| Wylie | e-texts produced with BDRC’s OCR application |
རྫོགས་སོ།། རྒྱ་གར་སྐད་སུ། ཨུ་དྲན་པར་ཀ་བོད་སྐད་དུ། ཆེད་དུ་བརྗོད་པའི་ཚེམས། བས་པོ་དང་པོ།། ཐམས་ཅད་མཁྱེན་པ་ལ་བྱན། ་འཚལ་ལོ།། བཀྲ་ཤིས་པར་གྱུར་ཅིག། རྒྱལ་བས་ཆེད་དུ་བརྗོད་གསུངས་པ། བདག་གིས་རབ་ཏུ་བཤད་པར་བྱས།། གཉིད་དང་རྨུགས་པ་རྣམས་སོལ་ལ།། ཡིད་ལ་དགའ་བསྐྱེད་དེ་ཅོན།། ཐམས་ཅད་མཁྱེན་པ་སྐྱེབ ་པ་བོ།། ཐུབ་པ་རྗེས་སུ་ཐུགས་བརྩེ་བ།། སྐུ་ཡི་ཟ་མ་འཛིན་པ་ཡི།། བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས།། ཀྱེ་མ་འདུ་བྱེད་རྣམས་མི་རྟག། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན།། སྐྱེས་ནས་འཇིག་པར ་འགྱུར་བ་སྟེ།། དེ་དག་ཉེ་བར་ཞི་བ་བདེ།། དེ་ལྟར་རབ་ཏུ་འབར་བ་ལ།། ཅི་ཞིག་དཀར་ཡོད་མགུར་ཅི་ཡོད།། མུན་པའི་ན་ཞུགས་གནས་པ་དག། ཅི་ཕྱིར་སྒྲོན་མཚོལ་མི་བྱེད།། རུས་པ་ཟི་བའི་མདོག་འཇབ།། ་བོར་བ་གང་ཡིན་འདི་དག་ནི།། ཕྱོགས་དང་ཕྱོགས་སུ་རྣམ་འཐོར་བ།། དེ་མཐོང་འདི་ལ་ཅི་ཞིག་དགའ།། གང་ཞིག་ནུབ་མོ་ཁོ་ན་ནས།། མངལ་དུ་དང་པོ་འཇུག་པའི་མི།། དེ་ནི་སྡོད་མེད་འགྲོ་འགྱུར་ཞིང་།། ་སོང་བ་ལས་ཀྱང་ལྡོག་པ་མེད།། སྔ་དྲོ་སྐྱེ་བོ་མང་མཐོང་བ།། ཕྱི་རོ་ཁ་ཅིག་མཐོང་མི་འགྱུར།། བྱི་དྲོ་སྐྱེ་བོ་མང་མཐོང་བ།། སྔ་དྲོ་ཁ་ཅིག་མཐོང་མི་འགྱུར།། སྐྱེས་པ་བུད་མེད་མང་པོ་དང་།། དར་ལ ་བབ་པའང་འཆི་འགྱུར་ན།། དེ་ལ་མི་འདི་གཞོན་ཞེས་ཏེ།། གསོན་པའི་གདེང་དྲོད་ཅི་ཞིག་ཡོད།། ཁ་ཅིག་མངལ་དུ་འཆི་བར་འགྱུར།། དེ་བཞིན་ཁ་ཅིག་བཙས་པའི་སར།། དེ་བཞིན་ཁ་ཅིག་གོག་ཙམ། ་ན།། དེ་བཞིན་ཁ་ཅིག་ཡོངས་རྒྱུག་ན།། ལ་ལ་རྒན་དང་ལ་ལ་གཞོན།། ལ་ལ་དར་ལ་བབ་པའི་མི།། རིམས་ཀྱིས་རབ་ཏུ་འགྲོ་འགྱུར་ཏེ།། འབྲས་བུ་སྨིན་པ་ལྟུང་བ ་བཞིན།། དཔེར་ན་འབྲས་བུ་སྨིན་པ་རྣམས།། ལྷུང་བས་རྟག་ཏུ་འཇིགས་པ་ལྟར།། དེ་བཞིན་སྐྱེས་པར་གྱུར་པའི་མི།། རྟག་ཏུ་འཆི་བས་འཇིགས་པར་འགྱུར།། དཔེར་ན་རྫ་མའི་མཁན་པོ་ཡིས།། ་འཇིམ་པ་ལས་ནི་སྣོད་བྱས་པ།། ཐམས་ཅད་ཐ་མར་འཇིག་པ་ལྟར།། མི་རྣམས་སྲོག་ཀྱང་དེ་བཞིན་ནོ།། དཔེར་ན་གྲགས་ནི་བརྐྱང་བ་ལས།། སྤུན་ནི་གང་དང་གང་བཅུག་པའི།། སྤུན་ནི་ག་ཏིང་ལ ་གཏུགས་པ་ལྟར།། མི་རྣམས་སྲོག་ཀྱང་དེ་བཞིན་ནོ།། དཔེར་ན་ངེས་པར་གསོད་པ་དག། གོམ་པ་གང་དང་གང་བོར་བས།། གསོད་པའི་དྲུང་དུ་བསྙེན་པ་ལྟར།། མི་རྣམས་སྲོག་ཀྱང་དེ་བཞིན་ནོ།། ཆུ ་ཀླུརླུང་དྲག་ཏུ་འབབ་པའི་རྒུན།། ལྡོག་པ་མེད་པ་ཇི་ལྟ་བར།། དེ་བཞིན་མི་ཡི་ཚེ་འགྲོ་བ།། སླར་ནི་ལྡོག་པར་འགྱུར་བ་མེད།། དཀའ་བ་ཉིད་དང་ཐུང་བ་དང་།། དེ་ཡང་སྡུག་བསྔལ་ལྡན་པ་དག། མྱུར་ག་ཁོ་ནར་འཇིག ་འགྱུར་ཏེ།། ཚུལ་དབྱུག་གུས་བྲིས་པ་བཞིན།། དཔེར་ན་ཕྲུགས་རྫི་དབྱུག་ཐོགས་ཀྱིས།། ཕྱུགས་རྣམས་གནས་སུ་ཕྱིན་བྱེད་ལྟར།། དེ་བཞིན་ནད་དང་རྒ་བ་ཡིས།། མི་རྣམས་འཆི་བདག་དྲུང་དུ་སྐྱེལ།། ཆུ་བྲན་གྱི་ནི་ཆུ་ལྷ ་བུར།། ཉིན་དང་མཚན་མོ་འདས་པ་ཡིས།། མི་རྣམས་ཚེ་ཡང་ཟད་འགྱུར་ཞིང་།། སྲོག་ཀྱང་ཉེ་བར་འཇིག་པར་འགྱུར།། མེལ་ཚེ་བྱེད་ལ་མཚན་མོ་རིང་།། ལམ་གྱིས་དུབ་ལ་རྒྱང་གྲགས་རིང་།། དམ་ཆོས་རྣམ་པར་མི་ཤེས ་པའི།། བྱིས་པ་རྣམས་ལ་འཁོར་བ་རིང་།། བདག་ལ་བུ་ཡོད་དེ་བཞིན་དུ།། ནོར་ཡོད་ཅེས་པས་བྱིས་པ་བརླག། ཕྱི་རོལ་ནང་ན་བདག་མེད་ན།། སུ་ཡི་བུ་ཡིན་ཅི་ཞིག་ནོར།། སྐྱེས་པ་བུད་མེད་རྣམས་ཀྱི་རིགས། ་བརྒྱ་དང་སྟོང་ཕྲག་མང་པོ་དང་།། ལོངས་སྤྱོད་ལེགས་པར་བསྒྲུབས་པ་ཡང་།། འཆི་བདག་དབང་དུ་འགྲོ་བར་འགྱུར།། བསགས་པ་ཀུན་གྱི་མཐའ་ཟད་ཅིང་།། བསླང་བའི་མཐའ་ནི་འགྱེལ་བར་འགྱུར།། ཕྲད་པ། ་མཐའ་ནི་འབྲལ་བ་སྟེ།། གསོན་པའི་མཐའ་ནི་འཆི་བ་ཡིན།། གསོན་མཐའ་འཆི་བ་ཡིན་པས་ན།། སེམས་ཅན་ཐམས་ཅད་འཆི་འགྱུར་ཞིང་།། དགེ་སྡིག་འབྲས་བུ་ཉེར་འགྲོ་བའི།། ཇི་བཞིན་ལས་ཀྱི་རྗེས ་སུ་འབྲང་།། སྡིག་པའི་ལས་ཀྱིས་དམྱལ་བ་དང་།། བསོད་ནམས་བྱས་པས་བདེ་འགྲོ་སྟེ།། གཞན་དག་གིས་ནི་ལམ་བསྒོམས་པས།། ཟག་མེད་མྱ་ངན་འདས་པར་འགྱུར།། གང་ཡང་སངས་རྒྱས་རང་སངས་རྒྱས།། ་སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང་།། སྐུ་ལུས་འདིན་སྤོང་མཛད་ན།། སྐྱེ་བོ་ཕལ་བ་སྨོས་ཅི་དགོས།། གང་དུ་གནས་ཀྱང་འཆི་བས་མི་ཚུགས་པའི།། ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ།། བར་སྣང་ལ་མེད་རྒྱམ ་ནང་ན་མེད།། རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ནའང་མིན།། བྱུང་དང་འབྱུང་བར་འགྱུར་བ་ཇི་སྙེད་པ།། ཀུན་གྱིས་ལུས་འདི་བཏང་ནས་འགྲོ་བ་དང་།། དེ་ཀུན་འཇིག་པར་མཁས་པས་རྟོགས་གྱིས་ཏེ།། ཆོས་ལ ་གནས་ཀྱིས་ཚངས་པར་སྤྱད་པ་སྤྱོད།། རྒ་བ་མཐོང་ཞིང་ནད་ཀྱིས་སྡུག་བསྔལ་དང་།། སེམས་དང་བྲལ་བའི་ཤི་བ་མཐོང་ནས་ནི།། བརྟན་པས་བཙོན་ར་འདྲ་བའི་ཁྱིམ་སྤངས་ཀྱི།། འཇིག་རྟེན་ཕལ་པས ་#། འདོད་སྤང་ནུས་རེ་སན།། རྒྱལ་པོའི་ཤིང་ནཱ་ཤིན་ཏུ་བཀྲ་བའང་འཇིག། དེ་བཞིན་ལུས་ཀྱང་ཉེ་བར་རྒ་བར་འགྱུར།། དམ་པ་རྣམས་ཀྱི་ཆོས་འདི་དམ་པ་སྟེ།། མི་མཆོག་གཞན་རྟོགས། ་བྱེད་ཅིང་རྒ་མི་འགྱུར།། རྒ་བ་ཁྱོད་ནི་བླུན་ཞིང་ངན།། ཁྱོད་ནི་མ་རིགས་བྱེད་པ་སྟེ།། ཡིད་དུ་འོང་བའི་གཟུགས་འདི་ཡང་།། ཁྱོད་ཀྱིས་མངོན་པར་བཅོམ་པར་གྱུར།། གང་ཞིག་ལོ་ནི་བརྒྱ་འཚོ་བ།། དེ་ཡང ་འཆི་བདག་ཉིད་ཀྱིས་ཁྲིད།། འདི་དག་ན་བར་འགྱུར་བ་འམ།། ཡང་ན་ན་པའམ་འཆི་བས་འཇོམས།། རྟག་ཏུ་ལྡོག་པ་མེད་པར་འགྲོ་འགྱུར་ཞིང་།། ཉིན་དང་མཚན་དུ་རབ་ཏུ་འཇིགས་པ་དང་།། སྐྱེ་དང་འཆི། ་བའི་སྡུག་བསྔལ་དང་ལྡན་པ།། ཆུ་ཚན་ནང་དུ་གདུངས་པའི་ཉ་དང་འདྲ།། ཚེ་འདི་ཉིད་དང་མཚན་མོ་དང་།། འགྲོ་བ་དང་ནི་འདུག་པ་ན།། ཆུ་ཀླུང་ཆེན་པོའི་རྒྱུན་བཞིན་དུ།། ཕྱིར་མི་ལྡོག་པར་འགྲོ་བར་འགྱུར།། ཆུ ་ཀླུང་ནང་གི་ཉ་ལྟ་བུར།། གང་ཞིག་ཉིན་ཞག་འདའ་བ་ཡིས།། ཚེ་ནི་ཤིན་ཏུ་ཐུང་འགྱུར་ན།། དེ་ལ་དགའ་བར་བྱ་ཅི་ཡོད།། གསོན་མཐའ་འཆི་བ་ཡིན་པའི་ཕྱིར།། ལུས་འདི་ཡོངས་སུ་རྒ་བ་དང་།། ནད་ཀྱི་ཚང་འདི།། ་མྱུར་འཇིག་ཅིང་།། རྣག་གི་ཚོགས་ཀྱང་འཇིག་པར་འགྱུར།། ཀྱེ་མ་ལུས་འདི་མི་ཐོགས་པར།། སྟོང་ཞིང་རྣམ་ཤེས་དང་བྲལ་ནས།། དུར་ཁྲོད་བོར་བའི་མགལ་དུམ་ལྟར།། ས་ཡི་སྟེང་དུ་འགྱེལ་བར་འགྲུར། ་རྒུན་དུ་ནད་ཀྱིས་མངོན་གདུང་ཞིང་།། རྟག་ཏུ་མི་གཙང་འཛག་པ་དང་།། རྒ་དང་འཆི་བས་འཚེར་འགྲིབ་པའི།། ལུས་འདི་དོ་མ་ཅིར་མི་རུང་།། མྱུར་དུ་འཇིག་ཅིང་ན་བ་དང་།། རྣག་དང་ལྡན་པའི་ལུས་འདི་ཡིས།། ་གྲུབ་དང་བདེ་བ་བླ་ན་མེད།། ནི་མཆོག་དོན་དུ་གཉེར་བར་གྱིས།། དགུན་ཀ་དང་ནི་དཔྱིན་ཀ་དང་།། དབྱར་ཀ་འདི་དག་བྱའོ་ཞེས།། བྱིས་པ་རྣམ་པར་སེམས་བྱེད་པས།། བར་ཆད་མཐོང་བར་མ་གྱུར་ཏོ།། བུ་དང་། ་ནོར་ཕྲུགས་འབྱོར་པ་ལ།། མི་ཡི་ཡིད་ནི་རྣམ་ཆགས་པ།། འཆི་བདག་གིས་ནི་བླངས་ནས་འགྲོ།། ཉལ་གྲོང་ཆུ་བོས་བདས་པ་བཞིན།། འཆི་བས་དུས་ལ་བབ་པ་ན།། བུ་རྣམས་སྐྱབས་སུ་མི་འགྱུར་ཞིང་། ་པཡང་མ་ཡིན་གཉེན་འདུན་མིན།། ཁྱོད་ལ་སྐྱབས་སུ་འགྱུར་བ་མེད།། འདོན་བྱ་བ་བྱས་ཟིན་དོན་འདི་བྱ།། དེ་དག་བྱས་ནས་བདག་གིས་འདི་བྱ་ཞེས།། དེ་ལྟར་མི་ནི་ཡོངས་སུ་ཤོམ་པ་ནི།། ན་རང་ནང་བཅས ་འཆི་བས་མངོན་དུ་བཅོམ།། དེ་ལྟས་རྟག་ཏུ་ཏིང་འཛིན་ལ་དགའ་མཉམ་པར་ཞོག། བརྩོན་པ་སྐྱེད་པ་སྐྱེ་བ་དང་རྒ་བའི་མཐའ་མ་ལྟོས།། བདུད་རྣམས་སྡེ་དང་བཅས་པ་མངོན་པར་ཟིལ་ནོན་ལ།། དགེ་སློང་དག ་གོ་སྐྱེ་ཤིའི་ཕ་རོལ་འགྲོ་བར་གྱིས།། མི་རྟག་པའི་ཆོམས་ཏེ་དང་པོའོ།། །། ཀུན་རྟོག་ལས་ནི་འདོད་སྐྱེས་པས།། འདོད་པའི་རྩ་བ་ཤེས་གྱིས་ཏེ།། ཁྱོད་ནི་ཀུན་རྟོག་མ་བྱེད་དང་།། དེས་ན ་ཁྱོད་ལ་འབྱུང་མི་འགྱུར།། འདོད་པ་རྣམས་ལས་མྱ་ངན་སྐྱེས།། འདོད་པ་རྣམས་ལས་འཇིགས་པ་བྱུང་།། འདོད་པ་དག་ནི་རྣམ་སྤངས་ན།། མྱ་ངན་མེད་ཅིང་འཇིགས་པ་མེད།། དགའ་བ་རྣམས་ལས་རྒྱ ་ངན་སྐྱེས།། དགའ་བ་རྣམས་ལས་འཇིགས་པ་བྱུང་།། དགའ་བ་དག་ནི་རྣམ་སྤངས་ན།། མྱ་ངན་མེད་ཅིང་འཇིགས་པ་མེད།། འདོད་དགའི་རྣམ་སྨིན་སྡུག་བསྔལ་ཏེ།། དང་པོ་མངར་ལ་འབྲས་བུ་ཆེ།། མེ ་སྨོན་ལག་ནས་མ་བོར་བ།། མཇུག་ཏུ་བྱིས་པ་སྲེག་བྱེད་བཞིན།། ནོར་བུའི་རྣ་ཆ་བུ་མོ་ལ།། ཡོངས་སུ་ཆགས་སེམས་གང་ཡིན་ལ་བལྟོས་ན།། ལྕགས་ཤིང་གྲེ་ས་མ་ལས། ་བྱས་ཆིངས་མ་གང་།། དེ་དག་དམ་པོ་མིན་ཞེས་འཕགས་པས་གསུངས།། འདོད་པའི་ཆིངས་མ་གང་ཡིན་དེ་ལྷོད་ཀྱག།། རབ་ཏུ་དགྲོལ་བར་དཀའ་ཞེས་འཕགས་པས་གསུངས།། བརྟན་རྣམས ་འདོད་པའི་བདེ་ལ་མི་བལྟ་བར།། དེ་དག་གཏུབས་ནས་མྱུར་དུ་འགྲོ་བར་བྱེད།། འཇིག་རྟེན་སྣ་ཚོགས་གང་དེ་འདོད་མིན་གྱི།། སྐྱེས་བུའི་ཀུན་རྟོག་འདོད་ཆགས་འདོད་པ་ཡིན།། འཇིག་རྟེན་སྣ་ཚོགས་དེ ་བཞིན་གནས་ཀྱང་ནི།། འོན་ཀྱང་བརྟན་རྣམས་འདི་ལ་འདུན་པ་འདུལ།། མི་རྣམས་ལ་ནི་རྟག་པའི་འདོད་པ་མེད།། འདོད་ཅན་གང་ལ་ཆགས་ཏེ་མི་རྟག་པས།། ཡང་སྲེད་མེད་ཕྱིར་སེམས་ཀྱིས་རབ ་སྤོངས་ལ།། འཆི་བའི་གནས་མི་འགྱུར་བར་བྱོས་ཞེས་གསུངས།། འདུན་པ་སྐྱེས་ཤིང་ཟག་པར་མི་བྱེད་དང་།། སེམས་ལ་སྐྱོན་མེད་པ་དང་དྲན་པ་དང་།། འདོད་པ་རྣམས་ལ་སོ་སོར་མ་ཆགས་གང་།། ་དེ་ནི་གོང་དུ་འཕོ་བ་ཡིན་ཞེས་གསུངས།། མགར་བ་ཡིས་ནི་དངུལ་བཞིན་དུ།། བློ་གྲོས་ལྡན་པས་རིམ་པ་བཞིན།། སྐད་ཅིག་སྐད་ཅིག་ཅུང་ཟད་ཙམ།། རང་གི་དྲི་མ་བསལ་བར་བྱ།། ལྷམ་མཁན་གྱིས ་ནི་ཀོ་བ་དག། ཡོངས་སུ་སྦྱངས་ནས་ལྷམ་བྱེད་ལྟར།། འདོད་པ་གང་དང་གང་སྤངས་པ།། དེ་དེ་བདེ་བ་ཕུན་སུམ་ལྡན།། གལ་ཏེ་བདེ་བ་ཀུན་འདོད་ན།། འདོད་པ་ཐམས་ཅད་ཡོངས་སུ་སྤོངས།། འདོད་པ ་ཐམས་ཅད་ཡོངས་སྤངས་པས།། མཆོག་ཏུ་བདེ་བ་ཐོབ་པར་འགྱུར།། ཇི་སྲིད་འདོད་པའི་རྗེས་འབྲང་བ།། དེ་སྲིད་བར་དུ་ངོམས་མི་འགྱུར།། དེ་ལས་གང་དག་ཤེས་རབ་ཀྱིས།། ཁྲོག་བྱེད་དེ་དག་ཚིམ་པ།། ་འཐོབ།། འདོད་པས་ངོམས་པར་མི་འགྱུར་བས།། ཤེས་རབ་ཀྱིས་ནི་ངོམས་པ་སྦྱིད།། ཤེས་རབ་ཀྱིས་ནི་ངོམས་པའི་མོ།། སྲིད་པའི་དབང་དུ་མི་འགྱུར་རོ།། འདོད་ལ་ཆགས་པའི་མི་གང་ཡིན། ་དེ་དག་ཀྱེ་མ་ཆོས་མིན་དགའ།། ཅུང་ཟད་གསོན་པོར་འཇུག་པ་ན།། བར་ཆད་མཐོང་བར་མི་འགྱུར་རོ།། བློ་ངན་ལོངས་སྤྱོན་གྱིས་བཅོམ་པས།། ཕ་རོལ་ཚོལ་བར་མི་བྱེད་ཅིང་།། བསམ་བརླག་འདོད ་ལ་སྲེད་པ་ཡིས།། བདག་དང་གཞན་ཡང་ཕུང་བར་བྱེད།། ཀར་ཤ་པ་ཎའི་ཆར་བབས་ཀྱང་།། འདོད་པ་རྣམས་ཀྱིས་ངོམས་མི་འགྱུར།། འདོད་པ་མནོག་ཆུང་ཉེས་མང་བར།། མཁས་པ་རྣམས་ཀྱིས་ཁོང ་དུ་ཆུད།། ལྷ་ཡི་འདོད་པ་རྣམས་ལ་ཡང་།། ལྷག་པར་དཀའ་བར་མི་འགྱུར་གྱི།། རྫོགས་སངས་རྒྱས་དང་ཉན་ཐོས་རྣམས།། སྲེད་པ་ཟད་པས་དགྱེས་པར་འགྱུར།། གངས་ཅན་དང་ནི་མཉམ་པ་ཡི། ་གསེར་གྱི་རི་བོ་ཡོད་གྱུར་ཀྱང་།། ནོར་ངེས་གཅིག་ཀྱང་མི་ཚིམ་པར།། རྟོགས་པར་གྱིས་ལ་ལེགས་པར་སྤྱོད།། གང་དག་སྡུག་བསྔལ་དེ་མོ་ཆུས་ཤེས་པར།། དེ་དག་ནམ་ཡང་འདོད་ལ་དགའ་མི་འགྱུར།། ་འཇིག་རྟེན་དག་ན་ཟུག་རྔུའི་རྒྱུར་ཤེས་ནས།། དེ་དག་གདུལ་ཕྱིར་བརྟན་པ་སློབ་པར་བྱེད།། འདོད་པའི་ཚོམས་ཏེ་གཉིས་པའོ།། །། ལུས་ཅན་རྣམ་པར་རྟོགས་པས་རབ ་བཅོམ་པ།། འདོད་ཆགས་མི་བཟད་གཙང་བར་རྗེས་ལྟ་བས།། འདོད་ཆགས་ཕྱིར་ཞིང་རབ་ཏུ་འཕེལ་འགྱུར་ཏེ།། རང་གི་འཆིང་བ་དེ་ཡིས་དམ་པོར་བྱེད།། གང་དག ་རྣམ་རྟོག་ཉེ་བར་ཞི་དགའ་ཞིང་།། མི་སྡུག་བསྒོམ་པ་རྟག་ཏུ་དྲན་བྱེད་དེ།། དེ་ཡི་སྲིད་པ་རབ་ཏུ་སྤངས་པ་ཡིས།། རང་གི་འཆིང་བ་དེ་དག་རུལ་བར་བྱེད།། འདོད་པ་མུན་ནག་འདྲ་བས་གཡོགས།། སྲེད་པའི ་དགབ་པས་བཀབ་པ་དང་།། བག་མེད་འཆིང་བས་བཅིངས་པ་དག། ཚེར་མར་ཆུད་པའི་ཉ་དང་འདྲ།། སྐྱེས་བུ་བག་མེད་རབ་ཏུ་སྤྱོད་བྱེད་པ།། འཁྲི་ཤིང་བཞིན་སྲེད་པ་འཕེལ་འགྱུར་ཞིང་།། རྒ་དང ་འཆི་བའི་རྗེས་སུ་འགྲོ་འགྱུར་ཏེ།། མ་དྲུང་ནུ་ཞོ་འདོད་པའི་བེའུ་འདྲ།། མི་དག་དྲན་བྱེད་དང་ཆགས་བྱེད་དང་།། ཡིད་བདེ་བ་ལ་རྟོག་པར་བྱེད་པ་དག། དེ་ཡིས་ཡང་དང་ཡང་དུ་འཁོར་བར་འཁྱམ།། ཚལ་ནང ་འབྲས་བུ་འདོད་པའི་སྤྲེའུ་དང་མཚུངས།། མི་གང་རྟག་ཏུ་བདེ་བ་འདོད་བྱེད་པ།། སྐྱེ་དང་རྒ་བར་ཉེ་བར་འགྲོ་འགྱུར་ཞིང་།། སྐྱེ་དགུ་སྲིད་པ་རྣམས་ཀྱིས་མདུན་དུ་བདར།། རྒྱ་ནང་རི་བོང་ཡོངས་སུ་ཆུག་པ་བཞིན།། ་སྲིད་པ་རྣམས་ཀྱིས་མདུད་པའོ་སེམས་ཅན་དག། སྲིད་དང་སྲིད་མིན་དག་ལ་སེམས་ཆགས་ཤིང་།། ཀུན་སྦྱོར་རོ་ལ་དགའ་བའི་བྱིས་པ་རྣམས།། ཡང་དང་ཡང་དུ་སྡུག་བསྔལ་ཐོབ་པར་འགྱུར།། སྐྱེ་བོ་དྲུག་དང་བདེ། ་རྣམས་དང་བྲལ་ཞིང་།། བདུད་ཀྱི་སྦྱོར་བ་དག་དང་ལྡན་པ་དེ།། རྒ་དང་འཆི་བའི་རྗེས་སུ་འགྲོ་འགྱུར་ཏེ།། མ་དྲུང་ནུ་ཞོ་འདོད་པའི་བེའུ་འདྲ།། འདི་ནི་སྲིད་པ་དེ་འདྲ་སྤོང་བྱེད་པ།། སྲིད་དང་སྲིད་མིན་དག་ལ་སྲེད་བྲལ། ་ཞིག་སདགེ་སློང་སྲིད་པ་ཟིལ་གྱིས་གནོན་བྱེད་པ།། ལྷགས་མེད་པ་ཡོངས་སུ་མྱ་ངན་འདའ། གང་ཞིག་འཇིག་རྟེན་སྤང་དཀའ་བའི།། སྲེད་པའི་བུད་མེད་འདིས་བཀོལ་པ།། དེ་ནི་མྱ་ངན་འཕེལ་འགྱུར་ཏེ།། རྩ ་ལ་ཆར་པ་བབ་པ་བཞིན།། གང་ཞིག་འཇིག་རྟེན་སྤངས་དཀའ་བའི།། སྲེད་པའི་བུད་མེད་འདི་སྤོང་བ།། དེ་ཡི་མྱ་ངན་ལྡོག་འགྱུར་ཏེ།། པརྨ་ལས་ནི་ཆུ་ཐིགས་བཞིན།། དེ་ཕྱིར་ཇི་སྙེད་འདིར་ལྷགས་པ།། ཁྱེར་ལ ་སྨ་ཡིས་ཁྱེད་བ་དེ་ཞིག། ཨུ་ཤིར་ཕྱིར་ནི་རྩ་བཞིན་དུ།། སྲེད་པ་རྩར་བཅས་དྲུངས་ནས་ཕྱུང་།། སྐྱེས་བུ་སྲེད་པ་དང་འགྲོགས་ན།། ཡུན་རིང་དུས་སུ་འཁྱམ་འགྱུར་བས།། སྲེད་པ་དྲུངས་ནས་ཕྱུང་ཞིག་དང་། 6 ་ངན་མེད་ཅིང་འཇིགས་པ་མེད།། ཡང་དང་ཡང་དུ་ཉེར་ལེན་ཅིང་།། ཡང་དང་ཡང་དུ་མངལ་དུ་འཇུག། གནས་སྐབས་འགྱུར་དང་གཞན་འགྱུར་བས།། སེམས་ཅན་འོད་དང་འགྲོ་བར་བྱེད།། འདིར་ནི་སྤང་དཀའི་སྲེད ་པ་དེ། སྤོངས་ལ་ས་བོན་ཆོད་ཅིག་དང་།། དེ་ལ་སྲེད་པ་མེད་འགྱུར་ཞིང་།། དེ་ནི་ཡང་དུ་འཁོར་མི་འགྱུར།། རལ་འབྱོར་ཆུད་ནི་མ་གསན་པར།། གང་གིས་ལྷ་དང་མི་རྣམས་སུ།། དོན་ཉེར་བཅིངས་ནས་འཇོག་བྱེད་པ། ་ཡུལ་ལ་སྲེད་པ་དེ་ལས་རྒོལ།། སེམས་ཅན་དམྱལ་བར་སྐྱེས་ན་ཡང་།། དལ་འབྱོར་ཐལ་བས་འགྱོད་པར་འོང་།། གང་ཕྱིར་སྲེད་འཚེ་རྒུར་གྱུར་པ།། ཡུལ་ལ་སྲེད་པ་འབྲས་ཀྱི་གཞི།། འཁྲི་ཤིང་དྲ་བས་ཁེབས་བྱེད ་པ། གདུང་བར་བྱེད་པ་མ་བཏུལ་ན།། སྡུག་བསྔལ་འདི་ནི་ཡང་དང་ཡང་།། རྣམ་པ་ཀུན་ཏུ་ལྡོག་མི་འགྱུར།། དཔེར་ན། ལྗོན་ཤིང་རྩ་ནས་མ་བཏོན་ན།། བཅད་ཀྱང་ཕྱིར་ཞིང་སྐྱེ་བ་ཁོ་ནར་ཟད།། དེ་བཞིན་སྲིད་པའི ་ཕྲ་རྒྱས་མ་བཏོན་ན།། ཡང་དང་ཡང་དུ་སྡུག་བསྔལ་འདི་མི་ལྡོག། དཔེར་ན་བདག་ཉིད་ཀྱིས་ནི་བྱས་པའི་མཚོན།། དེ་ཡིས་རྐུན་པོའི་མཐུ་ཡིས་བདག་གསོད་ལྟར།། དེ་བཞིན་ནང་ནི། ་སེམས་ལས་བྱུང་བ་ཡི།། སྲེད་པས་ལུས་ཅན་ཉེ་བར་གསོད་པར་བྱེད།། དེ་ལྟར་སྲེད་ལས་སྡུག་བསྔལ་བདག། འབྱུང་བའི་ཉེས་དམིགས་ཤེས་གྱིས་ཏེ།། སྲེད་སྤོངས་ཉེ་བར་ལེན་མེད་དང་།། དྲན་ལྡན་དགེ་སློང་ཀུན ་ཏུ་རྒྱུ་ས།། སྲེད་པའི་ཚེམས་ཏེ་གསུམ་པའོ།། ། བག་ཡོད་འཆི་མེད་གནས་ཡིན་ཏེ།། བག་མེད་པ་ནི་འཆི་བའི་གནས།། བག་ཡོད་འཆི་བར་མི་འགྱུར་ཏེ།། བག་མེད་པ་ནི་རྟག་ཏུ་འཆི།། ་དེ་ཡི་ཁྱད་པར་དེ་རིག་པས།། མཁས་པ་རྣམས་བག་དང་བཅས།། བག་ཡོད་པ་ལ་རབ་དགའ་བ།། འཕགས་པའི་སྤྱོད་ཡུལ་དགའ་བ་ཡིན།། དེ་ལ་རྒྱུན་ཏུ་བསྒོམས་པ་དང་།། རྟག་ཏུ་ཕ་རོལ་གནོན་བརྟན་པའི། ་བརྟན་པས་གྲུབ་བདེ་བླ་ན་མེད།། མྱ་ངན་འདས་ལ་རེག་པ་ཡིན།། གང་ཚེ་མཁས་པས་བག་ཡོད་པས།། བག་མེད་བཅོམ་པ་དེ་ཡི་ཚེ།། ཤེས་རབ་ཁང་བཟངས་སྟེང་འཛེགས་ནས།། མྱ་ངན་མེད་པས་གདུང ་བཅས་དང་།། བཅན་རྣམས་རི་བོའོ་སྤོ་ཀ་ལས།། ས་སྟེང་བྱིས་པ་རྣམས་ལ་ལྷ།། བརྩོན་འགྲུས་དང་ནི་བག་ཡོད་དང་།། ཡང་དག་སྡོམ་དང་དུལ་བ་ཡིས།། མཁས་པས་གླིང་དུ་བྱས་ནས་ནི།། ཆུ་བོ་ཆེན་པོ ་མངོན་དུ་ཟློག། བརྩོན་འགྲུས་ལྡན་ཞིང་དྲན་དང་ལྡན་པ་དང་།། སྤྱོད་པ་གཙང་ཞིང་བརྟགས་ནས་བྱེད་པ་དང་།། ཡང་དག་སྡོམ་དང་ཆོས་ཀྱི་འཚོ་བ་དང་།། བག་ཡོད་རྣམས་ཀྱིས་གྲགས་པ་མངོན་པར་འཕེལ། ་ལྷག་པའི་སེམས་ལ་བག་བྱ་སྟེ།། ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ།། ཉེར་ཞིང་རྟག་ཏུ་དྲན་ལྡན་པའི།། སྐྱོབ་པ་མྱ་ངན་མེད་པ་ཡིན།། དམན་པའི་ཆོས་ལ་མི་བསྟེན་ཅིང་།། བག་མེད་པ་ལ་བསྟེན་མ། ་བྱ།། ལོག་པར་ལྷ་ལ་འདོད་མེད་དང་།། འཇིག་རྟེན་འཕེལ་བར་མི་བྱའོ།། འཇིག་རྟེན་པ་ཡི་ཡང་དག་ལྷ།། ཆེན་པོ་སུ་ལ་ཡོད་གྱུར་པ།། དེ་ནི་ཚེ་རབས་སྟོང་དུ་ཡང་།། ངན་འགྲོར་འགྲོ་བར་མི་འགྱུར་རོ།། བགསེ། ་པ་ལ་སྦྱོར་བྱེད་པ།། སྐྱེ་བོ་བྱིས་པ་བསམ་བརླག་ཡིན།། ཚོང་དཔོན་ནོར་རྣམས་བསྲུང་བ་ལྟར།། མཁས་པས་བག་དང་ལྡན་པར་བྱ།། བག་མེད་པ་ལ་མི་སྦྱོར་ཞིང་།། འདོད་ལ་དགའ་བ་མི་སོགས་དང་།། རྟག་ཏུ། ་བག་ཡོད་སེམས་བྱེད་པ།། ཟག་པ་ཟད་པ་ཐོབ་པར་འགྱུར།། ཟག་པ་ཟད་པ་མ་ཐོབ་ཀྱང་།། དུས་འདིར་བག་མེད་མི་བྱ་སྟེ།། རི་དགས་མ་ཡིས་སེང་གེ་ལྟར།། བག་མེད་པ་དག་གསད་པར་འགྱུར།། བག་མེད་པ ་རོལ་བུད་མེད་སྟེན་བྱེད་པའི།། མི་གང་ཡིན་པ་གནས་སྐབས་འདི་བཞི་འབྱུང་།། བསོད་ནམས་མི་འཐོབ་བདེ་བར་མི་ཉལ་དང་།། གསུམ་པ་སྨར་འགྱུར་བཞི་པ་དམྱལ་བར་འགྱུར།། བསོད་ནམས་མཐོས ་སྡིག་པའི་འགྲོ་བ་དང་།། འཇིགས་དང་བག་ཆ་ལྷན་ཅིག་བདེ་བ་ཆུང་།། རྒྱལ་པོའི་ཆེད་པ་ཆེན་པོས་གཅོད་འགྱུར་ཞིང་།། ལུས་ཞིག་སེམས་ཅན་དམྱལ་བ་རྣམས་སུ་འཚེད།། གང་ཞིག་བདག་བདེ་ལྟ་འདོད ་པ།། དེས་ནི་གོང་མ་བཞིན་དུ།། བྱིས་པ་ཤིང་རྟ་བཞིན་འགྱུར་པས།། བརྟན་པས་བརྩོན་འགྲུས་ཞན་མི་བྱ།། དཔེར་ན་བྱིས་པའི་ཤིང་རྟ་དག། ལམ་ཆེན་བཟང་པོ་བོར་ནས་སུ།། ལམ་ངན་དག་ཏུ་འགྲོ་བྱེད་པས ་མི་ཆགས་སེམས་ཁོང་ཆུད་པ་ལྟར།། དེ་བཞིན་ཆོས་ནི་སྤངས་ནས་ཀྱང་།། ཆོས་མིན་རྗེས་སུ་འཇུག་བྱེད་པའི།། བྱིས་པ་འཆི་བདག་དབང་འགྲོ་ཞིག།། མི་ཆགས་བཞིན་དུ་བཅོམ ་པ་ཐོབ།། གང་ཞིག་བྱ་བ་རྣམ་སྤངས་ནས།། མི་བྱ་བ་དག་བྱེད་པ་དང་།། བག་མེད་པ་ཡིས་རློམ་བྱེད་པ།། དེ་དག་རྣམས་ཀྱི་ཟག་པ་འཕེལ།། གང་གི་ཟག་པ་འཕེལ་འགྱུར་བ།། དེ་ཡི་ཟག་པ་རྒྱང་མན།། གང་ཞིག་ལུས ་གཏོགས་དྲན་པ་དག། ནཱག་ཏུ་ལེགས་པར་བརྩམས་པ་དག། བྱ་བ་མ་ཡིན་མི་བྱེད་ཅིང་།། རྒུན་དུ་བྱ་བ་མེད་པ་དང་།། དྲན་དང་ཤེས་བཞིན་ལྡན་པ་དེའི།། ཟག་པ་རྣམས་ནི་ཟད་པར་འགྱུར།། གང་གི་ཟག་པ་ཟད ་འགྱུར་བ།། དེས་ནི་ཟག་མེད་ཐོབ་པར་འགྱུར།། ཇི་ཙམ་མང་དུ་སྨྲ་བྱེད་པ།། དེ་དག་དམ་ཆོས་འཛིན་མ་ཡིན།། གང་དག་འདི་ནི་ཐོས་ཉུང་ཡང་།། ལུས་ཀྱིས་ཆོས་དག་མངོན་སུམ་བྱས།། གང་དག་ཆོས་ལ་བག ་བྱེད་པ།། དེ་དག་དམ་ཆོས་འཛིན་པ་ཡིན།། གལ་ཏེ་རིགས་བཅས་ནང་དུ་སྨྲས་ཀྱང་ནི།། བག་མེད་མི་དག་དེ་ལྟར་བྱེད་མི་འགྱུར།། དཔེར་ན་ཕུགས་རྫིས་གཞན་གྱི་ཕྱུགས་བགྲངས་ལྟར།། དེ་དག་དགེ་སྦྱོང་སྐལ་བ ་ཐོབ་མ་ཡིན།། གལ་ཏེ་རིགས་བཅས་ཉུང་ངུ་སྤྲ་བྱེད་ཀྱང་།། ཆོས་ཀྱི་རྗེས་སུ་ཆོས་ལ་སྤྱོད་པ་དང་།། འདོད་ཆགས་ཞེ་སྡང་གཏི་མུག་སྤོང་བྱེད་པ།། དེ་དག་དགེ་སྦྱོང་སྐལ་བ་ཐོབ་པ་ཡིན།། བག་ཡོད་བསྔགས ་པབརྗོད་བྱེད་ཅིང་།། རྟག་ཏུ་བག་མེད་ལ་སྨོན་པས།། བག་ཡོད་མཆོད་སྦྱིན་བརྒྱ་པ་ཡང་།། ལྷ་རྣམས་ནང་ན་གཙོ་བོར་གྱུར།། བྱ་བ་བྱས་རུང་མ་བྱས་རུང་།། མཁས་པས་བག་ཡོད་བསྔགས་པ་བརྗོད།། བག་དང་། ་བཅས་པའི་མཁས་པ་ཡིས།། དོན་གཉིས་རབ་ཏུ་ལེན་པར་བྱེད།། ཚེ་འདིའི་དོན་ནི་གང་ཡོན་དང་།། རྫི་མའི་དོན་ནི་གང་ཡིན་པ།། དེ་དག་བརྟན་པས་རྟོགས་པས་ན།། མཁས་པ་ཞེས་ནི་བརྗོད་པ་ཡིན། ་དགེ་སྦྱོང་བག་ཡོད་ལ་དགའ་ཞིང་།། བག་མེད་པ་ལ་འཇིགས་ལྟ་བས།། བདག་ཉིད་ངན་འགྲོ་ལས་འདྲེན་ཏེ།། འདམ་རྫབ་ལས་ནི་གླང་ཆེན་བཞིན།། དགེ་སློང་བག་ཡོད་ལ་དགའ་ཞིང་།། བག་མེད་པ་ལ་འཇིམ ་ལྟ་བས།། སྡིག་པའི་ཆོས་རྣམས་སྤྲུག་པར་བྱེད།། རླུང་གིས་ལྗོན་ཤིང་ལོ་མ་བཞིན།། དགེ་སློང་བག་ཡོད་ལ་དགའ་ཞིང་།། བག་མེད་པ་ལ་འཇིགས་ལྟ་བས།། ཀུན་ཏུ་སྦྱོར་བ་ཕྲ་སྦོམ་དག། མེ་ཡིས་བསྲེགས ་པ་བཞིན་དུ་འགྲོ།། དགེ་སློང་བག་ཡོད་ལ་དགའ་ཞིང་།། བག་མེད་པ་ལ་འཇིགས་ལྟ་བས།། ཀུན་ཏུ་སྦྱོར་བ་ཀུན་ཟད་པ།། རིམ་གྱིས་ཉམས་སུ་མྱོང་བར་འགྱུར།། དགེ་སློང་བག་ཡོད་ལ་དགའ་ཞིང་།། བག ་མེད་པ་ལ་འཇིགས་ལྟ་བས།། འདུ་བྱེད་ཉེར་ནོ་ཞི་བ་ཡི།། ཞི་བའི་གོ་འཕང་སོ་སོར་རྟོགས།། དགེ་སློང་བག་ཡོད་ལ་དགའ་ཞིང་།། བག་མེད་པ་ལ་འཇིགས་ལྟ་བས།། མྱ་ངན་འདས་དང་ཉེ་བའི་ཕྱིར། ་ཡོངས་སུ་ཉམས་འགྱུར་མི་སྲིད་དོ།། བརྩོན་འགྲུས་ལྡན་ཞིང་བག་ཡོད་དང་།། ཆོས་སྤྱད་ལེགས་པར་སྤྱོད་བྱེད་པ།། འཇིག་རྟེན་འདི་དང་ཕ་རོལ་ཏུ།། ཆོས་སྤྱོད་པས་ནི་བདེ་བ་འཐོབ།། ཞི་ཕྱིར་བསླབ་པ ་ལ་བརྟན་དང་།། རྩོལ་བ་དང་ནི་བརྩོན་འགྲུས་བསྐྱེད།། མི་དྲན་པ་དང་བག་མེད་དང་།། བརྩོན་འགྲུས་ཆུང་དང་ཀུན་སྡོམ་མེད།། གཉིད་དང་སྙོམས་དང་གཡེང་བ་སྟེ།། འདི་དག་བསླབ་པའི་བར་ཆད་པས།། ་ཁྱེད་ཀྱིས་ཡན་ལག་དེ་རྟོགས་ལ།། དྲན་པ་ཆུད་ནིམ་གསན་ཅིག། དགེ་སློང་ཚུལ་ཁྲིམས་བཟང་བ་དང་།། བག་ཡོད་པ་ལ་དགའ་བ་ཡིས།། ཀུན་རྟོག་ལེགས་པར་མཉམ ་བཞག་སྟེ།། རང་གི་སེམས་ནི་རྗེས་སུ་སྲུངས།། བརྩམ་པར་བྱ་ཞིང་འབྱུང་བར་བྱ།། སངས་རྒྱས་བསྟན་ལ་འཇུག་པར་བྱ།། འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན།། འཆི་བདག་སྡེ་ནི་གཞོམ་པར་བྱ།། གང ་ཞིག་ཆོས་འདུལ་འདི་ཉིད་ལ།། བག་དང་ལྡན་པར་སྤྱོད་བྱེད་པ།། སྐྱེ་བའི་འཁོར་བ་རབ་སྤངས་ནས།། སྡུག་བསྔལ་ཐ་མར་བྱེད་པར་འགྱུར།། བག་ཡོད་པའི་ཚེམས་ཏེ་བཞི་པའོ།། ། ་སྡུག་པ་རྣམས་ལས་མྱ་ངན་སྐྱེ།། སྡུག་པ་རྣམས་ལས་འཇིགས་པ་སྲེ།། སྡུག་པ་དག་ནི་རྣམ་སྤངས་ན།། མྱ་ངན་མེད་ཅིང་འཇིགས་པ་མེད།། སྡུག་གུ་མ་ལས་མྱ་ངན་སྐྱེ།། སྡུག་ལས་སྡུག་བསྔལ་སྡུག་ལས། ་འཇིགས།། སྡུག་གུ་མ་དག་གཞན་གྱུར་ན།། ཡི་མུག་འགྱུར་བ་ཐོབ་པར་བྱེད།། འཇིག་རྟེན་སྡུག་བསྔལ་རྣམ་པ་དུ་མ་དང་།། མྱ་ངན་སྨྲེ་སྔགས་འདོན་པ་ཇི་སྙེད་པ།། དེ་དག་སྡུག་པ་དག་ལས་རྟེན་ཏེ་བྱུང་།། སྡུག། ་པ་སྤངས་ན་དེ་དག་མི་འགྱུར།། གང་ཕྱིར་འཇིག་རྟེན་འགའ་ནའང་སྡུག་མེད་པ།། གང་ཡིན་དེ་དག་པ་དེ་ཞིག་མྱ་ངན་མེད།། དེ་བས་གདུང་མེད་རྡུལ་བྲལ་དོན་གཉེར་བྱས།། ནམ་ཡང་སྡུག་པར་བྱེད་པ་མི་བྱའོ།། སྡུག ་བ་མ་མཐོང་སྡུག་བསྔལ་ལ།། མི་སྡུག་མཐོང་ན་དེ་བཞིན་པས།། ནམ་ཡང་སྡུག་དང་ཕྲད་མི་བྱ།། མི་སྡུག་དང་ཡང་ཕྲད་མི་བྱ།། སྡུག་པ་དང་ནི་བྱེ་བྲལ་དང་།། མི་སྡུག་པ་དང་ཕྲད་པ་ཡིས།། གང་གིས་མི་དག ་རྒས་བྱེད་པའི།། མྱ་ངན་མི་བཟང་སྐྱེ་བར་འགྱུར།། སྡུག་པ་ཤི་བར་གྱུར་པ་ན།། གཉེན་འདུན་མཛའ་བཤེས་མང་པོ་དག། ཡུན་རིང་དུས་སུ་མྱ་ངན་དང་།། སྡུག་དང་བྲལ་བས་སྡུག་བསྔལ་འགྱུར།། གང་ལ། ་སྡུག་དང་སྡུག་མིན་བྱེད།། དེ་ལ་མདུད་པ་ཡོད་མིན་པས།། དེ་ལྟས་སྡུག་ཉིད་སྡིག་ཅན་ལ།། སྡུག་པར་བྱེད་པ་མི་བྱའོ།། སྡུག་ལ་བལྟས་ཏེ་དོན་བཏང་བས།། བདེ་སྦྱོར་རྣམས་ལ་མི་འཇུག་ཅིང་།། བདག་ཉིད་མི ་བདེའི་སྦྱོར་ལྡན་དག། བདེ་སྦྱོར་དོན་ལྡན་རྣམས་ལ་སྔོན།། གཟུགས་སྡུག་བདེ་བས་བསྡམས་པ་དག། ལཱ་མི་སོ་སོའི་རིགས་དག་ཏུ།། སྡིག་པ་བྱེད་ཅིང་ཡོངས་ཉམས་ནས།། རྒ་དང་འཆི་བའི་དབང་དུ་འགྲོ། ་གང་ཞིག་ཉིན་དང་མཚན་རྣམས་སུ།། བག་ཡོད་གཟུགས་སྡུག་སྤོང་བྱེད་པ།། དེས་ནི་སྤང་དཀའ་བདུད་ཟས་དང་།། སྡིག་པའི་རྩ་བ་རྡུངས་ནས་ཕུང་།། ལེགས་མིན་ལེགས་པའི་ཚུལ་དང་ནི།། སྡུག་མིན་སྡུག ་པའི་ཚུལ་གྱི་ས་དང་།། སྡུག་བསྔལ་བདེ་བའི་ཚུལ་གྱིས་སུ།། བག་མེད་རྣམས་ནི་མངོན་དུ་འཇོམས།། གལ་ཏེ་བདག་ལ་དགའ་བྱེད་ལ།། ཉེས་པར་བྱེད་པར་བདེ་བ་དག། བདེ་བླག་ཁོ་ནར་མི་ཐོབ་པས།། འདྲ ་ནི་སྡུག་ལ་གཞུག་མི་བྱ།། གལ་ཏེ་བདག་ལ་དགའ་བྱེད་ན།། ལེགས་པར་བྱེད་པས་བདེ་བ་དག། བདེ་བླག་ཁོ་ནར་འཐོབ་འགྱུར་བས།། འདི་ནི་སྡིག་ལ་གཞུག་མི་བྱ།། དཔེར་ན་དགོན་པའི་གྲོང་ཁྱེར་དག། བརྟན ་པའི་འོབས་ཀྱིས་བསྐོར་བ་ལྟར།། གལ་ཏེ་བདག་ལ་དགའ་བྱེད་ན།། འདི་ནི་བསྲུང་བས་ལེགས་པར་བསྲུངས།། གལ་ཏེ་བདག་ལ་དཀའ་བྱེད་ནི།། ཐུན་གསུམ་གང་ཡང་རུང་བ་ལ།། མཁས་པས་མེལ ་ཚེ་བྱ་བ་ཡིས།། འདི་ནི་སྦ་བས་ལེགས་པར་སྦ།། དཔེར་ན་དཀོན་པའི་གྲོང་ཁྱེར་དག། ཕྱི་ནང་སྲུང་བར་བྱེད་པ་ལྟར།། དལ་འབྱོར་ཆུང་ནི་མི་ཟོས་པ།། དེ་ལྟར་བདག་ནི་བསྲུང་བར ་བྱ།། སེམས་ཅན་དམྱལ་བར་སྐྱེས་ན་ཡང་།། རྣལ་འབྱོར་ཐལ་བས་འགྱོད་པར་འོང་།། ཕྱོགས་རྣམས་ཀུན་ཏུ་སེམས་ཀྱིས་ཡོངས་བརྟགས་ཀྱང་།། བདག་ལས་ཆེས་སྡུག་འགའ་ཡང་མ་མཐོང་བས།། ་དེ་ལྟར་སོ་སོར་གཞན་ལའང་རང་སྡུག་པས།། དེ་ཕྱིར་བདག་འགས་གཞན་ལ་གནོད་མི་བྱ།། ཐམས་ཅད་ལ་ཡང་སྲོག་འདི་སྡུག། ཐམས་ཅད་ཆད་པས་འཇིགས་པས་ན།། རང་གི་ཉམས་ལས་དཔག ་གྱིས་ཏེ།། བརྡེག་པར་མི་བྱ་གསད་མོ་བྱ།། རྒྱང་ཐག་བཅད་པར་སྤྲུགས་པའི་མི།། རི་ནས་ཉེ་ཞོ་མེད་འོངས་ན།། གཉེན་བཤེས་མཛའ་བོ་ལྷགས་ནས་སུ།། ཨ་ལ་ལ་ཞེས་མངོན་པར་དགའ།། ་བཞིན་བསོད་ནམས་བྱས་པའི་མི།། འཇིག་རྟེན་འདི་ནས་ཕ་རོལ་ཏུ།། ཕྱིན་ཚེ་གཉེན་བཞིན་བསོད་ནམས་དག་འོངས་ནས་མངོན་པར་དགའ་བར་བྱེད།། དེ་བས་འཇིག་རྟེན་ཕ་རོལ་གྱི།། ཆེད་དུ་བསོད ་ནམས་བསགས་པར་གྱིས།། བསོད་ནམས་འཇིག་རྟེན་ཕ་རོལ་དུ།། ལུས་ཅན་གྱི་གནས་སུ་འགྱུར།། གང་ཞིག་ལེགས་སྤུར་སྤྱོད་བྱེད་པའི།། དགེ་ལ་ལྷ་རྣམས་སྟོད་པར་བྱེད།། འདི་ནི་འང་སྨད་པར་མ། ་འགྱུར་ལ།། མཐོ་རིས་སུ་ཡང་དགའ་བ་འཐོབ།། ཆོས་གནས་ཚུལ་ཁྲིམས་ཕུན་སུམ་ཚོགས།། ངོ་ཚ་ཤེས་ཤིང་བདེན་པར་སྨྲ།། རང་གི་བྱ་བ་བྱེད་པ་ལ།། སྐྱེ་བོ་གཞན་རྣམས་དགའ་བར་བྱེད།། རང་གི། ་དོན་ནི་བྱེད་པ་ལ།། འདི་ལྟར་གཞན་རྣམས་འགྱུར་ཞིང་།། མཐོང་བའི་ཆོས་ལ་བསྔགས་པ་དང་།། ཕ་རོལ་དུ་ཡང་བདེ་འགྲོར་འགྱུར།། གཏམས་ན་གནང་བའི་ཚིག་སྨྲ་དང་།། མི་རིགས་སྤྱོད་ལས་བརྩོན། ་པ་ལ། དམ་པ་རྣམས་ནི་དགའ་བར་བྱེད།། རྣམ་པ་མ་ཡིན་དགའ་མི་འགྱུར།། དེ་བས་མཆོག་དང་མཆོག་མིན་པ།། ཤི་འཕོས་བྲལ་བར་གྱུར་པ་ན།། དམ་པ་མ་ཡིན་དམྱལ་བར་འགྲོ།། དམ་པ་མཐོ ་རིས་འགྲོ་བར་འགྱུར།། སྡུག་པའི་ཚོམས་ཏེ་ལྔ་པའོ།། ། བསྔགས་པར་འགྱུར་དང་ནོར་འཐོབ་དང་།། ཕ་རོལ་བདེ་འགྲོར་དཀའ་འགྱུར་བའི།། བདེ་བ་གསུམ་པོ་དོན་གཉེར ་བའི།། མཁས་པས་ཚུལ་ཁྲིམས་བསྲུང་བར་བྱ།། འཕགས་དང་མཐོང་བ་ཕུན་ཚོགས་དང་།། འཇིག་རྟེན་ཞི་བ་སྟེན་འགྱུར་བའི།། གནས་གཞན་འདི་དག་མཐོང་བ་ཡིས།། མཁས་པས་ཚུལ་ཁྲིམས ་བསྲུང་བར་བྱ།། ལུས་ནི་ཡོངས་སུ་གདུང་མེད་པར།། ཚུལ་ཁྲིམས་ཀྱིས་ནི་བདེ་བ་འཐོབ།། མཚན་མོ་བདེ་བར་ཉལ་བ་དང་།། སད་པ་ན་ཡང་དགའ་བར་འགྱུར།། སྦྱིན་པ་ཚུལ་ཁྲིམས་ལྡན་པ་དག ་མཁས་པས་སྦྱིན་པའི་བསོད་ནམས་ཀྱིས།། འདི་དང་ཕ་རོལ་དག་ཏུ་ཡང་།། རྟག་ཏུ་བདེ་བ་འཐོབ་པར་འགྱུར།། རྒན་པའི་བར་ལ་ཚུལ་ཁྲིམས་དགེ། དད་ལ་རབ་ཏུ་གནས་ན་ལེགས།། མི་ཡི་རིན་ཆེན། ་ཤེས་རབ་སྟེ།། བསོད་ནམས་ཆོམ་པོས་འཕྲོགས་པར་དཀའ།། དགེ་སློང་ཚུལ་ཁྲིམས་ལ་གནས་ཤིང་།། དབང་པོ་རྣམས་ཀྱང་བསྡམས་པ་དང་།། ཟས་ཀྱི་ཚོད་ནི་རིག་པ་དང་།། མི་ཉལ་བ་ལ་འབད ་པ་སྟེ། དེ་ལྟར་གནས་ནས་བརྩོན་པ་དང་།། ཉིན་མཚན་སྙོམས་ལས་མི་བྱེད་པ།། མྱ་ངན་འདས་དང་ཉེ་བའི་ཕྱིར།། ཡོངས་སུ་ཉམས་འགྱུར་མི་སྲིད་དོ།། མི་ནི་ཚུལ་ཁྲིམས་ལ ་གནས་ནས།། སེམས་དང་ཤེས་རབ་སྒོམ་པ་ལ།། བརྩོན་ཞིང་ངེས་གནས་དགེ་སློང་གིས།། སྡུག་བསྔལ་ཟད་པ་ཐོབ་པར་འགྱུར།། དེ་ཕྱིར་རྟག་ཏུ་ཚུལ་ཁྲིམས་དང་།། ཏིང་འཛིན་རྗེས་སུ་བསྲུང་བ་དང་། ་ལྷག་མཐོང་ལ་ནི་བསླབ་པ་དང་།། ཤེས་བཞིན་སོ་སོར་དྲན་པར་བྱ།། དེས་ནི་ཀུན་སྦྱོར་ཟད་བྱས་ནས།། ཡིད་བྲལ་ལྷག་མ་མེད་འགྱུར་ཏེ།། ལུས་ཞིག་ཤེས་རབ་ལྡན་པ་ཡིས།། བགྲང་དུ་མེད་པའི་མྱ་ངན། ་འདས།། གང་ཞིག་ཚུལ་ཁྲིམས་ཏིང་འཛིན་དང་།། ཤེས་རབ་འདི་གསུམ་ལེགས་བསྒོམས་ཏེ།། ཤིན་ཏུ་དྲི་མེད་མཐར་ཕྱིན་ཅིང་།། གདུང་མེད་ཡང་སྲིད་ཟད་གྱུར་དང་།། ཆགས་པའི་འཆིང་ལས་རྣམ་གྲོལ ་ཞིང་།། ལུས་སྤངས་ཤེས་རབ་ལྡན་པ་དང་།། བདུད་ཀྱི་ཡུལ་ལས་འདས་པ་དག། ཉི་མ་བཞིན་དུ་ལམ་མེར་འབར།། དགེ་སློང་ཕྱི་དང་ནང་ཉིད་ལ།། བག་མེད་རློམ་པར་བྱེད་པ་ཡི།། ཚུལ་ཁྲིམས་ཏིང་འཛིན་ཤེས། ་རབ་རྣམས།། ཡོངས་སུ་རྫོགས་པར་མི་འགྱུར་རོ།། སྤྲིན་གྱིས་ཁེབས་ལས་ཆར་འབབ་ཅིང་།། ན་མ་ཐ་བ་ལས་ཆར་མི་འབབ།། དེ་བས་ཁེབས་པ་སོལ་ཅིག་དང་།། འདི་ལྟར་ཆར་པ་འབབ་མི་འགྱུར།། ་དེ་ལྟར་རྟག་ཏུ་མཐོང་བ་དང་།། དགེ་སློང་ཚུལ་ཁྲིམས་སྡོམ་པ་ཡི།། མྱ་ངན་འདས་པར་འགྲོ་བའི་ལམ།། མུར་བ་ཁོ་ནར་རྣམ་པར་བདག། མེ་ཏོག་དྲིན་རྫི་ཕྱོགས་མིན་མི་འགྲོ།། རྩ་བརྒྱ་སྤོས་ཅན་དན ་རྣམས་ཀྱང་མིན།། དམ་པའི་རྔོན་རྗེ་ཕྲོགས་མིན་འགྲོ་སྟེ།། ཕྱོགས་རྣམས་ཀུན་ཏུ་མི་མཆོག་དྲི་ཡིས་ཕྱག། རྒྱ་སྤོས་དང་ནི་ཙིན་དན་དང་།། ཨུཏྤ་ལ་དང་མ་ལི་ཀ། སྤོས་ཀྱི་རིགས་ནི་འདི་དག་པས།། ཆུང། ་ཁྲིམས་དྲི་བསུང་ཕུལ་དུ་བྱིན།། རྩ་སྤོས་ཅན་དན་གང་ཡིན་པའི།། ཇི་བསུང་འདི་ནི་ཆུང་ངུས།། ཚུལ་ཁྲིམས་ལྡན་པའི་དྲི་བསུང་གང་།། དེས་ནི་འདི་དང་མཐེ་རིས་ཁྱབ།། དེ་ལྟར་བག་ཡོད་གནས ་ཞིང་།། ཚུལ་ཁྲིམས་རྣམ་པར་དག་པར་བྱ།། ཡང་དག་ཤེས་པས་རྣམ་གྲོལ་ན།། བདུད་ཀྱི་ལམ་ནི་རྙེད་མི་འགྱུར།། འདི་ནི་བདེ་བར་འགྲོ་ལམ་སྟེ།། རྣམ་པར་དག་བྱེད་ལས་འདི་ལ།། རབ་ཏུ་ཞུགས ་ཏེ་བསྒོམས་ནས་ཀྱང་།། བདུད་ཀྱི་འཆིང་བ་སྤང་བར་གྱིས།། ཚུལ་ཁྲིམས་ཀྱི་ཚེམས་ཏེ་དྲུག་པའོ།། །། ལུས་ཀྱིས་ཉེས་པར་སྤྱོད་སྤང་ཞིང་།། ལུས་ཀྱིས་ལེགས་སྤྱད་སྤྱད་པའི ་ཕྱིར།། ལུས་ཀྱི་ཉེས་ཆེན་ལས་བསྲུངས་ན།། ལུས་ནི་བསྡམ་པ་བྱས་པར་འགྱུར།། ངག་གི་ཉེས་པར་སྤྱོད་སྤང་ཞིང་།། ངག་གིས་ལེགས་སྤྱད་སྤྱད་པའི་ཕྱིར།། ངག་གི་ཉེས་ཆེན་ལས་བསྲུངས་ན།། ངག་ནི ་བསྡམ་པ་བྱས་པར་འགྱུར།། ཡིད་ཀྱིས་ཉེས་པར་སྤྱོད་སྤང་ཞིང་།། ཡིད་ཀྱི་ལེགས་སྤྱད་སྤྱད་པའི་ཕྱིར།། ཡིད་ཀྱི་ཉེས་ཆེན་ལས་བསྲུངས་ན།། ཡིད་ནི་བསྡམས་པ་བྱས་པར་འགྱུར།། ལུས་ཀྱིས་ཉེས་པར་སྤྱོན། ་སྤང་ཞིང་།། ངག་གི་ཉེས་པར་སྤྱོད་པ་སྤངས།། ཡིད་ཀྱི་ཉེས་པར་སྤྱོད་སྤང་ཞིང་།། སྐྱོན་གཞན་ལྡན་པ་གང་ཡིན་སྤངས།། ལུས་ཀྱི་དགེ་བ་རྣམས་བྱ་ཞིང་།། ངག་གི་དགེ་བ་ཕལ་ཆེན་བྱ།། ཡིད་ཀྱི་དགེ་བ་རྣམས་བྱ ་ཞིང་། ཆད་མེད་བཞི་དང་བྲལ་མི་བྱ།། ལུས་ཀྱི་དགེ་བ་རྣམས་བྱ་ཞིང་།། ངག་དང་ཡིད་ཀྱིས་བྱས་ནས་ནི།། འདི་དང་ཕ་རོལ་དག་ཏུ་ཡང་།། རྟག་ཏུ་བདེ་བ་ཐོབ་པར་འགྱུར།། རྟག་ཏུ་ལུས། ་ནི་བསྡམས་པའི་ཕྱིར།། ཐུབ་པ་འཚེ་བ་མེད་པ་ཡིན།། དེ་ནི་འཆི་མེད་གནས་འགྲོ་ཞིང་།། གང་དུ་སོང་ནའང་མྱ་ངན་མེད།། རྟག་ཏུ་དག་ནི་བསྡམས་པའི་ཕྱིར།། ཐུབ་པ་འཆེ་བ་མེད་པ་ཡིན།། དེ་ནི་འཆི་མེད ་གནས་འགྲོ་ཞིང་།། གང་དུ་སོང་ནའང་མྱ་ངན་མེད།། རྟག་ཏུ་ཡིད་ནི་བསྡམས་པའི་ཕྱིར།། ཐུབ་པ་འཚེ་བ་མེད་པ་ཡིན།། དེ་ནི་འཆི་མེད་གནས་འགྲོ་ཞིང་།། གང་དུ་སོང་ནའང་མྱ་ངན་མེད།། བརྟན་པ་རྣམས་ཀྱི ་ལུས་བསྡམས་ཤིང་།། བརྟན་པ་རྣམས་ཀྱིས་ངག་ཀྱང་བསྡམས།། བརྟན་པ་རྣམས་ཀྱིས་ཡིད་བསྡམས་ཞིང་།། བརྟན་པས་ཀུན་ཏུ་བསྡམ་བྱས་ན།། དེ་དག་འཆི་མེད་གནས་འགྲོ་ཞིང་།། གང་དུ་སོང་།། ་ཡང་མྱ་ངན་མེད།། ལུས་ཀྱི་སྡོམ་པ་ལེགས་པ་སྟེ།། ངག་གི་སྡོམ་པའང་ལེགས་པ་ཡིན།། ཡིད་ཀྱི་སྡོམ་པ་ལེགས་པ་སྟེ།། ཐམས་ཅད་དུ་ནི་བསྡམས་པ་ལེགས།། ཀུན་ཏུ་བསྡམས་པའི་དགེ་སློང་ནི།། སྡུག ་བསྔལ་ཀུན་ལས་རབ་ཏུ་འགྲོ།། ངག་རྣམས་བསྲུང་ཞིང་ཡིད་ནི་ལེགས་བསྡམས་ཏེ།། ལུས་ཀྱིས་མི་དགེ་བ་དག་སྤྱད་མི་བྱ།། ལས་ལམ་གསུམ་པོ་འདི་དག་རྣམ་སྦྱངས་ན།། དྲང་སྲོང་གསུངས་པའི་ལམ ་ནི་ཐོབ་པར་འགྱུར།། ལེགས་པར་སྤྱད་པའི་ཚེམས་ཏེ་བདུན་པའོ།། །། གང་དག་བྱས་བཞིན་མ་བྱས་ཟེར་བ་དང་།། བརྫུན་དུ་སྨྲ་བ་དམྱལ་བར་འགྲོ་བར་འགྱུར།། མི་དེ་གཉིས་ཀ ་འདྲ་བར་ཕ་རོལ་དུ།། སོང་ནས་དམར་པའི་ཆོས་དང་ལྡན་པར་འགྱུར།། སྐྱེས་བུ་སྐྱེས་པའི་ཁ་ནས་ནི།། ཚིག་ངན་སྨྲ་བར་བྱེད་པ་ཡི།། ཚིག་གི་སྟ་རེ་སྐྱེས་གྱུར་ནས།། བདག་ཉིད་གཅོད་པར་བྱེད་པར་འགྱུར།། ་གང་ཞིག་སྨང་འོས་སྐྱེ་བོ་སྟོང་བྱེན་དང་།། བསྟོད་འོས་སྐྱེ་བོ་རྣམ་པར་སྤོར་བྱེད་པ།། དེ་ནི་ཁ་ཡིས་འཐབ་ཀྲོལ་ཀུན་སོགས་ཤིང་།། འཐབ་ཀྲོལ་ཅན་གང་དེས་ནི་བདེ་མི་འཐོབ།། གང་འདིར་ཚེ་ལོས་རང་ནོར་བ་མ ་བྱེད་པ།། འཐབ་ཀྲོལ་དེ་ནི་ཅུང་ཟད་ཙམ་དུ་ཟད།། གང་ཞིག་བདེ་བར་གཤེགས་པ་ཡིད་འཁྲུག་པ།། དེ་འདིར་འཐབ་ཀྲོལ་ཤིན་ཏུ་ཆེན་པོ་ཡིན།། ངག་ཡིད་འཕགས་པས་སྨན་པའི་སྡིག་བརྟེན་ན།། བྱེ་བར ་བུར་ཅན་དང་སྟོང་ཕྲག་ནི།། བཞི་བཅུ་གཅིག་ཏུ་ཆུ་བུར་རྡོལ་བ་ཡི།། སེམས་ཅན་དམྱལ་བ་རྣམས་སུ་འགྲོ་བར་འགྱུར།། སྡིག་པའི་སེམས་ཀྱིས་མཉེས་སྐྱོན་བརྗོད་པ།། བདག་ཉིད་གསང་ཕྱིར་དམྱལ་བ་སྤེལ་བར ་ཟད།། སྟོབས་ལྡན་ཉེས་མེད་པ་དག་བཟོད་བྱེད་ཅིང་།། དེ་ལ་སེམས་ཀྱང་འཁྲུག་པར་མི་བྱེད་དོ།། བསམ་བརླག་གང་ཞིག་སྡིག་ཅན་གྱི།། ལྷ་ལ་བསྟེན་ནས་འཕགས་པ་ནི།། དགྲ་བཅོམ་ཆོས་ཀྱིས་འཚོ་བ་དང་།། ་བསྟན་པ་སྤོང་བར་བྱེད་པ་དག། སྨིག་མ་འབྲུ་ཆགས་ལྟ་བྲུར་ནི།། དེ་ནི་རང་གི་འབྲས་བུ་གསོད།། ཚིག་བཟབ་བོ་ན་སྨྲ་བྱ་ཡི།། སྡིག་པ་ཅན་དག་སྨྲ་མི་བྱ།། སྡིག་ཅན་གདུང་བྱེད་སྨྲ་བ་བས།། ཚིག་བཟང་སྦྲ ་བར་བྱེད་པ་རུང་།། བྱིས་པ་སྡིག་ཅན་སྨྲ་བྱེད་པ།། སྨྲ་བའི་ཆེན་འཆིང་འགྱུར་ལ།། གལ་ཏེ་སྨྲས་ན་གཞན་སྤོང་བ།། དེ་དགའ་ཕགས་པ་མི་གསུང་ངོ་།། དགེ་སློང་དག་གི་བསྡམས་པ་དང་།། དལ་བུས་སྤ་ཞིང ་རློམ་པ་མེད།། གང་ཞིག་ཆོས་ལྡན་དོན་སྟོན་པ།། དེ་ནི་སྙན་པར་སྨྲ་བ་ཡིན།། ལེགས་པར་སྨྲ་བ་མཆོག་ཅེས་འཕགས་པ་གསུངས།། སྟན་སྨྲ་མི་སྙན་མ་ཡིན་དེ་གཉིས་པ།། བདེན། ་སྨྲ་བརྫུན་པ་མ་ཡིན་དེ་གསུམ་པ།། ཆོས་སྨྲ་ཕལ་པ་མ་ཡིན་བཞི་པ་དེའོ།། ཚིག་བདེན་རྣམས་ནི་སྨེ་བྱ་ཞིང་།། གང་གིས་བདག་ཀྱང་མི་གདུང་ལ།། ཕ་རོལ་ལ་ཡང་གནོད་མེད་པའི།། ཚིག་དེ་ལེགས་པར་སྦ། ་བར་བྱ།། གང་གིས་མངོན་པར་དགའ་འགྱུར་ཞིང་།། གང་གིས་སྡིག་པ་མི་སྐྱེད་དང་།། སྨྲས་པས་ཕ་རོལ་དགའ་འགྱུར་བའི།། ཉན་ཚིག་ཁོ་ནར་སྨྲ་བར་བྱ།། བདེན་པའི་ཚིག་ནི་བདུད་རྩི་སྟེ།། བདེན་པའོ།། ། ་ཚིག་ནི་བླ་མེད་ཡིན།། དོན་དང་ཆོས་ལ་རབ་གནས་པ།། བདེན་པ་ཡིན་ཞེས་དམ་པ་གསུང་།། སྡུག་བསྔལ་ཐམས་ཅད་སྤང་བའི་ཕྱིར།། སངས་རྒྱས་ཀྱིས་ནི་གསུངས་ཚིག་གང་།། བདེ་བ་མྱ་ངན་འདས་འགྲོ།། ་བའི།། ཚིག་དེ་བླ་ན་མེད་པའི་ཡིན།། ཚིག་གི་ཚེམས་ཏེ་བརྒྱད་པའོ།། །། ཆོས་གཅིག་ལས་ནི་རབ་འདས་ཤིང་།། འཇིག་རྟེན་ཕ་རོལ་བཅོམ་པ་ཡིས།། ལུས་ཅན་བརྫུན་དུ་སྨྲ་བ་ཡིས།། ། ་སྡིག་པ་མི་བྱ་ཅི་ཡང་མེད།། ལྕགས་སྐོང་མ་ལྕེ་འབར་འདྲ་བ།། ཟོས་པར་གྱུར་པ་ཆེས་བླ་ཡིས།། ཚུལ་འཆལ་ལེགས་པར་མི་སྡོམས་པས།། ཡུལ་འཁོར་བསོད་སྙོམས་ཟ་མི་རུང་།། ཁྱོད་ནི་སྡུག་བསྔལ། ་གྱིས་འཇིགས་ཤིང་།། ཁྱོད་ལ་སྡུག་བསྔལ་མི་སྡུག་ན།། མངོན་སུམ་དག་གམ་ལྐོག་ཏུའང་རུང་།། སྡིག་པ་ཅན་གྱི་ལས་མི་བྱ།། གལ་ཏེ་སྡིག་པའི་ལས་བྱས་སམ།། བྱེད་ཀྱང་རུང་སྟེ་ཁྱོད་ཀྱིས་ནི།། ཀོག ་ཅེས་ལངས་ཏེ་བྲོས་བྱས་ཀྱག།། སྡུག་བསྔལ་ལས་ནི་ཐར་མི་འགྱུར།། གང་དུ་གནས་ན་ལས་ཀྱིས་མི་ཚུགས་པའི།། ས་ཕྲོགས་དོན་ཡོད་པ་མ་ཡིན་ཏེ།། བར་སྣང་ལ་མེད་རྒྱ་མཚོའི་ནང་ནའང་མེད།། རག། ་རྣམས་ཀྱི་གསེབ་ཏུ་ཞུགས་ཀྱང་མིན།། ཕ་རོལ་པོ་ལ་བརྟགས་ནས་གང་།། སྡིག་པ་ཅན་གྱི་ལས་མཐོང་བ།། དེ་དག་བདག་གིས་མི་བྱ་སྟེ།། སྡིག་བྱས་ལས་ནི་རྗེས་སུ་འབྲང་།། ལས་གང་ཤིན་ཏུ་མི་བཟད ་དང་། གཟོལ་བྱེད་གཞལ་ལུགས་འཆོས་པ་དང་།། མི་ལ་འཚེ་བར་བྱེད་པ་དང་།། གཞན་ལ་བྱེད་དུ་འཇུག་པ་ཡི།། ལས་དེ་མི་ཡི་རྗེས་འབྲང་བས།། དེ་ཡི་གཡང་སར་ལུང་བར་བྱེད།། མི་ཡིས་དགེ་བའམ་སྡིག་པ ་ཡིག་ལས་ནི་གང་དང་གང་བྱས་པའི།། ལས་རྣམས་ཆུང་ཟར་མི་འགྱུར་ཏེ།། དེ་ལྟ་དེ་ལྟར་འབྲས་བུར་འགྱུར།། དེ་ཡོ་ཚོགས་པ་ཇི་སྲིད་པར།། དེ་སྲིད་འདི་ནི་དྲང་བར་བྱེད།། དེ་ལ་བཞིན་དག་རྡུང་བྱེད་དེ།། དུང ་བྱེད་དེ་ནི་བརྟག་པར་འགྱུར།། འདི་ནི་བདག་རྗེས་མི་འབྲང་ཞེས།། བྱིས་པས་མ་བརྟགས་བྱས་པ་ཡི།། སྡིག་པའི་ལས་ཀྱི་འགྲོ་བ་དག། ཕ་རོལ་ཏུ་ནི་ཤེས་པར་འགྱུར།། གལ་ཏེ་བྱིས་པས་མི་ཤེས་པར།། ་སྡིག་པའི་ལས་ནི་བྱས་པ་དག། ནམ་ཞིག་ན་ནི་དེ་ཉིད་ཀྱིས།། རྣམ་སྨིན་ཚ་བ་སོ་སོར་སྟེ།། རང་གི་ལས་ཀྱིས་དེའི་འོག་ཏུ་མེ་ཡིས་བསྲེག་པ་བཞིན་དུ་གདུངས།། བྱིས་པ་ཤེས་རབ་ཆུང་ངུ་དག། བདག་ལ ་དགྲ་བཞིན་བྱེད་པ་ཡིས།། གང་ཞིག་འབྲས་བུ་ཚར་འགྱུར་བའི།། སྡིག་ཅན་ལས་ནི་སྤྱོད་པར་བྱེད།། གང་དག་བྱས་པ་གདུངས་འགྱུར་ཞིང་།། མཆི་མས་གདོང་ཡོག་དུ་བཞིན་དུ།། རྣམ་སྨིན་སོ་སོར་སྟེན ་པ་ཡི་ན་ལས་དེ་དག་ནི་མ་བྱས་ལེགས།། གང་ཞིག་བྱས་ན་མི་གདུང་ཞིང་།། དགའ་ཞིང་ཡིད་ནི་བདེ་བ་ཡིས།། རྣམ་སྨིན་སོ་སོར་སྟེན་པ་ཡིས།། ལས་དེ་དག་ནི་བྱས་པ་ལེགས།། ་བདག་ཉིད་བདེ་བ་འདོད་པའི་ཕྱིར།། དགོད་བཞིན་སྡིག་པའི་ལས་བྱས་པའི།། སྡིག་ལས་དེ་ཡི་རྣམ་སྨིན་དག། ངུ་བཞིན་ཉམས་སུ་མྱོང་བར་འགྱུར།། ངེས་པར་སྡིག་ལས་འཕྲལ་དུ་ནི།། འོ་མ་ལྟ་བུར ་འགྱུར་མི་བྱེད།། ཐལ་བས་གཡོགས་པའི་མེ་ལྟ་བུར།། དེས་ནི་བྱིས་པ་སྲེག་པར་བྱེད།། སྡིག་ལས་འཕྲལ་དུ་ངེས་པར་ནི།། མཚོན་བཞིན་གཅོད་པར་མི་བྱེད་ཀྱང་།། སྡིག་པའི་ལས་ཀྱི་འགྲོ་བ་དག། ་ཕ་རོལ་ཏུ་ནི་མངོན་པར་འགྱུར།། གང་དུ་དེ་དག་རྣམ་སྨིར་ནི།། ཚ་བ་སོ་སོར་སྟེན་པ་ཡི།། སྡིག་པ་ལས་ཀྱི་འགྲོ་བ་དག། ཕ་རོལ་དུ་ནི་ཤེས་པར་འགྱུར།། ལྕགས་ལས་གཡའ་ནི་ལངས་གྱུར་པ།། ལངས། ་པ་དེས་ནི་དེ་ཉིད་ཟ།། དེ་བཞིན་མ་བརྟགས་བྱས་པ་ཡིན།། རང་གི་ལས་ཀྱིས་ངན་འགྲོར་འགྲོ།། ལས་ཀྱི་ཚེམས་ཏེ་དགུ་པའོ།། །། དད་དང་ངོ་ཚ་ཚུལ་ཁྲིམས་སྦྱིན་པ་སྟེ།། ཆོས་འདི ་རྣམས་ནི་སྐྱེས་བུ་དམ་པས་བསྔགས།། འདི་ཡིས་ལྷ་ཡི་འཇིག་རྟེན་འགྲོ་འགྱུར་ཞིང་།། ལམ་འདི་ཉིད་ཀྱིས་ལྷ་ཡུལ་འགྲོ་ཞེས་གསུངས།། འཇུངས་རྣམས་ལྷ་ཡི་འཇིག་རྟེན་མི་འགྲོ་ཞིང་།། དེ་ཡིས ་བྱིས་པ་སྦྱིན་པའི་བསྔགས་མི་བརྗོད།། བརྟན་རྣམས་སྦྱིན་ལ་རྗེས་སུ་ཡི་རང་བ།། དེས་ནི་དེ་དག་གཞན་དུ་བདེ་བ་མྱོང་།། འདི་ན་སྐྱེས་བུའི་ནོར་མཆོག་དད་པ་སྟེ།། འདི་ན་ཆོས་ལ་ལེགས་སྤྱོད་བདེ་བ་འཛིན ་བདེན་པ་ཁོ་ནར་རོ་བྲོ་རྣམས་ཀྱི་ཕུལ།། ཤེས་རབ་ཀྱིས་འཚོ་འཚོ་བའི་མཆོག་ཅེས་གསུངས།། མྱ་ངན་འདས་པར་འགྲོ་བ་ཡི།། དགྲ་བཅོམ་ཆོས་ལ་དད་བསྐྱེད་དེ།། མཁས་པས་གུས་པར་མཉན། ་ན་ནི།། དེ་དང་དེ་ཡེ་ཤེས་རབ་འཐོབ།། བག་ཅན་གྱིས་ནི་རྒྱ་མཚོ་དང་།། དད་པས་ཆུ་བོ་རྣམས་ལས་སྒྲོལ།། བརྩོན་འགྲུས་ཀྱིས་ནི་སྡུག་བསྔལ་སྤང་།། ཤེས་རབ་ཀྱིས་ནི་ཡོངས་དག་འགྱུར།། དགེ་སློང་དང། ་པའི་གྲོགས་ལྡན་ཞིང་།། ཤེས་རབ་ཀྱིས་ནི་གཏམས་པ་དང་།། མྱ་ངན་འདས་ལ་མངོན་དགའ་བས།། འཆིང་བ་ཐམས་ཅད་གཅོད་པར་འགྱུར།། གང་གིས་དད་དང་ཚུལ་ཁྲིམས་དང་།། ཤེས ་རབ་ཉིད་ནི་ལེགས་བསྒོམས་ཤིང་།། མཁས་པ་སྐྱོན་རྣམས་སྤོང་བ་དེ།། ལེགས་པའི་ངང་ཚུལ་ཅན་ཞེས་བརྗོད།། དད་དང་ཚུལ་ཁྲིམས་ཕུན་སུམ་ཚོགས།། གཏོང་ལྡན་འཇུགས་པ་རྣམ་སྤངས་པ།། ་དེ་ནི་གང་དང་གར་སོང་བ།། དེ་དང་དེར་ནི་མཆོད་པར་འགྱུར།། མཁས་གང་འཚོ་བའི་འཇིག་རྟེན་ན།། དད་དང་ཤེས་རབ་སྟེན་བྱེད་པ།། དེ་དག་དེ་ཡི་ནོར་མཆོག་སྟེ།། དེ་ཡི་ནོར་གཞན་ཕལ་བར་མཛད།། འཕགས ་པ་བལྟ་བར་འདོད་པ་དང་།། དམ་ཆོས་ཉན་པར་དགའ་བ་དང་།། སེར་སྣའི་དྲི་མ་རྣམ་སྤངས་པ།། དེ་ནི་དད་པ་ཅན་ཞེས་བྱ།། དད་པའི་ལམ་བརྒྱགས་བསྐུར་བར་བྱ།། བསོད་ནམས་ཆོམ་པོས་དབྲོག་མི་ནུས།། ་ཆོམ་རྐུན་འཕྲོག་པར་བྱེད་པ་བཟློག། དགེ་སྦྱོང་རྣམས་ཀྱིས་བླངས་ནས་དགའ།། མཁས་པ་དགེ་སྦྱོང་འོངས་པ་ལ།། མངོན་པར་དགའ་བར་བྱེད་འགྱུར་ཞིང་།། སྐྱེ་བོ་རྣམས་ནི་ཅི་རིགས་པར།། དད་པ་རྗེ ་བཞིན་སྦྱིན་བྱེད་ཅིང་།། གཞན་གྱི་ཟས་དང་སྐོམ་དེ་ལ།། གང་ཞིག་ཡིད་ནི་མི་བདེ་བ།། དེས་ནི་ཉིན་དང་མཚན་རྣམས་སུ།། ཏིང་འཛིན་ཐོབ་པར་མི་འགྱུར་རོ།། གང་གིས་ཏ་ལའོ།། ་མགོ་བཅད་ལྷ།། དེ་འདྲ་ཀུན་ཏུ་གཅོད་བྱེད་པ།། དེས་ནི་ཉིན་དང་མཚན་རྣམས་སུ།། ཏིང་ངེ་འཛིན་དག་ཐོབ་པར་འགྱུར།། ཁྲོན་པ་སྐམ་པོ་ཇི་ལྟ་བར།། དད་པ་མེད་པ་བསྟེན་མི་བྱ།། ཅི་སྟེ་དེ་ལ་ཡོངས་བགོས། ་ཀྱང་། འདམ་ཆུ་དྲི་ང་འབྱུང་བར་འགྱུར།། ཆུ་མང་རྣམ་པར་དང་བ་དང་།། བསིལ་བར་གྱུར་ཅིང་རྙོག་མེད་པའི།། མཚེ་ལ་ཆུ་འདོད་ཇི་ལྟ་བར།། ཤེས་རབ་ཅན་གྱིས་དང་ལྡན་བསྟེན།། ཆགས་སམ་མ ་ཆགས་ཀྱང་རུང་སྟེ།། དེ་ཡིས་ཐུབ་སྐུ་མི་ངེས་པས།། མ་དད་པ་དག་སྤང་བར་བྱ།། དད་པ་རྣམས་ནི་ཉེ་བར་བསྟེན་དད་པའི་ཚེམས་ཏེ་བཅུ་པའོ།། །། སྡོམ་ལ། མི་རྟག་འདོད་དང་སྲེད་པ།། ་དང་།། བག་ཡོད་དེ་བཞིན་དགའ་བ་དང་།། ཚུལ་ཁྲིམས་ལེགས་སྤྱོད་ཚིག་དག་དང་།། ལས་དང་དད་པ་དེ་དག་བཅུ།། བྲམ་ཟེས་འདོད་པ་རབ་སྤང་ཞིང་།། བརྩོན་འགྲུས་ཀྱིས་ནི་རྒྱུན་ཆོད་ཅིག། འདོད་པ་རབ ་ཏུ་མ་སྤངས་པར།། ཐུབ་པ་གཅིག་གིས་མ་ཐོབ་བོ།། ཀུན་ཏུ་ཆུ་བཞན་པ་དང་།། ཉོན་མོངས་ཕྱིར་ཡང་ཀུན་སོགས་པས།། བརྩོན་འགྲུས་བརྟན་པོ་ཁོ་ན་ཡིས།། བྱ་བ་དེ་ཉིད་བྱེད་ལ་རག། ཞན་པའི ་ལས་ནི་ཇི་སྙེད་དང་།། ཀུན་ནས་ཉོན་མོངས་དཀའ་ཐུབ་དང་།། ཚངས་སྤྱོད་ཡོངས་སུ་མ་དག་སྟེ།། དོན་ཆེན་འགྱུར་སྙམ་མི་བྱེད་དོ།། ཇི་ལྟར་མདའ་ནི་གཟུང་ཉེས་པས།། ལག་པ་ཆོད་པར་འགྱུར་བ་ལྟར།། ། ་དགེ་སློང་བསྲུང་བ་བྱ་ཉེས་དང་།། དམྱལ་བར་ཉེ་བར་ཁྲིད་པར་བྱེད།། ཇི་ལྟར་མདའ་ནི་གཟུང་ལེགས་པས།། ལག་པ་ཆོད་པར་མི་འགྱུར་ལྟར།། དགེ་སྦྱོང་བསྲུང་བ་བྱ་ལེགས་ན།། མྱ་ངན་འདས་པར་ཉེ་བར། ་འཛིན།། དགེ་སྦྱོང་རྣམ་པར་མ་ཤེས་དང་།། རྒལ་བར་དཀའ་དང་བཟོད་དཀའ་དང་།། གང་དགཞན་པ་འགྱོར་འགྱུར་བའི།། སྡུག་བསྔལ་མང་པོ་དེ་དག་འབྱུང་།། ཡང་དང་ཡང་དུ་འགྱོད་པ་ཡིས།། ཀུན་རྟོག ་དབང་དུ་འགྲོ་བ་ཡི།། སེམས་ནི་བཟློག་པར་མ་བྱས་པར།། དགེ་སྦྱོང་སྤྱོད་པ་ཇི་ལྟར་བྱ།། ཉེས་པར་རབ་བྱུང་ཉེས་དགའ་བ།། ཁྱིམ་འདུག་ཉེས་རྩོམ་བྱེད་པ་དག། སྡུག་བསྔལ་མཉམ་མེད་སྟེན་པ་དག། ་སྲིད་སྡུག་བསྔལ་སོགས་པར་ཟད།། ཚེམ་བུ་ངུར་སྨྲིག་གྱོན་པ་དག། ཕལ་ཆེར་ཡང་དག་མི་སྡོམ་ཞིང་།། སྡིག་པའི་ཆོས་ཅར་སྡིག་ལ་དགའ།། སྡིག་ཅན་དེ་དག་ངན་འགྲོར་འགྲོ།། སཱ་ལའི་ཤིང་ལ་འཁྲི་ཤིང ་ལྷར་འགང་ཞིག་ཤིན་ཏུ་ཁྲིམས་འཆལ་ཏེ།། ཇི་ལྟར་རང་ལ་དགྲ་བཞིན་ནོ།། དེ་ནི་དེ་ལྟར་བྱེད་པར་འདོད།། མགོ་བོ་སྐྱ་བོར་གྱུར་བར་དུ།། ད་དུང་རྒན་རབས་མ་ཆུད་པ།། དེ་ནི་ལང་ཚེ་གཏུགས་པ་སྟེ།། དེ་ནི། ་རྒན་བླུན་ཞེས་བྱའོ།། གང་ཞིག་དགེ་དང་སྡིག་པ་དག། སྤངས་ཤིང་ཚངས་པར་སྤྱོད་པ་དང་།། སྡེ་ཚེགས་སྤངས་ནས་སྤྱོད་བྱེད་པ།། དེ་ནི་རྐན་རབས་ཞེས་བྱའོ།། བརྟུལ་ཞུགས་མེད་ཅིང་རྫུན་སྣ ་ན།། མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན།། རྨོངས་པ་འདོད་ལ་ཞུགས་པ་དག། ཛི་ག་དགེ་སྦྱོང་ཡིན་རམ་གེ། བརྟུལ་ཞུགས་མེད་ཅིང་བརྫུན་སྨྲ་ན།། མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན།། གང་ཞིག ་སྡིག་པ་ཞི་གྱུར་དེ།། མཁས་པས་དགེ་སྦྱོང་ཡིན་པར་ཤེས།། བརྟུལ་ཞུགས་མེད་ཅིང་བརྫུན་སྨན།། མགེ་བོ་བྲེགས་ཙམ་དགེ་སྦྱོང་མིན།། གང་དག་སྡིག་པ་ཆེ་ཕྲ་དག། ཀུན། ་ལ་བཏགས་ནས་བྱེད་པ་དང་།། སྡིག་པ་ཞི་བ་དེ་དག་ནི།། དགེ་སྦྱོང་ཉིད་ཅེས་བརྗོད་པར་བྱ།། སྡིག་པ་སྤངས་པ་བྲམ་ཟེ་སྟེ།། ཞི་བོར་འདོད་པ་དགེ་སྦྱོང་ཡིན།། བདག་གི་དྲི་མ་རབ་སྤངས་པ།། དེས་ན་རབ ་ཏུ་བྱུང་ཞེས་བརྗོད།། དགེ་སྦྱོང་གི་ཚེམས་ཏེ་བཅུ་གཅིག་པའོ།། །། གང་ཚེའཕགས་པའི་བདེན་པ་བཞི།། ཤེས་རབ་ཀྱིས་ནི་མཐོང་བ་དང་།། ལམ་འདི་རབ་ཏུ་ཤེས་པ་ཡིས། ་སྲིད་པའི་སྲེད་པ་རབ་ཏུ་འཇལ།། དཔེར་ན་རླུང་གིས་རྡུལ་བསླང་ག། ཆར་པ་བབ་པས་ཞི་བྱེད་ལྟར།། གང་ཚེ་ཤེས་རབ་ཀྱིས་མཐོང་བ།། དེ་ཚེ་ཀུན་རྟོག་ཞི་བར་འགྱུར།། གང་ཞིག་ལེགས་པར་རྟོགས ་པ་ཡིས།། སྐྱེ་ཤི་ལེགས་པར་ཟད་འགྱུར་ཞིང་།། འཇིག་རྟེན་ངེས་འབྱེད་འགྱུར་བ་ཡི།། ཤེས་རབ་དེ་ནི་གཙོ་བོ་ཡིན།། བདེན་པའི་ནང་ན་བདེན་བཞི་དང་།། ལམ་ནང་ཡན་ལག་བརྒྱད་པ་མཆོག། རྐང ་གཉིས་ནང་ན་མིག་ཅན་དང་།། ཆོས་ཀྱི་ནང་ན་ཆགས་བྲལ་མཆོག། འདུ་བྱེད་ཐམས་ཅད་མི་རྟག་པར།། གང་ཚེ་ཤེས་རབ་ཀྱིས་མཐོང་བ།། དེ་ཚེ་སྡུག་བསྔལ་ལས་ཡིད་འབྱུང་།། ལམ་འདི་རྣམ ་པར་དག་པར་འགྱུར།། འདུ་བྱེད་ཐམས་ཅད་སྡུག་བསྔལ་བར།། གང་ཚེ་ཤེས་རབ་ཀྱིས་མཐོང་བ།། དེ་ཚེ་སྡུག་བསྔལ་ལས་ཡིད་འབྱུང་།། ལམ་འདི་རྣམ་པར་དག་པར་འགྱུར།། འདུ་བྱེད་ཐམས་ཅད ་སྟོང་ཉིད་དུ།། གང་ཆེ་ཤེས་རབ་ཀྱིས་མཐོང་བ།། དེ་ཚེ་སྡུག་བསྔལ་ལས་ཡིད་འབྱུང་།། ལམ་འདི་རྣམ་པར་དག་པར་འགྱུར།། འདུ་བྱེད་ཐམས་ཅད་བདག་མེད་པར།། གང་ཚེ་ཤེས་རབ་ཀྱིས ་མཐོང་བ།། དེ་ཚེ་སྡུག་བསྔལ་ལས་ཡིད་འབྱུང་།། ལས་འདི་རྣམ་པར་དག་པར་འགྱུར།། སྲེད་པའི་ཟུག་རྔུ་གཅོད་བྱེད་ལས།། ངས་ནི་ཁྱེད་ཅག་རྣམས་ལ་བསྟན།། དེ་བཞིན་གཤེགས་པ་སྔོན་པ་སྟེ། ་ཁྱེད་ཅག་རྣམས་ཀྱིས་བྱ་དགོས་སོ།། སྲེད་པའི་ཟུག་རྔུ་སེལ་བའི་ལམ།། ངས་ནི་ཁྱེད་ཅག་རྣམས་ལ་བསྟན།། དེ་བཞིན་གཤེགས་པ་སྟོན་པ་སྟེ།། ཁྱེན་ཅག་རྣམས་ཀྱིས་བྱ་དགོས་སོ།། ལྟ་བ་རྣམ་པར ་དག་བྱེད་པ།། ལམ་འདི་མ་གཏོགས་གཞན་མེད་པས།། ཏིང་ངེ་འཛིན་ལ་རབ་ཞུགས་ཏེ།། བདུད་ཀྱི་འཆིང་བ་སྤང་བར་གྱིས།། འདི་ནི་དྲན་ལམ་འདི་ནི་ཕ་རོལ་གནོན།། མཚོ་ལ་ངང་པའི་སྲང་ལྟར་བགྲོད་པ། ་གཅིག། ཤཱཀྱ་ཐུབ་པས་མཉམ་གཞག་གང་རྟོགས་ནས།། ཚོགས་ལ་ཡང་དང་ཡང་དུ་བཤད་པ་འདི།། སྐྱེ་ཤི་མཐའ་རྟོགས་པན་མཛད་ཐུགས་བརྩེ་བས།། བགྲོད་པ་གཅིག་ལམ་རབ་ཏུ་བསྟན ་མཛད་པའི།། ལམ་འདིས་ཆུ་བོ་རྣམས་ལས་སྔོན་རྒལ་ཞིང་།། དེ་བཞིན་རྒལ་བར་འགྱུར་ཞིང་རྒལ་བར་མཛད།། ཤིན་ཏུ་མཐར་གཏུགས་གདུལ་བྱ་དག་བྱ་དང་།། འཁོར་བའི་སྐྱེ་ཤི་ཟད་པར་བྱ་བ ་དང་། ཁམས་རྣམས་དུ་མ་སོ་སོར་རྟོག་བྱའི་ཕྱིར།། སྤྱན་དང་ལྡན་པས་ལམ་འདི་རབ་ཏུ་བསྟན།། ཇི་ལྟར་ཆུ་ཀླུང་གངྒཱའི་ཆུ་རྒྱུན་ཞུགས།། རྒྱ་མཚོའི་ནང་དུ་འབབ་པར་འགྱུར་བ་ལྟར།། དེ་བཞིན ་ཤེས་རབ་ཡངས་པས་བསྟན་པའི་ལམ།། འདི་ནི་འཆི་མེད་ཐོབ་པར་བྱ་ཕྱིར་འཇུག། གང་ཞིག་འབྱུང་པོ་ཀུན་ལ་ཐུགས་བརྩེ་བས།། སྔན་ཆད་མ་ཐོས་ཆོས་ཀྱི་འཁོར ་ལོ་བསྐོར།། སྐྱོབ་པ་ལྷ་དང་མི་རྣམས་འདུལ་མཛད་པ།། སྲིད་པའི་མཐར་ཕྱིན་དེ་ལ་ཕྱག་འཚལ་ལོ།། རྣམ་རྟོག་དགེ་བ་གསུམ་ནི་བརྟག་བྱ་ཞིང་།། དགེ་བ་མ་ཡིན་གསུམ་ཡང་རྣམ ་པར་སྤང་།། ཀུན་ནས་རྡུལ་ལངས་ཆར་གྱིས་མནན་པ་ལྟར།། དེ་ནས་རྟོག་དང་དཔྱོད་པ་ཞི་བར་བྱ།། དེ་ནས་སེམས་ལ་རྣམ་རྟོག་ཉེར་ཞི་གནས།། བླ་མེད་བྱང་ཆུབ་བདེ་ལ་རེག་པར་འགྱུར།། ཏིང་འཛིན ་གསུམ་པོ་རྣམས་ལ་ཡིད་གཏད་ཅིང་།། བདེན་པ་ལས་སྐྱེས་ཚད་མེད་བསྒོམ་པར་བྱ།། དྲན་ལྡན་མཁས་པས་མདུད་བཞི་བྱ་ཞིང་།། གསུམ་པོ་རྣམས་ཀྱིས་གནས་གསུམ་རབ་ཏུ་ནི།། ཤེས་རབ ་མཚོན་དང་བརྩོན་འགྲུས་སྟོབས་དང་ལྡན།། དྲན་པ་མཉམ་གཞག་ཏིང་འཛིན་ལ་དགའ་བས།། འཇིག་རྟེན་སྐྱེ་དང་འཇིག་པར་རྟོགས་ནས་ནི།། ཀུན་ལས་རབ་ཏུ་རྣམ་གྲོལ་དེ་རིག་ཡིན།། འཇིག་རྟེན ་མཐའ་མ་ལེགས་པར་རྟོགས་གྱུར་ནས།། འཇིག་རྟེན་མཐར་སོན་ཕ་རོལ་ཕྱིན་ཅེས་བརྗོད།། གང་ཞིག་ཞི་བ་འཕགས་ལམ་ཡན་ལག་བརྒྱད།། ལམ་སྲང་བསྒོམས་པ་དེས་ནི་བདུད་རྩི་རྙེད།། དེ་ལྟར ་སྤྱོད་པས་བདེ་འདོད་བདེ་བ་འཐོབ།། སྙན་པ་འཐོབ་ཅིང་གྲགས་པ་འཕེལ་བར་འགྱུར།། ལམ་གྱི་ཚེམས་ཏེ་བཅུ་གཉིས་པའོ།། ། ཆེད་དུ་བརྗོད་པའི་ཆོམས་བམ ་པོ་གཙེས་པ། དྲིའུ་མོ་རང་གི་མངལ་གྱིས་དང་།། དམ་བུ་སྨྱིག་མ་འབྲས་བུས་དང་།། ཆུ་ཤིང་འབྲས་བུས་ཕུང་བ་ལྟར།། བོ་བཤལ་བཀུར་སྟིས་ཕུང་བར་འགྱུར།། ཇི་སྲིད་བླུན། ་པོ་མཆོད་བྱས་པ།། དེ་སྲིད་རབ་ཏུ་བརླག་པར་འགྱུར།། བྱིས་པའི་དཀར་པོའི་ཚེ་འགྲིབ་ཅིང་།། དེ་ཡི་སྤྱི་བོའང་ངེས་པར་ཉམས།། ངན་པ་རྙེད་པ་འདོད་པ་དང་།། དགེ་སློང་འཁོར་ནི་འདོད་པ་དག། ་གནས་ལ་སེར་སྣ་བྱེད་པ་དང་།། རིགས་གཞན་དག་གིས་མཆོད་པ་དང་།། རབ་ཏུ་བྱུང་དང་ཁྱིམ་པ་དག། གང་ཡང་རུང་བས་བདག་འཕྲིགས་ཏེ།། བྱ་བ་བྱས་རུང་མ་བྱས་རུང་།། བདག་དབང་གྱུར་ན་རེ ་སྟེས་ཞེས།། དེ་ལྟར་བྱིས་པ་ཀུན་རྟོགས་ན།། སེམས་ལ་འདོད་ཆེན་འཕེལ་བར་འགྱུར།། རྙེད་པའི་ཐབས་ནི་གཞན་ཡིན་ལ།། མྱ་ངན་འདས་འགྲོའི་གཞན་ཡིན་ཞེས།། དེ་ལྟར་ཅི་རིགས་ཤེས་ནས ་སུ།། བཀུར་སྟི་དག་ལ་མི་དགའ་ཞིང་།། དབེན་པ་རིམ་གྱིས་འཕེལ་བྱེད་པའི།། དགེ་སློང་སངས་རྒྱས་ཉན་ཐོས་ཡིན།། ཐམས་ཅད་ལ་ནི་མི་སྩོལ་ཞིང་།། མི་ཡིས་འཕྲིགས་པར་མ་གྱུར་དང་།། འཚོ ་བ་གཞན་ལ་མི་བརྟེན་ཅིང་།། ཆོས་ལ་ཚོང་པ་བཞིན་མི་སྤྱད།། རང་གི་རྙེད་པ་བླང་བྱ་ཞིང་།། གཞན་གྱི་ལ་ནི་འདོད་མི་སྐྱེད།། དགེ་སློང་གཞན་གྱི་འདོད་བྱེད་པས།། ཏིང་འཛིན་ཐོབ་པར་མི་འགྱུར་རོ།། ག ་ཏེ་བདེ་བར་འཚོ་འདོད་ཅིང་།། དགེ་སྦྱོང་འདི་ལ་ལྷ་འདོད་ན།། དགེ་འདུན་གྱི་ནི་ཆོས་གོས་དང་།། བཟའ་བཏུང་བྱིན་པར་གྱུར་ན་བླང་།། གལ་ཏེ་བདེ་བར་འཚེ་འདོད་ཅིང་།། དགེ་སྦྱོང་འདི་ལ་ལྷ་འདོད་ན།། ་བྱི་བའི་ཁུང་ནས་སྦྲུལ་ལྟ་བུར།། གནས་མལ་དག་ལ་བསྙེན་པར་གྱིས།། གལ་ཏེ་བདེ་བར་འཚོ་འདོད་ཅིང་།། དགེ་སྦྱོང་འདི་ལ་ལྷ་འདོད་ན།། ངན་ངོན་ཙམ་གྱིས་ཆོག་ཤེས་ཤིག། ་ཆོས་གཅིག་པོ་ཡང་བསྒོམ་པར་བྱ།། གལ་ཏེ་མང་པོ་མི་ཤེས་ཤིང་།། ཚུལ་ཁྲིམས་ལེགས་པར་མཉམ་བཞག་ན།། དེ་ཤེས་པ་དགའ་ཚེ་དག་ཅིང་།། སྙོམས་ལས་མེད་ཅེས་སྟོད་པར་བྱེད།། གལ་ཏེ་འཆི། ་བདག་ཉམས་བྱེད་པའི།། ཟག་མེད་རིག་པ་གསུམ་ལྡན་ན།། བླུན་པོས་ཅི་ཡང་མི་ཤེས་ཞེས།། བསམས་ནས་དེ་ལ་འཕྱ་ཡང་བླ།། གང་ཟག་སྡིག་པའི་ཆོས་ཅན་ལ།། གལ་ཏེ་བཟའ་དང་བཏུང་བ་ཡི།། ་རྙེད་པ་དག་དང་ལྡན་གྱུར་ན།། དེ་ལ་དེ་དག་མཆོད་པ་བྱེད།། མགོ་བྲེགས་ངུར་སྨྲིག་གྱོན་པ་ཡི།། བཟའ་བ་དང་ནི་བཏུང་བ་དང་།། གོས་དང་མལ་ཆ་རྙེད་པ་ལྟར།། དགྲ་བྱེད་མང་བ་ཁོ་ནར་ཟད།། དེ་ལྟར་བཀུར་སྟི ་འཇིག་ཆེན་གྱི།། སྐྱོན་རྣམས་ཁོང་དུ་ཆུད་བྱས་ནས།། འཕྲིགས་ཉུང་སེམས་ཁྲལ་བསྲུངས་ནས་སུ།། དྲན་ལྡན་དགེ་སློང་ཀུན་ཏུ་ཆུས།། ཁམ་གྱི་ཟས་ཀྱིས་སེམས་ཞིར་མི་འགྱུར་ཡང་།། འཚེ་བ་འདི་ཕྱིར ་མི་བཟའ་མི་བྱ་སྟེ།། ཁ་ཟས་ཀྱིས་ནི་ལུས་དག་གནས་འགྱུར་པ།། དེ་ལྟར་རྟོགས་ལ་བསོད་སྙོམས་དག་ལ་རྒྱུས།། རིགས་ཀྱིས་ཕྱག་བྱས་མཆོད་པ་གང་ཡིན་འདི།། ཟུག་རྔུ་ཕྲ་མོ་དབྱུང་བར་དཀའ་བ་སྟེ།། ་མི་ཡིས་བཟོད་དཀའ་བཀུར་སྟི་གང་ཡིན་འདི།། འདམ་དང་འདྲ་བར་རབ་ཏུ་རྟོགས་པར་གྱིས།། བཀུར་སྟིའི་ཚོམས་ཏེ་བཅུ་གསུམ་པའོ།། ། སྡིག་པའི་ལས་ནི་མི་བྱེད་པ།། འཁྲུ ་བྱ་མིན་ལ་གང་འཁུ་བ།། འཇིག་རྟེན་འདི་དྲིང་ཕ་རོལ་དུ།། དེ་ཉིད་སྡིག་པ་རྣམས་ཀྱིས་གོས།། དང་པོར་བདག་ནི་ཕུང་བྱེད་ཅིང་།། ཕྱི་ནས་གཞན་ཡང་ཕུང་བྱེད་པ།། ཁྲ་ཡིས་གཟམ་མའི་བྱ་ལ་བུར།། ཕུང་། ་ཞིང་གཞན་ཡང་ཕུང་བར་བྱེད།། རྡེག་པར་བྱེད་པས་རྡེག་པ་འཐོབ།། ཁོན་དུ་འཛིན་པས་ཁོན་ཅན་མཐོང་།། དེ་བཞིན་གཤེ་བས་གཤེ་བ་སྟེ།། ཁྲོ་བར་བྱེད་ལ་ཁྲོ་བ་འབྱུང་།། འདི་གཞན་དགེ་སྦྱོང་བྱིས་པ་། ་དམ་པའི་ཆོས་ལ་མི་མཁས་པ།། ཡོངས་སུ་ཆེ་ཐུང་འདི་ལ་ཡང་།། གྱི་ནའི་ཕྱིར་ནི་ཁོན་པར་བྱེད།། འདི་ནི་མཆོག་ཅེས་བསམས་ནས་སུ།། སོ་སོར་སྨྲ་ཞིང་འཐུན་འཇུག་པས།། འདི་ན་དགེ་འདུན་འབྱེད་པའི ་ཚེ།། ཅི་ཕྱིར་སྟོབས་མེད་སེམས་མི་བྱེད།། རུས་པ་གཅོག་ཅིང་སྲོག་གཅོད་ལ།། ཏ་ཕྱུགས་ནོར་ནི་འཕྲོག་པ་དང་།། ཡུལ་འཁོར་འཇོམས་པར་བྱེད་པ་ཡང་།། ཕྱི་ནས་འཇལ་དུ་མ་བྱེད་པ་ལྟར།། མཁས་པས ་བརྟགས་ཤིང་གསུངས་པའི་ཚིག། སྤྱོད་ཡུལ་སྟོན་པར་བྱེད་པ་ཡི།། ཆོས་འདི་རྣམ་པར་ཤེས་ན་གོ། ཁྱེད་ཅག་ཅིའི་ཕྱིར་བྱེད་མི་འགྱུར།། ཁྱོད་ནི་མི་མཁས་ལུགས་ཅན་ཏེ།། ཁ་བྱ་ཡིས་ནི་རྩོལ་བྱེད་པ།། ་རོལ་པོ་དག་མི་ཤེས་པས།། བདག་ནི་འདི་ལ་བརྩོན་པར་བྱེད།། འདི་ནི་མཁས་པ་གང་ཡིན་པ།། དེ་དག་གཞམས་པའི་ཚིག་གིས་ནི།། བདག་ལ་ཁ་ཟེར་བདག་ལ་གཤེ།། བདག་ཕ་མ་བདག་པ་མ་བྱེད་པའོ།། ་ཞེས།། འདི་གང་སེམས་ལ་འཛིན་བྱེད་པ།། དེ་ཡི་ཁོ་ན་ནི་ཞི་མི་འགྱུར།། བདག་ལ་ཁ་ཟེར་བདག་ལ་གཤེ།། བདག་ཕམ་བདག་ཕམ་བྱེད་པའོ་ཞེས།། འདི་གང་སེམས་ལ་མི་འཛིན་པ།། དེ་ཡི་ཁོ་ན་ནི་ཞི་བར ་འགྱུར།། འདི་ན་ཁོན་གྱི་ཁོན་ཅན་དག། ནམ་ཡང་ཞི་བར་འགྱུར་བ་མེད།། བཟོད་པས་ཁོ་ན་ནི་ཞི་འགྱུར་བ།། འདི་ནི་ཆོས་ཀྱི་རང་བཞིན་ཡིན།། ཁོན་གྱིས་ཁོ་ན་ཅན་ནམ ་ཡང་ཞི་མི་འགྱུར།། ཁོན་མེད་རྣམས་ཀྱིས་ཁོ་ན་ནི་ཞི་བར་བྱེད།། ཤ་ཁོ་ན་ཞུགས་པ་ལུས་ཅན་ལ་གནོད་པས།། དེ་ཕྱིར་མཁས་པས་ཁོན་པར་མི་བྱའོ།། བརྟན་པ་ལེགས་གནས་ལྷན་ཅིག་སྤྱད་པ་ཡི།། ། ་གྲོགས་པོ་མཁས་པ་གལ་ཏེ་རྙེད་ན་ནི།། ཉོན་མོངས་ཐམས་ཅད་མངོན་པར་ཟིལ་མནན་ནས།། དྲན་ལྡན་དགའ་བའི་ཡིད་ཀྱིས་དེ་དང་སྤྱད།། བརྟན་པ་ལེགས་གནས་ལྷན་ཅིག་སྤྱད་པ་ཡི།། གྲོགས ་པོ་མཁས་པ་གལ་ཏེ་མ་རྙེད་ན།། ཡུལ་འཁོར་ཡངས་པ་སྤངས་པའི་རྒྱལ་པོ་ལྟར།། གཅིག་པུས་སྤྱད་བྱ་སྡིག་པ་མི་བྱའོ།། བདག་དང་འཐུན་པར་སྤྱོད་པ་ཡི།། གྲོགས་བཟང་རྙེད་པར་མ་གྱུར་ན།། བྱིས ་པ་གྲོགས་སུ་མི་འགྱུར་བས།། གཅིག་པུས་སྤྱོད་པ་བརྟན་པར་བྱ།། བྱིས་པ་གྲོགས་སུ་མི་འགྱུར་བས།། གཅིག་པུ་སྤྱོད་པས་བྱེད་བླ་བས།། མ་ཏང་དགོན་པའི་གླང་པོ་ལྟར།། སེམས་ཁྲལ་བསྐྱུངས་ཏེ ་གཅིག་པུ་སྤྱད།། འཁུ་བའི་ཚེམས་ཏེ་བཅུ་བཞི་པའོ།། ། སངས་རྒྱས་ཀྱིས་ནི་བསྟན་པ་བཞིན།། གང་ཞིག་དབུགས་དབྱུང་བརྔུབ་དྲན་པ།། ཡོངས་སུ་རྫོགས་པས་ལེགས ་བསྒོམས་པས།། རིམ་གྱིས་ཡོངས་སུ་བྱང་གྱུར་ཏེ།། སྤྲིན་བྲལ་ཉི་མ་ཟླ་བ་ལྟར།། འཇིག་རྟེན་འདི་ནི་ཀུན་ནས་གསལ།། འགྲེང་དང་འདུག་དང་དེ་བཞིན་ཉལ་བ་དང་།། ལུས་དང་དེ་བཞིན་སེམས་ནི་འཇོག་བྱེད ་ཅིང་།། དགེ་སློང་དྲན་པ་དེ་ལེགས་འཇོག་པ་ན།། སྔ་ཕྱིར་ཁྱད་པར་རྣམས་ནི་འཐོབ་པར་འགྱུར།། ལྔ་ཕྱིར་ཁྱད་པར་རྣམས་ནི་ཐོབ་གྱུར་ནས།། འཆི་བདག་རྒྱལ་པོས་བལྟར་ཡང་མེད་པར་འམོ།། ལུས་གཏོགས། ་དྲན་པ་ཉེ་བར་བཞག་ནས་སུ།། རེག་པའི་སྐྱེ་མཆེད་དྲུག་ནི་བསྡམས་བྱས་ཏེ།། གང་ཞིག་རྟག་ཏུ་མཉམ་པར་འཇོག་བྱེད་པ།། དེ་བདག་ཉིད་ཀྱིས་མྱ་ངན་འདས་པ་རྟོགས།། གང་ཞིག་རྟག་ཏུ་རྣམ་པ་ཐམས་ཅད་དུ། ་ལུས་གཏོགས་དྲན་པ་ཉེ་བར་འཇོག་བྱེད་པ།། བདག་ཉིད་མེད་ཅིང་བདག་གིར་འཛིན་པ་མེད།། བདག་ཏུ་མི་འགྱུར་བདག་ཀིར་འཛིན་མི་འགྱུར།། དེ་ལྟར་དགེ་སློང་མཉམ་འཇོག་མྱུར་དུ་ནི།། ཡུལ་ལ་སྲེད་པ ་དག་ལས་རྒལ་བར་འགྱུར།། གང་ཞིག་དྲན་དང་ཤེས་བཞིན་མཉམ་འཇོག་དང་།། དགའ་དང་རབ་ཏུ་དང་བས་དུས་དུས་སུ།། ཆོས་འདི་ལ་སྤྱོད་མེལ་ཚེ་བྱེད་པ་དེ།། སྐྱེ་རྒ་རྣམས་ལས་རྒལ་བར་འགྱུར་ཞེས ་གསུངས།། དེ་ལྟར་རྟག་ཏུ་མེལ་ཆེ་བྱེད་སྟེན་ཅིང་།། དགེ་སློང་མཁས་པ་དྲན་ལྡན་བརྩོན་པ་ཡིས།། སྐྱེ་རྒའི་ཀུན་ཏུ་སྦྱོར་བ་སྤངས་ནས་སུ།། དེས་ནི་འདི་ལས་མྱ་ངན་འདས་པ་ཐོབ།། གཉིད་ལོག་དེ་དག་སང ་བྱེད་པའི།། མེལ་ཆེ་བདག་ལས་ཁྱོད་ཉོན་ཅིག། ཉལ་བས་མེལ་ཆེ་བྱེད་ཟ་སྟེ།། མེལ་ཚེ་བྱེད་ལ་འཇིགས་པ་མེད།། མེལ་ཆེ་བྱེད་པར་བརྩོན་པ་དང་།། ཉིན་མཚན་རྗེས་སུ་སློབ་བྱེད་ཅིང་།། འཆི་བ ་མེད་ལ་ལྷག་མོས་པའི།། ཟག་པ་རྣམས་ནི་ཟད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། སངས་རྒྱས་རྗེས་སུ་དྲན་བྱེད་ཅིང་།། གང་དག་སངས་རྒྱས་སྐྱབས་སོང་བ།། དེ་དག་མི་ཡི་རྙེད ་པ་ཡིན།། གང་ཞིག་ཉིན་དང་མཚན་རྣམས་སུ།། ཆོས་རྣམས་རྗེས་སུ་དྲན་བྱེད་ཅིང་།། གང་དག་ཆོས་ལ་སྐྱབས་སོང་བ།། དེ་དག་མི་ཡི་རྙེད་པ་ཡིན།། གང་ཞིག་ཉིན་དང་མཚན ་རྣམས་སུ།། དགེ་འདུན་རྗེས་སུ་དྲན་བྱེད་ཅིང་།། གང་དག་དགེ་འདུན་སྐྱབས་སོང་བ།། དེ་དག་མི་ཡིས་རྙེད་པ་ཡིན།། གང་ཞིག་ཉིན་དང་མཚན་རྣམས་སུ།། སངས་རྒྱས་རྗེས་སུ་དྲན་བྱེད་པ།། གོའུ་ཏ་མ ་ཡི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། ཆོས་རྣམས་རྗེས་སུ་དྲན་བྱེད་པ།། གོའུ་ཏ་མ་ཡི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར། ་གང་ཞིག་ཉིན་དང་མཚན་རྣམས་སུ།། དགེ་འདུན་རྗེས་སུ་དྲན་བྱེད་པ།། གོའུ་ཏ་མ་ཡི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། ཚུལ་ཁྲིམས་རྗེས་སུ། ་དྲན་བྱེད་པ།། གོའུ་ཏ་མ་ཡི་ཉན་ཐོས་ནེ།། ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། གཏོང་བ་རྗེས་སུ་དྲན་བྱེད་པ།། གོའུ་ཏ་མ་ཡོ་ཉན་ཐོས་དེ།། ལེགས་པར་སར ་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། ལྷ་ནི་རྗེས་སུ་དྲན་བྱེད་པ།། གོའུ་ཏ་མ་ཡི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། ་རྟག་ཏུ་ལུས་གཏོགས་དྲན་བྱེད་པ།། གོའུ་ཏ་མ་ཡི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། རྟག་ཏུ་ཏིང་འཛིན་བཞི་དྲན་པ།། གོའུ་ཏ་མ་ཡི་ཉན ་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། འཚེ་བ་མེད་ལ་ཡིད་དགའ་བ།། གོའུ་ཏ་མ་ཡི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར། ་གང་ཞིག་སྦྱིན་དང་མཚན་རྣམས་སུ།། གནོད་སེམས་མེད་ལ་ཡིད་དཀའ་བ།། ཀོའུ་ཏ་མ་ཡི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉོན་དང་མཚན་རྣམས་སུ།། བསྒོམ ་པ་ལ་ནི་ཡིད་དགའ་བ།། གོའུ་ཏ་མ་ཡི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། སྟོང་པ་ཉིད་ལ་ཡིད་དགའ་བ།། གོའུ་ཏ་མ་ཡི་ཉན་ཐོས་དེ།། ་ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚམ་རྣམས་སུ།། མཚན་མ་མེད་ལ་ཡི་དགའ་བ།། གེའུ་ཏ་མ་ཡི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། གང་ནི ་ཉིན་དང་མཚན་རྣམས་སུ།། དབེན་པ་ལ་ནི་ཡོད་དགའ་བ།། གོའུ་ཏ་མ་ཡི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། ངེས་པར་འབྲུང་ལ་ཡིད་དགའ། ་བ། གོའུ་ཏ་མ་ཡི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། ཅི་ཡང་མེད་ལ་ཡིད་དགའ་བ།། གོའུ་ཏ་མ་ཡི་ཉན་ཐོས་དེ།། ལེགས་པར་སད་པས ་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། མྱ་ངན་འདས་ལ་ཡིད་དགའ་བ།། གོའུ་ཏ་མ་ཡི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། དྲན་པའི་ཚེམས་ཏེ་བཅོ་ལྔ ་པའོ།། ། བདག་གི་བྱ་བ་བྱ་བའི་དུས་གཡོ་བས།། དང་པོ་ཁོ་ནར་བྱ་བའི་མེལ་ཆེ་གྱིས།། བདག་གིས་དང་པོར་དེ་ལྟར་བྱས་ན་ནི།། བྱ་བ་བྱ་བའི་དུས ་ལྷར་ཟད་འདོད་ཅིང་།། ཇི་ལྟར་འདོད་པ་དེ་བཞིན་འབྱོར་འགྱུར་བས།། དེ་ཡི་རང་བཞིན་ང་ཡིས་མཐོང་བས་ན།། ཇི་སྲིད་དོན་ནི་ཕུན་སུམ་ཚོགས་འགྱུར་བ།། དེ་སྲིད་བར་དུ་མི་ཡིས་བསྒྲིམ་པར་གྱིས།། ་བསྒྲིམ་ཞིང་བརྩོན་པར་བྱ་བ་ཡིས།། བདག་ཉིད་གླིང་དུ་འགྱུར་བར་བྱ།། མགར་བ་ཡིས་ནི་དངུལ་བཞིན་དུ།། རང་གི་དྲི་མ་སྦྱང་བར་གྱིས།། དྲི་མ་སྦྱངས་པ་སྐྱོན་མི་འབྱུང་།། ཕྱི་ནས་སྐྱེ་དང་རྒ་མི་འཐོག། ་ངོ་ཚ་མིན་ལ་ངོ་ཚ་ཞིང་།། ངོ་ཚ་བ་ལ་ངོ་མི་ཆེ།། མི་འཇིགས་པ་ལ་འཇིགས་ལྷ་དང་།། འཇིགས་ལ་མི་འཇིགས་ལྟ་བ་ཡི།། ལོག་པར་ལྟ་བ་བླངས་པ་ཡི།། སེམས་ཅན་ངན་འགྲོར་འགྲོ་བར་འགྱུར།། འདི། ་ན་གང་སྔོན་བག་མེད་ལས།། ཕྱི་ནས་བག་དང་ལྡན་གྱུར་ཏེ།། སྤྲིན་བྲལ་ཉི་མ་ཟླ་བ་ལྟར།། འཇིག་རྟེན་འདི་ནི་ཀུན་ནས་གསལ།། འདི་ན་གང་སྔོན་བག་མེད་ལས།། ཕྱི་ནས་བག་དང་ལྡན་གྱུར་ཏེ།། འཇིག། ་རྟེན་འདི་ནི་སྲེད་པ་ལས།། དྲན་པ་ལེགས་པར་འདའ་བར་འགྱུར།། གང་ཞིག་གཞོན་ནུར་རབ་བྱུང་ནས།། སངས་རྒྱས་བསྟན་ལ་འཇུག་པ་དེ།། སྤྲིན་བྲལ་ཉི་མ་ཟླ་བ་ལྟར།། འཇིག་རྟེན་འདི་ནི་ཀུན་ནས ་གསལ།། གང་ཞིག་གཞོན་ནུར་རབ་བྱུང་ནས།། སངས་རྒྱས་བསྟན་ལ་འཇུག་པ་དེ།། འཇིག་རྟེན་འདི་ན་སྲེད་པ་ལས།། དྲན་པས་ལེགས་པར་འདའ་བར་འགྱུར།། གང་ཞིག་སྡིག་པའི་ལས ་བྱས་པ།། དགེ་བས་འགེབས་པར་བྱེད་པ་དེ།། སྤྲིན་བྲལ་ཉི་མ་ཟླ་བ་ལྟར།། འཇིག་རྟེན་འདི་ནི་ཀུན་ནས་གསལ།། གང་ཞིག་སྡིག་པའི་ལས་བྱས་པ།། དགེ་བས་འགེབས་པར་བྱེད་པ་དེ།། འཇིག། ་རྟེན་འདི་ནི་སྲེད་པ་ལས།། དྲན་པས་ལེགས་པར་འདའ་བར་འགྱུར།། གང་ཞིག་གསོན་ལ་མི་དགའ་བ།། དེ་ནི་ཤི་ནའང་མྱ་ངན་མེད།། བརྟན་པ་གོ་འཕང་མཐོང་བ་དེ།། མྱ་ངན་དབུས་ན་གདུང་མི་འགྱུར།། ་གང་ཞིག་གསོན་ལ་མི་དགའ་བ།། དེ་ནི་ཤི་ནའང་མྱ་ངན་མེད།། བརྟན་པ་གོ་འཕང་མཐོང་བ་དེ།། གཉེན་འདུན་དབུས་ན་ལམ་མེར་འདུག། དགེ་སློང་དཀར་པོ་བསྒོམ་གྱིས་ལ།། ནག་པོའི་ཆོས་ནི་རྣམ་པར ་སྤོངས།། ཁྱིམ་ནས་ཁྱིམ་མེད་སོང་ནས་སུ།། སྤྱོད་ཡུལ་དབེན་པ་གང་ཡིན་པ།། དེ་ལ་མངོན་པར་དགའ་བསླབ་ཅིང་།། འདོད་པ་ཅི་ཡང་མེད་པར་སྤོངས།། རྟག་ཏུ་སྙིང་པོ་དག་པ་དང་།། རྟག་ཏུ་གསོ་སྦྱོང་དག ་པ་དང་།། གཙང་མའི་ལས་ནི་དག་པ་དེའི།། བརྟུལ་ཞུགས་ཕུན་སུམ་ཚོགས་པར་འགྱུར།། ཞིང་གི་སྐྱོན་ནི་རྩཝ་ཡིན་ལྟར།། སྐྱེ་དགུ་འདི་ལ་འདོད་ཆགས་སྐྱོན།། དེ་བས་འདོད་ཆགས་བྲལ་རྣམས་ལ།། བྱིན ་ན་འབྲས་བུ་ཆེན་པོར་འགྱུར།། ཞིང་གི་སྐྱོན་ནི་རྩ་ཡིན་ལྟར།། སྐྱེ་དགུ་འདི་ལ་ཞེ་སྡང་སྐྱོན།། དེ་བས་ཞེ་སྡང་བྲལ་རྣམས་ལ།། བྱིན་ན་འབྲས་བུ་ཆེན་པོར་འགྱུར།། ཞིང་གི་སྦྱོར་ནི་རྩ་ཡིན་ལྟར།། སྐྱེ་དདུ ་འདི་ལ་གཏི་མུག་སྐྱོན།། དེ་བས་གཏི་མུག་བྲལ་རྣམས་ལ།། བྱིན་ན་འབྲས་བུ་ཆེན་པོར་འགྱུར།། ཞིང་གི་སྐྱོན་ནི་རྩ་ཡིན་ལྟར།། སྐྱེ་དགུ་འདི་ལ་ང་རྒྱལ་སྐྱོན།། དེ་བས་ང་རྒྱལ་བྲལ་རྣམས་ལ། བྱིན་ན ་འབྲས་བུ་ཆེན་པོར་འགྱུར།། ཞིང་གི་སྨོན་ནི་རྩ་ཡིན་ལྟར།། སྐྱེ་དགུ་འདི་ལ་ཆགས་པ་སྔོན།། དེ་བས་ཆགས་དང་བྲལ་རྣམས་ལ།། བྱིན་ན་འབྲས་བུ་ཆེན་པོར་འགྱུར།། ཞིང་གི་ཀྱོཿ། ་ནི་རྩ་ཡིན་ལྟར།། སྐྱེ་དགུ་འདི་ལ་སྲེད་པ་སྐྱོན།། དེ་བས་སྲེད་དང་བྲལ་རྣམས་ལ།། བྱིན་ན་འབྲས་བུ་ཆེན་པོར་འགྱུར།། དྲུག་པ་བདག་པོ་རྒྱལ་པོ་སྟེ།། ཆགས་པར་གྱུར་ན་ཆགས་ཅན་ཡིན།། མ་ཆགས ་གྲཝར་ན་མ་ཆགས་ཡིན།། ཆགས་པ་བྱིས་པ་ཞེས་བརྗོད་དོ།། འདོད་ཆགས་ཞེ་སྡང་ང་རྒྱལ་དང་།། འཆག་པ་གང་དུ་གནས་པ་ཡི།། གྲོང་ཁྱེར་རུས་པའི་ར་བ་ཅན།། ཤ་དང་ཁྲག་གིས་ཞལ་ཞལ་བྱས། ་རྒྱུ་ཡིས་ཀུན་ནས་བསླང་བ་ལས་བྱུང་སྡུག་བསྔལ་ཅན།། དེ་མ་མཐོང་ན་དེར་ནི་དེ་དག་འཆིང་འགྱུར་ཞིང་།། དེ་དག་རྟོགས་ན་ཆུ་བོ་རྣམས་ནི་རབ་ཏུ་སྤོངས།། ཕྱི་རོལ་པ་ལ་ཆགས་པ་དེ་དག་སྤོང་བ་མེད།། ་སིལ་བུའི་ཚེམས་ཏེ་བཅུ་དྲུག་པའོ།། དེ་དག་ཁྱིམ་ལ་མི་དགའ་བར།། དྲན་དང་ལྡན་པ་འབད་པ་ཡིས།། ངང་པས་མཚེ་ངན་སྤོང་བ་ལྟར།། དེ་དག་ཁྱིམ་སྤང་ཆུ་བོ་རྒལ།། བརྟན ་པ་འཇིག་རྟེན་ངེས་བྱུང་ནས།། བདུད་ཀྱི་སྡེ་རྣམས་རབ་བཅོམ་སྟེ།། ཉི་མའི་ལམ་ནས་ངང་པ་ལྟར།། རྫུ་འཕྲུལ་གྱིས་ནི་མཁའ་ལ་འགྲོ།། ཚངས་པར་སྤྱོད་པ་མ་སྤྱོད་ཅིང་།། གཞོན་ནུར་ནོར་ནི་མ་རྙེད་པ ་མཚོ་ངན་ཉ་ཉུང་ངོགས་དག་ན།། ཆུ་སྐྱར་རྒན་སེམས་བཞིན་དུ་འགྱུར།། ཚངས་པར་སྤྱད་པ་མ་སྤྱད་ཅིང་།། གཞོན་ནུར་ནོར་ནི་མ་རྙེད་པ།། སྔན་ཆད་བྱས་པ་རྗེས་དྲན་ཞིང་།། ལུས་བསྐུམ་ནས་ནནི་ཉལ་བར ་འགྱུར།། སྡིག་པ་ཆུང་བྱས་བདག་ཉིད་ཀྱི།། ཁྱི་བཞིན་མི་འོང་མ་སེམས་ཤིག། ཆུ་ཡི་ཐིགས་པ་ལྟུང་བ་ཡིས།། བུམ་ཆེན་གྲང་བ་ཇི་བཞིན་དུ།། ཅུང་ཟད་ཅུང་ཟད་བསགས་པ་ཡི།། སྡིག་པས་བྱིས ་པ་གང་བར་འགྱུར།། དགེ་བ་ཆུང་བྱས་བདག་ཉིད་ཀྱི།། ཕྱི་བཞིན་མི་འོང་མ་སེམས་ཤིག། ཆུ་ཡི་ཐིགས་པ་ལྟུང་བ་ཡིས།། བུམ་ཆེན་གང་བ་ཇི་བཞིན་དུ།། ཅུང་ཟད་ཅུང་ཟད་བསགས་པ་ཡི།། དགེ་བས ་བརྟན་པ་གང་བར་འགྱུར།། གང་ཞིག་རགས་བརྩིགས་མཚོ་ངན་སྤངས།། རྒྱ་མཚོའི་ཆུ་བོ་རྒལ་འདོད་པ།། སྐྱེ་བོས་གཟིངས་ནི་བཅས་ནས་ཀྱང་།། སྐྱེ་བོ་མཁས་པ་རྒལ་བར་བྱེད།། རྒལ་ནས་སངས ་རྒྱས་བཅོམ་ལྡན་འདས།། བྲམ་ཟེ་སྐམ་སར་གནས་པར་མཛད།། དེ་ལ་དགེ་སློང་ཁྲུས་བྱེད་ཅིང་།། ཉན་ཐོས་རྣམས་ཀྱིས་གཟིངས་ཀྱང་བཅས།། ཇི་ལྟར་མཚོ་ཆེན་ཟབ་མོ་དག། རབ་ཏུ་རྣམ་དང་རྙོག། ་མེད་ལྟར།། དེ་བཞིན་མཁས་པ་རབ་དང་བ།། འདི་ན་ཆོས་ནི་ཉན་པར་བྱེད།། འདི་ལྟར་ཀུན་ན་ཆུ་ཡོད་པས།། སུ་ཞིག་ཚོལ་ཞིང་ཆུ་བྱེད་དེ།། ཁྲོན་པའི་ཚུལ་ཅི་ཞིག་དགོས།། སྲེད་པ་རྩ་ནས་གཅད་པ། ་གྱིས།། བཙོ་དྲུག་མཁན་དག་རྒྱས་འཁྲུ་ཞིང་།། མདའ་མཁན་མེས་ནི་སྲོང་བ་དང་།། ཤིང་མཁན་ཤིང་ལ་འཇོག་སྤོང་སྦྱར།། མཁས་པས་བདུག་ཉིད་གསུལ་བར་བྱ།། ནམ་མཁའ་ལ་ཟུར་ཆགས ་མེད་ཅིང་།། སྒོ་ཐེམ་ལྟ་བུར་གཡོ་བ་མེད།། རྙོག་པ་ཅན་གྱི་མཚོ་ལྟ་བུར།། མཁས་པ་འཁོར་བ་ལ་མི་དཀའ།། ཆུ་ཡི་ཆོམས་ཏེ་བཅུ་བདུན་པའོ།། ། ལྷར་བཅས་གཤིན་ཆ། ་འཇིག་རྟེན་འདི།། ས་སྟེང་ལས་རྒྱལ་གང་ཞིག་ལགས།། མེ་ཏོག་ལྟ་བུར་རབ་འདོད་པའི།། ཆོས་གཞི་ལེགས་པར་སྟོན་མཁས་གང་།། ལྷར་བཅས་གཤིན་རྗེའི་འཇིག་རྟེན་འདམ།། ་ས་སྟེང་ལས་རྒྱལ་སློབ་པ་ཡིན།། མེ་ཏོག་ལྟ་བུར་རབ་འདོད་པའི།། ཆོས་གཞི་ལེགས་པར་སྟོན་མཁས་ཏེ།། ནགས་ཚལ་ལས་ནི་འཇིག་རྟེན་སྐྱེས་ཕྱིར།། ནགས་ཚལ་གཅད་ཀྱི་ཤིང་མ་ཡིན།། ནགས་དང་། ་ནགས་སྦྱོར་ཆོད་ཅིག་དང་།། དགེ་སྦྱོང་མྱ་ངན་འདའ་བར་འགྱུར།། གལ་ཏེ་ནགས་སྦྱོར་མ་བཅད་ན།། ཕྲ་རབ་ཀྱིས་ཀྱང་མི་རྣམས་སྐྱེ།། མ་དྲུང་ནུ་ཞོ་འདོད་བེའུ་ལྟར།། དེ་ཡིས་ཡིད་ནི་རབ་ཏུ་འཆིང་།། ལག ་པས་སྟོན་ཀའི་པདྨ་ལྟར།། བདག་ལ་དགའ་བ་བཅད་ནས་སུ།། རྒྱལ་གསུངས་མྱ་ངན་འདས་ཕྱིར།། ཞི་བའི་ལམ་ཉིད་བསྐྱེད་པར་གྱིས།། ཇི་ལྟར་མེ་ཏོག་ཡིད་འོང་བ།། ཁ་དོག་བཟང་ཡང་དྲི་མེད་ལྟར།། ་དེ་བཞིན་ལེགས་པར་གསུངས་པའི་ཚིག། འབྲས་བུ་མེད་པར་མ་བྱེད་ཅིག། ཇི་ལྟར་བུང་བ་མེ་ཏོག་གི། ཁ་དོག་དྲི་ལ་མི་གནོད་པར།། ཁུ་བ་གཞིབས་ནས་འཕུར་བ་ལྟར།། དེ་བཞིན་ཐུབ་པ ་གྲོང་དུ་རྒྱུ།། གཞན་གྱི་སྐྱོན་ལ་མི་བརྟག་ཅིང་།། གཞན་གྱིས་བྱས་དང་མ་བྱས་མིན།། བདག་ཉིད་ཀྱིས་ནི་རིགས་པ་དང་།། མི་རིགས་པ་ལ་བརྟག་པར་བྱ།། ཇི་ལྟར་ཕྱག་དར་ཕུང་པོ་དག། མི་གཙང ་ཆུ་ནི་མེད་འདི་ལས།། པདྨ་ཁ་བྱེ་གཙང་བ་དང་།། དྲི་ཞིམ་ཡིད་འོང་རབ་སྐྱེས་ལྟར།། དེ་བཞིན་སོ་སོའི་སྐྱེ་བོ་དག། མདོངས་གྱུར་ཕྱག་དར་ཕུང་འདི་ལས།། རྫོགས་སངས་རྒྱས་ཀྱི་ཉན་ཐོས་དག ་ཤེས་རབ་ཀྱིས་ནི་གསལ་བ་བྱུང་།། ཇི་ལྟར་མེ་ཏོག་ཕུང་པོ་ལས།། མེ་ཏོག་འཕྲེང་རྒྱུད་མང་བྱེད་ལྟར།། དེ་བཞིན་མིར་ནི་སྐྱེས་པ་ཡིས།། དགེ་བ་ཕལ་ཆེན་རྣམས་ཀྱང་བྱ།། ཇི་ལྟར་དབྱར་ཀ་བ་ཀུ་ལའི།། མེ། ་ཏོཀ་རབ་ཏུ་རྣམ་འཕྲུལ་ལྟར།། དེ་བཞིན་དགེ་སློང་འདོད་ཆགས་དང་།། ཞེ་སྡང་གཏི་མུག་སྤང་བར་གྱིས།། མི་མི་ཡིད་ལ་རྣམ་ཆགས་དག། མེ་ཏོག་བཞིན་དུ་རབ་བསགས་པ།། འཆི་བདག་གིས་ནི་བླངས ་ནས་འགྲོ།། ཉལ་འགྲོ་ཆུ་བོས་བདས་པ་བཞིན།། མི་ཡི་ཡིད་ལ་རྣམ་ཆགས་དག། མེ་ཏོག་བཞིན་དུ་རབ་བསགས་པ།། འདོད་པ་རྣམས་ཀྱིས་མི་ངོམས་ཤིང་།། འཆི་བདག་གིས་ནི་དབང་དུ་བྱེད།། མི་ཡི ་ཡིད་ལ་རྣམ་ཆགས་དག། མེ་ཏོག་བཞིན་དུ་རབ་བསགས་པ།། ལོངས་སྤྱོད་སྐྱེ་བར་མི་འགྱུར་ཞིང་།། འཆི་བདག་གིས་ནི་དབང་དུ་བྱེད།། མི་ཡི་ཡིད་ལ་རྣམ་ཆགས་དག། མེ་ཏོག་བཞིན་དུ་རབ་བསགས་པ།། ་བྱ་བ་མཐར་ནིམ་ཕྱིན་པར།། འཆི་བདག་གིས་ནི་དབང་དུ་བྱེད།། ལུས་འདི་བུམ་པ་འདྲ་བར་རྟོགས་བྱས་ཤིང་།། དེ་བཞིན་ཆོས་རྣམས་སྨིག་རྒྱུ་འཆར་ཤེས་ནས།། བདུད་ཀྱི་མེ་ཏོག་མཆོག་ནི་འདིར་གཅོད་པ།། ་འཆི་བདག་རྒྱལ་པོས་བལྟར་ཡང་མེད་པར་འགྲོ།། འཇིག་རྟེན་འདོ་ག་བུམ་པ་འདྲར་རྟོགས་བྱས་ཤིང་།། དེ་བཞིན་ཆོས་རྣམས་སྨིག་རྒྱུ་འདྲར་ཤེས་ནས།། བདུད་ཀྱི་མེ་ཏོག་མཆོག་ནི་འདིར་གཅོད་པ།། འཆི ་བདག་རྒྱལ་པོས་བལྟར་ཡང་མེད་པར་འགྲོ།། ལུས་འདི་དབུ་བ་འདྲ་བར་རྟོགས་བྱས་ཤིང་།། དེ་བཞིན་ཆོས་རྣམས་སྨིག་རྒྱུ་འདྲ་ཤེས་ནས།། བདུད་ཀྱི་མེ་ཏོག་མཆོག་ནི་འདིར་གཅོད་པ།། འཆི་བདག་རྒྱལ་པོས ་བལྟར་ཡང་མེད་པར་འགྲོ།། འཇིག་རྟེན་འདི་དག་དབུ་བ་འདྲར་རྟོགས་ཤིང་།། དེ་བཞིན་ཆོས་རྣམས་སྨིག་རྒྱུ་འདྲར་ཤེས་ནས།། བདུད་ཀྱི་མེ་ཏོག་མཆོག་ནི་འདིར་གཅོད་པ།། འཆི ་བདག་རྒྱལ་པོས་བལྟར་ཡང་མེད་པར་འགྲོ།། སྲིད་པ་ཨུ་དུམ་ཝ་རའི་མེ་ཏོག་ལྟར།། སྙིང་པོ་མེད་པར་སེམས་པའི་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་བརྗེ་བ ་བཞིན།། ཆུ་སྐྱེས་རྩ་བའི་མེ་ཏོག་ཆུ་གནས་ལྔའི།། འདོད་ཆགས་མ་ལུས་གཅོད་བྱེད་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་བརྗེ་བ་བཞིན།། ཆུ་སྐྱེས་རྩ་བའི་མེ ་ཏོག་ཆུ་གནས་ལྷའི།། ཞེ་སྡང་མ་ལུས་གཅོད་བྱེར་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་བརྗེ་བ་བཞིན།། ཆུ་སྐྱེས་རྩ་བའི་མེ་ཏོག་ཆུ་གནས་ལྷའི།། གཏི་མུག་མ་ལུས ་གཅོད་བྱེད་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་བརྗེ་བ་བཞིན།། ཆུ་སྐྱེས་རྩ་བའི་མེ་ཏོག་ཆུ་གནས་ལྷའི།། ང་རྒྱལ་མ་ལུས་གཅོད་བྱེད་དགེ་སློང་གང་།། དེ་ནི་ཕ་རོལ་མིན ་བའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་བརྗེ་བ་བཞིན།། ཆུ་སྐྱེས་རྩ་བའི་མེ་ཏོག་ཆུ་གནས་ལྷའི།། ཆགས་པ་མ་ལུས་གཅོད་བྱེད་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྤྲུལ་ནས ་ལྤགས་རྙིང་བརྗེ་བ་བཞིན།། ཆུ་སྐྱེས་རྩ་བའི་མེ་ཏོག་ཆུ་གནས་ལྷའི།། སྲེད་པ་མ་ལུས་གཅོད་བྱེད་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་བརྗེ་བ་བཞིན།། མེ་ཏོག ་གི་ཚེམས་ཏེ་བཅོ་བརྒྱད་པའོ།། ཇི་ལྟར་རྟ་བཟང་ལྕག་གིས་གཞུས་པ་ན།། སྲག་ཅིང་ཤུགས་གྲགས་འགྲོ་བྱེད་ཇི་བཞིན་དུ།། དད་པ་ཚུལ་ཁྲིམས་ཏིང་འཛིན་ལྡན་པ་དང་།། ཆོས། ་རྣམས་རྣམ་པར་གཏན་ལ་འབེབས་ལྡན་ཞིང་།། དབང་པོ་མཉམ་གཞག་བཟོད་ལྡན་འགྲོགས་བདེང་།། སྐྱོབ་པ་དེ་རྣམས་སྲིད་པ་མ་ལུས་སྤོང་།། ཇི་ལྟར་རྟ་བཟང་ལྕག་གིས་གཞུས་པ་ན།། སྐྲག་ཅིང་ཤུགས ་དྲག་འགྲོ་བྱེད་ཇི་བཞིན་དུ།། དད་པ་ཚུལ་ཁྲིམས་ཏིང་འཛིན་ལྡན་པ་དང་།། ཆོས་རྣམས་རྣམ་པར་གཏན་ལ་འབེབས་ལྡན་ཞིང་།། རིག་དང་རྐང་པར་ལྡན་ཞིང་དྲན་ལྡན་པའི།། སྐྱོ་བ་རྣམས་སྡུག་བསྔལ་མ ་ལུས་སྤོང་བར་མཛད།། འདུལ་སྦྱོང་བྱེད་པས་ལེགས་བཏུལ་རྟ་ལྟ་བུར།། གང་ཞིག་དབང་པོ་ལེགས་པར་བསྡམས་པ་ཡིས།། ཁྲོ་བ་སྤོང་ཞིང་ཟག་པ་ཟད་བྱེད་པ།། ཐུབ་དེ་རྣམས་ཀྱིས་ལྷ་ཡི་བར་དུ་མྱོ། ་བག་ཡོད་པ་ཡིས་བག་མེད་དང་།། མི་ཉལ་མང་པོས་གཉིད་ལོག་དང་།། རྟ་བཟང་གིས་ནི་རྟ་རྒོད་ལྟར།། ཤིན་ཏུ་མཁས་པས་སྤངས་ནས་འགྲོ།། རྟ་བཟང་ལ་ནི་ལྷག་བཞིན་དུ།། གང་ཞིག་ངོ་ཚ་ཤེས་སྟེན ་ཅིང་།། ཤེས་རབ་ལེགས་པར་མཉམ་གཞག་པ།། དེས་ནི་སྡིག་པ་སེལ་བར་བྱེད།། དུལ་བ་འདུན་སར་འགྲོ་བྱེད་ཅིང་།། དུལ་བརྒྱ་པོ་ལྷག་པར་ཞོན།། གང་ཞིག་ཚིག་ངན་བཟོད་བྱེད་དང་།། དུལ་བ་མི་ཡི་ནང ་ན་མཆོག། གླང་པོའི་ནང་ན་གླང་ཆེན་དང་།། སིནྡྷུའི་ཅང་ཤེས་རྟ་དང་ནི།། དྲེའུ་འདུལ་བྱེད་པ་གང་ཡིན་པ།། དེ་བས་བདག་ཉིད་འདུལ་བ་མཆོག། བདག་ཉིད་ལེགས་འདུལ་གང་ཡིན་པའི།། མཁས་དེས ་ཞི་བ་ཐོབ་འགྱུར་གྱི།། བཞོན་པ་དེ་དག་རྣམས་ཀྱིས་ནི།། ས་དེ་མངོན་པར་འཐོབ་མི་སྲིད།། གླང་པོའི་མིང་ན་གླང་ཆེན་དང་།། སིན་དུའི་ཅང་ཤེས་རྟ་དང་ནི།། དྲེའུ་འདུལ་བྱེད་པ ་གང་ཡིན་པ།། དེ་བས་བདག་ཉིད་འདུལ་བ་མཆོག། བདག་ཉིད་ལེགས་འདུལ་དྲམ་ལྡན་གང་།། དེས་ནི་སྡུག་བསྔལ་མཐར་ཕྱིན་གྱིས།། བཞོན་པ་དེ་དག་རྣམས་ཀྱིས་ནི། ཀས་དེ་མངོན་པར་འཐོབ་མི་སྲིད། ་གླང་པོའི་ནང་ན་ཀླུང་ཆེན་དང་།། སིན་དུའི་ཅང་ཤེས་རྟ་དང་ནི།། དྲེའུ་འདུལ་བྱེད་པ་གང་ཡིན་པ།། དེ་བས་བདག་ཉིད་འདུལ་བ་མཆོག། བདག་ཉིད་ལེགས་འདུལ་དྲན་ལྡན་གང་།། དེས་ནི་འགྲོ་རྣམས་སྤོང་འགྱུར ་གྱི་བཞོན་པ་དེ་དག་རྣམས་ཀྱིས་ནི།། ས་དེ་མངོན་པར་འཐོབ་མི་སྲིད།། གླང་པོའི་ནང་ན་གླང་ཆེན་དང་།། སིན་དུའི་ཅང་ཤེས་རྟ་དང་ནི།། དྲེའུ་འདུལ་བྱེད་པ་གང་ཡིན་པ།། དེ་བས་བདག་ཉིད་འདུལ་བ་མཆོག ་བདག་ཉིད་ལེགས་འདུལ་གང་ཡིན་དེས།། འཆིང་བ་བཅད་ནས་འགྲོ་འགྱུར་གྱི།། བཞོན་པ་དེ་དག་རྣམས་ཀྱིས་ནི།། ས་དེ་མངོན་པར་འཐོབ་མི་སྲིད།། འདུལ་སྐྱོང་བྱེད་པས་རྟ་བཟང་ལྟར།། བདག་ཉིད་ཁོ་ན ་གདུལ་བར་བྱ།། བདག་ཉིད་ལེགས་པར་འདུལ་བ་ཡིས།། སྡུག་བསྔལ་རྣམས་ཀྱི་ཕ་མཐར་ཕྱིན།། བདག་ཉིད་ཁོ་ན་བདག་གི་མགོན།། བདག་ཉིད་བདག་གི་སྐྱབས་ཡིན་པས།། འདུལ་སྐྱོང་བྱེད་པས་རྟ་བཟང ་ལྟར།། དེ་བས་བདག་ཉིད་འདུལ་བར་བྱ།། རྟའི་ཚེམས་ཏེ་བཅུ་དགུ་པའོ།། །། ཁྲོ་བ་སྤངས་ཤིང་ང་རྒྱལ་རྣམ་སྤངས་ན།། ཀུན་སྦྱོར་ཀུན་ལས་ཤིན་ཏུ་འདའ་འགྱུར་ཞིང་།། མིང་དང ་གཟུགས་ལ་ཆགས་པ་མེད་དེ་དག། ཅི་ཡང་མེད་པས་ཆགས་པའི་རྗེས་མི་ལྟུང་།། སྐྱེས་མ་ཐག་ཏུ་ཁྲོ་བ་སྤོངས།། སྐྱེས་ནས་འདོད་ཆགས་སྤངས་པར་གྱིས།། བརྟན་པས་མ་རིག་རབ་ཏུ་སྤངས།། བདེན་པ་མཐོང་།། ་ན་བདེ་བར་འགྱུར།། ཁྲོ་བ་སྤངས་ན་བདེ་བར་ཉལ།། ཁྲོ་བ་སྤངས་ན་གདུང་མི་འགྱུར།། དགེ་སློང་ཁྲོ་བ་བདེ་འཇོམས་པའི།། དུག་གི་རྩ་བ་ཚེམས་ཤིག་དང་།། འཕགས་པ་རྣམས་ཀྱིས་བསྔགས་འགྱུར་ཞིང་། ་དེབཅོམ་པ་ཡིས་མྱ་ངན་མེད།། གང་ཁྲོས་བདག་གིས་ལེགས་བྱས་ཀྱི།། མ་ལེགས་མིན་ཞེས་རབ་སྨྲ་བ།། དེ་ནི་ཁྲོ་བཞི་འོག་ཏུ།། མི་ཡིས་བསྲེགས་བཞིན་གདུང་བར་འགྱུར།། ངོ་ཚ་མེད་ཅིང་ཁྲེལ་མེད་པ། ་ཁྲོ་བ་ཅན་ལ་བརྟུལ་ཞུགས་མེད།། ཁྲོ་བས་མངོན་པར་ཟིལ་ནོན་པ།། དེ་ལ་སུ་ཡང་རྟེན་མི་བྱེད།། གང་ཞིག་བྱིས་པའི་མཐུ་སྟོབས་ཅན།། དེ་ཡི་སྟོབས་ནི་སྟོབས་མེད་ཡིན།། བྱིས་པ་ཆོས་དང་བྲལ་བ་ལ།། བསླུ ་པར་བྱ་བ་ཡོད་རེ་སྐན།། གང་ཞིག་སྟོབས་དང་ལྡན་འགྱུར་ཡང་།། སྟོབས་ཆུང་རྣམས་ཀྱིས་བཟོད་བྱེད་པ།། རེ་ནི་བཟོད་པའི་མཆོག་ཅེས་གསུང་།། ཉམ་ཆུང་བ་ལྟ་རྟག་ཏུ་སྐུར།། གང་ཞིག་གཞན་གྱི་དཔོན་གྱུར ་ཀྱང་།། སྟོབས་ཆུང་རྣམས་ཀྱིས་བཟོད་བྱེད་པ།། དེ་ན་བཟོད་པའི་མཆོག་ཅེས་གསུང་།། ཉམ་ཆུང་བ་ལྔ་རྟག་ཏུ་སྐུར།། གཞན་གྱིས་ལྷག་པར་བརྒྱད་བཀག་ཀྱང་།། སྟོབས་ཅན་གང་ཞིག་བཟོད་བྱེད་པ།། དེ་ནི་བཟོད ་པའི་མཆོག་ཅེས་གསུང་།། ཉམ་ཆུང་བ་ལྷ་རྟག་ཏུ་སྐུར།། གཞན་གྱིས་ལྷག་པར་སྨད་བྱས་ཀྱང་།། སྟོབས་ལྡན་གང་ཞིག་བཟོད་བྱེད་པ།། དེ་ནི་བཟོད་པའི་མཆོག་ཅེས་གསུངས།། ཉམ་ཆུང་བ་ལྟ་རྟག་ཏུ་སྐུར།། ་གང་ཞིག་ཕ་རོལ་ཁྲོས་རིག་ནས།། བདག་ཉིད་ཉེ་བར་ཞི་བྱེད་པ།། དེ་ནི་བདག་དང་གཞན་དག་གི། འཇིགས་ཆེན་དག་ལས་སྐྱོབས་པ་ཡིན།། གང་ཞིག་ཕ་རོལ་ཁྲོས་རིག་ནས། ་བདག་ཉིད་ཉེ་བར་ཞི་བྱེད་པ།། དེ་ནི་བདག་དང་གཞན་དག་གི། གཉིས་ཀའི་དོན་ནི་སྤྱོད་པ་ཡིན།། བདག་ཉིད་དང་ནི་གཞན་དག་དང་།། གཉིས་ཀའི་དོན་ནི་སྤྱོད་དེ་ལ།། སྐྱེ་བོ་ཆོས་ལ་མི་མཁས་རྣམས། བྱིས་པ་ཡིན།། ་ཞེས་སེམས་ཀྱང་བླ།། གཙོ་བོའི་ཆོ་ག་ནི་འཇིགས་ཕྱིར་བཟོད་བྱེད་དང་།། ཐབས་ཟླའི་ཚིག་ནི་ཐབས་གཅུགས་རྒྱུ་བཟོད་པས།། གང་ཞིག་དམན་པའི་ཆོག་ལ་བཟོད་བྱེད་དེ།། བཟོད་པའི་མཆོག་ཅེས ་དམ་པས་རབ་ཏུ་གསུངས།། བྱིས་པ་ཁྲོས་ནས་ཚིག་རྩུབ་དག། སྨྲས་ན་རྒྱལ་བར་འགྱུར་སྙམ་སེམས།། གང་ཞིག་ཚིག་དག་བཟོད་བྱེད་པ།། དེ་ནི་རྟག་ཏུ་རྒྱལ་བ་ཡིན།། བདེན་པར་སྨྲ་བྱ་ཁྲོ་མི་བྱ།། སློང ་ལ་ཆུང་ཡང་སྦྱིན་པར་བྱ།། རྣམ་པ་འདི་གསུམ་གནས་ཀྱིས་ནི།། ལྷ་ཡི་གནས་སུ་འགྲོ་བར་འགྱུར།། ཁྲོ་བའི་ཟིལ་གྱིས་ནོན་པའི་མིས།། རང་གི་དོན་ཀྱང་མི་རྟོགས་པས།། འཁོར་གྱི་ནང་དུ་བག་སྐྱོང་ལ།། ། ་ཁྲོ་བ་མེད་པའི་ཚིག་སྨྲོས་ཤིག། གང་ཞིག་ཁྲོས་ལ་སླར་ཁྲོ་དང་།། དེ་ནི་སྡིག་པ་ཅན་འགྱུར་བས།། ཁྲོས་ལ་སླར་ནི་མ་ཁྲོ་དང་།། ཐུབ་པར་དཀའ་བའི་གཡུལ་ལས་རྒྱལ།། ཁྲོ་བ་མེད་པས་ཁྲོ་བ་ཐུག། ་ལེགས་པས་ལེགས་པ་མ་ཡིན་ཐུབ།། སྦྱིན་པ་ཡིས་ནི་འཇུངས་པ་ཐུབ།། བདེན་པས་བདེན་པ་མ་ཡིན་ཐུབ།། དུལ་ཞིང་རིགས་པས་འཚོ་བ་དང་།། ཁྲོ་བ་མེད་པ་ག་ལ་ཁྲོ།། ཡང་དག་ཤེས་པས་རྣམ་གྲོལ། ་བའི། མཁས་པ་རྣམས་ལ་ཁྲོ་བ་མེད།། ཁྲོ་བ་མེད་དང་འཚེ་མེད་ལ། ཀའཕགས་པའི་སྐྱེ་བོས་རྟག་བསྟེན་ཀྱང་།། སྐྱེ་བོ་སྡིག་ཅན་ཁྲོ་བོ་དག་ཀརི་བོ་བཞིན་དུ་སྐུར་བར་བྱེད།། གང་ཞིག་ཁྲོ་བ་བྱུང་བ་དང་། ་ཤིང་རྟ་འཁྱམས་ལས་འཛར་བྱེད་དེ།། འདུལ་སྦྱོང་མཁན་དུ་ངས་གསུངས་ཀྱི།། ཞབས་འདེབས་སྐྱེ་བོ་ཕལ་པ་ཡིན།། ཁྲོ་བའི་ཚེམས་ཏེ་ཉི་ཤུ་པའོ།། ། སྡོམ་ལ།། དགེ་སྦྱོང ་ལམ་དང་བཀུར་སྟི་དང་།། འཁུ་དང་ལྔ་དང་དྲན་པ་སྟེ།། སིལ་བུ་དག་དང་ཆུ་དང་ནི།། མེ་ཏོག་ཁྲོ་བ་བཅུ་པའོ།། འཇིག་རྟེན་འདི་ནི་ཀུན་རིགས་ཀུན་ཟིལ་གནོན།། འདི་ནི་ཆོས་རྣམས་ཀུན་གྱིས་མ་གོས་ཤིང་།། ་ཀུན་སྤངས་སྲེང་ཟད་རབ་ཏུ་རྣམ་གྲོལ་བ།། ཉིད་ཀྱིས་མངོན་མཁྱེན་པ་ལ་སུ་ཡིས་བསྟན།། དེ་བཞིན་གཤེགས་པ་ལྷ་མིའི་སྟོན་པ་སྟེ།། སྟོབས་རྣམས་ཀུན་ལྡན་ཐམས་ཅད་མཁྱེན་པ་དང་།། བྱང་ཆུབ་བརྙེད། ་ནས་ཉིད་ཀྱིས་རབ་སྟོན་པ།། མཚུངས་མེད་མཉམ་མེད་ང་ལ་སུ་ཡིས་བསྟན།། ང་ནི་འཇིག་རྟེན་དགྲ་བཅོམ་སྟེ།། འཇིག་རྟེན་དག་ན་བླ་མེད་དང་།། ལྷ་དང་བཅས་པའི་འཇིག་རྟེན་ན།། བདུད་རྣམས་ཟིལ་ནོན་རྒྱལ ་བ་དང་།། ང་དང་འདྲ་བ་མེད་པས་ན།། ང་ལ་སློབ་དཔོན་སུ་ཡང་མེད།། འཇིག་རྟེན་འདིན་གཅིག་པུ་ཡིས།། རྫོགས་པའི་བྱང་ཆུབ་བླ་མེད་བརྙེས།། གང་ཞིག་ཟག་པ་ཟད་བརྙེས་པ།། རྒྱལ་བ་ང་འདྲར་ཤེས་པར་གྱིས ་སྡིག་པའི་ཆོས་ལས་ང་རྒྱལ་བས།། དེ་བས་ཉེ་འགྲོ་ང་རྒྱལ་བ།། འཇིག་རྟེན་ཡུལ་སྲེད་རྒལ་བ་ཡི།། ཀུན་མཁྱེན་སངས་རྒྱས་མྱ་ངན་འདས།། འཇིག་རྟེན་པ་ལ་མ་བསྟན་པར།། ཀུན་ནས་འབྱུང་བ་མི་ཤེས ་པས་ལ་ཝཱ་རཿ་སིར་སོང་ནས་སུ།། ངས་ནི་ཆོས་ཀྱི་རྔ་བརྡུང་ཞིང་།། འཇིག་རྟེན་སུས་གྲང་མ་བསྐོར་བའི།། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱས།། དཔའ་བོ་དེ་བཞིན་གཤེགས ་པ་རྣམས།། འདི་ནི་ཆོས་ཀྱིས་འདུལ་བར་མཛད།། དེ་དག་ཆོས་ཀྱིས་བཏུལ་བ་ལ།། མཁས་པ་སུ་ཡང་སྨོད་མི་བྱེད།། བཅན་གང་ཏིང་འཛིན་ལ་ཞུགས་ཤིང་།། ངེས་འབྱུང་ནི་ལ་དགའ་བ་དང་།། སྐུ ་ཡི་ཐ་མ་འཛིན་པ་ཡིས།། རྫོགས་པའི་སངས་རྒྱས་གྲགས་ལྡན་པ།། ཤེས་རབ་མྱུར་བ་དེ་དག་ལ།། ལྷ་དང་མི་རྣམས་དགའ་བར་བྱེད།། གང་དག་འདས་པའི་རྫོགས་སངས་དང་།། གང་དག་མ ་བྱོན་སངས་རྒྱས་དང་།། གང་དག་ད་ལྟར་རྫོགས་སངས་རྒྱས།། མང་པོའི་མྱ་ངན་སེལ་མཛད་པ།། བཞུགས་པར་གྱུར་ཅིང་བཞུགས་པ་དང་།། དེ་བཞིན་བཞུགས་པར་འགྱུར་བ་ཀུན།། དམ་ཆོས་བླ་མར། ་མཛད་པ་འདི།། རྫོགས་སངས་རྒྱས་ཀྱི་ཆོས་ཉིད་ཡིན།། དེ་བས་འདི་ནི་བདག་དགའ་ཞིང་།། བདག་ཉིད་ཆེན་པོ་མངོན་འདོད་པས།། སངས་རྒྱས་བསྟན་པ་དྲན་བྱས་ཏེ།། དམ་པའི་ཆོས་ལ་བླ་མར་བྱ།། མི་གང ་སངས་རྒྱས་བསྟན་པ་ལ།། དད་པ་མ་བསྐྱེད་བྱིས་པ་དེ།། རྒུད་པའི་གནས་སུ་འགྲོ་འགྱུར་ཏེ།། སྲིན་མོ་རྣམས་ཀྱིས་ཚོང་པ་བཞིན།། མི་གང་སངས་རྒྱས་བསྟན་པ་ལ།། དད་པ་བསྐྱེད་པ་ཤེས་རབ་ཅན།། དེར། ་ནི་བདེ་བར་ཕ་རོལ་འགྲོ།། སྤྲིན་ཤུགས་ལྡན་པས་ཚོང་པ་བཞིན།། དེ་བཞིན་གཤེགས་པ་མཉམ་མེད་མཚུངས་པ་མེད།། བདེ་བར་རྣམ་རྟོག་དེ་བཞིན་རབ་དབེན་པའི།། རྣམ་རྟོག་གཉིས་པར་སྤྱོད་པའི་སངས ་རྒྱས་རྣམས།། མུན་བསལ་ཕ་རོལ་གཤེགས་ཤིང་གྲགས་དང་ལྡན།། དེས་ནི་རྙེད་བྱ་བ་རྙེས་ཤིང་ཡིད་དཀའ་གྱུར།། ཀུན་སྔོལ་ཟ་གཟང་རབ་ཏུ་རྣམ་པར་གྲོལ།། ནམ་ཐོལ་ཐུགས་ལྡན་ཐབ་དྲག་མེད ་རྣམས།། ལུས་ཅན་འཇིག་རྟེན་རྣམས་ལ་ཕན་ཕྱིར་གཟིགས།། འགའ་ཞིག་རི་བོའི་སྤོལ་འདུག་ནས་སུ།། འགྲོ་བ་རྣམས་ལ་ཀུན་ཏུ་ལྟ་བ་ལྟར།། དེ་བཞིན་བློ་བཟང་མྱ་ངན་བྲལ་བ་དག། ཆོས་ལས་བྱུང ་བའི་ཁང་བཟང་སྟེང་གཤེགས་ནས།། སྐྱེ་བོ་སྐྱེ་རྒས་ཟིལ་ནོན་མྱ་ངན་གྱིས།། གདུངས་པ་རྣམས་ལ་ཀུན་ཏུ་སྤྱན་གཟིགས་ནས།། འཆི་བ་མེད་པའི་སྒོ་མོ་འབྱེད་མཛད་ཀྱིས།། གང་དག་ཉན་ཐོས་ཐེ་ཙོམ ་བསལ་བར་གྱིས།། དེ་བཞིན་གཤེགས་པའི་ཆོམས་ཏེ་ཉི་ཤུ་གཅིག་པའོ།། །། ལེགས་པར་ཐོས་དང་ལེགས་སྤྱོད་དང་།། ཁྱིམ་ནས་ལེགས་པར་བྱུང་བ་དང་།། སྤོང་བར་བྱེད ་པས་རབ་བསྐོར་ཅིང་།། དགེ་སྦྱོང་གི་ནི་རྗེས་འཐུན་ལེགས།། བྱིས་པ་མི་མཁས་པ་དག་ནི།། འཆི་བ་མེད་པ་ལྟ་བུར་སྤྱོད།། མཁས་པ་དམ་པའི་ཆོས་དག་ལ།། མཚན་མོ་ནད་པ་བཞིན་དུ་བྱེད།། ཇི་ལྟར་ཁྱིམ ་ནི་ལེགས་གཡོགས་པ།། མུན་པས་ཁེབས་པའི་ནིང་ཞུགས་ན།། གཟུགས་རྣམས་ཡོད་པར་གྱུར་ཀྱང་ནི།། ། མིག་ལྡན་བཞིན་དུ་མ་མཐོང་བ།། དེ་བཞིན་འདི་ནི་རིགས་སྐྱེས་པའི།། མི་ནི་བློ་གྲོས་ལྡན ་གྱུར་ཀྱང་།། སྡིག་པ་དང་ནི་དགེ་བའི་ཆོས།། མ་ཐོས་བར་དུ་ཤེས་མི་འགྱུར།། མིག་ལྡན་མར་མེ་ཡོད་པ་ཡིས།། གཟུགས་རྣམས་མཐོང་བ་ཇི་ལྟ་བར།། དེ་བཞིན་དག་དང་སྡིག་པའི་ཆོས།། ཐོས་པས་རྣམ ་པར་ཤེས་པར་འགྱུར།། ཐོས་པས་ཆོས་རྣམས་རྣམ་པར་ཤེས།། ཐོས་པས་སྡིག་ལས་ལྡོག་པར་འགྱུར།། ཐོས་པས་དོན་མེད་སྤོང་བར་བྱེད།། ཐོས་པས་མྱ་ངན་འདས་པ ་འཐོག། གལ་ཏེ་ཐོས་པ་མང་གྱུར་ནས།། ཚུལ་ཁྲིམས་ལེགས་པར་མི་སྡོམ་ན།། དེ་ནི་ཚུལ་ཁྲིམས་ཕྱིར་སྨད་ཅིང་།། དེ་ཡིས་ཐོས་པ་ཕུན་སུམ་མིན།། གལ་ཏེ་ཐོས་པ་ཉུང་གྱུར་ཀྱང་།། ཚུལ་ཁྲིམས ་ལེགས་པར་སྡོམ་བྱེད་ན།། དེ་ནི་ཚུལ་ཁྲིམས་ཕྱིར་བསྡམས་ཤིང་།། དེ་ཡི་ཐོས་པ་ཕུན་སུམ་འགྱུར།། གང་ཞིག་ཐོས་པ་ཉུང་བ་དང་།། ཚུལ་ཁྲིམས་ལེགས་པར་མི་སྡོམ་པ།། དེ་ནི་གཉིས་ཀའི་ཕྱིར་སྨ། ་ཅིང་དེ་ཡི་བརྟུལ་ཞུགས་ཕུན་སུམ་མིན།། གང་ཞིག་མང་དུ་ཐོས་པ་དང་།། ཚུལ་ཁྲིམས་ལེགས་པར་སྡོམ་བྱེད་པ།། དེ་ནི་གཉིས་ཀའི་ཕྱིར་བསྔགས་ཤིང་།། དེ་ཡི་བརྟུལ་ཞུགས་ཕུན་སུམ་འགྱུར།། ་ཐོས་པ་མང་ཞིང་ཆོས་འཛིན་དང་།། ཤེས་རབ་ལྡན་ཞིང་མཉམ་གཞག་པ།། དེ་དག་སུས་ཀྱང་སྨད་འོས་མིན།། འཛམ་བུ་གླིང་ན་གསེར་རྒྱན་བཞིན།། གང་ཞིག་གཟུགས་ཀྱིས་རྗེས་དཔོག་ཅིང་།། ་ང་ལ་སྒྲ་ཡིས་འཇལ་བྱེད་པ།། འདུན་པའི་འདོད་ཆགས་དང་ལྡན་ཞིང་།། སྐྱེ་བོ་དེ་ཡིས་ང་མི་ཤེས།། གལ་ཏེ་ནང་ནི་རྣམ་ཤེས་ཤིང་།། ཕྱི་རོལ་མཐོང་བར་མ་གྱུར་ན།། ནང་གི་འབྲས་བུ་མཐོང་བ་གང་།། ་དེ་ནི་སྒྲ་ཡིས་དྲང་དུ་རུང་།། གལ་ཏེ་ཕྱི་རོལ་མཐོང་གྱུར་ཅིང་།། ནང་ནི་ཤེས་པར་མ་གྱུར་པར།། ཕྱི་རོལ་འབྲས་བུ་མཐོང་བ་གང་།། དེ་ནི་སྒྲ་ཡིས་དྲང་དུ་རུང་།། གལ་ཏེ་ནང་ནའང་མི་ཤེས་ཤིང་།། ཕྱི་རོལ། ་མཐོང་བར་མ་གྱུར་ན།། བྱིས་པ་ཀུན་ནས་བསྒྲིབས་པ་དག། དེ་ནི་སྤ་ཡིས་དྲང་དུ་རུང་།། གལ་ཏེ་ནང་ནི་རྣམ་ཤེས་ཤིང་།། ཕྱི་རོལ་དག་ཀྱང་མཐོང་གྱུར་པ།། བརྟན་པ་ངེས་འབྱུང་ཤེས་རབ་ཅན།། དེ་ན ་སྒྲ་ཡིས་དྲང་མི་རུང་།། རྣབས་ཕལ་ཆེན་ཐོས་པ་དང་།། མིག་གིས་མང་པོ་མཐོང་ན་ཡང་།། བརྟན་པ་མཐོང་ཐོས་དེ་ཀུན་གྱིས།། ཡིད་ཆེས་བྱ་བའི་མི་རིགས་སོ།། ལེགས་གསུངས་ཐོས་པ་སྙིང་པོར ་ཤེས་པ་དང་།། ཏིང་ངེ་འཛིན་དག་སྙིང་པོར་ཤེས་གྱུར་ཀྱང་།། གང་ཞིག་བག་མེད་བརླང་པོར་བྱེད་པ་དེའི།། ཐོས་དང་ཤེས་པ་དོན་ཆེན་མི་འགྱུར་རོ།། གང་ཞིག་འཕགས་པས་བསྟན་པའི་ཆོས་འགའ ་ཞིག། དེ་བཞིན་ལུས་དང་ངག་གིས་སྤྱོད་བྱེད་པ།། དེ་དག་བཟོད་ལྡན་འགྲོགས་དགའ་དབང་པོ་བསྡམས།། ཐོས་དང་ཤེས་རབ་ཕ་རོལ་ཕྱིན་པ་འཐོབ།། ཐོས་པའི་ཆོམས་ཏེ་ཉི་ཤུ་གཉིས་པའོ།། ་ལེགས་པར་གསུངས་ལ་བསླབ་བྱ་ཞིང་།། དགེ་སྦྱོང་ལ་ནི་བསྙེན་བཀུར་དང་།། དབེན་པ་དང་ནི་སྟན་གཅིག་དང་།། སེམས་ནི་ཉེ་བར་ཞི་བར་བྱ།། སྟན་གཅིག་མལ་སྟན་གཅིག་པ ་དང་།། གཅིག་པུ་སྙོམས་ལས་མེད་སྤྱོད་ཅིང་།། གཅིག་པུ་ནགས་ཚལ་གནས་པ་དང་།། གཅིག་པུས་བདག་ཉིད་གདུལ་བར་བྱ།། གང་ཞིག་སྟོང་ཕྲག་སྟོང་དག་གི། མི་ཡི་གཡུལ་ལས་རྒྱལ་བ་ལས། ་གང་ཞིག་བདག་ལས་རྒྱལ་བྱེད་པ།། དེ་ནི་མི་ཡི་གཡུལ་ལས་རྒྱལ།། རྟག་ཏུ་སྡོམ་པ་སྤྱོད་པ་ཡི།། མི་ཡིས་བདག་འདུལ་གཅིག་པུ་ཡིས།། བདག་ཉིད་ལས་ནི་རྒྱལ་མཆོག་ཡིན།། སྐྱེ་དགུ་གཞན་ལྷ་ཕལ ་པར་ཟད།། ཤེས་རབ་ཀྱིས་གནས་དགེ་སློང་གིས།། རྒྱལ་བར་བྱས་ལ་བདུད་དང་ནི།། ཚངས་པར་བཅས་པས་ཕམ་མོ་ནུས།། ལྷ་ཡིས་མ་ཡིན་དྲི་ཟས་མིན།། བདག་ཉིད་དང་། ་པོར་རིགས་པར་གནས་བྱས་ནས།། བྱི་ནས་གཞན་དག་བདག་བཞིན་གདུལ་བར་བྱ།། བདག་ཅིད་དང་པོར་རིགས་པར་གནས་བྱས་ནས།། ཕྱི་དུས་འདུལ་ཆེ་མཁས་པ་ཉོན་མོ་མོངས།། བདག་ལ་ཇི་ལྟར། ་བྱས་པ་བཞིན།། གཞན་དག་ལ་ཡང་དེ་ལྟར་བྱ།། བདག་ཉིད་དུལ་ཞིང་ཞི་བ་ཡིས།། གཞན་དག་བདེ་བར་གདུལ་བར་བྱ།། བདག་ལ་ཇི་ལྟར་བྱ་བ་བཞིན།། གཞན་དག་ལ་ཡང་དེ་ལྟར་བྱ།། ཀྱེ་མ་བདག ་རང་ལེགས་འདུལ་བ།། བདག་ཉིད་དུལ་བས་དགའ་བར་འགྱུར།། བདག་གི་དོན་ཕྱིར་གཞན་དོན་ནི།། མང་པོ་དག་ཀྱང་གཏང་བར་བྱ།། བདག་དོན་ཆེད་ཆེར་ཤེས་གྱུར་ན།། རང་གི་དོན་གྱི་མཆོག་ཏུ་འགྱུར།། ། ་བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པའི།། མཁས་པས་དོན་རྣམས་ཐོབ་པར་འགྱུར།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན ་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པའི།། མཁས་པས་ཆོས་རྣམས་ཐོབ་པར་འགྱུར།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག ་ཉིད་བདག་གི་མགོན་གྱུར་པའི།། མཁས་པས་གྲགས་པ་ཐོབ་པར་འགྱུར།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པའི། ་མཁས་པས་བདེ་བ་ཐོབ་པར་འགྱུར།། བདག་ཅིད་བདག་གི་མགོན་ཡིན་གྱི།། གཞན་ལ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པའི།། མཁས་པས་བདེ་འགྲོ་འཐོབ་པར་འགྱུར།། ་བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྔ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པས།། ཡུན་རིང་མཐོ་རིས་དགའ་བར་འགྱུར།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ས། ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པ།། གཉེན་གྱི་ནང་ན་ལམ་མེ་འབར།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན ་གྱུར་པ།། མྱ་ངན་རང་ན་གདུང་མི་འགྱུར།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པས།། འཆིང་བ་ཐམས་ཅད་གཅོད་པར་འགྱུར།། ་བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྷ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པས།། ངན་འགྲོ་ཐམས་ཅད་སྤོང་བར་འགྱུར།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྷ ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པས།། སྡུག་བསྔལ་ཀུན་ལས་རབ་ཏུ་ཐར།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར། ་བས།། བདག་ཉིད་མགོན་དུ་འགྱུར་བ་འཐོབ།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལུ་སུ་ཞིག་མགོན་དུ་འགྱུར།། བདག་ཅིད་བདག་གི་མགོན་གྱུར་པས།། མྱ་ངན་འདས་ཅིང་ཉེ་བར་འགྱུར།། བདག་ན ་ཚོམས་ཏེ་ཉི་ཤུ་གསུམ་པའོ།། གང་དག་དོན་དང་མི་ལྡན་ཚིག། ཚིགས་བཅད་བརྒྱ་དག་སྨྲ་བ་བས།། གང་དག་ཉེ་བར་ཞི་འགྱུར་བའི།། དོན་ལྡན་ཚིག། ་གཅིག་ཐོས་པ་རུང་།། གང་དག་ཆོས་དང་མི་ལྡན་ཚིག། ཚིགས་བཅད་བརྒྱ་དག་སྨྲ་བ་པས།། གང་དག་ཉེ་བར་ཞི་འགྱུར་བའི།། ཆོས་ལྡན་ཚིག་གཅིག་ཐོས་པ་རུང་།། ཚུལ་འཚལ་མཉམ་པར་མ ་གཞག་པ།། ལོ་བརྒྱར་གསོན་པ་གང་ཡིན་པས།། ཚུལ་ཁྲིམས་ལྡན་ཞིང་མཉམ་གཞག་པ།། ཉིན་ཞག་འགའ་ཞིག་གསོན་པ་རུང་།། བརྩོན་མེད་ལེ་ལོར་ལྡན་པ་དག། ལོ་བརྒྱར་གསོན་པ ་གང་ཡིན་པས།། བརྩོན་འགྲུས་བརྟན་པ་བརྩམས་པ་དག། ཉིན་ཞག་འགའ་ཞིག་གསོན་པ་རུང་།། ཤེས་འཆལ་མཉམ་པར་མ་གཞག་པ།། ལོ་བརྒྱར་གསོན་པ་གང་ཡིན་པས།། ཤེས་རབ་ཆེན། ་པོ་མཉམ་གཞག་པ།། ཉིན་ཞིག་འགའ་ཞིག་གསོན་པ་རུང་།། སྐྱེ་དང་འཇིག་པ་མ་མཐོང་བ།། ལོ་བརྒྱར་གསོན་པ་གང་ཡིན་པས།། སྐྱེ་དང་འཇིག་པ་མཐོང་བ་དག་། ཉིན་ཞག་འགའ་ཞིག་གསོན་པ ་རུང་ཚོར་བ་ཟད་པ་མ་མཐོང་བ།། ལོ་བརྒྱར་གསོན་པ་གང་ཡིན་པས།། ཚོར་བ་ཟད་པ་མཐོང་བ་དག། ཉིན་ཞག་འགའ་ཞིག་གསོན་པ་རུང་།། ཟག་པ་ཟད་པ་མ་མཐོང་བ།། ལོ་བརྒྱར་གསོན་པ ་གང་ཡིན་པས།། ཟག་པ་ཟད་པ་མཐོང་བ་དག། ཉིན་ཞག་འགའ་ཞིག་གསོན་པ་རུང་།། གོ་འཕང་མི་གཡོ་མ་མཐོང་བ།། ལོ་བརྒྱར་གསོན་པ་གང་ཡིན་པས།། གོ་འཕང་མི་གཡོ་མཐོང་བ་དག་ཉིན ་ཞག་འགའ་ཞིག་གསོན་པ་རུང་།། གོ་འཕང་བལྟ་དཀའ་མ་མཐོང་བ།། ལོ་བརྒྱར་གསོན་པ་གང་ཡིན་པས།། གོ་འཕང་བལྟ་དཀའ་མཐོང་བ་དག། ཉིན་ཞག་འགའ་ཞིག་གསོན་པ་རུང་།། གོ་འཕང ་མཐོན་པོ་མ་མཐོང་བ།། ལོ་བརྒྱར་གསོན་པ་གང་ཡིན་པས།། གོ་འཕང་མཐོན་པོ་མཐོང་བ་དག། ཉིན་ཞག་འགའ་ཞིག་གསོན་པ་རུང་།། གོ་འཕང་དམ་པ་མ་མཐོང་བ། ལོ་བརྒྱར་གསོན་པ་གང་ཡིན་པས།། ་གོ་འཕང་དམ་པ་མཐོང་བ་དག། ཉིན་ཞག་འགའ་ཞིག་གསོན་པ་རུང་།། འཆི་མེད་གོ་འཕང་མ་མཐོང་བ།། ལོ་བརྒྱར་གསོན་པ་གང་ཡིན་པས།། འཆི་མེད་གོ་འཕང་མཐོང་བ་དག། ཉིན་ཞིག་འགའ་ཞིག། ་གསོན་པ་རུང་།། བདུད་རྩིའི་གོ་འཕང་མ་མཐོང་བ།། ལོ་བརྒྱར་གསོན་པ་གང་ཡིན་པས།། བདུད་རྩིའི་གོ་འཕང་མཐོང་བ་དག། ཉིན་ཞག་འགའ་ཞིག་གསོན་པ་རུང་།། རྡུལ་མེད་གོ་འཕང་མ་མཐོག ་བ་ལོ་བརྒྱར་གསོན་པ་གང་ཡིན་པས།། རྡུལ་མེད་གོ་འཕང་མཐོང་བ་དག། ཉིན་ཞག་འགའ་ཞིག་གསོན་པ་རུང་།། རྡུལ་བྲལ་གྲོ་འཕང་མ་མཐོང་བ།། ལོ་བརྒྱར་གསོན་པ་གང་ཡིན་པས།། རྡུལ ་བྲལ་གོ་འཕང་མཐོང་བ་དག། ཉིན་ཞག་འགའ་ཞིག་གསོན་པ་རུང་།། མོ་ནི་ལོ་བརྒྱར་ནགས་ཚལ་ན།། མེ་ལ་ཡོངས་སྟོན་གང་ཡིན་དང་།། བདག་ཉིད་བསྒོམས་ལ་ཡུད་ཙམ་ཞིག། མཆོད་པ་བྱེད་པ ་གང་ཡིན་པ།། མཆོད་བྱེད་དེ་ནི་ཆེས་རུང་གི། ལོ་བརྒྱར་སྦྱིན་སྲེག་བྱེད་མི་རུང་།། ཟླ་བ་རེ་རེར་ཀུ་ཤའི་རྩེས།། ཁ་ཟས་ཟ་བ་གང་ཡིན་དེས།། སངས་རྒྱས་ལ་ནི་དད་པ་ཡི།། བཅུ་དྲུག་ཆར་ཡང་མི་བོད་དོ ་ཟླ་བ་རེ་རེར་ཀུ་ཤའི་རྩེ་ས།། ཁ་ཟས་ཟ་བ་གང་ཡིན་དེས།། དམ་པའི་ཆོས་ལ་དད་པ་ཡི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཟླ་བ་རེ་རེར་ཀུ་ཤའི་རྩེས།། ཁ་ཟས་ཟ་བ་གང་ཡིན་དེས། ་དགེ་འདུན་ལ་ནི་དད་པ་ཡི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཟླ་བ་རེ་རེར་ཀུ་ཤའི་རྩེས།། ཁ་ཟས་ཟ་བ་གང་ཡིན་དེས།། སེམས་ཅན་རྣམས་ལ་སྙིང་བརྩེ་ཡི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཟླ་བ་རེ་རེར་ཀུ ་ཤའི་རྩེས།། ཁ་ཟས་ཟ་བ་གང་ཡིན་དེས།། སྲོག་ཆགས་རྣམས་ལ་སྙིང་བརྩེ་བའི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཟླ་བ་རེ་རེར་ཀུ་ཤའི་རྩེས།། ཁ་ཟས་ཟ་བ་གང་ཡིན་དེས།། འབྱུང་པོ་རྣམས་ལ་སྙིང ་བརྩེ་བའི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཟླ་བ་རེ་རེར་ཀུ་ཤའི་རྩེས།། ཁ་ཟས་ཟ་བ་གང་ཡིན་དེས།། བྱམས་པར་སེམས་པར་བྱེད་པ་ཡི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཟླ་བ་རེ་རེར་ཀུ་ཤའི་རྩེས།། ཁ་ཟས ་ཟ་བ་གང་ཡིན་དེས།། ལེགས་པར་གསུངས་པའི་དམ་ཆོས་ཀྱི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཟླ་བ་རེ་རེར་མཆོད་སྦྱིན་སྟོང་།། ལོ་བརྒྱར་བྱེད་པ་གང་ཡིན་དེས།། སངས་རྒྱས་ལ་ནི་དད་པ་ཡི།། བཅུ་དྲུག་ཆར་ཡང ་མི་ཕོད་དོ།། ཟླ་བ་རེ་རེར་མཆོད་སྦྱིན་སྟོང་།། ལོ་བརྒྱར་བྱེད་པ་གང་ཡིན་དེས།། དམ་པའི་ཆོས་ལ་དད་པ་ཡི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཟླ་བ་རེ་རེར་མཆོད་སྦྱིན་སྟོང་།། ལོ་བརྒྱར་བྱེད་པ་གང་ཡིན་དེས།། དགེ ་འདུན་ལ་ནི་དད་པ་ཡི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཟླ་བ་རེ་རེར་མཆོད་སྦྱིན་སྟོང་།། ལོ་བརྒྱར་བྱེད་པ་གང་ཡིན་དེས།། སེམས་ཅན་རྣམས་ལ་སྙིང་བརྩེ་བའི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཟླ་བ་རེ་རེར་མཆོད ་སྦྱིན་སྟོང་།། ལོ་བཅར་བྱེད་པ་གང་ཡིན་དེས།། སྲོག་ཆགས་རྣམས་ལ་སྙིང་བརྩེ་བའི།། བཅུ་དྲུག་ཆར་ཡང་མ་ཡོད་དོ།། ཟླ་བ་རེ་རེར་མཆོད་སྦྱིན་སྟོང་།། ལོ་བརྒྱར་བྱེད་པ་གང་ཡིན་དེས།། འཐུང་པོ་རྣམས་ལ་སྣང་། ་བརྩེ་བའོ།། བཅུ་དྲུག་ཆར་ཡང་མོ་ཕོད་དོ།། ཟླ་བ་རེ་རེར་མཆོད་སྦྱིན་སྟོང་།། ལོ་བརྒྱར་བྱེད་པ་གང་ཡིན་དེས།། བྱམས་པར་སེམས་པར་བྱེད་པ་ཡི།། བཅུ་དྲུག་ཆར་ཡང་མ་བོད་དོ།། ཟླ་བ་རེ་རེར་མཆོད་སྦྱིན་སྤོང་།། ་བརྒྱར་བྱེད་པ་གང་ཡིན་དེས།། ལེགས་པར་གསུངས་པའི་དམ་ཆོས་ཀྱི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། བསོད་ནམས་འདོད་པའི་མི་ཡིས་འཇིག་རྟེན་དུ།། སྦྱིན་སྲེག་མཆོད་སྦྱིན་ཅུང་ཟད་ཅི་བྱ་དེས།། གང་ཞིག ་དྲང་པོའི་སེམས་ཀྱིས་ཕྱག་འཚལ་བ།། དེ་ཡི་བཞི་ཆར་ཡང་ནི་མི་ཕོད་དོ།། བསྒྲེས་པའི་ཚོམས་ཏེ་ཉི་ཤུ་བཞི་པའོ།། ། ཆེད་དུ་བརྗོད་པའི་ཚོམས་བམ་པོ་གསུམ་པ། ་དད་པ་མེད་ཅིང་འཇུངས་པ་དང་།། དབྱེན་བྱེད་ཕྲ་མ་ཅན་དག་དང་།། མཁས་པས་བཤེས་པར་མི་བྱ་ཞིང་།། སྡིག་ཅན་མི་དང་འགྲོགས་མི་བྱ།། དང་ལྡན་སྙན་པར་སྨྲ་བ་དང་།། ཐོས་མང་ཚུལ ་ཁྲིམས་ལྡན་པ་དག། མཁས་པ་ཡི་ནི་མཛའ་བྱ་ཞིང་།། མི་མཆོག་དག་དང་འགྲོགས་པར་བྱ།། སྡིག་པའི་གྲོགས་པོ་མི་བསྟེན་ཅིང་།། སྐྱེས་བུ་ངན་པ་བསྟེན་མི་བྱ།། དགེ་བའི་བཤེས་གཉེན་བསྟེན་བྱ་ཞིང་།། སྐྱེས ་བུ་དམ་པ་བསྟེན་པར་བྱ།། དེ་ལྟ་བུ་དག་བསྟེན་བྱས་ན།། སྡིག་པར་མི་འགྱུར་ལེགས་པར་འགྱུར།། གང་དག་ཐོས་མང་གནས་མང་སེམས་པ་དང་།། དད་ལྡན་ཤེས་རབ་ལྡན་དེ་མི་ཡིས་བསྟེན།། འདིར་ནི་དེ་ཡིས་ལེགས ་སྨྲས་མཉན་བྱས་ན།། རིང་པོ་ནས་ཀྱང་ཁྱད་པར་ཐོབ་པར་འགྱུར།། དམན་པ་བསྟེན་པས་མི་དག་ཉམས་འགྱུར་ཞིང་།། ཐར་ཀར་བབ་པ་བསྟེན་པས་སོ་ན་གནས།། གཙོ་བོ་བསྟེན ་པས་དམ་པ་འཐོབ་འགྱུར་བས།། དེ་ཕྱིར་བདག་པས་གཙོར་གྱུར་བསྟེན་པར་བྱ།། ཚུལ་ཁྲིམས་ཉེ་བར་ཞི་བ་དང་།། ཤེས་རབ་ཆེན་མཆོག་ལྡན་པ་ཡི།། གཙོ་བོ་གང་ཡིན་དེ་བསྟེན་ན།། གཙོ་བོ་བས་ཀྱང་ཆེས ་གཙོར་འགྱུར།། མི་ཡིས་འདི་ན་ཉ་རུལ་ལ།། ཀུ་ཤའི་བསང་བྱེད་བཅིངས་པ་གང་།། ཀུ་ཤ་ཉིད་ཀྱང་རུལ་འགྱུར་བ།། སྡིག་པ་བསྟེན་པའང་དེ་བཞིན་འགྱུར།། མི་ཡིས་རྒྱ་སྤོས་པ་ལ་ཤའི།། ལོ་མང་ཕྱུར ་མ་བྱས་པ་གང་།། ལོ་མ་ཉིད་ཀྱང་དྲི་ཞིམ་པ།། དམ་པ་བསྟེན་པའང་དེ་བཞིན་འགྱུར།། གལ་ཏེ་སྡིག་པ་བྱེད་པ་དག། སྡིག་མི་བྱེད་པས་བསྟེན་ན་ཡང་།། སྡིག་པ་བྱེད་པར་དོགས་སྐྱེ་ཞིང་།། མི་སྙན་པ་ཡང་འཕེལ ་བར་འགྱུར།། བསྟེན་བྱ་མ་ཡིན་བསྟེན་པའི་མི།། དེ་ཡི་སྐྱོན་གྱིས་སྐྱོན་ཅན་འགྱུར།། དོང་པར་དུག་བསྐུས་མདའ་བཅུག་པས།། དུག་མ་བསྐུས་པའང་གོས་པ་བཞིན།། བརྟན་པ་སྐྱོན་གོས་འཇིགས་པ་དག ་སྡིག་པ་ཅན་དང་བཤེས་མི་བྱ།། ཇི་ལྟར་གྲོགས་པོ་བསྟེན་པ་དང་།། ཇི་ལྟར་ཉེ་བར་བསྟེན་བྱས་པ།། བསྟེན་བྱ་དེ་ནི་ཅི་འདྲ་བར།། རིང་པོ་མི་ཐོགས་དེ་འདྲར་འགྱུར།། དེ་བས་འབྲས་བུའི་སྣོད་བཞིན་དུ།། ་གཞིག་གིས་བསྟེན་པ་ཤེས་པ་ཡིས།། དམ་པ་མ་ཡིན་མི་བསྟེན་ཅིང་།། མཁས་པས་དམ་པ་བསྟེན་བྱས་ལ།། དགེ་སློང་དེ་ཡི་ལམ་རྗེས་འབྲངས།། སྡུག་བསྔལ་ཟད་པ་ཐོབ་པར་འགྱུར།། བྱིས་པས ་ཇི་སྲིད་གསོན་པར་དུ།། གལ་ཏེ་མཁས་པ་བསྟེན་བྱས་ཀྱང་།། དེ་ཡིས་ཆོས་ཤེས་མི་འགྱུར་ཏེ།། གཟར་བུས་ཚོད་མའི་རོ་བཞིན་ནོ།། ཤེས་རབ་ལྡན་པས་ཡུད་ཙམ་ཞིག། མཁས་པ་ཉེ་བར་བསྟེན་པས། ་ཀྱང་དེ་ཡིས་ཆོས་རྣམས་ཤེས་འགྱུར་ཏེ།། ལྕེ་ཡིས་ཚོད་མའི་རོ་བཞིན་ནོ།། བྱིས་པས་ཇི་སྲིད་གསོན་པར་དུ།། གལ་ཏེ་མཁས་པ་བསྟེན་བྱས་ཀྱང་།། དེ་ལ་མིག་ནི་མེད་པའི་ཕྱིར།། ཆོས་རྣམས ་ཤེས་པར་མི་འགྱུར་རོ།། ཤེས་རབ་ལྡན་པས་ཡུད་ཙམ་ཞིག། མཁས་པ་ཉེ་བར་བསྟེན་བྱས་ཀྱང་།། དེ་ལ་མིག་ནི་ཡོད་པའི་ཕྱིར།། ཆོས་རྣམས་རབ་ཏུ་ཤེས་པར་འགྱུར།། བྱིས་པས་ཇི་སྲིད་གསོན ་བར་དུ།། གལ་ཏེ་མཁས་པ་བསྟེན་བུས་ཀྱང་།། རྫོགས་པའི་སངས་རྒྱས་ཀྱིས་བསྟན་པའི།། ཆོས་རྣམས་དེ་ཡིས་ཤེས་མི་འགྱུར།། ཤེས་རབ་ལྡན་པས་ཡུད་ཙམ་ཞིག། མཁས་པ་ཉེ་བར་བསྟེན ་པས་ཀྱང་།། རྫོགས་སངས་རྒྱས་ཀྱིས་བསྟན་པ་ཡི།། ཆོས་རྣམས་དེ་ཡིས་ཤེས་པར་འགྱུར།། དོན་ལྡན་ཚིག་ནི་གཅིག་གིས་ཀྱང་།། མཁས་པ་ཡི་ནི་བྱ་བ་བྱེད།། སངས་རྒྱས་ཀུན་གྱི་གསུང ་གིས་ཀྱང་།། བྱིས་པའི་བྱ་བ་བྱེད་མི་འགྱུར།། བློ་དང་ལྡན་པ་ཚིག་གཅིག་གིས།། ཚིག་བརྒྱ་དག་ནི་ཤེས་པར་འགྱུར།། བྱིས་པ་ལ་ནི་ཚིག་སྟོང་གིས།། ཚིག་གཅིག་ཤེས་པར་མི་འགྱུར་རོ།། ཉིས་ན ་མཁས་དང་མི་མཛད་བླའོ།། བྱིས་པ་རྣམས་དང་མཛའ་མི་རུང་།། བྱིས་པ་རྣམས་དང་མཛའ་བྱེད་པ།། སེམས་ཅན་དམྱལ་བར་ཁྲིད་པར་བྱེད།། བྱིས་པ་གང་ཞིག་བྱིས་པའོ་ཞེས།། ཤེས་པ་དེ་འདིར ་མཁས་པ་ཡིན།། བྱིས་པ་གང་ཞིག་མཁས་སེམས་པ།། དེ་ནི་བྱིས་པ་ཞེས་བརྗོད་དོ།། བྱིས་པས་བསྟོད་པ་གང་ཡིན་དང་།། མཁས་པས་སྨད་པ་གང་ཡིན་ལས།། མཁས ་བས་སྨད་པ་ཆེས་རུང་གི། བྱིས་པས་བསྟོད་པ་མི་རུང་ངོ་།། བྱིས་པ་བསྟེན་པ་སྡུག་བསྔལ་ཞིང་།། རྣམ་པ་ཀུན་ཏུ་དགྲ་འདྲ་བས།། བྱིས་པ་མི་ཐོས་མི་མཐོང་ཞིང་།། མ་བསྟེན་གྱུར་པ་ཉིད་རུང་ངོ་།། གཉེན ་དང་ཕྲད་པ་ཇི་ལྟ་བར།། བརྟན་པ་བསྟེན་ན་བདེ་བར་འགྱུར།། དེ་བས་རྒྱུ་སྐར་ལམ་དུ་ཟླ་བ་ལྟར།། བརྟན་ཞིང་ཐོས་མང་མཆོག་འདྲེན་བྱེད་པ་དང་།། ཚུལ་ཁྲིམས་ལྡན་དང་འཕགས་པའི་བརྟུལ་ཞུགས ་ཅན་། མི་མཆོག་བརྩེ་ལྡན་བློ་བཟང་བསྟེན་པར་གྱིས།། མཛའ་བཤེས་ཀྱི་ཚོམས་ཏེ་ཉི་ཤུ་རྩ་ལྔ་པའོ།། ། རུས་སྦལ་རང་གི་ཁོག་པར་ཡན་ལག་ལྟར།། དགེ་སློང་ཡིད་ཀྱི ་རྣམ་རྟོག་ནང་བསྡུས་ནས།། རྟེན་པ་མེད་ཅིང་གཞན་ལ་འཚེ་མེད་པར།། མྱ་ངན་འདས་ལ་སུ་ཡང་སྨོད་མི་བྱེད།། བཟོད་པ་དཀའ་ཐུབ་མཆོག་སྟེ་བཟོད་པ་ནི།། མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང་།། ་རབ་ཏུ་བྱུང་བ་གཞན་ལ་འཚེ་བ་ནི།། གཞན་ལ་གནོད་པས་དགེ་སྦྱོང་མ་ཡིན་ནོ།། ཚིག་རྩུབ་ཅི་ཡང་སྨྲ་མི་བྱ།། སྨྲས་ན་སླར་ཡང་སྨྲ་བར་བྱེད།། འཐབ་གཟུགས་ཚིག་གིས་སྡུག་བསྔལ་ཞིང་།། དེ་ལ་ཕྱིར ་ཡང་ཆད་པས་གཅོད།། གལ་ཏེ་བདག་གིས་པར་བྱས་ན།། འཁར་བའི་སྣོད་ལ་བརྡུངས་པ་བཞིན།། འཁོར་བར་སྐྱེ་དང་རྒ་བ་དག། ཡུན་རིང་ཉམས་སུ་མྱོང་བར་འགྱུར།། བདག་གིས་ཕར་ནི་མེ་བྱས་དང་།། ་འཁོར་བའི་སྣོད་ལ་མ་བརྡུངས་ལྟར།། འདི་ལྟར་འཐབ་མོ་མི་འབུང་ཞིང་།། མྱ་ངན་འདས་པ་ཐོབ་པར་འགྱུར།། ནད་མེད་རྙེད་པའི་དམ་པ་སྟེ།། ཆོག་ཤེས་པ་ནི་ནོར་གྱི་དབྱིག། ཡིད་གཅུགས་པཤེས་པ་། ་མཆོག་ཡིན་ཏེ།། མྱ་ངན་འདས་པ་བདེ་བའི་ཕུལ།། འདུ་བྱེད་སྡུག་བསྔལ་མ་རུངས་པ།། ནད་ཀྱི་ནང་ན་བཀྲེས་མི་བཟད།། དེ་ལྟར་ཇི་བཞིན་ཤེས་ན་ནི།། མྱ་ངན་འདས་པ་མཆོག་ཏུ་འགྱུར།། བདེ་འགྲོར་འགྲོ ་བ་ཉུང་ཟད་དེ།། ངན་འགྲོར་འགྲོ་བ་བསམ་ཡས་ཤིག། དེ་ལྟར་ཉེས་དམིགས་རྟོགས་གྱུར་ན།། མྱུར་དུ་མྱ་ངན་འདས་པ་ཐོབ།། བདེ་འགྲོར་འགྲོ་བ་རྒྱུ་དང་བཅས།། ངན་འགྲོར་འགྲོ་བ་རྒྱུ་དང་ལྡན།། མྱ་ངན་འདས། ་འགྲོ་རྒྱུ་ཅན་ཏེ།། དེ་དག་ཐམས་ཅད་རྒྱུ་དང་བཅས།། ནགས་ཚལ་མཆོག་ཏུ་རི་དགས་འགྲོ།། མཁའ་ལ་བྱ་རྣམས་འགྲོ་བར་བྱེད།། ཆོས་ལ་རྣམ་པར་བསྒོམས་འགྲོ་སྟེ།། དགྲ་བཅོམ་མྱ་ངན་འདས་པར ་འགྲོ།། འདི་ནི་བརྩོན་འགྲུས་ཞན་པ་དང་།། བློ་ཆུང་ཤེས་པ་མེད་པ་ཡིས།། མདུན་པ་ཐམས་ཅད་རབ་གཟུགས་པའི།། མྱ་ངན་འདས་པ་ཐོབ་མི་འགྱུར།། ཁྱོད་ཀྱིས་གྲུ་འདིའི་ཆུ་ཕྱགས་དང་།། འདི་ན ་ཡང་བར་འགྱུར་བ་ལྟར།། དེ་བཞིན་ཞེ་སྡང་འདོད་ཆགས་སྤོངས།། དེ་ནས་མྱ་ངན་འདས་པ་འཐོབ།། སྔོན་ཆད་བྱུང་བ་མི་འབྱུང་ཞིང་།། མ་བྱུང་བ་དག་འབྱུང་བར་འགྱུར།། མ་བྱུང་འབྱུང་བར་མི་འགྱུར ་ལ།། དེ་ལྟར་བྱུང་བའང་ཡོད་མ་ཡིན།། བལྟ་དཀའ་མཐའ་མེད་དེར་མི་མཐོང་།། བདེན་པ་རབ་རྟོགས་ཤེས་པ་དང་།། སྲེད་དང་དགའ་བ་མེད་མཐོང་བ།། འདི་འདྲ་འདི་ནི་སྡུག་བསྔལ་མཐའ།། སྲེད་པ་རྣམས ་ནི་བཅད་པ་དང་།། འདོད་ཆགས་རབ་ཏུ་སྤངས་པ་དང་།། མཚོ་བསྐམས་ནས་ནི་མི་འབབ་པ།། འདི་འདྲ་འདི་ནི་སྡུག་བསྔལ་མཐའ།། ལུས་ཞིག་ཚོར་བ་བསིལ་བར་གྱུར།། འདུ་ཤེས། ་འགགས་ཤིང་འདུ་བྱེད་ནི།། རྣམ་པར་ཤེས་པ་ནུབ་གྱུར་པ།། འདི་འདྲ་འདི་ནི་སྡུག་བསྔལ་མཐའ།། ལྟ་བས་མཐོང་བར་གྱུར་ཙམ་དང་།། ནན་པས་ཐོས་པར་གྱུར་པ་ཙམ།། རྟོགས་པར་བྱེད་པས་རྟོགས ་ཙམ་དང་།། རྣམ་པར་ཤེས་པས་རྣམ་ཤེས་ཙམ།། འདི་འདྲ་འདི་ནི་སྡུག་བསྔལ་མཐའ།། འདི་དང་མ་དང་གདུང་རབ་གདུངས།། འདི་འདྲ་འདི་ནི་སྡུག་བསྔལ་མཐའ།། མ་རེག་མ་དགའ་རབ་ཞི་དང་།། ཀུན་ཏུ ་འདོད་ཆགས་བྲལ་གྱུར་པ།། འདི་འདྲ་འདི་ནི་སྡུག་བསྔལ་མཐའ།། རྟེན་པ་ཡོད་པས་སྤྱོད་པས་འགྱུར་རོ།། སྤྱོད་པ་ཡོད་པས་གཞོལ་བར་འགྱུར་རོ།། གཞོལ་བ་ཡོད་པས་ཤིན་ཏུ་མ་སྦྱངས་པར་འགྱུར་རོ།། ་ཤིན་ཏུ་མ་སྦྱངས་པ་ཡོད་པས་འགྲོ་བ་དང་འོང་བར་འགྱུར་རོ།། འགྲོ་བ་དང་།། འོང་བར་ཡོད་པས་གཞན་དུ་ཤི་འཕོ་ལེན་པར་འགྱུར་རོ།། གཞན་དུ་ཤི་འཕོ་བླངས་པས།། འདི་ལྟར་གཞན་དུ་སྐྱེ་བ་དང་། རྒ ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་འབྱུང་ཞིང་འདི་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར། ་འགྱུར་རོ།། རྟེན་པ་མེད་པས་སྤྱོད་པ་མེད་པར་འགྱུར་རོ།། སྤྱོད་པ་མེད་པས་གཞོལ་བར་མི་འགྱུར་རོ།། གཞོལ་བར་མ་གྱུར་པས་ཤིན་ཏུ་སྦྱངས་པར་འགྱུར་རོ།། ཤིན་ཏུ་སྦྱངས་པས་འགྲོ་བ་དང་འོང་བར ་མི་འགྱུར་རོ།། འགྲོ་བ་དང་འོང་བ་མེད་པས་གཞན་དུ་ཤི་འཕོ་ལེན་པ་མེད་པར་འགྱུར་རོ།། གཞན་དུ་འཆི་འཕོ་ལེན་པ་མེད་པས་འདི་ལྟར་གཞན་དུ་སྐྱེ་བ་དང་། ན་བ་དང་། ན་བ་དང་། འཆི་བ་དང་། ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཞིང་། འདི་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར ་འགྱུར་རོ།། དགེ་སློང་དག་མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བཅོས་པ་དང་། འདུས་མ་བྱས་པ་དང་། མི་འབྱུང་བ་ཡོད་དོ།། སྐྱེ་བ་དང་། འབྱུང་བ་དང་། བཅོས་མ་དང་། སེམས་པས་བྱས་པ་དང ་འདུས་བྱས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡོད་དོ།། དགེ་སློང་དག་གལ་ཏེ་མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བཅོས་པ་དང་། འདུས་བྱས་དང་། མི་འབྱུང་བ་མེད་དུ་ཟིན་ན་སྐྱེ་བ་དང་ཀའབྱུང་བ་དང་། བཅོས ་མ་དང་། འདུས་བྱས་དང་།། སེམས་པས་བྱས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ངེས་པར་འབྱུང་བ་ཡོད་དོ་ཞེས་ང་མི་སྨྲའོ།། དགེ་སློང་དག་གི་ཕྱིར་འདི་ན་མ་སྐྱེས་པ་དང་ཀམ་བྱུང་བ་དང་། མ་བཅོས་པ་དང་། ་འདུས་མ་བྱས་པ་དང་། མི་འབྱུང་བ་ཡོད་པ་དེའི་ཕྱིར་སྐྱེ་བ་དང་། འབྱུང་བ་དང་། བཅོས་མ་དང་། འདུས་བྱས་དང་། སེམས་པས་བྱས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ངེས་པར་འབྱུང་བ་ཡོད་དོ་ཞེས ་ངསླའོ།། སྐྱེས་དང་བྱུང་དང་འབྱུང་བ་དང་།། བཅོས་དང་འདུས་བྱས་མི་བརྟན་ཞིང་།། རྒ་དང་འཆི་དང་རྨོངས་པ་ཡི།། ཆོས་ཅན་རབ་ཏུ་འཇིག་འགྱུར་བ།། ཟས་ཀྱི་རྒྱུད་ལས་བྱུང་བ་ཡི།། འཇིག་འགྱུར་འདི་ལ ་དགའ་མི་བྱ།། དེ་ཡི་ངེས་པར་འབྱུང་བའི་གཞིག། རྟོག་དང་དཔྱོད་དང་ཞི་བ་དང་།། སྡུག་བསྔལ་ཆོས་རྣམས་འགག་པ་སྟེ།། འདུ་བྱེད་ཉེ་བར་ཞི་བ་བདེ།། དགེ་སློང་དག་དེ་ནི་གང་དུ་ཡང ་གནས་པར་མི་འགྱུར་ཏེ།། ས་ལ་གནས་པར་མི་འགྱུར།། ཚུལ་མ་ཡིན། མེ་ལ་མ་ཡིན། རླུང་ལ་མ་ཡིན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་མ་ཡིན། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་མ་ཡིན།། ཅི་ཡག ་མེད་པའི་སྐྱེ་མཆེད་ལ་མ་ཡིན། འདུ་ཤེས་ཡོད་མིན་མེད་མིན་སྐྱེ་མཆེད་ལ་མ་ཡིན། འཇིག་རྟེན་འདི་ལ་མ་ཡིན། འཇིག་རྟེན་ཕ་རོལ་ལ་མ་ཡིན། ཉི་མ་དང་ཟླ་བ་གཉིས་ལ་གནས་པ་མ་ཡིན་ཏེ། འདི་དམིགས་པ ་མེད་པར་ངས་མངོན་པར་ཤེས་སོ།། དགེ་སློང་དག་དེ་ལ་འགྲོ་བ་དང་འོང་བ་ཡོད་པར་ང་མི་སྨྲ་སྟེ། གནས་པར་མ་ཡིན་ནོ།། འཆི་འཕོ་ཡོད་པར་ང་མི་སྨྲ་སྟེ། སྐྱེ་བར་མ་ཡིན་པ་འདི་ལྟ་བུ་འདི་ནི་སྡུག་བསྔལ་གྱི་མཐའ་ཡིན།། ་ནོ།། ས་དང་ཆུ་དང་མེ་དང་རླུང་།། གང་ལའང་གནས་པ་མ་ཡིན་པ།། དེ་ལ་དཀར་པོས་གསལ་མི་བྱེད།། དེ་ལ་མུན་པའང་ཡོད་མ་ཡིན།། དེ་ལ་ཟླ་བས་སྣང་མི་བྱེད།། དེ་ལ་ཉི་མས་མངོན་མི་བྱེད།། ཐུབ་པ་བྲམ་ཟེ་གང ་ཡིན་པ།། དེས་ནི་རང་གིས་རིག་པ་ཡིན།། དེ་ནི་གཟུགས་དང་གཟུགས་མེད་དང་།། སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ།། མཐར་ཕྱིན་འཇིགས་པ་མེད་པ་སྟེ།། རློམ་མེད་འགྱོད་པ་མེད་པ་ཡིན།། སྲིད་པའི་ཟུག་རྔུ ་གཏུགས་པ་སྟེ།། ལུས་ཀྱི་ཐ་མར་གྱུར་པ་ཡིན།། འདི་ནི་མཐར་ཕྱིན་རྣམས་ཀྱི་མཆོག་བཞི་བའི་གོ་འཕང་བླ་མེད་པ།། མཚན་མ་ཐམས་ཅད་ཟད་པ་སྟེ།། བྱང་གྲོལ་གོ་འཕང་འཆི་མེད་ཡིན།། མཚུངས་དང ་མི་མཚུས་འབྱུང་བ་ཡི།། འདུ་བྱེད་ཐུབ་པས་རབ་ཏུ་སྤངས།། ནང་དུ་མཉམ་གཞག་དགའ་བ་ཡིས།། སྒོ་ངའི་སྦུབས་ནི་འདྲལ་ལས་བྱུང་།། སྦྱིན་ཀུན་ཆོས་ཀྱི་སྦྱིན་པས་ཐུབ།། དགའ་ཀུན་ཆོས་ཀྱི ་དཀའ་བས་བྱུག། ཐོབས་ཀུན་བཟོད་པའི་སྟོབས་ཀྱིས་ཐུབ།། བདེ་ཀུན་མེད་པ་ཟད་པས་ཐུབ།། མྱ་ངན་འདས་པའི་ཆོམས་ཏེ་ཙ་ཤུ་རྨ་དྲུག་པའོ།། ། བདག་ལས ་གཞན་པའི་སྐྱོན་དག་ནོ།། གྲུབ་མ་གཏོར་བཇི་བཞིན་དུ།། གཞན་གྱི་སྐྱེན་མཐོངས་པསྟེ།། རང་གི་སྤྲིན་ནི་མཐོང་བར་དཀའ།། གཡོ་འཕྱན་ཆོ་ལོ་འཇོབ་སྐུར།། རང་གི་དེ་ནི་སྦེད་པ་དང་།། ཀ3 ་གྱིགྱི་སྐྱོན་ལ་ལྟ་བྱེད་ཅིང་།། རྟག་ཏུ་འཕྱས་ལོང་འདུ་ཤེས་ཅན།། དེ་ཡིས་རིང་དུ་ཆོས་མི་མཐོང་།། གཡོན་ཕྱོགས་ཆོས་ནི་རབ་ཏུ་འཕེལ།། སྤྱི་རོལ་བྱེད་ཅིང་འཕྲོག་རློམ་ཅན།། མི་གཙང་ལས་ལྡན ་ཁྭ་ཝཱ་བུར།། ཤིན་ཏུ་ཚོན་མོངས་འཚོ་བ་ཅན།། ངོ་ཚ་མེད་པའི་འཚེ་བ་སྲ།། རྟག་ཏུ་གཙང་མ་འཚོ་བ་དང་།། ཐུབ་ཚོད་མི་བྱེད་འཛེམ་བཀ་ཅན།། འཆི་བ་དག་ལ་ལྟ་བ་ཡི།། ངོ་ཚ་ཤེས་པའི་འཚོ་བ་དཀའ།། ་འཇིག་རྟེན་མུན་པར་འགྱུར་འདི་སྟེ།། དེ་ལས་ལྷག་མཐོང་ལྡན་པ་ཉུང་།། རྒྱ་ལས་ཤོར་བའི་བྱ་ལྟ་བུར།། མཐོ་རིས་ལ་དགའ་ཤས་ཙམ་ཞིག། བྱིས་པ་ལུས་ཀྱིས་བཅིངས་གྱུར་པ།། མུར་པའི་འཁོར་གྱིས ་བསྐོར་བ་ཡིན།། འཇིག་རྟེན་ནོར་ལ་ཆགས་པ་དང་།། གཞན་རྫས་ལྟ་བུར་ལྟ་བར་བྱེད།། བདག་གིས་སྐྱེ་དགུ་འདི་འབྱུང་ཞིང་།། གཞན་གྱིས་བྱས་སོ་སྙམ་སེམས་པ།། བདེན་པ་མིན་ལ་བདེན་བལྟ་བས།། ་ཅི་ཡང་མཐོང་བར་མི་འགྱུར་རོ།། དེ་ནི་འགགས་ཀྱང་མི་མཐོང་ཞིང་།། ཟུག་རྔུ་མཐོང་བར་མི་འགྱུར་རོ།། ཡུལ་སྲེད་གང་ལ་སྐྱེ་བོ་ཆགས་པ་ཡི།། ཟུག་རྔུ་དེ་དག་སྔོན་ཆད་མཐོང་བ ་དག། དེ་ནི་བདག་གིས་བྱས་སུམ་མི་འཛིན་ཅིང་།། དེ་ནི་གཞན་གྱིས་བྱས་སྙམ་མི་འཛིན་ཏོ།། སྐྱེ་དགུ་འདི་དག་ང་རྒྱལ་ལྡན།། ང་རྒྱལ་ལ་ཆགས་ང་རྒྱལ་བཅིངས།། རྩོད་པར་གྱུར་པའི་ལྟ་བ་ཅན།། འཁོར་བ ་ལྡོག་པར་མི་འགྱུར་རོ།། ཐོབ་པར་གྱུར་པ་གང་ཡིན་དང་།། ཐོབ་པར་བྱ་བ་གང་ཡིན་པ།། དེ་དག་གཉིས་ཀ་རྡུལ་གྱིས་ཡོག། རྗེས་སུ་ནད་པ་སློབ་པར་བྱེད།། གང་ཞིག་ཚུལ་ཁྲིམས་དང་། བསླབ་པ་དང་། ་བརྡུལ་ཞུགས་དང་། ཚངས་པར་སྤྱོད་པ་དང་། དཀའ་ཐུབ་དང་། ཉེ་བར་གནས་པ་སྙིང་པོར་བྱེད་པ་འདི་ནི་མཐའ་གཅིག་གོ།། གང་ཞིག་དེ་ལྟར་ལྟ་ཞིང་འདི་སྐད་ཅེས་འདོད་པ་ནི་གཙང་བའོ།། འདོད་པ་ནི་གསོད། ་ཉམས་ཅན་ནོ།། འདོད་པ་ནི་ལོངས་སྤྱད་པར་བྱའོ།། འདོད་པ་ནི་སྐྱོན་མེད་པ་ཡིན་རོ་ཞེས་སྨྲ་ཞིང་། དེ་དག་ལྷག་པར་འདོད་པ་རྣམས་སུ་ལྷུང་བར་བྱེད་པའི་བརྟུལ་ཞུགས་ལེན་པ་འདི་ཡང་མཐའ་གཅིག་གོ ་མཐའ་གཉིས་པོ་འདི་དག་ནི་དུར་ཁྲོད་འཕེལ་བར་བྱེད་པ་སྟེ། འདི་དག་གིས་དུར་ཁྲོད་འཕེལ་བར་བྱས་སོ།། མཐའ་གཉིས་པོ་འདི་དག་མ་མཐོང་བ་ཁ་ཅིག་ཞིམ་པར་བྱེད་ཅིང་། ཁ་ཅིག་མངོན་པར་རྒྱུག་པར་བྱེད། ་ཅིང་། ལྷག་པར་རྒྱུག་པར་བྱེད་པ་དག་མིག་དང་ལྡན་པས་མཐོང་ངོ་།། མཐའ་གཉིས་པོ་དེ་དག་མཐོང་བར་ཞེན་པར་མི་བྱེད། རྒྱུག་པར་མི་བྱེད་ལ། དེ་དག་ལྷག་པར་ཞེན་པར་མི་བྱེད་ཅིང་། ལྷག་པར་རྒྱུག་པར ་མི་བྱེད་པ་ཡང་མིག་དང་ལྡན་པས་མཐོང་ངོ་།། དེ་དག་དེ་ལྟར་མི་བྱེད་ཅིང་།། དེ་དག་དེ་ལྟར་མི་བྱེད་ན།། དེ་དག་གི་ལམ་དུ་མི་གདུགས་པ་འདི་ལྟ་བུར་འདི་ནི་སྡུག་བསྔལ་གྱི་མཐའ་ཡིན་ནོ།། ཇི་ལྟར་ཆུ་བུར་མཐོང་བ། ་དང་། འཇི་ལྟར་སྨིག་རྒྱུ་མཐོང་བ་ལྟར།། དེ་བཞིན་འཇིག་རྟེན་ལྟ་བྱེད་པ།། འཆི་བདག་རྒྱལ་པོས་མཐོང་མི་འགྱུར།། ཇི་ལྟར་ཆུ་བུར་མཐོང་བ་དང་།། ཇི་ལྟར་སྨིག་རྒྱུ་མཐོང་བ་ལྟར།། དེ་བཞིན་ལུས་ལ ་བྱེད་པ།། འཆི་བདག་རྒྱལ་པོས་མཐོང་མི་འགྱུར།། གང་ལ་བྱིས་པ་མངོན་ཆགས་པ།། དེ་ལ་མཁས་པ་ཆགས་མི་འགྱུར།། རྒྱལ་པོའི་ཤིང་ན་བཀྲ་བ་ལྟར།། ལུས་འདི་རྟག་ཏུ་ལྟ་བར་གྱིས།། གང་ལ་བྱིས་པ ་རྨོངས་འགྱུར་བ།། དེ་ལ་མཁས་པས་རྨོངས་མི་འགྱུར།། རྒྱལ་པོའི་ཤིང་རྟ་བཀྲ་བ་ལྟར།། ལུས་འདི་རྟག་ཏུ་ལྟ་བར་གྱིས།། གང་དུ་བྱིས་པ་ཉམས་འགྱུར་བ།། གླང་རྒན་རྫབ་ཏུ་ཆུད་པ་བཞིན།། རྒྱལ་པོའི་ཤིང་\ུ0f7f། ་བཀྲ་བ་ལྟར།། ལུས་འདི་རྟག་ཏུ་བལྟ་བར་གྱིས།། ནད་པ་ལྟ་བུར་འཇིག་ཆོས་ཅན།། རྨ་བྱུང་བ་དང་འདྲ་བ་སྟེ།། གང་ཡང་བརྟན་པར་མི་གནས་པར།། ལུས་འདི་རྟག་ཏུ་བལྟ་བར་གྱིས།། ནད་པ་འཇིག་པའི་ཆོས ་ཅན་ལྟར།། གང་ཡང་བརྟན་པར་མི་གནས་པར།། ནོར་བུའི་རྣ་ཆ་གདུབ་ཀོར་གྱིས།། བརྒྱན་པའི་ལུས་ལ་བལྟ་བར་གྱིས།། སྒྲ་ནི་ལན་བུ་བརྒྱ་བྱས་ཤིང་།། མིག་སྨན་གྱིས་ནི་བསྐུས་པའི་མིག། བྱིས་པ་2 ་པར་རྨོངས་བྱེད་ཀྱང་།། ཕ་རོལ་ཚོལ་བར་མི་བྱེད་དོ།། མིག་སྨན་གྱིས་ནི་གསར་བྲིས་ཤིང་།། རྣག་ཅན་ལུས་ནི་བརྒྱན་པར་གྱིས།། བྱིས་པ་ལྷག་པར་རྨོངས་བྱེད་ཀྱང་།། ཕ་རོལ་ཚོལ་བར་མི་བྱེད་དོ།། ལུས་ནི ་#དྲི་ཞིམ་གྱིས་བསྐུས་ནས།། རྐང་པ་བཙག་གིས་བྱུགས་པ་དག། བྱིས་པ་ལྷག་པར་རྨོངས་བྱེད་ཀྱང་།། ཕ་རོལ་ཚོལ་བར་མི་བྱེད་དོ།། གང་ཞིག་འདོད་པར་ཀུན་སྦྱོར་འབྲེལ་ཆགས། ་ཤིང་ཀུན་ཏུ་སྦྱོར་བའི་སྐྱོན་རྣམས་མ་མཐོང་བ།། འདོད་པར་འབྲེལ་ལ་ཆགས་པའི་མི་དེ་ཡིས།། ཆུ་བོ་མཐའ་ཡས་ཡངས་པ་རྒལ་མི་འགྱུར།། ཆགས་བྲལ་མཆོག་དང་ཐ་མ་ཐམས་ཅད་དག། འདི ་ལ་བདག་དང་བདག་གིར་མི་བལྟ་ཞིང་།། དེ་ལྟར་རྣམ་གྲོལ་སྔོན་ཆད་མ་རྒལ་བའི།། ཆུ་བོ་རབ་རྒལ་ཡང་སྲིད་མེད་པར་འགྱུར།། གང་ཞིག་ཚལ་སྤངས་ཚལ་མེད་པ།། ནགས་ཚལ་སྤངས་ནས་ནགས་སུ ་རྒྱུག། གྲོལ་བ་འཆིང་བར་གཅེན་པ་ཡི།། གང་ཟག་འདི་ནི་ལྟོས་ཤིག་ཚུར།། ཤིང་རྟ་འཐུན་པའི་རྩིབས་ལྡན་པ།། ཡན་ལག་ཡིད་འོང་གོས་དཀར་གཡོགས།། སྡིག་མེད་འགྲོ་བ་ལ་ལྟོས་ལ།། འཆིངས ་པའི་རྒྱུན་རྣམས་གཅད་པར་གྱིས།། འཇིགས་པས་སྐྲག་པའི་མི་དག་ནི།། ཕལ་ཆེར་རི་དང་ནགས་ཚལ་དང་།། སྐྱེད་མོས་ཚལ་དང་མཆོད་གནས་དང་།། ལྗོན་ཤིང་རྣམས་ལ་སྐྱབས་སུ་འགྲོ།། སྐྱབས་དེ ་གཙོ་བོ་མ་ཡིན་ཞིང་།། སྐྱབས་དེ་མཆོག་ཏུ་གྱུར་པ་མིན།། དེ་ལ་སྐྱབས་སུ་སོང་བ་ཡིས།། སྡུག་བསྔལ་ཀུན་ལས་གྲོལ་མི་འགྱུར།། གང་ཞིག་སངས་རྒྱས་ཆོས་དང་ནི།། དགེ་འདུན་ལ་ནི་སྐྱབས་སོང་ཞིང་།། ། ་སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་།། སྡུག་བསྔལ་ཡང་དག་འདས་པ་དང་།། བདེ་བ་མྱ་ངན་འདས་འགྲོ་བའི།། འཕགས་ལམ་ཡན་ལག་བརྒྱད་པ་སྟེ།། འཕགས་པའི་བདེན་པ་བཞི་པོ་དག། གང ་ཆེ་ཤེས་རབ་ཀྱིས་མཐོང་བ།། དེ་ནི་སྐྱབས་ཀྱི་མཆོག་ཡིན་ཞིང་།། དེ་ནི་སྐྱབས་ཀྱི་དམ་པ་ཡིན།། དེ་ལ་སྐྱབས་སུ་སོང་བ་ཡིས།། སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར།། མཐོང་བས་མཐོང་ཞིང་མཐོ་། ་ས་མ་མཐོང་མཐོང་།། མ་མཐོང་མི་མཐོང་མཐོང་བྱ་མཐོང་མ་འགྱུར།། འདྲ་མཐོང་ལྷག་མཐོང་ཐ་དད་དངོས་པོར་བརྗོད།། ཉིན་མཚན་ནམ་ཡང་ལྷན་ཅིག་མི་གནས་བཞིན།། འདྲ་བ་མཐོང་བས་མི་འགྱུར། ་གལ་ཏེ་མཐོང་ན་འདྲ་མི་མཐོང་།། མཐོང་འདིས་འདྲ་བ་མི་མཐོང་སྟེ།། འདྲ་མཐོང་མི་ཡིས་མཐོང་བ་མེད།། མི་ཡིས་ཅི་མ་མཐོང་ན་འདྲ་བ་མཐོང་།། ཅི་ཞིག་མཐོང་ན་འདྲ་བ་མཐོང་མི་འགྱུར།། ཇི་ལྟར ་འདི་ནི་འདྲ་བ་མཐོང་བ་དག། གང་ཞིག་མེད་ན་འདྲ་བར་མཐོང་དང་བྲལ།། གང་ཚེ་འདི་ཡིས་སྡུག་བསྔལ་མ་མཐོང་བ།། དེ་ཡི་ཚེ་ན་བདག་ཏུ་མཐོང་བར་འགྱུར།། ཇི་ལྟ་ཇི་ལྟར་སྡུག་བསྔལ་རྟོགས་གྱུར་པ།། ་དེས་ནི་བདག་འདི་འདྲ་བ་མཐོང་མི་འགྱུར།། གང་གིས་སོ་སོའི་སྐྱེ་བ་སྒྲིབས་ནས།། འདུ་བྱེད་སྡུག་བསྔལ་མ་མཐོང་བ།། དེ་ཕྱིར་འདི་ན་འདྲ་མཐོང་སྟེ།། དེ་མེད་འདྲབ་མི་མཐོང་ངོ་།། མཐོང་བའི་ཚེམས་ཏེ་ཅི ་ཤུ་རྩ་བདུན་པའོ།། ། སྡིག་པ་ཐམས་ཅད་མི་བྱ་སྟེ།། དགེ་བ་ཕུན་སུམ་ཚོགས་པར་བྱ།། རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། སྦྱིན་པས་བསོད། ་ནམས་རབ་ཏུ་འཕེལ།། ལེགས་བསྡམས་དགྲ་བ་སོགས་མི་འགྱུར་རོ།། དགེ་དང་ལྡན་པས་སྡིག་པ་སྤོང་།། ཉོན་མོངས་ཟད་པས་མྱ་ངན་འདའ།། མཁས་དང་འདྲེ་དང་བྱིས་པའི་སྐྱེ་བོ་དང་།། ལྷན་ཅིག་སྤྱད་དང་། ་གཅིག་པུ་གནས་ཀྱང་རུང་།། ངང་པས་ཆུ་ལས་འོ་མ་འཐུང་བ་ལྟར།། མཁས་པ་སྡིག་པ་ཅན་རྣམས་རབ་ཏུ་སྤང་།། འཇིག་རྟེན་ཉེས་དམིགས་མཐོང་བ་དང་།། འགོག་པ། ་འགྱུར་བའི་ཆོས་མཐོང་བས།། འཕགས་པ་སྡིག་ལ་དགའ་མི་བྱེད།། སྡིག་ཅན་དགེ་ལ་དགའ་མི་འགྱུར།། ལེགས་པར་ཉེར་ཞིའི་རོ་དང་ནི།། རབ་ཏུ་དབེན་པའི་རེ་ཤེས་པ།། རིམས་ནད་མེད་ཅིང ་སྡིག་མེད་ལ།། ཆོས་ལ་དགའ་བའི་རོ་དག་འཐུང་།། སེམས་ཀྱིས་ཟག་པ་མེད་པ་དང་།། སེམས་ནི་འཆིང་བས་མ་བཅོམ་ལ།། དགེ་དང་སྡིག་པ་རབ་སྤངས་པ།། ངན་འགྲོ་རྣམས་ཀྱི་འཇིགས་པ་དང་།། ། ་གནས་མིན་ཟློག་དང་ལེགས་སྨྲ་དང་།། ཉེས་དམིགས་སྟོན་པར་བྱེད་པ་དང་།། མཁས་པ་ཚར་བཅད་སྨྲ་བྱེད་པ།། དེ་ལྷའི་སྐྱེ་དགུ་བསྟེན་པར་བྱ།། དེ་ལྟ་བུ་དག་བསྟེན་བྱས་ན།། སྡིག་པར་མི་འགྱུར་ལེགས ་པར་འགྱུར།། ཉེ་བར་ཞི་ཞིང་རབ་ཞི་ལ།། དལ་བུས་སྨྲ་ཞིང་ཁེངས་མེད་པ།། སྡིག་པའི་ཆོས་རྣམས་སྤྲུག་བྱེད་དེ།། རླུང་གིས་ལྗོན་ཤིང་ལོ་མ་བཞིན།། གང་ཞིག་སྐྱེས་བུ་དག་ཅིང་ཉོན་མོངས་མེད།། རབ་ཏུ ་སྡུང་མེད་མི་ལ་ཁྲོ་བྱེད་པའི།། བྱིས་པ་དེ་ལ་སྡིག་པ་ཕྱིར་འགྲོ་སྟེ།། རྫི་ཕྱོགས་སུ་ནི་རྡུལ་རྣམས་གཏོར་བ་བཞིན།། དགེ་བ་བྱེད་པས་དགེ་བ་དང་།། སྡིག་པ་བྱེད་ལས་སྡིག་པ་སྟེ།། མི་ཡིས་གང་དང་གང་བྱས་པ།། ་དེ་དེ་རང་གིས་མཐོང་བར་འགྱུར།། བདག་གིས་སྡིག་པ་བྱས་ན་ནི།། དེ་བདག་ཁོ་ན་ཀུན་ནོར་མོངས།། བདག་གིས་སྡིག་པ་མ་བྱས་ན།། བདག་ཉིད་ཁོ་རན་རྣམ་པར་དག། གཞན་གྱིས་གཞན་སྦྱོང་མི་བྱེད་ཀྱི།། དག ་དང་མ་དག་རང་རང་བྱེད།། བདག་ཉིད་ཀྱིས་ནི་སྡིག་པ་དག། བྱས་ཤིང་ཉེ་བར་བསགས་པ་ཡིས།། བསམ་བརླག་མངོན་དུ་འཇོམས་པར་བྱེད།། རྡོ་རྗེས་ནོར་བུ་འབིགས་པ་བཞིན།། མིག་ལྡན་འགྲོ་བར ་བྱེད་པ་ཡིས།། ཉམ་ངའི་ལམ་དག་ཇི་ལྟ་བར།། མཁས་པས་འཚོ་བའི་འཇིག་རྟེན་འདིར།། སྡིག་པ་དག་ནི་ཡོངས་སུ་སྤང་།། ནོར་ཆེན་གྱིས་ནི་གྲོགས་ཉུང་དང་།། ཚོང་པས་འཇིགས་བཅས་ལམ་དང་ནི། ་གསོན་པར་འདོད་པས་དུག་ལྟ་བུར།། མཁས་པས་སྡིག་ཅན་ཡོངས་སུ་སྤང་།། གལ་ཏེ་ལག་མཐིལ་རྨ་མེད་ན།། ལག་པས་དུག་ནི་བཟུང་བྱས་ཀྱང་།། མ་མེད་དྲུག་ནི་མི་འཛིན་ལྟར།། མ་བྱས་པ ་ལ་སྡིག་པ་མེད།། བདག་ལ་མི་ཕན་བྱ་བ་དང་།། ལེགས་པ་མ་ཡིན་བྱ་བར་སླ།། གང་དག་ཕན་ཞིང་བདེར་འགྱུར་བ།། དེ་ནི་མཆོག་ཏུ་བྱ་བར་དཀའ།། དམ་པས་ལེགས་པར་བྱ་སྲ་ཡི།། དམ་པས་སྡིག ་པ་བྱ་བར་དཀའ།། ངན་པས་སྡིག་པ་བྱ་སཱ་ཡི།། འཕགས་པས་སྡིག་པ་བྱ་བར་དཀའ།། ཇི་སྲིད་སྡིག་པ་མ་སྨིན་པ།། དེ་སྲིད་བྱིས་པ་དང་ར་བར་སེམས།། གང་ཚེ་སྡིག་པ་སྨིན་གྱུར་པ།། དེ་ཚེ་དེ་ནི་ཆེ་བར ་སེམས།། ཇི་སྲིད་སྡིག་པ་མ་སྨིན་པ།། དེ་སྲིད་སྡིག་པ་རུང་བར་ལྷ།། གང་ཚེ་སྡིག་པ་སྨིན་གྱུར་པ།། དེ་ཚེ་སྡིག་པ་མཐོང་བར་འགྱུར།། ཇི་སྲིད་བཟང་པོ་མ་ཡིན་པ།། དེ་སྲིད་བཟང་པོ་སྡིག་པར་མཐོང་།། གང ་བཟང་པོ་སྨིན་གྱུར་པ།། དེ་ཚེ་བཟང་པོ་མཐོང་བར་འགྱུར།། སྡིག་པ་སྡུག་བསྔལ་སོགས་པ་ན།། དེ་ལ་དགའ་བར་མི་བྱའོ།། །། བརྒྱ་ལ་སྡིག་པ་བྱས་ན་ཡང་།། ཡང་དང་ཡང ་དུ་དེ་མི་བྱ།། བསོད་ནམས་བདེ་བ་སོགས་པས་ན།། དེ་ཉིད་ལ་ནི་དགའ་བར་བྱ།། གལ་ཏེ་བསོད་ནམས་བྱས་ན་ཡང་།། དེ་ནི་ཡང་དང་ཡང་དུ་བྱ།། སྡིག་ལ་ཡིད་ནི་མངོན་དགའ་བ། ་བསོད་ནམས་དལ་བུས་བྱེད་འགྱུར་བས།། སྡིག་པ་ལས་ནི་སེམས་བཟློག་ཅིང་།། བསོད་ནམས་མངོན་པར་མྱུར་ཏེ་བྱ།། སྡིག་པ་ཆུང་ངུ་བྱས་པས་ཀྱང་།། འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་།། ཕུང་ཁྲོལ་ཆེན་པོ ་བྱེད་འགྱུར་ཏེ།། ཁོང་པར་སོང་བའི་དུག་བཞིར་ནོ།། བསོད་ནམས་ཆུང་ངུ་བྱས་པས་ཀྱང་།། འཇིག་རྟེན་ཕ་རོལ་བདེ་བར་འཛིན།། དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ།། འབྲུ་རྣམས་ཕུན་སུམ་འབྱོར་པ་བཞིན་། གང་།། ་ཞིག་ཉེས་མེད་ཆད་པས་གཅོད།། སྡང་བ་མིན་ལ་རབ་སྡང་བ།། གནས་གཞན་གང་ཡང་རུང་བ་བཅུ།། མྱུར་དུ་ཐོབ་པ་ཁོ་ནར་འགྱུར།། ཚོར་བ་མི་བཟད་པ་དག་གམ།། ཡང་ན་ལུས་ནི་འདྲལ་བ་འམ།། གནོད་པའི ་ཚོར་བ་ཚ་བའང་རུང་།། ཡང་ན་སེམས་འཁྲུགས་ཐོབ་པར་འགྱུར།། གཉེན་འདུན་རྣམས་དང་བྲལ་བ་འམ།། ལོངས་སྤྱོད་ཟད་པར་འགྱུར་བ་འམ།། རྒྱལ་པོའི་གནོད་པ་འབྱུང་བ་འམ།། མི་སྙན་ཤིན་ཏུ ་མི་བཟད་དམ།། ཡང་མ་ཁྱིམ་ནི་མེ་ཆེན་པོས།། ངེས་པར་སྲེག་པར་བྱེད་པར་འགྱུར།། ཤེས་རབ་འཆལ་པ་ལུས་ཞིག་ནས།། བཅུ་པ་ངན་འགྲོར་འགྲོ་བར་འགྱུར།། སྡིག་པ་བྱས་པས་བག་དབབ་མི་བྱ་སྟེ།། ་རིང་བྱས་རྒྱང་མར་བྱས་ཀྱང་བག་མི་དབབ།། དབེན་པར་བྱས་ཀྱང་བག་དབ་བ་མི་བྱ་སྟེ།། དེ་ཡི་རྣམ་སྨིན་ཡོད་པས་བག་མི་དབབ།། བསོད་ནམས་བྱས་པས་བག་ནི་དབབ་བྱ་སྟེ།། རིང་རྒྱས་རྒྱང་རིང་བྱས ་ཀྱང་བག་དབབ་ཅིང་།། དབེན་པར་བྱས་ཀྱང་བག་ནི་དབབ་པར་བྱ།། དེ་ཡི་རྣམ་སྨིན་ཡོད་པས་བག་དབབ་བོ།། བདག་གིས་སྡིག་པ་བྱས་པས་མྱ་ངན་བྱེད།། རིང་དང་རྒྱང་རིང་བྱས་པས་མྱ་ངན་བྱེད།། བདག་གིས ་དབེན་པར་བྱས་པས་མྱ་ངན་བྱེད།། དེ་ཡི་རྣམ་སྨིན་ཡོད་པས་མྱ་ངན་བྱེད།། བདག་ཉིད་ནག་པོའི་ལས་དང་ལྡན་མཐོང་ནས།། འདིར་ཡང་མྱ་ངན་གཞན་དུའང་མྱ་ངན་བྱེད།། སྡིག་པ་བྱས་པས་གཉིས་ཀར་མྱ་ངན་བྱེད། ་དེ་ནི་མྱ་ངན་དེ་རབ་མྱ་ངན་བྱེད།། བདག་གིས་བསོད་ནམས་བྱས་པས་དགའ་བར་འགྱུར།། རིང་དང་རྒྱང་རིང་བྱས་པས་དགའ་བར་འགྱུར།། བདག་གིས་དབེན་པར་བྱས་པས་དགའ་བར་འགྱུར།། དེ་ཡི་རྣམ་སྨིན ་ཡོད་པས་དགའ་བར་འགྱུར།། བདག་ཉིད་རྣམ་དག་ལས་དང་ལྡན་མཐོང་ནས།། འདི་ནི་དགའ་འགྱུར་གཞན་དུའང་དགའ་བར་འགྱུར།། བསོད་ནམས་བྱས་པས་གཉིས་ཀས་དགའ་འགྱུར་ཞིང་།། ་དེ་ནི་དགའ་འགྱུར་དེ་རབ་དགའ་བར་འགྱུར།། བདག་གིས་སྡིག་པ་བྱས་པས་གདུང་འགྱུར་ཞིང་།། རིང་བྱེས་རྒྱང་རིང་བྱས་པས་གདུང་བར་འགྱུར། བདག་གིས་དབེན་པར་བྱས་པས་གདུང་འགྱུར་ཞིང་།། ་དེ་ཡི་རྣམ་སྨིན་ཡོད་པས་གདུང་བར་འགྱུར།། བདག་ཉིད་ནག་པོའི་ལས་དང་ལྡན་མཐོང་ནས།། འདི་ན་གདུང་འགྱུར་ཕ་རོལ་གདུང་བར་འགྱུར།། སྡིག་པ་བྱས་པས་གཉིས་ཀར་གདུང་འགྱུར་ཞིང་།། དེ་ནི ་གདུང་འགྱུར་དེ་རབ་གདུང་བར་འགྱུར།། བདག་གིས་བསོད་ནམས་བྱས་པས་དགའ་འགྱུར་ཞིང་།། རིང་བྱས་རྒྱང་རིང་བྱས་པས་དགའ་བར་འགྱུར།། བདག་གིས་དབེན་པར་བྱས་པས་དགའ་འགྱུར་ཞིང་།། ་དེ་ཡི་རྣམ་སྨིན་ཡོད་པས་དགའ་བར་འགྱུར།། བདག་ཉིད་དཀར་པོའི་ལས་དང་ལྡན་མཐོང་ནས།། འདི་ནི་དགའ་འགྱུར་ཕ་རོལ་དགའ་བར་འགྱུར།། བསོད་ནམས་བྱས ་པས་གཉིས་ཀར་དགའ་འགྱུར་ཞིང་།། དེ་ནི་དགའ་འགྱུར་དེ་རབ་དགའ་བར་འགྱུར།། སྡིག་པ་བྱས་ཤིང་བསོད་ནམས་མ་བྱས་ལ།། ཆོས་དང་གོལ་ཞིང་ཆོས་མིན་ཐོབ་པའི་མི།། སྡིག་པའི་ལས་ཅན ་འཆི་བས་འཇིགས་འགྱུར་ཏེ།། ཆུ་ཆེན་ནང་དུ་གྲུ་ངན་ཞིག་པ་བཞིན།། བསོད་ནམས་བྱས་ཤིང་སྡིག་པ་མ་བྱས་ལ།། དམ་པ་རྣམས་ཀྱིས་སྔོན་གྱི་ཆོས་སྤྱད་པས།། ང་ནི་ནམས་ཀྱང་འཆི་བས ་འཇིགས་མེད་དེ།། བརྟན་པའི་གྲུ་ཡིས་ཕ་རོལ་འགྲོ་བ་བཞིན།། སྡིག་པའི་ཚེམས་ཏེ་ཉི་ཤུ་རྩ་བརྒྱད་པའོ།། ། ཇི་སྲིད་ཉི་མ་མ་ཤར་བའི།། དེ་སྲིད་སྲིན་བུ་མེ་ཁྱེར་སྣང་།། ཉིས། ་ཤར་བར་གྱུར་པ་ནི།། སྣང་བ་མེད་ཅིང་སྔོན་པོར་གྱུར།། ཇི་སྲིད་དེ་བཞིན་གཤེགས་མ་ཤར།། དེ་སྲིད་རྟོག་གེ་པ་རྣམས་སྣང་།། འཇིག་རྟེན་རྫོགས་སངས་རྒྱས་ཤར་བ།། རྟོག་ཅན་ཉན་ཐོས་བཅས ་མི་སྣང་།། གཅེས་མིན་གཅེས་པར་བློས་འཛིན་ཅིང་།། གཅེས་ལ་གཅེས་པ་མིན་རྟོག་པ།། ལོག་པར་ཀུན་གྱི་སྤྱོད་ཡུལ་ཅན།། དེས་ནི་གཅེས་པ་ཐོབ་མི་འགྱུར།། གཅེས་པ་མིན་ལ་གཅེས་མིན་དང་།། ་གཅེས་ལ་གཅེས་པར་འདུ་ཤེས་ལ།། ལེགས་པར་ཀུན་རྟོག་སྤྱོད་ཡུལ་ཅན།། དེ་ནི་གཅེས་པ་ཐོབ་པར་འགྱུར།། འདི་ནི་ལྷ་དང་ཉན་ལ་མངོན་ཞེན་པའི།། ཆིངས་མ་གསར་དུ་འཕེལ་བ་དག། འཁོར་བར ་རྒྱུག་ཅིང་འགྲོ་དང་སྡོད་འགྱུར་ཏེ།། མེ་ནང་ལྷུང་བའི་ཕྱེ་མ་ལེབ་དང་འདྲ།། འདི་ལ་མྱོང་འགྱུར་གཞན་ལ་མྱོང་འགྱུར་བ་འམ།། འདི་ནི་ཐེ་ཙོམ་ཐ་དད་ཇི་སྙེད་པ།། དེ་དག་ཚངས་པར་སྨང་སྤྱོད་འབ་པ་དང་། ་སེམས་པར་བྱེད་པས་རབ་ཏུ་རྣམ་པར་སྤོང་།། གང་ཞིག་སྙིགས་མ་ཡོད་བཞིན་དུ།། ངུར་སྨྲིག་གོས་ནི་གྱོན་བྱེད་པ།། དུལ་དང་ངེས་པ་མེད་པ་དེས།། ངུར་སྨྲིག་གྱོན་པའི་འོས་མ་ཡིན།། གང་ཞིག་སྙིགས་པ ་རྣམས་སྤངས་ནས།། ཚུལ་ཁྲིམས་ལེགས་པ་མཉམ་གཞག་པ།། དུལ་དང་ངེས་པར་ལྡན་པ་དེས།། ངུར་སྨྲིག་གྱོན་པའི་འོས་ཡིན་ནོ།། གཡོ་སྐུ་འཇུངས་དང་ལྡན་པའི་མི།། ཁ་དོག་དང་ནི་གཟུགས་ལྡན ་པ་འམ།། ཡང་ན་སྨྲ་བར་བྱེད་ཙམ་གྱིས།། ཕོ་མཆོག་ཡིན་པར་མི་ཆུད་དོ།། གང་ཞིག་ཆོས་གསུམ་དེ་དག་རྣམས།། ཏ་ལའི་མགོ་བོ་བཞིན་བཅད་ནས།། བློ་ལྡན་སྐྱོན་ནི་བསལ་བ་དེས།། ཕོ་མཆོག་ཡིན ་པར་བརྗོད་པར་བྱ།། འཇིག་རྟེན་འདི་ནི་ལེགས་པར་མ་བསྡམས་པས།། ཕལ་ཆེར་ལེགས་བསྡམས་རྟགས་ཀྱིས་རྒྱུ་བྱེད་པས།། ལེགས་པར་མ་བརྟགས་བར་དུ་མི་དག་གིས།། མདོག་གཟུགས་ལན་འགའ ་མཐོང་བས་ཡིད་མ་རྟོན།། ར་ཀཱན་ཁ་བསྒྱུར་ལྟ་བུར་མི་འཚམ་ཞིང་།། ལྕགས་ཕྱེད་གསེར་གྱིས་གཡོགས་པ་ཇི་ལྟ་བུར།། ཁོང་པ་རབ་གདུག་ཕྱི་རོལ་འཕགས་ཚུལ་གྱིས།། འཇིག་རྟེན་འདི་ན་འཁོར ་དང་བཅས་པར་རྒྱུ།། གང་ཞིག་རྗེ་འགེངས་གཉིད་ནི་ལྡོག་པ་དང་།། ཉིན་དང་མཚན་དུ་འགྲེ་ལྡོག་ཉལ་བྱེད་པ།། རྫ་བ་ནང་ཕག་ཆེན་ལུས་རྒྱས་ཇི་ལྟ་བར།། ཡང་དང་ཡང་དུ་སྨད་པའི་མངལ་དུ་འཇུག། མི་ནི་རྟག་ཏུ། ་དྲན་དང་ལྡན་པ་དང་།། རྟག་ཏུ་ཁ་ཟས་ཀྱི་ནི་ཚད་ཤེས་པ།། དེ་ཡི་སྡུག་བསྔལ་ཆུང་བར་འགྱུར་བ་དང་།། དལ་བུས་འཛུབས་ཆེ་ཡང་རིང་བར་བྱེད།། གང་ཞིག་དབང་པོ་མ་བསྡམས ་ཤིང་།། ཟས་ཀྱི་ཚེ་ནི་མི་ཤེས་ལ།། དྲན་པ་ཉམས་དང་ལེ་ལོ་ཅན།། གཙང་བར་ལྟ་ཞིང་གནས་བྱེད་པ།། དེ་ནི་འདོད་ཆགས་རྣམས་ཀྱིས་བཅོས།། རླུང་གིས་མི་བརྟན་ལྗོན་ཤིང་བཞིན།། གང་ཞིག་དབང་།། ་པོ་ལེགས་བསྡམས་ཤིང་།། ཟས་ཀྱི་ཚོད་ནི་ཤེས་པ་དང་།། སོ་སོར་དྲན་བཞིན་བརྩོན་འགྲུས་ལྡན།། མི་གཙང་ལྟ་བས་གནས་བྱེད་པ།། དེ་ནི་འདོད་ཆགས་ཀྱིས་མི་ཚེམས།། རླུང་གིས་རི་བོ་གཡོས་པ ་བཞིན།། དགོན་པ་དགའ་བར་བྱ་འོས་པ།། དེ་ལ་སྐྱེ་བོ་མི་དགའ་ཡང་།། དེ་ལ་འདོད་ཆགས་བྲལ་བ་དགའ།། འདོད་པ་ཚོལ་བར་བྱེད་རྣམས་མིན།། དགོན་པའམ་ཡང་ན་གྲོང་དག་གམ།། གཤོང་ངམ་ཐང ་བུ་དག་ཀྱང་རུང་།། གང་ན་འཕགས་པ་བཞུགས་པ་ཡི།། ས་དེ་ཡིད་དུ་འོང་བ་ཡིན།། དམ་པ་རིང་ནས་སྣང་འགྱུར་ཏེ།། གངས་ཅན་གྱི་ནི་རི་བོ་བཞིན།། ངན་པ་ཉེ་ཡང་མི་སྣང་སྟེ།། མུན་ཁྲོད་མདའ་ནི་འཕངདྲ།། ་པ་བཞིན།། མཁས་པ་དོར་སེམས་བྱེད་པ་ཡི།། དམ་པ་ཉིད་དང་འགྲོགས་ན་ནི།། དོན་ཆེན་འགྱུར་ཞིང་ཟབ་མོ་ཡི།། ཤེས་རབ་སོ་སོར་རྟོག་པར་འགྱུར།། གཞུ་ཡིས་མདའ་འཕངས་བསྣུན་པ་ཡིས།། ་གཡུལ་ངོའི་གླང་ཆེན་ཇི་བཞིན་དུ།། ཚུལ་འཆལ་སྐྱེ་བོ་མང་པོ་ཡིས།། མི་སྙན་སྨྲས་པ་བཟོད་པར་བྱ།། མི་གང་ཁྱིམ་འབིགས་བྱེད་པ་དང་།། དད་པ་མེད་ཅིང་བྱས་མི་གཟོ།། གོ་སྐབས་བཅོམ་དང་སྐྱུགས ་བ་གྲ་ན་སྐྱེས་དུ་དམ་པ་ཡིན།། ཕ་མ་དག་ནི་བསད་བྱས་ཤིང་།། རྒྱལ་པོ་གཙང་སྔ་ཅན་གཉིས་དང་།། ཡུལ་འཁོར་འཁོར་དང་བཅས་བཅོམ་ན།། མི་མི་དག་པར་འགྱུར་ཞེས་བྱ།། གང་དག་ཀུརཿ། ་སོགས་མེད་ཅིང་།། གང་དག་ཁ་ཟས་ཡོངས་ཤེས་པ།། སྟོང་དང་མཚན་མ་མེད་པ་དང་།། དབེན་པ་ཉིད་ཀྱི་སྤྱོད་ཡུལ་ཅན།། དེ་དག་འགྲོ་བ་རྟོགས་དཀའ་སྟེ།། ནམ་མཁའ་ལ་ནི་བུ་རྗེས་བཞིན།། གང་དག ་ཀུན་ཏུ་སོགས་མེད་ཅིང་།། གང་དག་ཁ་ཟས་ཡོངས་ཤེས་པ།། སྟོང་དང་མཚན་མ་མེད་པ་དང་།། དབེན་པ་ཉིད་ཀྱི་སྤྱོད་ཡུལ་ཅན།། དེ་དག་རྗེས་ནི་རྟོགས་དཀའ་སྟེ།། ནམ་མཁའ་ལ་ནི་བྱ་རྗེས་བཞིན།། ་གང་དག་ཀུན་ཏུ་སོགས་མེད་ཅིང་།། གང་དག་ཁ་ཟས་ཡོངས་ཤེས་པ།། སྟོང་དང་མཚན་མ་མེད་པ་དང་།། རྟག་ཏུ་བསམ་གཏན་སྤྱོད་ཡུལ་ཅན།། དེ་དག་འགྲོ་བ་རྟོགས་དཀའ་སྟེ།། ནམ་མཁའ་ལ་ནི་བ ་རྗེས་བཞིན།། གང་དག་ཀུན་ཏུ་སོགས་མེད་ཅིང་།། གང་དག་ཁ་ཟས་ཡོངས་ཤེས་པ།། སྟོང་དང་མཚན་མ་མེད་པ་དང་།། རྟག་ཏུ་བསམ་གཏན་སྤྱོད་ཡུལ་ཅར།། དེ་དག་རྗེས་ནི་རྟོགས་དཀའ་སྟེ།། ནམ ་མཁའ་ལ་ནི་བྱ་རྗེས་བཞིན།། གང་དག་ཀུན་ཏུ་སོགས་མེད་ཅིང་།། གང་དག་ཁ་ཟས་ཡོངས་ཤེས་པ།། སྟོང་དང་མཚན་མ་མེད་པ་དང་།། དབེན་པ་ཉིད་ཀྱི་སྤྱོད་ཡུལ་ཅན།། དེ་དག་འགྲོ་བ་རྟོགས་དཀའ་སྟེ། ་ནམ་མཁའ་ལ་ནི་བྱ་རྗེས་བཞིན།། གང་དག་ཀུན་ཏུ་སོགས་མེད་ཅིང་།། གང་དག་མཁས་པས་ཡོངས་ཤེས་པ།། སྟོང་དང་མཚན་མ་མེད་པ་དང་།། དབེན་པ་ཉིད་ཀྱི་སྤྱོད་ཡུལ་ཅན།། དེ་དག་རྗེས་ནི ་རྟོགས་དཀའ་སྟེ།། ནམ་མཁའ་ལ་ནི་བྱ་རྗེས་བཞིན།། གང་དག་པ་མཐར་རྟེན་མེད་ཅིང་།། གང་གིས་ཟག་ཟད་ཡོངས་ཤེས་པ།། སྟོང་དང་མཚན་མ་མེད་པ་དང་།། དབེན།། ་པ་ཉིད་ཀྱི་སྤྱོད་ཡུལ་ཅན།། དེ་དག་འགྲོ་བ་རྟོགས་དཀའ་སྟེ།། ནམ་མཁའ་ལ་ནི་བྱ་རྗེས་བཞིན།། གང་དག་པ་མཐར་རྟེན་མེད་ཅིང་།། གང་གིས་ཟག་ཟད་ཡོངས་ཤེས་པ།། སྟོང་དང་མཚན་མ ་མེད་པ་དང་།། དབེན་པ་ཉིད་ཀྱི་སྤྱོད་ཡུལ་ཅན།། དེ་དག་རྗེས་ནི་རྟོགས་དཀའ་སྟེ།། ནམ་མཁའ་ལ་ནི་བྱ་རྗེས་བཞིན།། གང་དག་པ་མཐར་རྟེན་མེད་ཅིང་།། གང་གིས་ཟག་ཟད་ཡོངས་ཤེས་པ།། སྟོང ་དང་མཚན་མ་མེད་པ་དང་།། རྟག་ཏུ་བསམ་གཏན་སྤྱོད་ཡུལ་ཅན།། དེ་དག་འགྲོ་བ་རྟོགས་དཀའ་སྟེ།། ནམ་མཁའ་ལ་ནི་བྱ་རྗེས་བཞིན།། གང་དག་པ་མཐར་རྟེན་མེད་ཅིང་།། གང་གིས་ཟག་ཟད་ཡོངས་ཤེས ་པ། སྟོང་དང་མཚན་མ་མེད་པ་དང་།། རྟག་ཏུ་བསམ་གཏན་སྤྱོད་ཡུལ་ཅན།། དེ་དག་འགྲོ་བ་རྟོགས་དཀའ་སྟེ།། ནམ་མཁའ་ལ་ནི་བྱི་རྗེས་བཞིན།། གང་དག་པ་མཐར་རྟེན་མེད་ཅིང་།། གང་གིས་ཟག་ཟད ་ཡོངས་ཤེས་པ།། སྟོང་དང་མཚན་མ་མེད་པ་དང་།། རྟག་ཏུ་བསམ་གཏན་སྤྱོད་ཡུལ་ཅན།། དེ་དག་རྗེས་ནི་རྟོགས་དཀའ་སྟེ།། ནམ་མཁའ་ལ་ནི་བྱ་རྗེས་བཞིན།། གང་དག་པ་མཐར་རྟེན་མེད་ཅིང་།། གང་གིས ་ཟག་ཟད་ཡོངས་ཤེས་པ།། སྟོང་དང་མཚན་མ་མེད་པ་དང་།། རྟག་ཏུ་བསམ་གཏན་སྤྱོད་ཡུལ་ཅན།། དེ་དག་རྗེས་ནི་རྟོགས་དཀའ་སྟེ།། ནམ་མཁའ་ལ་ནི་བྱ་རྗེས་བཞིན།། སྐྱེ་དགུ་ཕལ་པ་འདི་དག་ནི།། ཕ་མཐའ ་ཉིད་དུ་རྒྱུག་བྱེད་པས།། གང་དག་ཕ་རོལ་འགྲོ་བྱེད་པས།། མི་ཡི་སྐྱེ་བོ་དེ་དག་ཆུང་།། གང་དག་ལེགས་པར་གསུངས་པ་ཡི།། ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ།། སྐྱེ་བོ་དེ་དག་སྐྱེ་ཤི་ཡི།། མཚོ་ཆེན་རྒལ་དཀའི་ཕ་རོལ། ་འགྲོ།། སྐྱོབ་པ་རབ་ཏུ་རྣམ་གྲོལ་ཞིང་།། དུས་འདས་མྱ་ངན་བྲལ་བ་དང་།། མདུན་པ་ཐམས་ཅད་སྤངས་པ་ལ།། ཡོངས་སུ་གདུང་བ་ཡོད་མི་འགྱུར།། འཇིགས་དང་བཅས་པའི་ལམ་རྒལ་ཅིང་།། གཡང་ས ་ཡོངས་སུ་སྤངས་པ་དང་།། སྦྱོར་དང་མདུད་པ་ལས་གྲོལ་བས།། འདོད་ཆགས་ཀྱི་ནི་དུག་ཀུན་བཅོམ།། འདོད་པ་ལྟ་བུའི་འདམ་རྫབ་མེ།། ཞེ་སྡང་ལྟ་བུའི་གདོན་མེད་དོ།། གཏི་མུག་ལྟ་བུའི་རྒྱུ་མེད་དོ།། སྲེད་པ ་ལྟ་བུའི་ཆུ་ཀླུང་མེད།། ནམ་མཁའ་ལ་ནི་རྗེས་ལྟ་བུར།། ཕྱི་རོལ་པ་ལ་དགེ་སྦྱོང་མེད།། བྱིས་པ་སྤྲོས་ལ་མངོན་པར་དགའ།། དེ་བཞིན་གཤེགས་ལ་སྤྲོས་མི་མངའ།། སྦྱོར་བས་བྱིས་པ་ཁྲིད་པའི་ཕྱིར།། ་མཁས་པ་སྦྱར་བ་འཇོམས་པར་བྱེད།། མཁས་པ་ལྷ་དང་མི་དག་གི། སྦྱོར་བ་ཀུན་དང་བྲལ་བའི་ཕྱིར།། སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར།། འབྱོར་པ་ལས་ན་སྲིད་པ་འབྱུང་།། སྦྱོར་བ་མེད་པས ་སྲིད་མེད་པའི།། ལམ་འདི་གཉིས་ནི་ཤེས་གྱིས་ལ།། སྦྱོར་བས་རབ་ཏུ་འདའ་བྱའི་ཕྱིར།། མཁས་པས་དེ་ལ་བསླབ་པར་གྱིས།། ཉེས་པར་སྤྱད་པ་བྱས་པས་གདུང་འགྱུར་ཞིང་།། ངན་འགྲོར་སོང་བའི་འོག ་ཏུའང་གདུང་བར་འགྱུར།། ལེགས་པར་སྤྱད་པར་བྱས་པས་དགའ་འགྱུར་ཞིང་།། བདེ་འགྲོར་སོང་བའི་འོག་ཏུའང་དགའ་བར་འགྱུར།། ཕྱི་ནས་གདུང་འགྱུར་དེ་བྱེད་པས།། ཉིས་ན་ཉེས་སྤྱད་མ་བྱས་བླ།། ་གདུང་བར་མི་འགྱུར་དེ་བྱ་སྟེ།། ལེགས་པར་སྤྱད་པ་བྱས་ན་རུང་།། མཁས་དང་བྱིས་པ་འདྲེས་པ་ལས།། མ་སྤྲས་ཤེས་པར་མི་འགྱུར་བས།། ཞི་བའི་གོ་འཕང་སྤྲོས་ཤིག་ད་། ་སྨྲས་པ་ཡིས་ནི་ཤེས་པར་འགྱུར།། ལེགས་བཤད་དྲང་སྲོང་རྒྱལ་མཚན་ཏེ།། དྲང་སྲོང་རྒྱལ་མཚན་ཆོས་ཡིན་པའི།། ཆོས་ནི་བཤད་པས་གསལ་བྱ་ཞིང་།། དྲང་སྲོང་རྒྱལ་མཚན་བསྒྲེང་བར་གྱིས།། ་མ་སྨྲས་ན་ཡང་སྤོད་བྱེད་ཅིང་།། མང་དུ་སྨྲས་ན་སྨོད་པར་བྱེད།། དལ་བུས་སྨྲས་ཀྱང་སྤོང་བྱེད་དེ།། འཇིག་རྟེན་ན་ནི་མི་སྨད་མེད།། གཅིག་ཏུ་སྨན་པར་བྱ་བ་དང་།། གཅིག་ཏུ་བསྟོད་པར་བྱ་བ་ཡིས།། ད་ལྟར་ལོ།། ་པ་མ་ཡིན་ཏེ།། བྱུང་བར་མ་གྱུར་འབྱུང་མི་འགྱུར།། གང་དག་ལ་ནི་མི་གནས་པའི་སྤྲོས་མེད་ཅིང་།། གང་དག་ཀུན་སྦྱོར་གདུང་ལས་རབ་ལོག་པ།། ཐུབ་པ་སྲེད་བྲལ་དེ་དག་རྒྱུ་མཛད་ཀྱང་།། ལྷར་བཅས་འཇིག ་རྟེན་རྣམས་ཀྱིས་མི་ཤེས་སོ།། གང་གིས་དད་དང་ཚུལ་ཁྲིམས་དང་།། བློ་ལ་ཕན་ནི་མི་བྱུང་བར།། ཇི་ལྟ་ཇི་ལྟར་རྟོགས་གྱུར་པའི།། ཤེས་པ་ཅན་དག་སྟོང་བྱེད་དེ།། དེ་དག་སུས་ཀྱང་སྨན་འོས་མིན།། ་འཛམ་བུ་གླིང་གི་གསེར་རྒྱན་བཞིན།། ཇི་ལྟར་རི་དང་བྲག་དག་ནི།། རླུང་གིས་གཡོས་པར་མི་འགྱུར་ལྟར།། དེ་བཞིན་བསྟོད་དང་སྨན་པ་ཡིས།། མཁས་པ་རབ་ཏུ་གཡོ་བ་མེད།། ས་ལ་གང་གི་རྩ་མེད་པ། ་ལོ་མེད་ལྕུག་ཕྲན་ག་ལ་ཡོད།། འཆིང་བ་ལས་གྲོལ་བརྟན་པ་སྟེ།། ཇི་ག་སུས་ཀྱང་སྨན་འོས་མིན།། གང་ཞིག་རྒྱལ་བས་མི་ཉམས་ཤིང་།། འཇིག་རྟེན་མ་རྒྱལ་ཅུང་ཟད་མེད།། སངས་རྒྱས་སྤྱོད་ཡུལ ་མཐའ་ཡས་དེ།། འགྲོ་མེད་གོམ་པ་གང་གིས་བཀྲི།། གང་ཞིག་རྒྱལ་ལས་མི་ཉམས་ཤིང་།། འཇིག་རྟེན་མ་རྒྱལ་ཅུང་ཟད་མེད།། སངས་རྒྱས་མཐུ་རྩལ་མཐའ་ཡས་དེ།། འགྲོ་མེད་གོམ་པ་གང་གིས ་བཀྲི།། གང་ལ་ཁྲིད་བྱེར་སྲེད་པ་ནི།། ཡུལ་སྲེད་འདྲ་བ་འགའ་མེད་པ།། སངས་རྒྱས་སྤྱོད་ཡུལ་མཐའ་ཡས་དེ།། འགྲོ་མེད་གོམ་པ་གང་གིས་བཀྲི།། གང་ལ་ཁྲིད་བྱེད་སྲེད་པ་ནི།། ཡུལ་སྲེད་འདྲ་བ་འགའ ་མེད་པ།། སངས་རྒྱས་མཐུ་རྩལ་མཐའ་ཡས་དེ།། འགྲོ་མེད་གོམ་པ་གང་གིས་བཀྲི།། གང་ཞིག་རྣམ་པར་རྟོག་པ་རྣམས་བསལ་ཅིང་།། ནང་གི་ཀུན་ལ་རྣམ་པར་རྟོག་མེད་པ།། ཀུན་ཏུ་སྦྱོར་དང་གཟུགས ་དང་འདུ་ཤེས་འདས།། རྣལ་འབྱོར་བཞི་དང་བྲལ་ལ་སྐྱེ་བ་མེད།། སྔོན་བྲལ་ཕྱི་མ་དང་བྲལ་ཞིང་།། དབུས་བྲལ་སྲིད་པའི་ཕ་རོལ་ཕྱིན།། རྣམ་པ་ཀུན་ལས་སེམས་གྲོལ་བ།། སྐྱེ་རྒ་ཕྱི་མ་འདྲེན་མི་འགྱུར།། ་ཕྲུགས་ཀྱི་ཚོམས་ཏེ་ཉི་ཤུ་དགུ་པའོ།། །། རྒྱལ་བ་ལས་ནི་ཁོ་ན་འབྱུང་ཞིང་།། ཕ་རོལ་ཕམ་པ་སྡུག་བསྔལ་འཐོབ།། རྒྱལ་དང་ཕ་རོལ་ཕམ་སྤངས་ན།། ཉེ་བར་ཞི་བའི་བདེ་བ ་འཐོབ།། གཞན་ལ་སྡུག་བསྔལ་བསྐྱེད་པ་ཡིས།། གང་ཞིག་བདག་གི་བདེ་འདོད་པ།། དགྲ་དང་མི་འབྲལ་འགྲོགས་པ་དང་།། དེ་ནི་སྡུག་བསྔལ་ལས་མི་འགྲོལ།། བདེ་བ་འདོད་ཕྱིར་འབྱུང་པོ་ལ།། གང ་ཞིག་འཚེ་ཞིང་ཆད་པས་གཅོད།། བདག་གི་བདེ་བ་འདོད་པ་དེ།། ཕ་རོལ་དུ་ནི་བདེ་མི་འགྱུར།། གང་ཞིག་བདེ་བ་འདོད་པ་དག། འབྱུང་པོ་ལ་ནི་མི་འཚེ་ཞིང་།། ཆད་པས་མི་གཅོད་བདེ་འདོད་པ།། དེ་དག་ཕ་རོལ་བདེ ་། བ་འཐོབ།། ཆོས་སྤྱོད་ལེགས་པར་སྤྱད་བྱ་ཞིང་།། ཉེས་པར་སྤྱད་པ་དེ་མི་སྤྱད།། འཇིག་རྟེན་འདི་དང་ཕ་རོལ་ཏུ།། ཆོས་སྤྱད་པས་ནི་བདེ་བ་འཐོབ།། ཆོས་ལ་ལེགས་སྤུར་བདེ་བསྐྱེད། ་པས།། ཆོས་སྤྱོད་ཆོས་ཀྱིས་བསྲུང་བར་བྱ།། ཆོས་སྤྲོན་ངན་འགྲོར་མི་འགྲོ་བ།། ཆོས་ལ་ལེགས་སྤྱོན་པན་ཡོན་དེའོ།། ཡངས་པའི་གདུགས་ཀྱིས་དབྱར་ཀ་ལྟར།། ཆོས་སྤྱོད་ཆོས་ཀྱིས་བསྲུང་བར་བྱ།། ཆོས ་སྤྱོད་ངན་འགྲོར་མི་འགྲོ་བ།། ཆོས་ལ་ལེགས་སྤྱོད་ཕན་ཡོན་དེའོ།། བག་མེད་མི་ཡིས་ཆོས་མིན་སྤྱད་ན་ནི།། འགྲོ་བ་གང་ཡང་རུང་བའམ་ངན་འགྲོར་འགྲོ།། འདི་ལ་སྦྲུལ་ནག་རྐེད་ནས་བཟུང་བ་ལྟར།། ཆོས་མིན ་སྨོན་པ་དེ་དག་བརླགས་པར་འགྱུར།། ཆོས་དང་ཆོས་མིན་གཉིས་ཀ་ཡིན།། རྣམ་སྨིན་འདྲ་བར་མི་འགྱུར་ཏེ།། ཆོས་མ་ཡིན་པས་དམྱལ་བར་འགྲོ།། ཆོས་ཀྱིས་བདེ་འགྲོ་ཐོབ་པར་བྱེད།། སྦྱིན་པ་བྱེད་པས་དུས་དང་། ་གཡུལ་འགྱེད་དུས།། རྒྱུ་ཡིས་ཡོངས་སུ་བཟུང་བར་འདྲ་བས་ན།། སྦྱིན་པ་བྱེད་དང་གཡུལ་འགྱེད་འདྲ་ཞེས་གསུངས།། ཡོན་ཏན་དེ་གཉིས་མི་ངན་སྤེན་མི་བྱེད།། ཤིན་ཏུ་ལེགས་པར་ཆས་པས་གཅིག་པུས ་ཀྱང་།། ལེགས་པར་མ་ཆས་འཕྱེས་ལས་རྒྱལ་བྱེད་ལྟར།། གལ་ཏེ་དང་བསྐྱེད་ཆུང་ངུ་བྱིན་པས་ཀྱང་།། དེས་ནི་དེ་དག་གཞན་དུ་བདེ་བར་འགྱུར།། འདི་ནི་ལན་བརྒྱར་གཡུལ་བཟློག་དཔའ་བོ་བས།། སེར་སྣ་དབྱར། ་གྱུར་ཟིལ་གྱིས་མནན་ནས་སུ།། གང་ཞིག་ཆགས་མེད་སེམས་ཀྱིས་སྦྱིན་བྱེད་པ།། དེ་དག་ཆེས་དཔའ་ཡིན་པར་ངས་གསུངས་སོ།། བསོད་ནམས་རྣམ་སྨིན་བདེ་བ་སྟེ།། མངོན་པར་བསམས་པ་འབྱོར་པར་བྱེད།། ་མྱུར་རུ་ཞིནི་བ་དམ་པ་ཡི།། མྱ་ངན་འདས་པ་ཐོབ་པར་འགྱུར།། བསོད་ནམས་བྱེན་པ་རྣམས་ལ་ནི།། གཞན་ལས་བྱུང་བའི་གནོད་པ་དང་།། ལྷ་དང་བཙུན་ཀྱི་རིས་རྣམས་ཀྱིས།། བར་ཆད་བྱ་བར་མི་ནུས་སོ།། 15། ་ཏེ་སྡུག་བསྔལ་ཟད་བྱའི་ཕྱིར།། འཕགས་དང་ཤེས་རབ་གཏོང་ལྡན་ལ།། དེ་ཡིས་འབད་རྩོལ་བྱས་ན་ནི།། ལྷག་མཐོང་གིས་ནི་རེག་པར་འགྱུར།། སེམས་ནི་རབ་ཏུ་རྣམ་དངད་བས།། ཆོས་ལ་དགའ་བྱེད་བདེ་བ ་འཐོབ།། འཕགས་པས་གསུངས་པའི་ཆོས་དག་ལ།། མཁས་པ་རྟག་ཏུ་དགའ་བར་བྱེད།། གང་དག་སེམས་ནི་བསམ་གཏན་དགའ།། གང་ཞིག་སྐྱེ་མེར་དགའ་བ་དང་།། དྲན་པ་ཉེ་བར་གཞག་བཞི་དང་།། བྱང ་ཆུབ་ཡན་ལག་བདུན་དག་དང་།། རྫུ་འཕྲུལ་རྐང་པ་བཞི་རྣམས་དང་།། ཡན་ལག་བརྒྱད་ལམ་གང་དགའ་བ།། དེ་དག་ཆོས་གོས་འཆང་བ་དང་།། བསོད་ནམས་བདེ་བར་ཟ་བར་བྱེད།། དེ་དག་རི་དང་ནགས་ཚལ་ན། ་བདེ་བར་འཆགས་པར་བྱེད་པ་དང་།། དེ་དག་བདེ་འཐོབ་བདེ་བར་ནི།། མཐོང་བའི་ཆོས་ལ་མྱ་ངན་འདའ།། ཁོན་དང་འཇིགས་པ་ཀུན་འདས་ཤིང་།། འཇིག་རྟེན་ཡུལ་གྱི་སྲིད་ལས་རྒལ།། ཆོས་ཐོས་པ་དང་མཐོང ་བ་དང་།། དབེན་པར་དགའ་བ་བདེ་བ་སྟེ།། འཇིག་རྟེན་སྲོག་ཆགས་འབྱུང་པོ་ལ།། འཚེ་མེད་ཡང་དག་སྡོམས་པ་བདེ།། འདོད་པ་རྣམས་ལས་རབ་འདས་ཤིང་།། འཇིག་རྟེན་འདོད་ཆགས་བྲལ་བ་བདེ།། ངའོ།། ་སྙམ་པའི་ང་རྒྱལ་དག། འདུལ་བ་དེ་དག་མཆོག་སུ་བདེ།། རྒས་ཁར་ཚུལ་ཁྲིམས་ལྡན་པ་བདེ།། དང་ལ་རབ་ཏུ་གནས་པ་བདེ།། དོན་ལྡན་ཚིག་ལ་དགའ་བ་བདེ།། སྡིག་པ་མི་བྱེད་པ་དག་བདེ།། འཇིག་རྟེན་ན་ནི། ་པར་འཛིན་བདེ།། དེ་བཞིན་མར་ཡང་འཛིན་པ་བདེ།། འཇིག་རྟེན་དགེ་སྦྱོང་འཛིན་པ་བདེ།། དེ་བཞིན་བྲམ་ཟེར་འཛིན་པ་བདེ།། སངས་རྒྱས་རྣམས་ནི་འབྱུང་བ་བདེ། ་དེ་བཞིན་ཆོས་རྣམས་བརྟན་པ་བདེ།། དགེ་འདུན་རྣམས་ནི་འཐུན་པ་བདེ།། འཐུན་པ་རྣམས་ཀྱི་དཀའ་ཐུབ་པདེ།། ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ།། མང་དུ་ཐོས་པ་མཐོང་བ་བདེ།། ཡང་སྲིད། ་རྣམ་པར་གྲོལ་བ་ཡི།། དགྲ་བཅོམ་པ་དག་མཐོང་བ་བདེ།། འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ།། ཆོས་ཀྱིས་རྒྱལ་བའི་སྐྱེ་བོ་བདེ།། ཤེས་རབ་ཐོབ་པར་འགྱུར་བ་བདེ།། ང་འོ་ང་རྒྱལ་ཟད་པ་སྟེ།། ་འཕགས་པ་རྣམས་ནི་མཐོང་བ་བདེ།། དམ་པ་དག་དང་འགྲོགས་པ་བདེ།། བྱིས་པ་རྣམས་ནི་མ་མཐོང་ན།། རྟག་ཏུ་བདེ་བ་ཉིད་དུ་འགྱུར།། རྣམ་པ་ཀུན་ཏུ་དགྲ་འདྲ་བའི།། བྱིས་དང་འགྲོགས་པ་སྡུག ་བསྔལ་ཞིང་།། བྱིས་པ་དག་དང་འགྲོགས་བྱེད་པ།། ཡུན་རིང་རྗེས་སུ་འགྱོད་པར་འགྱུར།། སྐྱེས་བུ་ཅང་ཤེས་དཀོན་པ་སྟེ།། དེ་དག་ཀུན་ཏུ་འབྱུང་མ་ཡིན།། བརྟན་པ་རྣམས་དང་འགྲོགས་པ ་དག། གཉེན་དང་ཕྲད་པ་ལྟ་བུར་བདེ།། གང་དུ་བརྟན་པ་དེ་སྐྱེས་པ།། དེ་ཡི་རིགས་ཀྱིས་བདེ་བ་འཐོབ།། བྲམ་ཟེ་མྱ་ངན་འདས་པ་དག། རྣམ་པ་ཀུན་ཏུ་བདེ་བར་འདུག། གང་ཞིག་འདོད་པས་མགོས ་ཤིང་། ཟག་མེད་རབ་ཏུ་རྣམ་གྲོལ་བ།། སྲེད་པ་ཐམས་ཅད་གཏུབས་པ་དག། སྙིང་ལས་རིམས་ནད་རྣམ་པར་བསལ།། སེམས་ཀྱིས་ཞི་བ་ཐོབ་པ་རྣམས།། ཉེ་བར་ཞི་ཞིང་བདེ་བར་འདུག། གང ་ཞིག་བདེ་བར་ཡངས་འདོད་ཅིང་།། བདེ་བ་ཆུང་ངུ་གཏོང་འདོད་པའི།། བཅན་པས་བདེ་ཆུང་སྤང་བྱས་ན།། བདེ་བ་ཡངས་པ་ལེགས་པར་མཐོང་།། འཇིག་རྟེན་འདོད་བདེ་གང་ཡིན་དང་།། ལྷ་ཡུལ་བདེ་བ་གང་། ་ཡིན་པས།། སྲེད་པ་ཟད་པའི་བདེ་བ་དེའི།། བཅུ་དྲུག་ཆར་ཡང་མི་བོད་དོ།། ཁུར་གྱིས་སྡུག་བསྔལ་བླངས་པས་ན།། ཁུར་བོར་ན་ནི་བདེ་བར་འགྱུར།། ལྕི་བའི་ཁུར་དག་ངེས་བོར་ན།། ཕྱི་ནས་གཞན ་དག་ལེན་མི་འགྱུར།། ཀུན་སྦྱོར་ཐམས་ཅད་ཟད་བྱའི་ཕྱིར།། སྲེད་པ་ཐམས་ཅད་རབ་ཏུ་སྤངས།། ཕུང་པོ་ཐམས་ཅད་ཡོངས་ཤེས་ན།། སྲིད་པ་ཕྱི་མར་འགྲོ་བ་མེད།། དོན་རྣམས་བསྐྲུན་པ་ལ་ནི་གྲོགས ་ལྡན་བདེ།། སྲོག་དག་རབ་ཏུ་གཏུགས་ལ་བསོད་ནམས་བདེ།། ངན་ངོན་ཙམ་གྱིས་ལེགས་པར་ཆོག་ཤེས་བདེ།། སྡུག་བསྔལ་ཐམས་ཅད་ངེས་པར་ནུབ་པ་བདེ།། འདི་ན་མེ་ནི་འབར་བ་ལ།། ལྕགས་ཀྱི་ཇེ ་བས་བརྒྱབ་པ་ཡིས།། རིམ་གྱིས་ཉེ་བར་ནི་འགྱུར་ཏེ།། ཇི་ལྟར་སོང་བ་མ་ཤེས་ལྟར།། འདོད་པའི་འདམ་རྫབ་ཆུ་རྒལ་ཅིང་།། ཀོ་འཕང་མི་གཡོ་ཐོབ་པ་དང་།། ལེགས་པར་རྣམ་པར་གྲོལ་རྣམས་ཀྱི། ་འགྲོ་བ་གདགས་སུ་མེད་པ་ཡིན།། གང་ཞིག་ཁེང་ན་འཁྲུགས་པ་མེད་པ་དང་།། གང་ཞིག་སྲིད་དང་སྲིད་མིན་ལས་ལོག་པ།། དེ་དག་འཇིགས་བྲལ་བདེ་ཞིང་མྱ་ངན་མེད།། ལྷས་ཀྱང་བལྟ་ཞིང་བསལ་དུ་མེད ་པར་འགྱུར།། འདི་ན་གང་དག་ཆོས་མང་ཐོས་པ་དང་།། རྟོགས་ཤིང་ཅི་ཡང་མེད་པ་ཀྱེ་རེ་བདེ།། སྐྱེ་བོ་སྐྱེ་བོའི་སེམས་ལ་རབ་ཆགས་ཤིང་།། ཅུང་ཟད་ཡོད་པ་བརླག་པར་གྱུར་ལ་ལྟོས།། འདི་ནི་གང་དག་ཆོས ་མང་ཐོས་པ་དང་།། རྟོགས་ཤིང་ཅི་ཡང་མེད་པ་ཀྱེ་རེ་བདེ།། སྐྱེ་བོ་སྐྱེ་བོའི་ལུས་ལ་རབ་ཆགས་ཤིང་།། ཅུང་ཟད་ཡོད་པ་བརླག་པར་གྱུར་ལ་ལྟོས།། སྐྱེ་བོ་ཅི་མེད་ཡོན་ཏན་རྟོགས་པ ་དང་། སྐྱེ་བོ་ཅི་ཡང་མེད་པར་གྱུར་པ་བདེ།། སྐྱེ་བོ་སྐྱེ་བོའི་སེམས་ལ་རབ་ཆགས་ཤིང་།། ཅུང་ཟད་ཡོད་པ་བརླག་པར་གྱུར་ལ་ལྟོས།། སྐྱེ་བོ་ཅི་མེད་ཡོན་ཏན་རྟོགས་པ་དང་།། སྐྱེ་བོ་ཅི་ཡང་མེད་པར་གྱུར་པ་བདེ།། ་སྐྱེ་བོ་སྐྱེ་བོའི་སེམས་ལ་རབ་ཆགས་ཤིང་།། ཅུང་ཟད་ཡོད་པ་བརླག་པར་གྱུར་ལ་ལྟོས།། གཞན་གྱི་དབང་གྱུར་ཀུན་སྡུག་སྟེ།། རང་དབང་ཡོད་པ་ཐམས་ཅད་བདེ།། སྦྱོར་བ་ཤིན་ཏུ་སྤངས་དཀའ་བ།། ཐུན ་མོ་གྱུར་པས་བརླག་པར་ཟད།། ཞེན་པར་གྱུར་པའི་མི་ནང་ན།། ཞེན་པ་མེད་པར་གནས་པ་དང་།། ཞེན་པའི་ནང་ནམ་ཞེན་པར།། ཀྱེ་མའོ་ཤིན་ཏུ་བདེ་བར་འཚེ།། ནད་ཀྱིས་ཐེབས་པའི་མི་ནང་ན།། ནད་མེད ་པར་ནི་གནས་པ་དང་།། ནད་པའི་ནང་ན་ནད་མེད་པ།། ཀྱེ་མའོ་ཤིན་ཏུ་བདེ་བར་འཚོ།། འཚེ་བ་ཅན་གྱི་མི་ནང་ན།། འཆེ་བ་མེད་པར་གནས་པ་དང་།། འཆེ་བའི་ནང་ན་འཚེ་མེད་པ།། ཀྱེ་མའོ་ཤིན་ཏུ་བདེ་བར་འཚེ།། ་གནོད་སེམས་ཅན་གྱི་མི་ནང་ན།། གནོད་སེམས་མེད་པར་གནས་པ་དང་།། གནོད་སེམས་ཅན་ནང་གནོད་མེད་པ།། ཀྱེ་མའོ་ཤིན་ཏུ་བདེ་བར་འཚེ།། ཤ་ཁོན་ཅན་གྱི་མི་ནང་ན།། ཤ་ཁོན་མེད་པར་གནས་པ་དང་།། ་ཤཁོན་ཅན་ནང་ཁོན་མེད་པ།། ཀྱེ་མའོ་ཤིན་ཏུ་བདེ་བར་འཚོ།། མི་ཐི་ལ་དག་རབ་བསྲེགས་ཀྱང་།། ང་ལ་ཅི་ཡང་ཚིག་པ་མེད།། ང་ལ་གང་དག་ཅི་མེད་པས།། ཀྱེ་མའོ་ཤིན་ཏུ་བདེ་བར་འཚོ།། ངལ་ཅི་ཡང་མེད་མོད། ་ཀྱི་དགའ་བཟ་པར་བྱེད་པས་ན།། འོད་གསལ་གྱི་ནི་ལྕེ་བཞིན་ས།། ཀྱེ་མ་འོང་ཤིན་ཏུ་བདེ་བར་འཚོ།། འཇིག་ཚོགས་ལ་ནམ་རྟོན་པས།། ང་ལ་ཅི་ཡང་མེད་མོད་གྱི།། དཀའ་བ་ཟ་བར་བྱེད་པས་ན།། རྩེ་མའོ།། ་ཤིན་ཏུ་བདེ་བར་འཚོ།། ལེག་པའི་རྐྱེན་གྱིས་འཕྲད་ཅིང་རེག་འགྱུར་གྱི།། ལེན་མེད་ཅི་དང་ཕྲད་ཅིང་རེག་མེད་པས།། བདག་དང་གཞན་གྱིས་སྐྱེད་པའི་བདེ་སྡུག་གིས།། དགོན་པའམ་གྲོང་དུ་རེག་པར་མི་འགྱུར་རོ།། ་འཇིག་རྟེན་འདི་ནི་བདེ་དང་སྡུག་བསྔལ་གྱིས།། སྐྱེས་བུ་དམ་པ་མཐོ་དམན་མི་འགྱུར་ཞིང་།། བརྟན་རྣམས་འདོད་པའི་རྒྱུ་ཡིས་མི་འཁྱལ་བར།། སྐྱེས་བུ་དམ་པ་ཀུན་ཏུ་འགྲོ་བར་བྱེད།། བདེ་བའི་ཚོམས་ཏེ ་སུམ་ཅུ་པའོ།། ། ཆེད་དུ་བརྗོད་པའི་ཚོམས་བམ་པོ་བཞི་པ་སྟེ་ཐ་མའོ།། ། བཟུང་བར་དཀའ་ཞིང་ཡང་བ་དང་།། གང་དུ་དགའ་བར་འགྲོ་བ་ཡི།། སེམས ་དུལ་བ་ནི་ལེགས་པ་སྟེ།། སེམས་དུལ་བ་ཡིས་བདེ་བ་འདྲེན།། བདུད་ཀྱི་གཞི་དག་སྤོང་བ་ན།། ཆུ་བོའི་གནས་ནས་རབ་བཏོན་ཏེ།། ཐང་ལ་བོར་བའི་ཉ་ལྟ་བུར།། བདག་གི་སེམས་ནི་ཡོངས་སུ་གཡོ།། ཉི་མ ་ལས་ནི་འོད་ཟེར་ལྟར།། བདག་གི་སེམས་ནི་སོ་སོར་རྒྱུག། དེ་དག་མཁས་པས་ངེས་བཟློག་སྟེ།། ལྕགས་ཀྱུ་ཡིས་ནི་གླང་ཆེན་བཞིན།། ང་ལ་དོན་མེད་སྤྱོད་པ་དང་།། བལྟར་མེད་སྙིང་པོ་མེད་པ་དེས།། རྟག་ཏུ་གདུ ་བར་བྱ་བའི་ཕྱིར།། སེམས་དེ་ལ་ནི་ང་སྨྲའོ།། སེམས་འདི་སྔོན་ཆད་ཇི་ལྟར་འདོད་པ་དང་།། དགའ་དགུར་སྤྱོད་ཅིང་རྒྱུ་བར་བྱེད་པ་དག། གླང་ཆེན་མྱོས་ལ་མི་ཡིས་ལྕགས་ཀྱུ་ལྟར།། དེ་ནི་ཚུལ་བཞིན་བྱས་པས ་དེ་གཟུང་ངོ་།། ཁང་ཁྱིམ་བྱེད་པ་འདི་ཡིས་ནི།། ཡང་ཡང་སྐྱེ་བའི་སྡུག་བསྔལ་ཅན།། སྐྱེ་བའི་འཁོར་བ་དུ་མ་ཞིག། ད་ལྟར་ཕན་ཆད་ཁྱོད་ཀྱིས་ཕྱུང་།། ཁང་ཁྱིམ་བྱེད་པ་ཁྱོད ་མཐོང་བས།། ཁྱིམ་གྱི་གདུང་ཆེན་རྣམས་བཅོམ་ལ།། ཕྱེམས་རྣམས་ཐམས་ཅད་བཅག་ནས་སུ།། ཕྱིན་ཆད་ཁྱིམ་བྱེད་མི་གཞུག་གོ།། སེམས་ནི་འདུ་བྱེད་དང་ཕྲལ་ནས།། འདི་ཉིད་ལ་ནི་ཟད་པར ་འདོད།། སེམས་ནི་གཡོ་ཞིང་བརྫུན་པ་སྟེ།། རིང་དུ་འགྲོ་ཞིང་བཟློག་དཀའ་བ།། མདའ་མཁན་མེ་ཡིས་སྲོང་བ་ལྟར།། ཡིད་གཞུངས་པ་ཡིས་བསྲུང་བར་བྱ།། གང་ཞིག་ལུས་མེད་ཕུག་ན་གནས།། གཅིག། ་ཏུ་རྒྱུ་ཞིང་རིང་འགྲོ་བའི།། སེམས་དེ་གདུལ་བར་བྱེད་པ་ནི།། འཇིགས་པ་ཆེ་ལས་ཐར་པར་འགྱུར།། ལོག་པའི་སྨོན་ལྡན་སེམས་གང་གིས།། བདག་ཉིད་སྡུག་བསྔལ་མི་འགྱུར་བ།། དེ་ལྟར་ཁོན་གྱིས། ་ཁོན་ཅན་དང་།། དགྲ་བོས་དགྲ་ལའང་བྱེད་མི་འགྱུར།། ཡང་དག་སྨོན་ལམ་སེམས་གང་གིས།། བདག་ཉིད་བདེ་བར་བྱེད་འགྱུར་བ།། དེ་ལྟར་པ་དང་མ་དག་དང་།། གཉེན་གཞན་གྱིས་ཀྱང་བྱེད་མི་འགྱུར།། ཇི་ལྟར། ་ཁང་སྟེང་གཡོག་ཉེས་ན།། ཆར་པ་ཡོངས་སུ་འཛག་པ་ལྟར།། དེ་བཞིན་སེམས་ནི་མ་བསྒོམས་པ།། འདོད་ཆགས་རྣམས་ཀྱིས་ཡོངས་སུ་བཅོམ།། ཇི་ལྟར་ཁང་སྟེང་གཡོག་ལེགས་ན།། ཆར་པ་རྣམ་པར ་མི་འཛག་པ།། དེ་བཞིན་ལེགས་པར་བསྒོམས་པའི་སེམས།། འདོད་ཆགས་རྣམས་ཀྱིས་ཡོངས་མི་ཆོམས།། ཇི་ལྟར་ཁང་སྟེང་གཡོག་ཉེས་ན།། ཆར་པ་ཡོངས་སུ་འཛག་པ་ལྟར།། དེ་བཞིན་སེམས་ནི ་མ་བསྒོམས་པ།། ཞེ་སྡང་རྣམས་ཀྱིས་ཡོངས་སུ་བཅོམ།། ཇི་ལྟར་ཁང་སྟེང་གཡོག་ལེགས་ན།། ཆར་པ་རྣམ་པར་མི་འཛག་པ།། དེ་བཞིན་ལེགས་པར་བསྒོམས་པའི་སེམས།། ཞེ་སྡང་རྣམས་ཀྱིས ་ཡོངས་མི་ཆོམས།། ཇི་ལྟར་ཁང་སྟེང་གཡོག་ཉེས་ན།། ཆར་པ་ཡོངས་སུ་འཛག་པ་ལྷུར།། དེ་བཞིན་སེམས་ནི་མ་བསྒོམས་པ།། གཏི་མུག་རྣམས་ཀྱིས་ཡོངས་སུ་བཅོམ།། ཇི་ལྟར་ཁང་སྟེང་གཡོག ་ལེགས་ན།། ཆར་པ་རྣམ་པར་མི་འཛག་པ།། དེ་བཞིན་ལེགས་པར་བསྒོམས་པའི་སེམས།། གཏི་མུག་རྣམས་ཀྱིས་ཡོངས་མི་ཆོམས།། ཇི་ལྟར་ཁང་སྟེང་གཡོག་ཉེས་ན།། ཆར་པ་ཡོངས་སུ་འཇུག་པ ་ལྟར།། དེ་བཞིན་སེམས་ནི་མ་བསྒོམས་པ།། ང་རྒྱལ་རྣམས་ཀྱིས་ཡོངས་སུ་བཅོམ།། ཇི་ལྟར་ཁང་སྟེང་གཡོག་ལེགས་ན།། ཆར་པ་རྣམ་པར་མི་འཛག་པ།། དེ་བཞིན་ལེགས་པར་བསྒོམས་པའི་སེམས།། ་ང་རྒྱལ་རྣམས་ཀྱིས་ཡོངས་མི་ཆོམས།། ཇི་ལྟར་ཁང་སྟེང་གཡོག་ཉེས་ན།། ཆར་པ་ཡོངས་སུ་འཛག་པ་ལྟར།། དེ་བཞིན་སེམས་ནི་མ་བསྒོམས་པ།། ཆགས་པ་རྣམས་ཀྱིས་ཡོངས་སུ་བཅོམ།། ཇི་ལྟར་ཁང ་སྟེང་གཡོག་ལེགས་ན།། ཆར་པ་རྣམ་པར་མི་འཛག་པ།། དེ་བཞིན་ལེགས་པར་བསྒོམས་པའི་སེམས།། ཆགས་པ་རྣམས་ཀྱིས་ཡོངས་མི་ཆོམས།། ཇི་ལྟར་ཁང་སྟེང་གཡོག་ཉེས་ན།། ཆར་པ་ཡོངས་སུ། ་འཛག་པ་ལྟར།། དེ་བཞིན་སེམས་ནི་མ་བསྒོམས་པ།། སྲེད་པ་རྣམས་ཀྱིས་ཡོངས་སུ་བཅོམ།། ཇི་ལྟར་ཁང་སྟེང་གཡོག་ལེགས་ན།། ཆར་པ་རྣམ་པར་མི་འཛག་པ།། དེ་བཞིན་ལེགས་པར་བསྒོམས ་པའི་སེམས།། སྲེད་པ་རྣམས་ཀྱིས་ཡོངས་མི་ཆོམས།། ཆོས་ཀྱི་སྔོན་དུ་ཡིད་འགྲོ་སྟེ།། ཡིད་འགྱོགས་ཡིད་ནི་གཙོ་བོ་ཡིན།། གལ་ཏེ་ཡིན་རབ་གཟུགས་པ་ཡིས།། སྦས་སམ། ་ཡང་ན་བྱས་ཀྱང་རུང་།། དེ་ཡིས་དེ་ནི་སྡུག་བསྔལ་འཐོབ།། འཁོར་ལོས་མགོ་བོ་བཅད་པ་བཞིན།། ཆོས་ཀྱི་སྔོན་དུ་ཡིད་འགྲོ་སྟེ།། ཡིད་འགྱོགས་ཡིད་ནི་གཙོ་བོ་ཡིན།། གལ་ཏེ་ཡིད་རབ་དང་བ་ཡིས།། སྨྲས ་སུམ་ཡང་ན་བྱས་ཀྱང་རུང་།། དེ་ཡིས་དེ་ནི་བདེ་བ་ཐོབ།། གྲིབ་མ་རྗེས་སུ་འབྲང་བ་བཞིན།། བརྩད་པ་ཆེར་ཆེར་འཛིན་པ་དང་།། སེམས་ནི་ཉོན་མོངས་གྱུར་པ་ཡིས།། གླགས་སྐབས་ཚོལ་བར་བྱེད་པ་ཡིས།། ། ་ལེགས་བཤར་ལེགས་པར་མི་ཤེས་སོ།། སྡང་བའམ་ཡང་ན་འཁྲུག་པ་འམ།། དད་པ་མེད་པའི་སེམས་དག་གིས།། རྫོགས་སངས་རྒྱས་ཀྱིས་བསྟན་པ་ཡིས།། དམ་ཆོས་ཀུན་ཤེས་མི་ནུས་སོ།། གང་གིས་བག ་མེད་སེམས་དང་ནི།། ཁྲོ་བ་རྣམ་པར་བཏུལ་བ་དང་།། འདི་ན་གནོད་སེམས་རབ་སྤངས་པ།། དེས་ནི་ལེགས་པར་བཤད་པ་ཤེས།། སེམས་ཀྱི་བརྟན་པ་མེད་པ་ཡིས།། དམ་ཆོས་རྣམ་པར་ཤེས་མི་འགྱུར།། དད་པ ་འགྱུར་ལྡོག་བྱེད་པ་ཡིས།། ཤེས་རབ་ཡོངས་སུ་རྫོགས་མི་འགྱུར།། ཀུན་རྟོག་ལ་ཆུམས་རྟེན་པ་ཡི།། ལྷ་ངན་སུམ་ཅུ་རྩ་དྲུག་གིས།། ཆུ་བོའི་རྒྱུན་ནི་གང་ཡིན་པ།། ཡིད་ཀྱི་རྒྱུན་ལས་རབ་ཏུ་འབབ།། ་དགའ་སེམས་དབང་པོ་ཕལ་པ་དང་།། སེམས་ཀྱི་རྗེས་འབྲང་ཞན་པ་ཡི།། མི་དེའི་གྲགས་འགྲིབ་འབྲས་ལྷགས་པའོ།། ལྗོན་ཤིང་ལ་ནི་བྱ་བཞིན་ནོ།། སེམས་ཁྱོད་ཕུང་ཁྲོལ་འདོད་ལ་དགའ་མ་བྱེད།། བརྩོན ་སེམས་བག་ཡོད་པ་ལ་གནས་པར་གྱིས།། བག་མེད་བྱས་པས་དམྱལ་བར་བཙོས་པ་དང་།། ལྕགས་ཀོང་མེད་པས་བྱེད་ནི་མ་དུ་ཞིག། ལྡང་བའི་དུས་ཚེ་འདུག་པར་བྱེད་པ་དང་།། ལང་ཚེ་སྟོབས་ལྡན། ་མི་འབར་ཁྱིམ་འཇུག་དང་།། བསམ་པ་རྫོགས་ཆེ་ལེ་ལོ་བྱེད་པ་ཡི།། མི་ཡེ་ཤེས་རབ་ལམ་རྟོགས་མི་འགྱུར་རོ།། ཕྲན་ཚེགས་རྣམ་རྟོག་ཞིབ་མོར་རྣམ་རྟོག་པས།། ནང་ན་གནས་པའི་ཡིད་མི་གཡེན་ཡང་སྤྲོ།། ་ཡིད་གྱི་རྣམ་རྟོག་དེ་དག་མ་ཤེས་ན།། འཁྲུལ་སེམས་ཡང་དང་ཡང་དུ་ཆུག་པར་བྱེད།། གང་ཞིག་དྲན་ལྡན་རྣམ་འབྱེད་བརྩོན་པ་དང་།། རྣམ་པར་རྟོག་ལ་མཁས་པས་དེ་ཤེས་ན།། ནང་ན་གནས་པའི་ཡིད། ་ནིགཡེན་སྤྱོ་ག། ཐམས་ཅད་མ་ལུས་བློ་ཡིས་རབ་ཏུ་སྤོང་།། ལུས་འདྲི་བུམ་པ་འདྲ་བར་རྟོགས་བྱས་ཤིང་།། གྲོང་ཁྱེར་འདྲ་བའི་སེམས་ཀྱིས་སྲན་བཙུགས་ནས།། ཤེས་རབ་མཚོན་གྱིས་བདུད་དང་། ་གཡུལ་སྤྲད་དེ།། བཏུལ་ནས་གནས་མེད་པར་ནི་བསྲུང་བར་བྱ།། འཇིག་རྟེན་འདི་དག་བུམ་པར་འདྲ་རྟོགས་ཤིང་།། དེ་བཞིན་ཆོས་རྣམས་སྨིག་རྒྱུ་འཇར་ཤེས་ནས།། ཤེས་རབ་མཚོན་གྱིས་བདུད ་དང་གཡུལ་སྤྲད་དེ།། བཏུལ་ནས་གནས་མེད་པར་ནི་བསྲུང་བར་བྱ།། ལུས་འདི་དབུ་བ་འདྲ་བར་རྟོགས་བྱས་ཤིང་།། གྲོང་ཁྱེར་འདྲ་བའི་སེམས་ཀྱིས་སྲན་བཙུགས་ནས།། ཤེས་རབ་མཚོན་གྱིས ་བདུད་དང་གཡུལ་སྤྲད་དེ།། བཏུལ་ནས་གནས་མེད་པར་ནི་བསྲུང་བར་བྱ།། འཇིག་རྟེན་འདི་དག་དབུ་བ་འདྲར་རྟོགས་ཤིང་།། གྲོང་ཁྱེར་འདྲ་བའི་སེམས་ཀྱིས་སྲན་བཙུགས་ནས།། ཤེས་རབ་མཚོ།། ་གྱིས་བདུད་དང་གཡུལ་སྤྲད་དེ།། བཏུལ་ནས་གནས་མེད་པར་ནི་བསྲུང་བར་བྱ།། གང་གིས་བྱང་ཆུབ་ཡན་ལག་བདུན།། སེམས་ཀྱིས་ལེགས་པར་བསྒོམས་པ་དང་། ་གང་ཞིག་ལེན་ལ་མི་དགའ་ཞིང་།། ལེན་པ་རབ་ཏུ་སྤངས་པ་དང་།། ཟག་ཟད་སྐྱོན་རྣམས་བསལ་བ་དེ།། འཇིག་རྟེན་དག་ན་མྱ་ངན་འདས།། གང་ཞིག་གཡག་རྔའི་རྩེ་མོ་ལྟར།། རང་གི་སེམས་ནི ་རྗེས་བསྲུང་ཞིང་།། འབྱུང་པོ་རྣམས་ལ་བརྩེ་བྱེད་པ།། དེ་ཡི་བདེ་བ་ཡོང་མི་ཉམས།། གང་ཕྱིར་གླང་པོའི་གླང་པོ་ཆེ།། མཆེ་བ་བཟང་བའི་གླང་ཆེན་དང་།། སེམས་དང་སེམས་ནི་མཉམ་པས་ན།། ། ་དེ་ཕྱིར་གཅིག་པུ་ནགས་སུ་དགྱེས།། གང་གི་ཡིད་ལ་གནོད་མེད་ཅིང་།། འབྱུང་པོ་ཀུན་ལ་བརྩེ་བ་དང་།། འབྱུང་པོ་ཀུན་ལ་བྱམས་བྱེད་པ།། དེ་ལ་ནམས་ཀྱང་ཁོ་ན་མི་འགྱུར།། གང་ལ་གནོད་པའི།། ་སེམས་མེད་ཅིང་།། འབྱུང་པོ་ཀུན་ལ་བརྩེ་བ་དང་།། སྲོག་ཆགས་ཀུན་ལ་བྱམས་བྱེད་པ།། དེ་ལ་ནམས་ཀྱང་ཁོ་ན་མི་འབྱུང་།། གང་ལ་གནོད་པའི་སེམས་མེད་ཅིང་།། འབྱུང་པོ་རྣམས་ལ་བརྩེ། ་བ་དང་།། སེམས་ཅན་ཀུན་ལ་བྱམས་བྱེད་པ།། དེ་ལ་ནམས་ཀྱང་ཁོར་མི་འགྱུར།། མཛའ་བཤེས་ཀུན་དང་འགྲོགས་ཀུན་དང་།། འབྱུང་པོ་ཀུན་ལ་བརྩེ་བ་དང་།། བྱམས་པའི་སེམས་ནི་བསྒོམས ་བྱས་ཀྱང་།། བདེ་བ་ཤིན་ཏུ་འཕེལ་བར་འགྱུར།། གལ་ཏེ་གང་ཞིག་སྲོག་ཆགས་འགའ་ལའང་སྡང་མེད་སེམས།། བྱམས་པར་བྱེད་ན་དེ་ཡིས་དེ་ནི་དགེ་བ་ཡིས།། སེམས་ཅན་ཐམས་ཅད་ལ་ནི་ཡིད ་ཀྱིས་བརྩེ་བྱས་ན།། བསོད་ནམས་ཕལ་ཆེན་འཕགས་པས་རབ་ཏུ་སྒྲུབ་པར་འགྱུར།། མི་གང་དགའ་བའི་སེམས་དང་ནི།། ཞུམ་པ་མེད་པའི་ཡིད་ཀྱིས་སུ།། དགེ་བའི་ཆོས་ལ་སྒོམ་བྱེད་པ། ་གྲུབ་པ་དང་ནི་བདེ་བ་འཐོབ།། ཡང་དག་ཤེས་པས་ནམ་གྲོལ་ཞིང་།། སྐྱོ་བ་ཉེ་བར་ཞི་གྱུར་པ།། དེ་ཡིས་ཡིད་ནི་ཞི་གྱུར་ཅིང་།། ལུས་དང་ངག་གི་ལས་ཀྱང་ཞི།། ཇི་ལྟར་རྩེ་གཅིག་སེམས་ཀྱིས་ནི།། ་ཆོས་རྣམས་ལེགས་པར་མཐོང་བ་ལྟར།། སིལ་སྙན་ཡན་ལག་ལྔ་པས་ཀྱང་།། དེ་ལྟར་དགའ་བར་བྱེད་མི་འགྱུར།། གང་ཡིན་ཏིང་འཛིན་ལ་དགའ་བ།། དེ་དག་འདོད་པས་རྩེ་མི་བྱེད།། གང་ཞིག ་ཅུང་ཟད་གདུང་མེད་པའི།། སྐྱོབ་པ་བདེ་བར་ཉལ་བར་འགྱུར།། གང་ཡིད་ཏིང་འཛིན་ལ་དགའ་བ།། དེ་དག་འདོད་པས་རྩེན་མི་བྱེད།། གང་ཞིག་ཅུང་ཟད་གདུང་མེད་པའི།། ཐུབ་པ་ཀྱེ་མའོ་དགའ་བར ་འགྱུར།། གང་གི་སེམས་ནི་བྲག་ལྟ་བུར།། རབ་ཏུ་གཡོ་བ་མེད་འདུག་པ།། ཆགས་པའི་གནས་ལ་མི་གནས་ཏེ།། ཁྲོ་བའི་གནས་ལ་འཁྲུག་མེད་པར།། གང་ཡིད་དེ་ལྟར་གྱུར་པ་དེ།། སྡུག་བསྔལ ་ཐོབ་པར་ག་ལ་འགྱུར།། སྐུར་པ་མི་གདབ་གནོད་མི་བྱ།། སོ་སོར་ཐར་པས་བསྡམ་པར་བྱ།། ཟས་འདི་ཚད་ཀྱང་ཤེས་པར་བྱ།། བས་མཐའི་དགོན་པར་གནས་བྱ་ཞིང་།། ལྷག་པའི་སེམས ་ལ་རྣལ་འབྱོར་བྱ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། སེམས་ཀྱི་རྟགས་ལ་མཁས་པ་དང་།། རབ་ཏུ་དབེན་པའི་རོ་སྙེད་དང་།། རབ་དྲང་སེམས་པའི་འགྲུས་སྐྱོང་ཅན།། ཟང་ཟིང་མེད་པའི། ་དགའ་བ་མྱོང་།། གང་ཞིག་ཡིད་གཞུངས་བདེན་དགའ་བདེན་གནས་པས།། རྟག་ཏུ་རང་གི་ལུས་ཀྱི་སྤྱོད་ལམ་དང་།། སྨྲ་དང་ཡིད་ནི་སྲུང་བར་བྱེད་པ་དེ།། མྱ་ངན་སྤོང་། ་ཞིང་སྡུག་བསྔལ་ཐོབ་མི་འགྱུར།། མ་བསྲུངས་པ་ཡི་སེམས་དག་ནི།། ལོག་པར་ལྟ་བས་བཅོམ་པ་དང་།། གཉིད་དང་རྨུགས་པས་ཟིལ་ནོན་པ།། བདུད་ཀྱི་དབང་དུ་འགྲོ་བར་འགྱུར།། དེ་བས ་སེམས་ནི་བསྲུང་བྱས་ཏེ།། ཡང་དག་ལྟ་བས་མདུན་བདར་ཅིང་།། ཡང་དག་ཀུན་རྟོག་སྤྱོན་ཡུལ་ཅན།། ཡང་དག་སྐྱེ་དང་འཇིགས་པ་ཤེས།། གཉིད་དང་རྨུགས་པ་ཟིལ་གནོན་པའི།། དགེ་སློང་སྡུག། ་བསྔལ་ཟད་པ་འཐོབ།། བག་ཡོད་སེམས་ནི་བསྲུང་བ་དང་།། སེམས་དུལ་ཡང་དག་སྡོམ་པ་བདེ།། སྐྱེ་དགུ་སེམས་ཀྱིས་བསླུས་པ་དགགཅིག་ཏུ་སེམས་ཅན་དམྱལ་བར་འཚེད།། བག་ཡོད་སེམས་ནི ་བསྲུང་བ་དང་།། སེམས་དུལ་ཡང་དག་སྡོམ་པ་བདེ།། སྐྱེས་བུ་སེམས་ཀྱིས་བསླུས་པ་དག། གཅིག་ཏུ་དུད་འགྲོ་རྣམས་སུ་འཚེད།། བག་ཡོད་སེམས་ནི་བསྲུང་བ་དང་།། སེམས་དུལ་ཡང་དག་སྡོམ་པ་བདེ།། ་སྐྱེ་དགུ་སེམས་ཀྱིས་བསླུས་པ་དག། གཅིག་ཏུ་ཡི་དགས་རྣམས་སུ་འཚེད།། བག་ཡོད་སེམས་ནི་བསྲུང་བ་དང་།། སེམས་དུལ་ཡང་དག་སྡོམ་པ་བདེ།། སྐྱེ་དགུ་སེམས་ནི་བསྲུང་བ་དག། གཅིག་ཏུ་མི་ཡི ་ནང་དུ་དགའ།། བག་ཡོད་སེམས་ནི་བསྲུང་བ་དང་།། སེམས་དུལ་ཡང་དག་སྡོམ་པ་བདེ།། སྐྱེ་དགུ་རྣམས་ནི་བསྲུང་བ་དག། གཅིག་ཏུ་མཐོ་རིས་རྣམས་སུ་དགའ།། བག་ཡོད་སེམས་ནི་བསྲུང་བ་དང་། ་སེམས་རྡུལ་ཡང་དག་སྡོམ་པ་བདེ།། སྐྱེ་དགུ་སེམས་ནི་བསྲུང་བ་དག། གཅིག་ཏུ་མྱ་ངན་འདས་པ་ཐོབ།། སེམས་ཀྱི་ཚེམས་ཏེ་སུམ་ཅུ་རྩ་གཅིག་པའོ།། དགེ་སློང་བསོད། ་སྙོམས་བྱེད་པ་བདག་རང་ཙམ།། འདྲངས་པར་བྱེད་ཀྱི་གཞན་དག་མི་གསོ་བ།། རྟག་ཏུ་ཉེར་ཞི་དྲན་དང་ལྡན་པ་ཡིན།། སྐྱོབ་པ་དེ་ལ་ལྷ་རྣམས་དགའ་བར་བྱེད།། དགེ་སློང་བསོད་སྙོམས་བྱེད་པ་བདག་རང ་ཙམ།། འདྲངས་པར་བྱེད་ཀྱི་གཞན་དག་མི་གསོ་བ།། སྐྱོབ་པ་དེ་ལ་ལྷ་རྣམས་དགའ་བྱེད་ཀྱི།། བཀུར་སྟི་ནོར་དང་གྲགས་འདོད་རྣམས་ལ་མིན།། དགེ་སློང་འདོད་པ་ཀུན་སྤངས་ཤིང་།། མདུན་ན་གནས་པའི ་རྡུལ་གསལ་དང་།། བདག་མེད་ཐུབ་པ་བརྟན་པ་ཡིས།། གཞན་ལ་སྨྲ་བར་བྱ་མི་དགོས།། སྐྱེ་བོ་མ་བསྡམས་ཚིག་གིས་གནོད་བྱེད་པ།། མི་བཟད་བརྗོད་པའི་ཚིག་དེ་ཐོས་གྱུར་ཀྱང་།། དགེ་སློང་སྡང་སེམས ་བྲལ་ལ་ཅི་མི་སྙམ།། གཡུལ་ངོར་གླང་ཆེན་མདའ་ཡིས་བསྣུན་པ་བཞིན།། སྐྱེ་བོ་མ་བསྡམས་ཚིག་གོས་གནོད་བྱེད་པ།། མི་བཟད་བརྗོད་པའི་ཚིག་དེ་ཐོས་གྱུར་ཀྱང་།། དགེ་སློང་ཡིད་ལེགས་གཞག་ལ ་ཅི་མི་སྙམ།། གཡུལ་ངོར་གླང་ཆེན་མདའ་ཡིས་བསྣུན་པ་བཞིན།། བཟོ་ཡིས་མི་འཚོ་ཡང་ཞིང་བདག་ལ་དགའ།། དབང་པོ་དུལ་དང་ཀུན་ལས་རྣམ་གྲོལ་ཞིང་།། ཁྱིམ་ལ་མ་ཆགས་བདག་མེད་འདོད ་སྲེད་སྤངས།། གཅིག་པུ་སྤྱོད་བྱེད་དེ་ནི་དགེ་སློང་ཡིན།། འཚེ་གཙང་སྙོམས་ལས་མེད་པ་ཡི།། གྲོགས་པོ་འཐུན་པ་བསྟེན་བྱ་ཞིང་།། སོ་སོར་བགོ་བཤའ་བྱ་བ་དང་།། སྤྱོད་ཡུལ་ཆོ་ག་མཁས་པར་བྱ། ་ལག་པ་ལེགས་བསྡམས་རྐང་པ་ལེགས་བསྡམས་དང་།། ཚིག་རྣམས་ལེགས་བསྡམས་དབང་པོ་ལེགས་བསྡམས་ཤིང་།། གཅིག་པུ་ནང་དུ་མཉམ་པར་འཇོག་ལ་དགའ། ་ཆོག་ཤེས་དེ་ནི་དགེ་སློང་ཡིན་ཞེས་གསུང་།། དགེ་སློང་ཆོས་ལ་ཀུན་དགའ་ཞིང་།། ཆོས་དགའ་ཆོས་ལ་སེམས་པ་དང་།། ཆོས་ལ་རྗེས་སུ་དྲན་པ་དག། ཆོས་ལས་ཡོངས་སུ་ཉམས་མི་འགྱུར།། དགེ་སློང ་སྐྱོང་ཞུགས་ནས་སུ།། ནང་ལ་ལྟ་བར་བྱེད་པ་དང་།། ཆོས་རྣམས་ལེགས་པར་མཐོང་བ་དག། ལྷ་ཡི་དགའ་དང་ལྡན་པར་འགྱུར།། ཇི་ལྟ་ཇི་ལྟར་ཕུང་པོ་ལ།། སྐྱེ་དང་འཇིག་པར་ལེགས་རྟོགས་པ།། དེ ་དེ་ལྟར་དེ་ཡིས་ནི།། དགའ་དང་མགུ་བ་ཉིད་ཀྱང་འཐོབ།། དགེ་སློང་དགའ་བ་མང་པོ་ཡིས།། སྡུག་བསྔལ་ཟད་པ་ཐོབ་པར་འགྱུར།། ཇི་ལྟར་བྲག་གི་རི་བོ་དག་ཀ་རླུང་གིས་རབ་ཏུ་མི་གཡོས་ལྟར།། དེ་བཞིན ་དགེ་སློང་འདོད་ཆགས་དག། ཟད་པ་ཀུན་ཏུ་རབ་མི་གཡོ།། ཇི་ལྟར་བྲག་གི་རི་བོ་དག། རླུང་གིས་རབ་ཏུ་མི་གཡོས་ལྟར།། དེ་བཞིན་དགེ་སློང་ཞེ་སྡང་དག། ཟད་པ་ཀུན་ཏུ་རབ་མི་གཡོ།། ཇི་ལྟར ་བྲག་གི་རི་བོ་དག། རླུང་གིས་རབ་ཏུ་མི་གཡོས་ལྟར།། དེ་བཞིན་དགེ་སློང་གཏི་མུག་དག། ཟད་པ་ཀུན་ཏུ་རབ་མི་གཡོ།། ཇི་ལྟར་བྲག་གི་རི་བོ་དག། རླུང་གིས་རབ་ཏུ་མི་གཡོས་ལྟར།། དེ་བཞིན་དགེ ་སློང་ང་རྒྱལ་དག་ཟད་པ་ཀུན་ཏུ་རབ་མི་གཡོ།། ཇི་ལྟར་བྲག་གི་རི་བོ་དག། རླུང་གིས་རབ་ཏུ་མི་གཡོས་ལྟར།། དེ་བཞིན་དགེ་སློང་ཆགས་པ་དག། ཟད་པ་ཀུན་ཏུ་རབ་མི་གཡོ།། ཇི་ལྟར་བྲག ་གི་རི་བོ་དག། རླུང་གིས་རབ་ཏུ་མི་གཡོས་ལྟར།། དེ་བཞིན་དགེ་སློང་སྲེད་པ་དག། ཟད་པ་ཀུན་ཏུ་རབ་མི་གཡོ།། གང་ལ་ཀུན་ཏུ་སོགས་མེད་ཅིང་།། གང་ལ་བདག་གིར་བྱེད་མེད་པ།། གང་དག་མེད་ནང་མི ་གདུང་བ།། དེ་ནི་དགེ་སློང་ཞེས་བརྗོད་དོ།། རེ་ཞིག་གཞན་ལ་སློང་བ་ཙམ།། ཇིག་དགེ་སློང་མེད་པ་སྙམ།། གྲོང་པའི་ཆོས་ནི་འཛིན་བྱེད་པ།། ཇིག་དགེ་སློང་མིན་པ་སྙམ།། གང་ཞིག་དགེ་དང་སྡིག་པ་དག་། རབ ་སྤངས་ཚངས་པར་སྤྱོད་ལྡན་ཞིང་།། སྡེ་ཚོགས་སྤངས་ནས་སྤྱོད་བྱེད་པ།། དེ་ནི་དགེ་སློང་ཞེས་བརྗོད་དོ།། དགེ་སློང་གང་ཞིག་བྱམས་གནས་ཤིང་།། སངས་རྒྱས་བསྟན་ལ་རབ་དང་བ།། དེས་ནི་བལྟ་བས་མི་ངོམ ་པའི།། ཞི་བའི་གོ་འཕང་ཐོབ་པར་འགྱུར།། དགེ་སློང་གང་ཞིག་བྱམས་གནས་ཤིང་།། སངས་རྒྱས་བསྟན་པ་རབ་དང་དེས།། འདུ་བྱེད་ཉེར་ཞི་ཞི་བ་ཡིས།། ཞི་བའི་གོ་འཕང་ཐོབ་པར་འགྱུར།། དགེ་སློང་གང ་ཞིག་བྱམས་གནས་ཤིང་།། སངས་རྒྱས་བསྟན་ལ་རབ་དང་བས།། དེས་ནི་ཀུན་སྦྱོར་ཀུན་ཟད་པ།། རིམ་གྱིས་མངོན་གསུམ་བྱེད་པར་འགྱུར།། དགེ་སློང་གང་ཞིག་བྱམས་གནས་ཤིང་།། སངས་རྒྱས ་བསྟན་ལ་རབ་དང་བས།། བདག་ཉིད་ངན་འགྲོ་ལས་འདྲེན་ཏེ།། འདམ་རྫབ་ལས་ནི་གླིང་ཆེན་བཞིན།། དགེ་སློང་གང་ཞིག་བྱམས་གནས་ཤིང་།། སངས་རྒྱས་བསྟན་ལ་རབ་དང་བས།། སྡིག་པའི་ཆོས ་རྣམས་སྤྲུག་བྱེད་དེ།། རླུང་གིས་ལྗོན་ཤིང་ལོ་མ་བཞིན།། དགེ་སློང་གང་ཞིག་བྱམས་གནས་ཤིང་།། སངས་རྒྱས་བསྟན་ལ་རབ་དང་བས།། མྱ་ངན་འདས་དང་ཉེ་བའི་ཕྱིར།། ཡོངས་སུ་ཉམས་འགྱུར ་མི་སྲིད་དོ།། སེམས་དགའ་ཡིད་ནི་བཟང་བ་དང་།། དགའ་དང་མི་དགའ་ཟིལ་མནོན་པའི།། དགེ་སློང་དགའ་བ་མང་པོ་ཡིས།། སྡུག་བསྔལ་ཟད་པ་ཐོབ་པར་འགྱུར།། ལུས་ནི་ངག ་ནི་ཞི་བ་དང་།། སེམས་ཞི་ལེགས་པར་མཉམ་གཞག་ཅིང་།། འཇིག་རྟེན་ཟང་ཟིང་སྤངས་པ་ཡི།། དགེ་སློང་ཉེར་ཞི་ཡིན་ཞེས་བརྗོད།། ཏིང་འཛིན་མེད་ལ་ཤེས་རབ་མེད།། ཤེས་རབ་མེད་ལ་ཏིང་འཛིན་མེད།། ་ཤེས་རབ་ཏིང་འཛིན་ལྡན་པ་དེས།། དགེ་སློང་ཡིན་ཞེས་བརྗོད་པར་བྱ།། དེ་བས་ཏིང་འཛིན་ཤེས་རབ་ལ།། མཁས་པ་རྣམས་ཀྱིས་འཇུག་བྱ་སྟེ།། དེ་བཞིན་ཤེས་རབ་དགེ་སློང་དེའི།། དང་པོར་བྱ་བ་འདི། ་ཡིན་ནོ།། ཆོག་ཤེས་དབང་པོ་བསྡམས་བྱ་ཞིང་།། སོ་སོ་ཐར་པས་བསྡམས་པར་བྱ།། ཟས་འདིའི་ཚོད་ཀྱང་ཤེས་པར་བྱ།། བས་མཐའི་དགོན་པར་གནས་བྱ་ཞིང་།། ལྷག་པའི་སེམས་ལ་རྣལ་འབྱོར ་བྱ། འདི་ནི་སངས་རྒྱས་བསྟན་པ་ཡིན།། གང་གི་ལུས་དང་ངག་དང་ནི།། ཡིད་ལ་ཉེས་བྱས་མེད་གྱུར་པ།། དེ་ནི་དགེ་བའི་ཚུལ་ཁྲིམས་ཅན།། ངོ་ཚའི་ཡིད་ལྡན་དགེ་སློང་ཡིན།། གང་གིས་རྫོགས་པའི་བྱང ་ཆུབ་ཀྱི།། ཕྱོགས་ཀྱི་ཆོས་བདུན་ལེགས་བསྒོམས་པ།། དེ་ནི་དགེ་བའི་ཆོས་ཅན་ཏེ།། མཉམ་གཞག་དགེ་སློང་ཡིན་ཞེས་གསུང་།། འདི་ན་གང་ཞིག་བདག་ཉིད་ཀྱི།། སྡུག་བསྔལ་ཟད་པ་རབ་ཤེས་ལ།། ་དགེ་ཞིང་ཤེས་རབ་ལྡན་པ་དེ།། ཟད་མེད་དགེ་སློང་ཡིན་ཞེས་གསུང་།། ཟག་པ་ཟད་པ་མ་ཐོབ་ན།། ཚུལ་ཁྲིམས་བཅུལ་ཞུགས་ཅན་དག་གམ།། ཡང་ན་ཐོས་པ་མང་པོ་འམ།། དབེན་པ་དག་ཏུ་གནས། ་ཀྱང་རུང་།། ཏིང་འཛིན་ཐོབ་པར་གྱུར་ཀྱང་ངལ།། གདེང་དྲོད་ཆོད་པའི་དགེ་སློང་མིན།། ཕུང་པོ་ལ་ནི་བདག་ཟེར་བའི།། འཇིག་རྟེན་འདི་དག་གདུང་བ་སྐྱེ།། རྫོགས་པའི་བྱང་ཆུབ་བདེ་བ་ནི། ཀའཕགས་པས་བསྟེན། ་པ་མངོན་དུ་བྱ།། ཇི་ལྟ་ཇི་ལྟར་བསམས་བྱས་པ།། དེ་ལྟ་དེ་ལྟར་གཞན་དུ་འགྱུར།། གཞན་དུ་འགྱུར་བའི་འཇིག་རྟེན་འདི།། སྲིད་པ་ལ་ཆགས་སྲིད་ལ་དགའ།། སྲིད་ལ་མངོན་ཆགས་སྲིད་ལ་ལྷ།། སྲིད་པ་། ་ལ་མངོན་པར་དགའ།། དགའ་བྱ་གང་ཡིན་དེ་སྡུག་བསྔལ།། སྐྱེ་གཡའ་གང་ཡིན་དེ་བདེ་བས།། སྲིད་པ་རབ་ཏུ་སྤང་བའི་ཕྱིར།། འདི་ན་ཚངས་པར་སྤྱོད་པ་སྟེ།། དགེ་སྦྱོང་བྲམ་ཟེ་ཇི་སྙེད་པ།། སྲིད་པས་སྲིད་ལས ་ངེས་འབྱུང་ཟེར།། དེ་དག་ཐམས་ཅད་སྲིད་པ་ལས།། ངེས་བྱུང་མིན་ཤེས་བརྗོད་པར་བྱ།། དགེ་སྦྱོང་བྲམ་ཟེ་ཇི་སྙེད་པ།། སྲིད་པས་སྲིད་ལས་ངེས་འབྱུང་ཟེར།། དེ་དག་ཐམས་ཅད་སྲིད་པ་ལས།། རྣམ་གྲོལ ་མིན་ཞེས་བརྗོད་པར་བྱ།། ལེན་པའི་རྐྱེན་ལས་སྡུག་བསྔལ་འབྱུང་།། སྡུག་བསྔལ་ལས་ནི་ལེན་པ་འབྱུང་།། ལེན་པ་ཐམས་ཅད་ཡོངས་ཟད་ན།། སྡུག་བསྔལ་རབ་ཏུ་འབྱུང་བ་མེད།། ཐམས་ཅད་ན་སྲིད་པའི ་རྣམ་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ནི་མི་རྟག་པ། སྡུག་བསྔལ་བ། ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་ནོ་ཞེས་དེ་ལྟར་དེ་དག་ལ་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་དུ་མཐོང་ན། སྲིད་པའི་སྲེད་པ ་རབ་ཏུ་སྤོང་བར་འགྱུར་ཞིང་། སྲིད་པ་མེད་པས་མངོན་པར་མི་དགའ་བར་འགྱུར་རོ།། དེ་ལྟར་མྱ་ངན་འདས་པའི་དགེ་སློང་སྐྱོབ་པ་ནི་གཞན་དུ་ལེན་པ་མེད་ཅིག།། ཡང་སྲིད་མེད་པར་འགྱུར་ཏེ། བདུད་ཟིལ་གྱིས། ་ནོན་པ་དང་།། གཡུལ་ལས་རྒྱལ་བ་དང་།། སྲིད་པ་ཐམས་ཅད་ལས་རབ་ཏུ་འདས་པ་འདི་ལྟ་བུ་འདི་ནི་སྡུག་བསྔལ་གྱི་མཐའ་ཡིན་ནོ།། དགེ་སློང་དངོས་པོ་བཅད་པ་དང་།། ཉེ་བར ་ཞི་ཞིང་སེམས་ཞི་བ།། དེ་ནི་ཡང་སྲིད་མེད་པར་འགྱུར།། སྐྱེ་བའི་འཁོར་བ་རྣམ་པར་སྤངས།། དགེ་སློང་དངོས་པོ་བཅད་པ་དང་།། ཉེ་བར་ཞི་ཞིང་སེམས་ཞི་བ།། དེ་ནི་བདུད་ཀྱི་འཆིང་ལས་གྲོལ།། སྐྱེ་བའི། ་འཁོར་བ་རྣམ་པར་སྤངས།། དགེ་སློང་དངོས་པོ་བཅད་པ་དང་།། སེམས་ནི་ཟག་པ་མེད་གྱུར་པ།། དེ་ནི་ཡང་སྲིད་མེད་པ་སྟེ།། སྐྱེ་བའི་འཁོར་བ་རྣམ་པར་སྤངས།། དགེ་སློང་དངོས་པོ་བཅད་པ་དང་།། སེམས ་ནི་ཟག་པ་མེད་གྱུར་པ།། དེ་ནི་བདུད་ཀྱི་འཆིང་ལས་གྲོལ།། སྐྱེ་བའི་འཁོར་བ་རྣམ་པར་སྤངས།། དགེ་སློང་དངོས་པོ་བཅད་པ་དང་།། སྲིད་པའི་སྲེད་པ་གཏུབས་གྱུར་པ།། དེ་ནི་ཡང་སྲིད་མེད་པར་འགྱུར།། ་སྐྱེ་བའི་འཁོར་བ་རྣམ་པར་སྤུངས།། དགེ་སློང་དངོས་པོ་བཅད་པ་དང་།། སྲིད་པའི་སྲེད་པ་བཅད་གྱུར་པ།། དེ་ནི་བདུད་ཀྱི་འཆིང་ལས་གྲོལ།། སྐྱེ་བའི་འཁོར་བ་རྣམ་པར་སྤངས།། གང་ཞིག་འདམ་རྫབ ་ལེགས་རྒལ་ཅིང་།། གྲོང་གི་ཚེར་མ་དཀྲུགས་པ་དང་།། འདོད་ཆགས་ཟད་པ་རྗེས་ཐོབ་པ།། དེ་ནི་དགེ་སློང་ཡིན་ཞེས་བརྗོད།། གང་ཞིག་འདམ་རྫབ་ལེགས་རྒལ་ཅིང་།། གྲོང་གི་ཚེར་མ་དཀྲུགས་པ་དང་། ་ཞེ་སྡང་ཟད་པ་རྗེས་ཐོབ་པ།། དེ་ནི་དགེ་སློང་ཡིན་ཞེས་བརྗོད།། གང་ཞིག་འདམ་རྫབ་ལེགས་རྒལ་ཅིང་།། གྲོང་གི་ཚེར་མ་དཀྲུགས་པ་དང་།། གཏི་མུག་ཟད་པ་རྗེས་ཐོབ་པ།། དེ་ནི་དགེ་སློང་ཡིན་ཞེས ་བརྗོད།། གང་ཞིག་འདམ་རྫབ་ལེགས་རྒལ་ཅིང་།། གྲོང་གི་ཚེར་མ་དཀྲུགས་པ་དང་།། ང་རྒྱལ་ཟད་པ་རྗེས་ཐོབ་པ།། དེ་ནི་དགེ་སློང་ཡིན་ཞེས་བརྗོད།། གང་ཞིག་འདམ་རྫབ་ལེགས་རྒལ་ཅིང་།། གྲོང་གི་ཚེ། ་མ་དཀྲུགས་པ་དང་།། ཆགས་པ་ཟད་པ་རྗེས་ཐོབ་པ།། དེ་ནི་དགེ་སློང་ཡིན་ཞེས་བརྗོད།། གང་ཞིག་འདམ་རྫབ་ལེགས་རྒལ་ཅིང་།། གྲོང་གི་ཚེར་མ་དཀྲུགས་པ་དང་།། སྲེད་པ་ཟད་པ་རྗེས་ཐོབ་པ།། དེ་ནི ་དགེ་སློང་ཡིན་ཞེས་བརྗོད།། གང་ཞིག་གཤེ་བ་དང་ནི་གསོད་པ་དང་།། འཆིང་དང་གྲོང་གི་ཚེར་མ་ཐུལ་བ་དང་།། གང་ཞིག་རི་བོ་བཞིན་གནས་མི་བཀྲི་ཤིང་།། སྡུག་བདེས་མི་གཡོས་དེ་ནི་དགེ་སློང་ཡིན།། སྐུར ་པ་མི་འདེབས་སྒྲོ་འདོགས་མི་བྱེད་ཅིང་།། འཇིག་རྟེན་འདི་ཀུན་རྫུན་རྟོགས་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་བརྗེ་བ་བཞིན།། སྦྲུལ་གྱིས་དུག་བཏང ་བ་ལ་སྨན་བཞིན་དུ།། འདོད་ཆགས་ལངས་པ་འདུལ་བའི་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་བརྗེ་བ་བཞིན།། སྦྲུལ་གྱིས་དུག་བཏང་བ་ལ་སྨན་བཞིན ་དུ།། ཞེ་སྡང་ལངས་པ་འདུལ་བའི་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་བརྫ་བ་བཞིན།། སྦྲུལ་གྱིས་དུག་བཏང་བ་ལ་སྨན་བཞིན་དུ།། གཏི་མུག་ལངས ་པ་འདུལ་བའི་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་བརྗེ་བ་བཞིན།། སྦྲུལ་གྱིས་དུག་བཏང་བ་ལ་སྨན་བཞིན་དུ།། ང་རྒྱལ་ལངས་པ་འདུལ་བའི་དགེ་སློང་གང་།། དེ་ནི ་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་བརྗེ་བ་བཞིན།། སྦྲུལ་གྱིས་དུག་བཏང་བ་ལ་སྨན་བཞིན་དུ།། ཆགས་པ་ལངས་པ་འདུལ་བའི་དགེ་སློང་ག་།། ་དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྤྲུལ་ནས་ལྤགས་རྙིང་བརྗོ་བ་བཞིན།། སྦྲུལ་གྱིས་དུག་བཏང་བ་ལ་ལྡན་བཞིན་དུ།། ཁྲོ་བ་ལངས་པ་འདུལ་བའི་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། ་སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་བརྗེ་བ་བཞིན།། སྦྲུལ་གྱིས་དུག་བཏང་བ་ལ་སྨན་བཞོན་དུ།། སྲེད་པ་ལངས་པ་འདུལ་བའི་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་བརྗེ ་བ་བཞིན།། མཐུ་ཆུང་འདམ་བུའི་རིགས་ལ་ཀླུང་ཆེན་ལྟར།། འདོད་ཆགས་མ་ལུས་དྲུངས་འབྱིན་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་བརྗེ་བ་བཞིན།། མཐུ་ཆུང་འདམ། ་བུའི་རིགས་ལ་ཀྲུང་ཆེན་ལྟར།། ཞེ་སྡང་མ་ལུས་དྲུངས་འབྱིན་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་བརྗེ་བ་བཞིན།། མཐུ་ཆུང་འདམ་བུའི་རིགས་ལ་ཀྲུང་ཆམ ་གཏི་མུག་མ་ལུས་དྲུངས་འབྱིར་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རིང་བརྗེ་བ་བཞིན།། མཐུ་ཆུང་འདམ་བུའི་རགས་ལ་ཀྲུང་ཆེན་ལྟར།། ང་རྒྱལ་མ་ལུས་རྡུངས ་འབྱིན་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྤྲུལ་རྒས་ལྤགས་རྙིང་བརྗེ་བ་བཞིན།། མཐུ་ཆུང་འདམ་བུའི་རགསལ་ཀྲུང་ཆེན་ལྔར།། ཆགས་པ་མ་ལུས་རྡུངས་འབྱིམ་དགེ་སློང ་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྤྲུལ་ནས་ལྤགས་རྙིང་བརྗེ་བ་བཞིན།། མཐུ་ཆུང་འདམ་བུའི་རིགས་ལ་ཀྲུང་ཆེན་ལྟར།། སྲེད་པ་ལྟར་དྲུངས་འབྱིན་དགེ་སློང་གང་།། དེ་ནི་པ་རོལ་མིན་པརྦ། ་ཕ་རོལ་པོ།། སྤོང་སྡེ་སྦྲུལ་རྒས་ལྤགས་རྙིང་བརྗེ་བ་བཞིན། འདོད་པའི་ཡོན་ཏན་ཐམས་ཅད་སྤོང་བྱེད་ཅིང་།། འདོད་སྦྱོར་འཆིང་བ་རྣམས་གསལ་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ ་སྦྲུལ་རྒས་ལྤགས་རྙིང་བརྗེ་བ་བཞིན།། སྒྲིབ་པ་ཐམས་ཅད་སྤངས་ཤིང་སྡིག་པ་མེད།། ཡིད་གཉིས་ཟུག་རྔུ་བཅད་པའི་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་བརྗེ་བ ་བཞིན།། རྟོག་པ་རྣམ་བསལ་རང་གི་མ་ལུས་ལ།། རྣམ་པར་རྟོག་པ་མེད་པའི་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་བརྗེ་བ་བཞིན།། ནགས་སྦྱོར་བྱེད་པ་འགའ ་མེད་མི་དགེ་བའི།། རྩ་བ་ལེགས་པར་རྡུངས་ཕྱུང་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་བརྗེ་བ་བཞིན།། རིམ་ནད་བཅད་པ་འགའ་མེད་མི་དགེ་བའི།། རྩ་བ་ལེགས ་པར་དྲུངས་ཕྱུང་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་བརྗེ་བ་བཞིར།། བག་ལ་ཉལ་བ་འགའ་མེད་མི་དགེ་བའི།། རྩ་བ་ལེགས་པར་དྲུངས་ཕྱུང་དགེ་སློང་གང་།། ་དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྤྲུལ་ནས་ལྤགས་རྙིང་བརྗེ་བ་བཞིན།། ཁྲིམས་ལྡན་གང་ཡིན་དགེ་སློང་དེ།། སྟོང་ཉིད་ལྡན་གང་བསམ་གཏན་རེ།། རྟག་ཏུ་བྱེད་གང་རྣལ་འབྱོར་དེ།། མྱ་ངན་ལས་གང ་བདེ་བ་དེ།། དགེ་སློང་དགའ་དང་མི་དགས་མི་བརྗེད་ཅིང་།། བས་མཐའི་གནས་མལ་དག་ཏུ་བསྟེན་པ་དང་།། དེ་ནི་བག་ཡོད་གནས་ཤིང་སྲིད་པ་ཡི།། འདོད་ཆགས་པྲ་རྒྱས་ལེགས ་པར་འབྱིན་པར་བྱེད།། དགེ་སློང་གི་ཚེམས་ཏེ་སུམ་ཅུ་རྩ་གཉིས་པའོ།། ། གང་ཞིག་བརྒྱན་ཀྱང་ཆོས་སྤྱོད་དུལ་བ་དང་།། ཞི་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད།། འབྱུང་པོ་ཀུན་ལ ་ཆད་པས་མི་གཅོད་དེ།། བྲམ་ཟེ་དགེ་སྦྱོང་དེ་ཡིན་དགེ་སློང་དེ།། གཅེར་བུར་སྤྱོད་པས་མ་ཡིན་རལ་བས་མ་ཡིན་རྫབ་ཀྱིས་མིན།། ཁ་ཟས་མི་ཟ་བ་ཡིས་མ་ཡིན་ཐང་ལ་ཉལ་བ་འམ།། རྡུལ་དང་དྲི་མས་མ་ཡིན་ཅོག། ་པུར་འདུག་ལ་འབད་པ་ཡིས།། མི་རྣམས་དག་པར་མི་འགྱུར་སོམ་ཉི་རྣམས་ལས་རྒལ་མི་འགྱུར།། དགེ་སྦྱོང་བྲམ་ཟེ་གང་ཡང་རུང་།། དེ་དག་ཉིད་ལ་ཆགས་བྱེད་པ།། ཟག་པ་ཟད་པ་མ་ཐོབ་པར།། བར་མ་དོར་ན།། ་རྣམ་པར་ཉམས།། དགེ་སྦྱོང་བྲམ་ཟེ་གང་ཡང་རུང་།། དེ་དག་ཅིང་ལ་ཆགས་བྱེད་པ།། ཚེར་བ་ཟད་པ་མ་ཐོབ་པར།། བར་མདོར་ནི་རྣམ་པར་ཉམས།། དགེ་སྦྱོང་བྲམ་ཟེ་གང་ཡང་རུང་།། དེ་དག་ཉིད་ལ་ཆགས་བྱེད་པ། ་བྱིས་པ་མཐའ་གཅིག་ལ་ལྟ་བ།། བར་མ་དོར་ནི་རྣམ་པར་ཉམས།། དགེ་སྦྱོང་བྲམ་ཟེ་གང་ཡང་རུང་།། དེ་དག་ཅིང་ལ་ཆགས་བྱེད་པ།། བྱིས་པའི་སྐྱེ་བོ་ཐོ་ངན་རྣམས།། བར་མ་དོར་ནི་རྣམ་པར་ཉམས།། ད ་སྐྱོང་བྲམ་ཟེ་གང་ཡང་རུང་།། དེ་དག་ཉིད་ལ་ཆགས་བྱེད་པ།། གོ་འཕང་དམ་པ་མ་ཐོབ་པར།། བར་མ་དོར་ནི་རྣམ་པར་ཉམས།། བློ་ངན་ཁྱོད་ཀྱི་རལ་པ་ཅི།། ཁྱོད་ཀྱི་གཡང་གཞི་གྱོན་པ་ཅི།། ཁྱོད་ནང་ཐིབས་པོར ་འཇུག་བཞིན་དུ།། ཕྱི་རོལ་ལེགས་པར་བྱི་དོར་བྱེད།། བློ་ངན་ཁྱོད་ཀྱི་རལ་པ་ཅི།། ཁྱོད་ཀྱི་གཡང་གཞི་གྱོན་པ་ཅི།། ཁྱོད་ནང་དྲིམ་ལྡན་བཞིན་དུ།། ཕྱི་རོལ་ལེགས་པར་བྱི་རོར་བྱེད།། རིགས་ཀྱིས་བྲམ་ཟེར། ་འགྱུར་མ་ཡིན།། རལ་པས་མ་ཡིན་རུས་ཀྱིས་མིན།། གང་ཞིག་བདེན་པའི་ཆོས་ལྡན་པ།། གཙང་མ་དེ་ཡིན་བྲམ་ཟེ་དེ།། རིགས་ཀྱིས་བྲམ་ཟེར་འགྱུར་མ་ཡིན།། རལ་པས་མ་ཡིན་རུས་ཀྱིས་མིན།། གང་ཞིག ་སྡིག་པ་ཆེ་ཆུང་རྣམས།། ཐམས་ཅད་སྤོང་བར་བྱེད་པ་དག། སྡིག་པ་རྣམས་ནི་སྤངས་ཕྱིར་དེ།། བྲམ་ཟེ་ཡིན་ཞེས་ངེས་པར་བརྗོད།། མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན།། ཨོཾ་ཞེས་ཟེར་བ་བྲམ་ཟེ་མིན།། གང ་ཞིག་དགེ་བའི་ཆོས་ལྡན་པ།། གཙང་མ་དེ་ཡིན་བྲམ་ཟེ་དེ།། མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན།། ཨོཾ་ཞེས་ཟེར་བ་བྲམ་ཟེ་མིན།། གང་ཞིག་སྡིག་པ་ཆེ་ཆུང་རྣམས།། ཐམས་ཅད་སྤོང་བར་བྱེད་པ་དག། སྡིག་པ། ་རྣམས་ནི་སྤངས་ཕྱིར་ཏེ།། དགེ་སྦྱོང་བྲམ་ཟེ་དེ་ཡིན་ནོ།། སྐྱེ་བོ་ཕལ་ཆེར་འདིར་འཁྲུ་བ།། ཆུ་ཡིས་དག་པར་མི་འགྱུར་ཏེ།། གང་ཞིག་སྡིག་པ་ཆེ་ཆུང་རྣམས།། ཐམས་ཅད་སྤོང་བར་བྱེད་པ་དག། སྡིག་པ་རྣམས་ན། ་སྤངས་ཕྱིར་ཏེ།། དགེ་སྦྱོང་བྲམ་ཟེ་དེ་ཡིན་ནོ།། གང་ཞིག་སྡིག་ཆོས་རབ་སྤངས་ཤིང་།། རྟག་ཏུ་དྲན་ལྡན་སྤྱོད་བྱེད་པར།། ཀུན་སྦྱོར་ཟད་པའི་སངས་རྒྱས་དེ།། འཇིག་རྟེན་དག་ན་བྲམ་ཟེ་ཡིན།། བྲམ་ཟེ་གང་ཞིག་སྡིག ་པའི་ཆོས་སྤངས་ཤིང་།། བདག་ཉིད་ཚུལ་འཆོས་མེད་ཅིང་རྙོག་མེད་གནས།། རིག་བྱེད་མཐར་ཕྱིན་ཚངས་པར་སྤྱོད་པ་སྤྱད།། དུས་སུ་སྨྲ་བྱེད་དེ་ནི་ཚངས་པ་སྨྲ།། གང་ཞིག་སྒྱུ་ལ་མི་གནས་ང་རྒྱལ་མེད།། གང་ཞིག ་ཆགས་མེད་བདག་མེད་རེ་བ་མེད།། འཁྲུག་བཅོམ་བདག་ཉིད་མྱ་ངན་འདས་ཕྱོགས་ཏེ།། བྲམ་ཟེ་དགེ་སྦྱོང་དེ་ཡིན་དགེ་སློང་དེ།། གང་ཞིག་མ་ཡི་མངལ་སྐྱེས་ནས།། གལ་ཏེ་འཛིན་པ་དང ་བཅས་ན།། དེ་མིང་བུ་ཞེས་སྨྲ་བར་བསྟན།། བྲམ་ཟེ་ཡིན་པར་ང་མི་སྦ།། ཡོངས་སུ་འཛིན་མེད་ལེན་མེད་པ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་ལུས་དང་ངག་དང་ནི།། ཡིད་ཀྱི་ཉེས་བྱས་མི་བྱེད་ཅིང་།། ་གང་ཞིག་གནས་གསུམ་ལེགས་བསྡམ་སྟེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་གི་ཚིག་དག་མི་རྩུབ་ཅིང་།། གོ་བྱེད་ཡིད་འོང་སྨྲ་བ་དང་།། གང་གིས་ཉོན་མོངས་མི་སྐྱེད་དེ།། བྲམ་ཟེ་ཡིན་པར་ངས ་གསུངས་སོ།། གང་ཞིག་གསོད་འཆིང་གཤེ་བ་དང་།། སྡང་བའི་མི་ལ་བཟོད་བྱེད་དེ།། བཟོད་པའི་བརྟུལ་ཞུགས་སྟོབས་ཚོགས་ཅན།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། ཁྲོ་བ་མེད་ཅིང་ཚུལ་ཁྲིམས་ཅན།། ་བརྟུལ་ཞུགས་ལྡན་ཞིང་སེམས་ཁྲུལ་མེད།། དུལ་ཞིང་ལུས་མཐར་གནས་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་རབ་བྱུང་ཁྱིམ་པ་དང་།། དེ་བཞིན་གཉིས་ཀར་མི་འདྲེ་ཞིང་།། འདོད་ཆུང ་ཁྱིམ་ནས་མ་བྱུང་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། མ་འོངས་པ་ལ་མངོན་མི་དགའ།། འདས་པ་རྣམས་ལ་གདུང་མེད་པ།། འཁྲིག་པའི་སྦྱོར་བྲལ་གཡུལ་རྒྱལ་ཏེ།། བྲམ་ཟེ་ཡིན་པར་ངས ་གསུངས་སོ།། མ་འོངས་པ་ལ་མངོན་མི་དགའ།། འདས་ལ་གདུང་མེད་རྡུལ་བྲལ་ཞིང་།། ཞི་བ་མྱ་ངན་མེད་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་འདོད་ཆུང་གཞན་མི་གསོ།། དུལ་ཞིང་སྙིང ་པོར་རབ་གནས་ལ།། ཟག་ཟང་སྐྱོན་རྣམས་བསལ་བ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་ཕ་རོལ་ཆུ་རོལ་དང་།། ཕ་རོལ་ཆུ་རོལ་གཅིས་མེད་ཅིང་།། ཆོས་རྣམས་ཅན་གྱིས་མཐར་བྱིན་ཏེ། ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་ཕ་རོལ་ཚུ་རོལ་དང་།། ཕ་རོལ་ཚུ་རོལ་གཉིས་མེད་ཅིང་།། གང་ཞིག་གནས་གསུམ་མ་ཆགས་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་ཐུང་དང་རིང་བ་དང་།། ཕྲ་སྦོམ ་དགེ་དང་མི་དགེ་དང་།། འཇིག་རྟེན་ཅུང་ཟད་མི་ལེན་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་འདི་ཉིད་རབ་ཤེས་ཤིང་།། རང་གི་སྡུག་བསྔལ་ཟད་པ་དང་།། འདོད་ཆགས་བྲལ་ཞིང་མི་ལྡན་དེ།། བྲམ་ཟེ་ཡིན་པར ་ངས་གསུངས་སོ།། གང་ཞིག་དགེ་དང་སྡིག་པ་དང་།། གཉིས་ཀ་ཡིས་ཀྱང་མི་གོས་པ།། གོས་མེད་རྡུལ་བྲལ་ཞི་བ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་དགེ་དང་སྡིག་པ་ལ།། ཆགས་གང་ཡིན་དེ་རབ ་འདས་ཤིང་།། ཆགས་ལས་རབ་འདས་རྣམ་གྲོལ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་སྔོན་དང་ཕྱི་མ་དང་།། དབུས་ཀྱང་ཡོད་པ་མ་ཡིན་པ།། རྡུལ་བྲལ་འཆིང་བ་ལས་གྲོལ་ཏེ།། བྲམ་ཟེ། ་ཡིན་པར་ངས་གསུངས་སོ།། པརླའི་འདབ་ལ་ཆུ་ལྟར་དང་།། སྨྱུང་བུའི་རྩེ་ལ་ཡུངས་ཀར་ལྟར།། གང་ཞིག་སྡིག་ལ་མི་གནས་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། པདྨའི་འདབ་ལ་ཆུ་ལྟར་དང་། ་སྨྱུང་བུའི་རྩེ་ལ་ཡུངས་ཀར་ལྟར།། གང་ཞིག་འདོད་ལ་མི་གནས་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། པདྨའི་འདབ་ལ་ཆུ་ལྷར་དང་།། སྨྱུང་བུའི་རྩེ་ལ་ཡུངས་ཀར་ལྟར།། སྲིད་ལ་དགའ་བ་ཡོངས་སྤངས་ཏེ།། ་བྲམ་ཟེ་ཡིན་པར་ངས་གསུངས་སོ།། ཟླ་བ་དག་ཅིང་དྲི་མེད་ལ།། སྐྱོན་བྲལ་རབ་ཏུ་དང་བ་ལྟར།། གང་ཞིག་སྡིག་པས་མི་གོས་ཏེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། ཟླ་བ ་དག་ཅིང་དྲི་མེད་ལོ།། སྐྱོར་བྲལ་རབ་ཏུ་དང་བ་ལྟར།། གང་ཞིག་འདོད་པས་མི་གོས་ཏེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། ཟླ་བ་དག་ཅིང་དྲི་མེད་ལ།། སྐྱོན་བྲལ་རབ་ཏུ་དང་བ་ལྟར།། སྲིད་ལ་དགའ་བ ་ཡོངས་སྤངས་ཏེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། འདམ་རྫབ་ཀྱིས་ནི་མཁའ་ལྟར་དང་།། རྡུལ་གྱིས་རྫ་བ་ཇི་ལྟར་བར།། གང་ཞིག་སྡིག་པས་མི་གོས་ཏེ།། བྲམ་ཟེ་ཡིན་པ་རངས་གསུངས་སོ།། ་འདམ་རྫབ་ཀྱིས་ནི་མཁའ་ལྟར་དང་།། རྡུལ་གྱིས་ཟླ་བ་ཇི་ལྟ་བར།། གང་ཞིག་འདོད་པས་མི་གོས་ཏེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། འདམ་རྫབ་ཀྱིས་ནི་མཁའ་ལྟར་དང་།། རྡུལ་གྱིས་ཟླ་བ ་ཇི་ལྟ་བར།། སྲིད་ལ་དགའ་བ་ཡོངས་སྤོངས་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་འདུག་ནས་རྡུལ་བྲལ་བ།། སེམས་ཤིང་ཟག་ཟད་བྱ་བ་བྱས།། དུལ་ཞིང་ལུས་མཐར་གནས་པ་དེ།། ་བྲམ་ཟེ་ཡིན་པར་ངས་གསུངས་སོ།། ཤེས་རབ་ཟབ་ཅིང་ཡིད་གཞུངས་ལ།། ལམ་དང་ལམ་མིན་རྣམས་ལ་མཁས།། གང་ཞིག་དོན་མཆོག་རྗེས་ཐོབ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། མི་ན ་གང་ཡང་རུང་བ་དག། སློངས་མོ་ཙམ་གྱིས་འཚེ་བ་དང་།། བདག་མེད་སུ་ལ་གནོད་མི་བྱེད།། བརྟན་ལྡན་ཚངས་པར་སྤྱོད་པ་ཅན།། ཀུན་ཤེས་སྤྱོད་ཕྱིར་ཆོས་སྟོན་དེ།། བྲམ་ཟེ་ཡིན་པར་ངས་གསུངས ་སོ།། གང་ཞིག་འདོད་པ་ལེགས་སྤངས་ཤིང་།། ཁྱིམ་མེད་པར་ནི་རབ་བྱུང་སྟེ།། འདོད་པའི་ཟག་པ་ཡོངས་ཟད་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། འགྲོ་བ་དང་ནི་གནས་པ་ཡི། ་འབྱུང་པོ་ཆད་པས་མི་གཅོད་ཅིང་།། གསོད་མེད་གསོད་དུ་མི་འཇུག་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་མི་མཐུན་འཐུན་བྱེད་ཅིང་།། ཆད་པས་གཅོད་པ་དང་དུ་ལེན།། འབྱུང་པོ ་རྣམས་ལ་བརྩེ་ཕན་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། སྨྱུང་བུའི་རྩེ་ལ་ཡུངས་ཀར་ལྟར།། གང་ཞིག་འདོད་ཆགས་ཞེ་སྡང་དང་།། ང་རྒྱལ་འཆབ་པ་འཚོམས་པ་དེ།། བྲམ་ཟེ་ཡིན་པར ་ངས་གསུངས་སོ།། གང་ཞིག་སྲེད་པའི་རྫོང་འདི་དང་།། འཁོར་བའི་ཀླུང་ལས་རབ་རྒལ་ཞིང་།། བརྒལ་ནས་ཕ་རོལ་འགྲོ་བར་སེམས།། ཡིད་ཉིད་ཀྱིས་ནི་མི་བཀྲི་ཞིང་།། གང་ཞིག་ལེན་པ ་ལས་ལོག་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་འཇིག་རྟེན་འདི་དང་ནི།། ཕ་རོལ་ལ་ཡང་སྲིད་མེད་ཅིང་།། སྲིད་པའི་སྲེད་པ་ཡོངས་ཟད་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་།། ་ཞིག་འཇིག་རྟེན་འདི་དང་ནི་ཀ་ཕ་རོལ་ལ་ཡང་ཆགས་མེད་ཅིང་།། ཆགས་མེད་རྣམ་པར་བྲལ་བ་དེ། བྲམ་ཟེ་ཡིན་པར་ངས་གསུངས་སོ།། དགའ་དང་མི་དགའ་སྤངས་པ་དང་།། བསིལ་བར་གྱུར་ཅིང ་ཟག་པ་མེད།། འཇིག་རྟེན་ཀུན་ཟིལ་གནོན་བརྟན་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། མི་ཡི་སྦྱོར་བ་སྤངས་ནས་སུ།། ལྷ་ཡི་སྦྱོར་བ་རབ་འདས་ཤིང་།། སྦྱོར་བ་ཀུན་དང་རྣམ་བྲལ་དེ།། བྲམ ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་ལྷ་དང་དྲི་ཟ་དང་།། མི་ཡི་འགྲོ་བ་མི་ཤེས་ཤིང་།། ཞི་བ་འགྲོ་བ་མི་ཤེས་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་གིས་ཆོས་རྣམས། ་མི་ཤེས་པ་འམ།། མ་མཐོང་བ་ནི་མེད་གྱུར་ལ།། ཤེས་བྱ་མཐའ་ཡས་བལྟ་བ་དེ།། བྲམ་ཟེ་ཡིན་པ་རངས་གསུངས་སོ།། གང་གིས་སྔོན་གྱི་གནས་རྟོགས་ཤིང་།། མཐོ་རི་སེང་ངན་སོང་མཐོང་བ་དང་། ་དེ་ནས་སྐྱེ་བ་ཟད་ཐོབ་པའི།། ཐུབ་པ་མངོན་ཤེས་ལ་བརྩོན་པ།། སྡུག་བསྔལ་ཐ་མར་རབ་ཤེས་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། སེམས་ཀྱི་རྣམ་གྲོལ་ཤེས་པ་དང་།། འདོད་ཆགས་ཀུན ་ལས་གྲོལ་བ་དང་།། རིག་པ་གསུམ་དང་ལྡན་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་གིས་སེམས་ཅན་འཆི་འཕོ་དང་།། སྐྱེ་བ་ཐམས་ཅད་རྟོགས་གྱུར་པ།། ཐོགས་མེད་སྤྱན་ལྡན་སངས ་རྒྱས་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་ཀུན་སྦྱོར་ཀུན་འདས་ཤིང་།། ཡོངས་སུ་གདུང་བ་མེད་པ་དང་།། དགའ་མེད་དྲན་ལྡན་སྟོན་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། ཐུབ་པ་རྣམ་རྒྱལ་དྲང ་སྲོང་ཆེ།། ཁྱུ་མཆོག་རབ་མཆོག་གླང་པོ་ཆེ།། བཀུར་བྱེད་ཁྲུས་བྱས་སངས་རྒྱས་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་སྲིད་འདས་ཀུན་ཟིལ་གནོན།། ཆུ་བོ་ལས་རྒལ་རྣམ་པར་འཛིན།། རྣམ ་གྲོལ་ཕ་རོལ་ཕྱིན་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། སྡིག་ཅན་རྣམ་པར་མི་སེམས་ཤིང་།། མི་སྒོམ་སྨྲ་བར་མི་བྱེད་པར།། འདུག་ནས་རྡུལ་བྲལ་སེམས་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། ། ་གང་ཞིག་ཟུག་དར་ཁྲོད་འཆང་ཞིང་།། ངོ་ཚ་ཤེས་ཤིང་འདོད་མི་ལྭ།། ཤིང་དྲུང་དག་ཏུ་གནས་པ་དོ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་སྡུག་བསྔལ་ཀུན་སྤངས་ཕྱིར།། ཞི་བ་འཕགས་ལམ ་ཡན་ལག་བརྒྱད།། དྲང་པོ་སྒོམ་པར་བྱེད་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ལ་ཅུང་ཟད་གནས་མེད་ཅིང་།། འདུ་ཤེས་ཡིད་གཅིས་ཟུག་རྔུ་མེད།། འཆི་མེད་ཀོ་འཕང་ཐོབ་པ་དེ།། བྲམ་ཟེ་ཡིན་པར ་ངས་གསུངས་སོ།། གང་ཞིག་ལུས་མེད་དྲུག་ན་གནས།། གཅིག་པུ་རྒྱུ་ཞིང་རིང་དུ་འགྲོ།། གདུལ་བར་དཀའ་བའི་སེམས་དུལ་རེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་གཟུགས་མེད་བལྟར་མེད ་མཐའ་ཡས་ལ།། ཤིན་ཏུ་བལྟར་མེད་ཕྲ་ཞིང་གཞི་མངོན་རྟོགས།། རྟག་དྲན་ཀུར་སྦྱོར་ཟད་རྒྱུ་སངས་རྒྱས་པ།། འཇིག་རྟེན་འདོན་དེ་ནི་བྲམ་ཟེ་ཡིན།། གང་གིས་སོགས་མིག་འཆིང་གཏུབས་ཏེ།། ཆིངས་མ་\ུ0f7f ་ཐག་བཅད་ནས་སུ།། ཡོངས་སུ་གདུང་སྤངས་སངས་རྒྱས་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་གིས་རྙེད་འདོད་སྡིག་ཅན་དང་།། སོགས་མིག་ཆིངས་མ་གཏུབས་གྱུར་ཅིང་།། སྲེད་པ་རྩར་བཅད ་དྲུངས་ཕྱུང་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། བརྩོན་པས་ཆུ་བོའི་རྒྱུན་བཅད་ཅིང་།། འདོད་པ་ཐམས་ཅད་རབ་བཅོམ་དང་།། འདུ་བྱེད་རྣམས་ཀྱི་ཟད་ཤེས་པ།། སྡིག་མེད་གང་ཡིན་བྲམ་ཟེ་ཡིན།། ་པ་དང་མ་ནི་བསད་བྱས་ཤིང་།། རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་།། ཡུལ་འཁོར་འཁོར་དང་བཅས་བཅོམ་པ།། སྡིག་མེད་གང་ཡིན་བྲམ་ཟེ་ཡིན།། པ་དང་མ་ནི་བསད་བྱས་ཤིང་།། རྒྱལ་པོ་གཙང་སྦྲ་ཅན། ་གཉིས་དང་།། མི་བཟད་པ་ཡི་སྟག་བསད་པ།། སྡིག་མེད་གང་ཡིན་བྲམ་ཟེ་ཡིན།། གང་ཞིག་བྲམ་ཟེ་རྡེག་པ་བླུན།། སྨོད་པར་བྱེད་པ་དེ་དང་ན་པས།། བྲམ་ཟེ་རྣམས་ལ་བརྡེག་མི་བྱ།། ་བྲམ་ཟེ་བསྐྲད་པར་མི་བྱའོ།། གང་ཞིག་ཆོས་རྣམས་རྣམ་ཤེས་ན།། རྒན་ནམ་ཡང་ན་གཞོན་ཡང་རུང་།། དེ་ལ་བཀུར་ཞིང་ཕྱག་བྱ་སྟེ།། བྲམ་ཟེ་གཙང་མས་མེ་བཞིན་ནོ།། གང་ཞིག་ཆོས་རྣམས་རྣམ་ཤེས་། ་ནརྒན་ནམ་ཡང་ན་གཞོན་ཡང་རུང་།། དེ་ལ་བཀུར་ཞིང་བསྙེན་བཀུར་ཏེ།། བྲམ་ཟེ་གཙང་མས་མེ་བཞིན་ནོ།། གང་ཞིག་རྫོགས་པའི་སངས་རྒྱས་ཀྱིས།། བསྟན་པའི་ཆོས་རྣམས་རྣམ་ཤེས་ན།། དེ་ལ་བཀུན ་ཞིང་ཕྱག་བྱ་སྟེ།། བྲམ་ཟེ་གཙང་མས་མེ་བཞིན་ནོ།། གང་ཞིག་རྫོགས་པའི་སངས་རྒྱས་ཀྱིས།། བསྟན་པའི་ཆོས་རྣམས་རྣམ་ཤེས་ན།། དེ་ལ་བཀུར་ཞིང་བསྙེན་བཀུར་ཏེ།། བྲམ་ཟེ་གཙང་མས་མེ་བཞིན ་ནོ།། གང་ཞིག་བྲམ་ཟེ་ཆོས་རྣམས་ཀྱི།། ཕ་རོལ་ཕྱིན་པར་གྱུར་པ་ན།། དེ་ཚེ་ཤ་ཟ་བ་ཀུ་ལ།། གཅིག་པོ་ལས་ཀྱང་ཤིན་ཏུ་འདས།། གང་ཚེ་བྲམ་ཟེ་ཆོས་རྣམས་ཀྱི།། ཕ་རོལ་ཕྱིན་པར་གྱུར་པ་ན།། དེ་ནས་དེས ་མཐོང་ཚོར་བ་རྣམས།། ཐམས་ཅད་ནུབ་པ་ཉིད་དུ་གྱུར།། གང་ཚེ་བྲམ་ཟེ་ཆོས་རྣམས་ཀྱི།། ཕ་རོལ་ཕྱིན་པར་གྱུར་པ་ན།། དེ་ཚེ་དེ་ཡིས་མཐོང་བས་ནི།། རྐྱེན་རྣམས་ཐམས་ཅད་ནུབ་པར་གྱུར།། གང་ཚེ་བྲམ ་ཟེ་ཆོས་རྣམས་ཀྱི།། ཕ་རོལ་ཕྱིན་པར་གྱུར་པ་ན།། དེ་ཚེ་དེ་ཡིས་མཐོང་བས་ན།། ཀུན་སྦྱོར་ཐམས་ཅད་ནུབ་པར་གྱུར།། གང་ཚེ་བྲམ་ཟེ་ཆོས་རྣམས་ཀྱི།། ཕ་རོལ་ཕྱིན་པར་གྱུར་པ་ན།། དེ་ཚེ་སྐྱེ་དང་རྒ་བ ་དང་།། འཆི་བ་རྣམས་ལས་ཤིན་ཏུ་འདས།། ཉིན་མོ་ཙམ་བསལ་བར་བྱེད།། མཚན་མོ་ཟླ་བ་སྣང་བྱེད་སར།། རྒྱལ་རིགས་གོ་ཆས་ཆས་པ་གསལ།། བྲམ་ཟེ་སེམས་པར་བྱེད་ན་གསལ།། ཙན་མོ་ཅིམགས། ་ར་བྱེད།། མཚན་མོ་ཟླ་བ་སྣང་བྱེད་ལྟར།། རྟག་ཏུ་སངས་རྒྱས་གཟི་བརྗིད་ཆེ།། ཉིན་དང་མཚན་དུ་གསལ་བར་བྱེད།། ཇི་ལྟར་མི་སྡུག་པ་ལས་ཡིད་ལྡོག་པ།། དེ་འདྲ་བྲམ་ཟེ་རྣམས་ལ་ཅུང་ཟད་མེད།། ཇི་ས ་ཇི་ལྟར་དེ་ཡི་ཡིད་ལྡོག་པ།། དེ་ལྟ་དེ་ལྟར་ཀུན་རྫོགས་བདེན་པར་ཟད།། གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན།། གང་གིས་ཆོས་རྣམས་རྒྱུར་བཅས་རབ་ཤེས་པ།། ཆོས་འདི་རྣམས་ལ་རབ་ཏུ་འབྱུང་འགྱུར ་ཏེ། དེ་ཚེ་དེ་ཡི་སོམ་ཉི་མ་ལུས་སྤོང་།། གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན།། གང་གིས་སྡུག་བསྔལ་རྒྱུར་བཅས་རབ་ཤེས་པ།། ཆོས་འདི་རྣམས་ལ་རབ་ཏུ་འབྱུང་འགྱུར་ཏེ།། དེ་ཚེ་དེ་ཡི་སོམ་ཉི་མ ་ལུས་སྤོང་།། གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན།། གང་གིས་ཚོར་བ་ཟད་པར་ཐོབ་འགྱུར་བ།། ཆོས་འདི་རྣམས་ལ་རབ་ཏུ་འབྱུང་འགྱུར་ཏེ།། དེ་ཚེ་དེ་ཡི་སོམ་ཉི་མ་ལུས་སྤོང་།། གང་ཆེ་བྲམ་ཟེ ་བརྩོན་པས་འབད་པ་ན།། གང་གིས་རྐྱེན་རྣམས་ཟད་པ་ཐོབ་འགྱུར་བ།། ཆོས་འདི་རྣམས་ལ་རབ་ཏུ་འབྱུང་འགྱུར་ཏེ།། དེ་ཚེ་དེ་ཡི་སོམ་ཉི་མ་ལུས་སྤོང་།། གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན། ་གང་གིས་ཟག་པ་ཟད་པ་ཐོབ་འགྱུར་བ།། ཆོས་འདི་རྣམས་ལ་རབ་ཏུ་འབྱུང་འགྱུར་ཏེ།། དེ་ཚེ་དེ་མི་སོམ་ཉི་མ་ལུས་སྤོང་།། གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན།། ཇི་ལྟར་མཁའ་ལ་ཅི་མ་ཤརབ ་#ཝཱར།། འཇིག་རྟེན་ཐམས་ཅད་སྣང་བྱེད་འདུག་འགྱུར་བ།། ཆོས་འདི་རྣམས་ལ་རབ་ཏུ་འབྱུང་བར་འགྱུར།། གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན།། བློ་ཡིས་ཀུན་སྦྱོར་རྣམས། ་ལས་རབ་གྲོལ་ཏེ།། བདུད་སྡེ་རྣམ་པར་བསལ་ནས་འདུག་འགྱུར་བ།། ཆོས་འདི་རྣམས་ལས་རབ་ཏུ་འབྱུང་བར་འགྱུར།། བྲམ་ཟེའི་ཚོམས་ཏེ་སུམ་ཅུ་རྩ་གསུམ་པའོ།། ། སྡོམ་ལ། དེ ་བཞིན་གཤེགས་དང་ཐོས་དང་བདག་བསྒྲེ་དང་མཛའ་བ་ཤེས་ལྔ་པའོ།། མྱ་ངན་འདས་དང་མཐོང་བ་དང་།། སྡིག་དང་ཕྲུགས་དང་བདེན་པ་དང་།། སེམས་དང་དགེ་སློང་ཚོམས་དག་དང་།། བྲམ་ཟེ་ཡང་། ་ནིཐ་མ་ཡིན།། ཆེད་དུ་བརྗོད་པའི་ཚོམས་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡུས་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་བི་དྷ་ཀ་ར་པྲ་བྷ་དང་།། ལོ་ཙ་བ་བནྡེ་རིན་ཆེན་མཆོག་གིས ་བསྒྱུར།། ཞུ་ཆེན་གྱི་ལོ་ཙ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་ནས་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ་ཀོ་ཥ་ལོ་ཀ་པྲཛྙཱ་བ་ཏི་ཀ ་