྱི་བར་དུ་ནི་མཆོད་པ་ཆེན་པོ་ལ་སོགས་པ་སྐྱིད་པ་ཉམས་སུ་མྱོང་བར ་འགྱུར་རོ།། ལོ་གསུམ་ལོན་པ་དང་བོད་ཀྱི་ཡུལ་དུ་བདུད་ཀྱི་རིས་ཀྱི་ལྷ་དང་། ལྷ་མ་ཡིན་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་རྣམས་ཀྱིས་ནང་ཆེན་པོ་འབྲས་དང་། ཕོལ་མིག་དང་། འབྲུམ་བུ་གདུག་པ ་དག་གཏོང་བར་འགྱུར་རོ།། ནད་དེས་ཞང་བློན་དང་དམག་དུ་མ་དག་འཆི་བར་འགྱུར་རོ།། དེའི་ཚེ་རྒྱལ་མོ་དེའི་སྙིང་ཀར་འབྲས་གསུམ་པ་བྱུང་སྟེ། ཤི་ནས་ལྷ་ཡུལ་དུ་སྐྱེ་བར་འགྱུར་རོ།། དེའི་ཚེ་བོད་ཀྱི་ཞང ་བློན་རྣམས་ཁྲོས་འཁྲུགས་ཏེ། འདི་སྐད་ཅེས་བདག་ཅག་གི་ཡུལ་འདི་སྔོན་གྱི་ནོམ་པ་ལས། སྲིས་མི་བཀྲ་མི་ཤེས་པ་འཁྱམས་པ་ཤ་སྟག་འདིར་སྔགས་ནས། དན་མུམ། ་ཡང་འདི་ལྟ་བུར་གནོད་པ་རྣམ་པ་སྣ་ཚོགས་པ་འབྱུང་བར་འགྱུར་གྱིས། རྫས་ལྷག་མ་འདི་རྣམས་ཀྱང་ཡུལ་འདིར་མི་གཞུག་ཅིངས་མཚམས་འདས་ཏེ་བསྐྲད་པར་བྱའོ་ཞེས་གྲོས་བྱས་ནས་དགེ་སློང་གཅིག ་ཀྱང་བོད་ཡུལ་དུ་གནས་སུ་མི་གནང་ངོ་ཞེས་གློ་བུར་དུ་བསྒོ་བར་འགྱུར་རོ།། རྒྱལ་མེ་དེ་ནད་ཀྱིས་ཐེབས་པའི་ཆེ་བདག་ཉིད་མི་འཚོ་བར་ཚོར་ནས་རྒྱལ་པོ་ལ་ཁ་ཆེམས་སུ་བདག་གུམ་ན། བདག་གི་ནོར་རྫས་རིལ ་གྱིས་དགེ་འདུན་ལ་འབུལ་བ་ཅི་གནང་ཞེས་གསོལ་ནས། རྒྱལ་པོས་ཀྱང་གནང་སྟེ། བཙུན་མོའི་རྫས་ཐམས་ཅད་དགེ་འདུན་ལ་འབུལ་ཞིང་། དེས་རྒྱ་གར་གྱི་ཡུལ་གན་དྷ་ར་ཞེས་བྱ་བར་འགྲོ་བའི་རྫས་བྱས ་ནས་འགྲོ་བར་འགྱུར་རོ།། དེའི་ཚེ་བོད་ཀྱི་དགེ་སློང་རྣམས་ཀྱང་ཡི་ཆད་ནས། ཉི་འོག་གི་དགེ་སློང་རྣམས་དང་གྲོས་གཅིག་ཏུ་བྱས་ནས་ལྷན་ཅིག་ཏུ་འགྲོ་བར་འགྱུར་རོ།། སྐྱེ་བོ་དང་རྩོད་པའི་དུས་དེའི་ཚེ་རྒྱ་ཡུལ་གྱི ་དགེ་སློང་རྣམས་ཀྱང་ཤིན་ཏུ་སྡུག་བསྔལ་བས་གཟིར་ནས་ཡུལ་གན་དྷ་རར་འགྲོ་བར་འགྱུར་རོ།། དེ་ལྟར་དོང་བ་དང་དགེ་སློང་དེ་དག་ཐམས་ཅད་ཡུལ་གན་དྷ་ར་བར་འགྲོ་བའི་ལམ་ཀར་ཕྲད་པར་འགྱུར་རོ།། དེའི ་ཚེ་བོད་ཀྱི་དམག་གིས་རྗེས་བཞིན་བསྙགས་ནས། ལམ་ཀར་བྲན་གཡོག་དང་ནོར་ཕྲུགས་དག་ཕྲོགས་ཏེ། དགེ་སློང་དག་ཀྱང་གསོད་པར་འགྱུར་རོ།། དེ་ལྟར་དགེ་སློང་དག་བོད་ཀྱི་དམག་གིས་བདས་ནས། ཀླུའི ་རྒྱལ་པོ་མེ་ལའི་འདབ་ཀྱི་གནས་དྲུང་དུ་ཕྱིན་པ་དང་། ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཀྱིས་མི་རྒན་ཞིག་གི་གཟུགས་སུ་བསྒྱུར་ཏེ། དགེ་འདུན་གྱི་མདུན་དུ་འོངས་ནས་ཕྱག་བཅུལ་ཏེ། སྐྱེས་བུ་དམ་པ་ཁྱེད ་རྣམ་པ་ཀར་གཤེགས་ཞེས་དྲིས་པ་དང་། དགེ་སློང་རྣམས་ཀྱིས་འདི་སྐད་དུ་བདག་ཅག་གི་ཡུལ་ན་དུད་པ་མེད་པ་ཤ་སྟག་གིས་ཤིང་བས། འཚོ་བའི་ཡོ་བྱད་ལ་སོགས་པས་འཕོངས་ཏེ། ད་ཡུལ་གན་དྷ་ར་རལ ་བའི་ཡོ་བྱད་ཙམ་ཞིག་ཅི་རྙེད་སྙམ་ནས་ལྷགས་སོ།། དེ་ནས་དེའི་ཚེ་ཀླུའི་རྒྱལ་པོ་དེ་བདེ་བར་གཤེགས་པའི་བསྟན་པ་འཇིག་པའི་མཚན་མ་རྟོགས་ནས། མཆི་མ་ཁྲག་ཏུ་འཛག་ཅིང་ངུས་ནས། དགེ་འདུན ་རྣམས་ལ་ཡུལ་དེར་གཤེགས་ན་ཤུལ་བརྒྱགས་ཇི་ཙམ་མངའ་ཞེས་མ་རྨེད་པར་འགྱུར་རོ།། དགེ་འདུན་ཀུན་གྱིས་ཀྱང་ཞིབ་ཏུ་བརྩིས་ན། ཞག་བཅོ་ལྔའི་བརྒྱགས་ཡོད་དོ་ཞེས་སྨྲ་བར་འགྱུར་རོ།། ཀླུའི ་རྒྱལ་པོས་འདི་སྐད་དུ་འདི་ནས་ཡུལ་གན་དྷ་རར། མཚོ་འདིའི་གཡས་གཡོན་དུ་བསྐོར་ན་ཞག་བཞི་བཅུ་རྩ་ལྔའི་ཤུལ་མཆིས་ན། རྒུན་བཅོ་ལྔའི་བརྒྱགས་ཀྱིས་འཚལ་ལམ། གཞན་ཡང་ཤུལ་ཀ་ན་ལ་ཀ ་མཐོན་པོ་དང་། ནགས་ཚ་ལ་སྟུག་པོ་དང་། གཅན་གཟན་གདུག་པོ་དང་། སྦྲུལ་གདུག་པོ་དང་། སྡིག་སྦྲུལ་ལ་སོགས་པ་དང་། ཆོམ་རྐུན་པའང་མཆིས་པས། ཕྱིན་ཚུར་ཡང་དམག་གིས་བསྙེགས་པ་དང ་མཚོ་འདིའི་ནང་ནའང་བདག་གི་འཁོར་གཏུམ་པོ་དད་པ་མ་མཆིས་པས། བདག་གོས་ཕྱིར་བཟློག་པར་མི་ནུས་ཏེ། མི་དེའི་ཤུལ་དུ་བཞུད་པར་མི་དག་ལ་ནིང་མཚས་སོ།། དེའི་ཚེ་དགེ་སློང་པོ་མོ་མང་པོ་དག་ཐམས་ཅད ་འདི་སྙམ་དུ་བདག་ཅག་རྣམས་འཆི་བའི་དུས་ལ་དབབ་པ་འདྲ་སྙམ་ནས་ངུ་ཞིང་མྱ་ངན་བྱེད་པར་འགྱུར་རོ།། དེའི་ཚེ་ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཀྱིས་དགེ་འདུན་གྱི་མདུན་དུ་པུས་མོ ་བཙུགས་ནས། དགེ་འདུན་མ་བཤུམས་ཤིག། བདག་གིས་དགེ་འདུན་རྣམས་ཀྱི་སླད་དུ་སྲོག་ཡོངས་སུ་གཏང་ཞིང་བདག་ཉིད་ཀྱི་ལུས་མཚོ་འདིའི་སྟེང་དུ་ཟམ་པར་བགྱིད་ལགས་སོ།། བདག་གིས་སྔོན་བདེ་བར ་གཤེགས་པའི་བསྟན་པ་ཐོག་མར་ལེགས་པར་མ་བསྲུངས་པའི་ཆད་པར་སྲོག་གིས་བགོད་པ་ཞིག་གཅོད་པར་འཚལ་ལོ་ཞེས་སྨྲ་བར་འགྱུར་རོ།། དེ་ནས་ཀླུའི་རྒྱལ་པོ་དེས་རང་གི་ལུས་སྦྲུལ་ཆེན་པོ་ཞིག་གི་གཟུགས ་སུ་བསྒྱུར་ནས། བོད་ཡུལ་ངོས་ཀྱི་རིའི་རྩེ་མོ་ལ་ནི་མགོས་འཁྱུད། ཡུལ་གན་དྷ་རའི་རྩེ་མོ་ལ་ནི་མཇུག་མས་འཁྱུད་དེ་ལུས་ཀྱི་ཞེང་དུ་ནི་ཤིང་རྟ་ལྔའི་ཁྱོན་ཙམ་གྱི་ཟམ་པར་བཏགས་སོ།། དེའི་ཚེ་དགེ་སློང་དེ་དག་གིས ་སྦྲུལ་ཆེན་པོ་དེའི་གཟུགས་དེ་མཐོང་ནས། སྔངས་སྐྲག་སྟེ་ཕྱོགས་སུ་འབྱེར་བར་འགྱུར་རོ།། དེ་ནས་ཀླུའི་རྒྱལ་པོ་དེས་མིའི་སྐད་ཕྱུང་སྟེ། དགེ་འདུན་དག་མ་སྤུངས་ཤིག། བདག་གི་ལུས་འདི་ཁྱེད་ཀྱི་སླད་དུ་ཟས ་བ་བཏགས་པ་ལགས་ཀྱིས། མ་བསྙེངས་པར་རྗེ་དགྲས་ཆོམས་སུ་དོགས་པ་ནི་འབངས་དང་། ཕྱག་རྗེད་དང་། ཁུར་རྣམས་སྔོན་ལ་དགྱེར་དུ་གསོལ། དེའི་འོག་དགེ་འདུན་གཞོན་རིམས་གཤེགས་སུ་གསོལ། ་བགྲེས་པོ་རྣམས་ནི་ནང་གིས་སླད་ཀྱིས་གཤེགས་སུ་གསོལ་ཞེས་སྨྲ་བར་འགྱུར་རོ།། དེའི་ཚེ་ཀླུའི་རྒྱལ་པོ་དེའི་རྒྱབ་ཀྱི་པགས་པ་ཕྱུགས་ཀྱི་རྨིག་པ་དང་མོའི་རྐང་པས་བཤུས་ཏེ་རྨ་ཆེན་པོ་ཕྱུང་སྟེ། མཚོའི ་ནང་དུ་ནག་ཟག་ཀྱང་འཛག་པར་འགྱུར་རོ།། མི་ཕྲུགས་པ་ལ་ཡང་མཚོའི་ནང་དུ་ལྷུང་ཞིང་འཆི་བར་འགྱུར་རོ།། ཐ་མར་དགེ་འདུན་རྒན་རབས་རྒལ་བའོ་འོག་ཏུ་ཀླུའི་རྒྱལ་པོ་ཉིད་ཀྱང་འཆི་བར་འགྱུར་ཏེ། མཚོ། ་དེའང་སྐམས་པར་འགྱུར་ཏེ། མཚོ་བསྐམས་པའི་ནང་དུ་ཀླུའི་རྒྱལ་པོ་ཤི་བའི་རུས་པ་འདི་ལྟ་བུར་འདུག་པར་འགྱུར་རོ།། མ་འོངས་པའི་དུས་ན་སངས་རྒྱས་བྱམས་པ་འཁོར་ལྔ་བརྒྱ་དང་ཐབས་ཅིག་ཏུ། ་ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཀྱི་རུས་པའི་དྲུང་དུ་གཤེགས་ཏེ། ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཀྱི་སྐྱེས་པའི་རིབས་བརྗོད་པས། བྱམས་པའི་འཁོར་དགེ་སློང་ལྔ་བརྒྱ་པོ་དེ་དག་ཐམས་ཅད་ཀྱིས་དགྲ་བཅོམ་པའི ་འབྲས་བུ་ཐོབ་པར་འགྱུར་རོ།། དེ་ནས་དགེ་སློང་དེ་དག་ཡུལ་གན་དྷ་རར་ཕྱིན་ནས། ལོ་གསུམ་པའི་ཚེ་ཡུལ་དེའི་རྒྱལ་པོ་དད་པ་ཅན་ཞིག་ཡོད་པ་འཆི་བར་འགྱུར་རོ།། རྒྱལ་པོ་དེ་ཤི་བིའི་འོག་ཏུ་རྒྱལ་པོ་དེའི་བུ་དད་པ ་ཅན་ཞིག་དང་། དད་པ་མེད་པ་ཞིག་རྒྱལ་སྲིད་ལ་རྩོད་ནས་དམག་གིས་གཡུལ་བཀྱེ་ནས། ཕྱོགས་གཉིས་སུ་འཆད་པར་འགྱུར་རོ།། དེའི་ཚེ་ན་དགེ་སློང་དེ་དག་གི་ནང་ནས་དགེ་སློང་དཔའ་བ། རྟུལ་ཕོད་པ། ཚམ ་མེད་པ་སྟོང་ཞིག་ཡོད་པས་རྒྱལ་བུ་དད་པ་མེད་པ་དེ་དམག་གིས་བསྟབ་སྟེ་ཕམ་པར་བྱས་ནས། རྒྱལ་བུ་དད་པ་ཅན་དེ་ལ་རྒྱལ་སྲིད་འབུལ་བར་འགྱུར་རོ།། རྒྱལ་བུ་དད་པ་ཅན་དེ་ཟླ་བ་ལྔ་རྒྱལ་པོ་བྱས་ནས་ཡང་དགེ་སློང་སྟོང ་པོ་དེ་དག་བསད་ནས། དགེ་སློང་གཅིག་རྒྱལ་པོར་བཅུག་སྟེ། ལོ་གཉིས་ཀྱི་བར་དུ་རྒྱལ་པོ་བྱེད་པར་འགྱུར་རོ།། དེའི་ཡུལ་གན་དྷ་རའི་བློན་པོ་དང་། ཡུལ་མི་ཐམས་ཅད་འདུས་ཏེ་གསངས་ནས། ཅིའི་ཕྱིར་ཉི་འོག་གི་མི ་། བདག་ཅག་གི་ཡུལ་སྟོངས་པར་འབྲོས། ངན་པ་འདི་བདག་ཅག་རྒྱལ་པོ་ཞེས་གྲོས་བྱས་ནས་འཕྲལ་དམག་དྲངས་ཏེ་རྒྱལ་པོ་ཞེས་གྲོས་བྱས་ནས་འཕྲལ་དམག་དྲངས་ཏེ་རྒྱལ་པོ་གཏུབ་པ་ར། ་འགྱུར་རོ།། དེའི་ཚེ་ཡུལ་ན་གནས་པའི་དགེ་སློང་ཐམས་ཅད་མཐོང་དགུ་བསད་དེ། དགེ་སློང་གང་ཞིག་ཡུལ་དབུས་སུ་བྲོས་ཏེ་ཐར་པ་དེ་འབའ་ཞིག་གསོན་པར་འགྱུར་རོ།། དེའི་འོག་ཏུ་ཡུལ་དབུས་མ་གཏོགས་པར་འཇམ ་བུའི་གླིང་འད་ནི། རྒྱལ་པོ་དད་པ་མེད་པ་གསུམ་འབྱུང་བར་འགྱུར་ཏེ། གཅིག་ནི་སོགས་པ་མང་པོ་ཞིག་གིས་རྒྱལ་པོ་ནི་སྟག་གཟིག་གི་རྒྱལ་པོ་བྱེད་པར་འགྱུར་རོ།། དྲུ་ཀུ་རུ་སྣ་ཚོགས་སུ་མིའི་རྒྱལ་པོ་ནི་དུ་གུ་བྱེད་པར ་འགྱུར་རོ།། གཞན་མང་པོ་ཞིག་གིས་རྒྱལ་པོ་ནི་བོད་ཀྱི་རྒྱལ་པོ་བྱེད་པར་འགྱུར་ཏེ། རྒྱལ་པོ་དེ་གསུམ་ཀའང་སེམས་འཐུན་པར་འགྱུར་རོ།། རྒྱལ་པོ་གསུམ་ལ་དམག་དཔའ་བ། རྟུལ་ཕོད་པ་སུམ་འབུམ་ཞིག་ཡོད་པས། ་ཡུལ་དབུས་མ་གཏོགས་པ་གཞན་ཡང་དག་པའི་ལྟ་བ་འཛིན་པའི་ཡུལ་ཐམས་ཅད་བཅོམ་ནས་མི་མང་པོ་ཁ་བཏགས་ནས། གྲོང་ལ་ལའང་སྟོངས་པར་འགྱུར་རོ།། དེ་ནས་རྒྱལ་པོ་དེ་གསུམ་འདུས་ནས་ཡུལ་དབུས་སུ་དམ། ་དྲང་ཞེས་གྲོས་བྱེད་པར་འགྱུར་རོ།། དེའི་ཚེ་ན་ཡུལ་དབུས་ཀོའུ་ཤམ་བི་ཞེས་བྱ་བ་ན། རྒྱལ་པོ་བཟོད་དཀའ་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། དེ་བཅས་པའི་ཚེ་ན་ཁྲག་གི་ཆར་པའང་བབ། ལག་པ་གཉིས་ཀྱང ་གྲུ་མོ་མན་ཆད་ཁྲག་གིས་བསྐུས་པ་ལྟ་བུར་དམར་བ་ཞིག་ཡིན་ནོ།། དེའི་བློན་པོ་ཡན་ལག་མཆོག་དང་ལྡན་པ་ལྔ་བརྒྱ་དང་། དམག་མི་གཡུལ་ངོར་དཔའ་བ་ཉིས་འབུམ་འབྱུང་བར་འགྱུར་རོ།། དེའི་ཚེ་སྟག་གཟིག་གི་རྒྱལ ་བོ་ལ་སོགས་པ་གསུམ་ཡུལ་དབུས་ཀོ་ཤམྦིར་སོང་སོང་ནས་རྒྱལ་པོ་བཟོད་དཀའ་ཚོལ་བར་བྱེད་དོ།། དེ་ནས་རྒྱལ་པོ་བཟོད་དཀའ་དེ་སྐད་ཐོས་ནས་དམག་དང་ཆས་ཏེ། རྒྱལ་པོ་དེ་དག་གི་མདུར་དུ་བསྒུགས་ནས། ཟླ་བ ་གསུམ་གྱི་བར་དུ་རྒྱུན་དུ་གཡུལ་ཆེན་པོ་སྤྲད་པ་དང་། རྒྱལ་པོ་དད་པ་མེད་པ་དེ་གསུམ་དམག་དང་བཅས་ཏེ་གཏན་མེད་པར་རླག་པར་འགྱུར་རོ།། རྒྱལ་པོ་བཟོད་དཀའ་དམག་དང་བཅས་པ་སླར་ཡུལ་འཁོར་ནས་རྒྱལ་པོ་དེ་འདི ་སྙམ་དུ་བདག་གིས་མི་མང་པོ་ཁ་བཏགས་ན། བདག་གི་འགྲོ་བ་ནི་ཇི་ལྟ་བུ་ཞིག་ཏུ་སྐྱེ་བར་འགྱུར། ནམ་ཞིག་ངན་སོང་གསུམ་ལས་ཐར་པར་མི་འགྱུར་སྙམ་དུ་འགྱོད་པ་སྐྱེ་བར་འགྱུར་རོ།། དེ་ནས་རྒྱལ་པོ་དེ་ལ། བློན་པོ ་རྣམས་ཀྱིས་གསོལ་པ། མ་བསྙེངས་པར་དམར་བུ་ཅན་གྱི་ཡུལ་དགེ་སློང་ཤིར་ཤ་ཀ་ཞེས་བགྱི་བ་སྡེ་སྣོད་གསུམ་ལ་མཁས་པ་ཞིག་བཞུགས་པ་དེ་སྤྱན་དྲོངས་དང་། དེས་ལྔ་ཁྱོད་ཀྱི་ལས་ངན་པ་དེ་བཤགས་པར་འགྱུར ་རོ་ཞེས་སྨྲ་བར་འགྱུར་ལ། རྒྱལ་པོས་ཀྱང་དགེ་སློང་དེ་སྤུན་དྲངས་ནས། དེའི་མདུན་དུ་ལས་ངན་པ་ཇི་ལྟར་བྱས་པ་ཐམས་ཅད་ལོ་རྒྱུས་སྨྲ་བར་འགྱུར་རོ།། དགེ་སློང་དེས་ཀྱང་འདི་སྐད་དུ། རྒྱལ་པོ་ཁྱོད་ཀྱིས་ཤིན་ཏུ་མ ་ལེགས་པ་བྱས་ཀྱིས། ཆེ་ཐང་དུ་འགྱོད་ལ། འཛམ་བུ་གླིང་གི་དགེ་སློང་ཐམས་ཅད་འདིར་སྤུན་དྲངས་ལ། རྟག་ཏུ་ཡོ་བྱད་ལྔ་ཕུལ་ཏེ་སྐྱབས་སུ་འགྲོ་བ་དང་། ཉིན་གཅིག་བཞིན་དུ་དགེ་འདུན་གྱི་མདུན་དུ་སྡིག་པ་བཤག ་ཤིག། ཁྱོད་ཀྱིས་མི་མང་པོ་ཁ་བཏགས་པའི་ལས་བསྲབས་པར་འགྱུར་རོ་ཞེས་སྨྲ་བར་འགྱུར་རོ།། དེ་ནས་དེའི་ཚེ་རྒྱལ་པོ་དེ་ཡུལ་ཡུལ་དུ་དགེ་སློང་རྣམས་སྤྱན་འདྲེན་པ་གཏོང་བར་འགྱུར་རོ།། དགེ་སློང་རྣམས་ཀྱིས ་ཀྱང་ཡུལ་ཀཽ་ཤམྦི་ཞེས་བྱ་བ་ན་རྒྱལ་པོ་བཟོད་དཀའ་ཞེས་བྱ་བ་དགེ་འདུན་ལ་ཡོ་བྱད་འབུལ་བ་ཞིག་ཡོད་དོ་ཞེས་ཐོས་ནས་ཡི་རངས་ཏེ། ཡུལ་ཀཽ་ཤམྦི་ཞེས་བྱ་བར་འགྲོ་བར་འགྱུར་རོ།། ་དེའི་ཚེ་ཡུལ་ཀཽ་ཤམྦིར་དགེ་སློང་འབུམ་འདུས་པར་འགྱུར་རོ།། དེ་ནས་ཆེས་བཅོ་ལྔའི་ནུབ་མོ་དགེ་སློང་རྣམས་གསོ་སྦྱོང་ལ་འདུས་ཏེ། དགེ་སློང་ཤིར་ཤ་ཀ་བོས་ནས་ཁྱོད་ཀྱིས་སོ་སོར་ཐར་པའི་མདོ་ཟོན་ཅིག ་ཅེས་སྨྲ་བར་འགྱུར་རོ།། དགེ་སློང་ཤརི་ཤ་ཀས་ཀྱང་སླར་འདི་སྐད་དུ་ཁྱེད་རྣམས་ལ་སོ་སོར་ཐར་པས་ཅི་ཞིག་བྱ། མི་སྣ་དང་རྣ་བ་བཅད་པ་ལ་མེ་ལོང་གིས་ཅི་ཞིག་བྱ་ཞེས་སྨྲ་བར་འགྱུར་རོ།། དེ་ནས་དེའི་ཚེ་དགེ་སློང་དེ། ་དག་གི་ནང་ནས་དགྲ་བཅོམ་པ་སུ་ར་ཏ་ཞེས་བྱ་བ་ལངས་ནས་སེང་གེ་ལྟ་བུའི་སྐད་ཀྱིས་དགེ་སློང་ཤིར་ཤ་ཀ་ལ་འདི་སྐད་ཅེས། ཁྱོད་ཅིའི་ཕྱིར་དེ་སྐད་ཅེས་སྨྲ། ཁོ་བོ་ནི་བདེ་བར་གཤེགས་པས་བཀའ་སྩལ་པ ་བཞིན་དུ་བསླབ་པ་གཅིག་ཀྱང་མ་ཉམས་སོ་ཞེས་སྨྲས་པ་དང་། དགེ་སློང་ཤ་རི་ཤ་ཀ་ཤིན་ཏུ་སྐྱེངས་པར་གྱུར་ཏོ།། དེ་ནས་དགེ་སློང་ཤིར་ཤ་ཀའི་སློབ་མ་ཨེ་ཀན་བི་ཞེས་བྱ་བས་དགྲ་བཅོམ་པ་དེ་ལ་འདི་སྐད་དུ། ཁྱེད ་ཅིའི་ཕྱིར་ངའི་སློབ་དཔོན་ལ་མི་མང་སར་དེ་སྐད་སྤ་ཞེས་ཁྲོས་ནས། ལག་པ་གཉིས་ཀྱིས་སྒོ་གཏན་བླངས་ནས། དགྲ་བཅོམ་པ་དེ་གསོད་པར་འགྱུར་རོ།། དེ་ནས་དགྲ་བཅོམ་པ་དེའི་སློབ་མ་དགེ་སློང་ཀ་ར་ཏ་ཞེས ་བྱ་བ་ལའང་རང་གི་སློབ་དཔོན་བསད་པར་མཐོང་ནས་ཤིན་ཏུ་ཁྲོས་ཏེ་དབྱུག་པ་བླངས་ནས། དགེ་སློང་ཤིར་ཤ་ཀ་གསོད་པར་འགྱུར་རོ།། དེའི་ཚེ་དགེ་སློང་དག་རིལ་གྱིས་ཁྲོས་ནས་ཕྱོགས་གཉིས་སུ་ཆད་དེ། ་གཅིག་གིས་གཅིག་གསོད་པར་འགྱུར་རོ།། དེའི་ཚེ་གནས་གཞན་སུམ་ཅུ་རྩ་གསུམ་གྱི་ལྷ་ཐམས་ཅད་དེར་ལྷགས་ཏེ། དགེ་སློང་ཤི་བའི་རོ་དེ་དག་མཐོང་ནས། དྲུང་མོས་འདེབས་ཤིང་མཆོད་པ་བྱེད་པར་འགྱུར། ་རོ།། དགེ་སློང་དེ་དག་གོས་ཁ་དོག་བསྒྱུར་བ་དང་། སྐྲ་དང་སེན་མོའང་ལྷའི་གནས་སུ་ཁྱེར་བར་འགྱུར་རོ།། དེའི་ཚེ་ཡུལ་དེར་རླུང་དམར་ནག་པོ་དང་སེར་པོ་འདྲེས་པར་ལྡང་ཞིང་། དུས་དུས་སུ་མེའི་ཆར་པ་འབབ་པ་དང་། ་ས་གཡོ་བ་དང་། འུར་སྨ་དང་། ཏུ་གེ་ཚོམ་དག་ཀྱང་འབྱུང་བར་འགྱུར་རོ།། དེ་ནས་རྒྱལ་པོ་དེས་སྐྱ་རེངས་ཤར་བའི་ཚེ་འདི་སྐད་དུ། དགེ་སློང་ཐམས་ཅད་ཁ་བཏགས་པ་མཐོང་ནས། མྱ་ངན་གྱིས་གདུངས་པའི ་རྒྱུས། མིག་རེས་འགའ་ནི་མཐོང་། རེས་འགའ་ནི་མོ་མཐོང་བར་གྱུར་པ་བཞིན་དུ། མོད་ལ་གཙུག་ལག་ཁང་དུ་བརྒྱུགས་ནས་ཆོ་ངེས་བཏབ་སྟེ། དགྲ་བཅོམ་པ་དང་དགེ་སློང་སྡེ་སྣོད་གསུམ་པའི་མིང་ནས ་འབོད་ཅིང་། དེ་གཉིས་ཀྱི་རོ་ཕང་གིས་འཁྱུད་དེ་འདི་སྐད་དུ། ཀྱེ་སྡེ་སྣོད་གསུམ་པ་ཁྱོད་ནི་བདེ་བར་གཤེགས་པའི་དམ་པའི་ཆོས་ཀྱི་མཛོད་འཛིན་པ་ལགས། ཀྱེ་དགྲ་བཅོམ་པ་ཁྱོད་ནི་བདེ་བར་གཤེགས་པའི ་བསླབ་པའི་གཞི་འཛིན་པ་ལགས་ན། ད་ཁྱོད་གཉིས་ནོངས་པས་འཇིག་རྟེན་འདི་སྟོངས་པར་གྱུར་ཏོ་ཞེས་སྨྲ་བར་ཡང་འགྱུར་རོ།། དམ་པའི་ཆོས་ནུབ་པའི་ནུབ་མོ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱང་ལྷ་མ ་སྲིན་གྱིས་འཕམ་པར་བྱས་ནས་འབྲོས་པར་འགྱུར་རོ།། དེ་ཉིད་ཀྱི་ནུབ་མོ་ལྷ་རྟག་ཏུ་མྱོས་པའི་ནང་ནས་ལྷ་འདི་ནི་ཞེས་བྱ་བ་འཆི་འཕོ་བར་འགྱུར་རོ།། དེ་ནས་འཛམ་བུའི་གླིང་འདིའི་བུ་རམ་ཤིང་དང་། རྒུན ་འབྲུམ་དང་། སྦྲང་རྩི་ཐམས་ཅད་ཀྱང་ནུབ་པར་འགྱུར་རོ།། བདུད་དབང་སྒྱུར་ཞེས་བྱ་བའང་འཆི་བར་འགྱུར་ཏེ། དེ་ནས་ནས་དང་། གྲོ་དང་། འབྲས་ཐམས་ཅད་ནུབ་པར ་འགྱུར་ཏེ། འཛམ་བུ་གླིང་གི་མི་རྣམས་ཀྱི་ཟས་སུ་སྲེ་དེ་དང་། ཁྲེ་རྒོད་དང་། རྩའི་འབྲས་བུ་སྣ་ཚོགས་ཟ་བར་འགྱུར་རོ།། དར་དང་། ཟ་འོག་དང་། མེན་དྲི་དང་། རས་བཟང་པོ་ལ་སོགས་པའང་ནུབ་ནས ་གོས་སུ་གསོ་རས་དང་། རེ་ཕྱར་ལ་སོགས་པ་གྱོན་པར་འགྱུར་རོ།། གསེར་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་རྣམས་ཀྱང་ནུབ་ནས། རྒྱན་དུ་རྩ་ལས་བྱས་པ་ཐོགས་པར་འགྱུར་རོ།། ཚོན་བཟང་པོ ་དང་། རོ་ཞིམ་པོ་རྣམས་ཀྱང་ནུབ་པར་འགྱུར་རོ།། དེ་བཞིན་གཤེགས་པའི་སྐུ་གཟུགས་རྣམས་ཀྱང་ཀླུའི་གནས་སུ་ཁྱེར་བར་འགྱུར་རོ།། ལི་ཡུལ་གྱི་མཁན་པོ་རྣམས་འདུས་ནས། ལི་རྗེ་བརྩན་ལེགས ་ཀྱི་རིང་ལ་ཡོས་བུའི་ལོ་ལ་བརྩིས་ནས། དེ་ནས་ལོ་བརྒྱ་རྩ་གཉིས་ན་དམ་པའི་ཆོས་ནུབ་པར་འགྱུར་རོ།། དགེ་འདུན་འཕེལ་གྱིས་ལུང་བསྟན་པ་རྫོགས་སོ།། ། ལི་ཡུལ་བྱུང་ནས་ལིན ་