CLOSE WINDOW

Ty054-024: dpe'i phreng ba
Wyliee-texts produced with BDRC’s OCR application

རྡོ་འཇོག་པའི་ཐོང་ཁྱེར་པ་རྣམས་ཀྱང་རབ་ཏུ་བཅོམ་མོ།། །། རྒྱ་གར་སྐད་དུ། དྲྀ་ཤྭ་ཏ་མཱ་ལ་བོད་སྐད་དུ། དཔེའི་འགྲེང་བ། འཇམ་དཔལ་གཞོན་ནུར་གྱུར ་པལ་ཕྱག་འཚལ་ལོ།། དང་པོར་སྨྲ་བ་རྣམས་ཀྱི་རབ་མཆོག་སྟོན་པ་དང་། སྲིད་པ་གསུམ་གྱི་འདོད་ཆགས་རྣམས་འཇོམས་ཆོས་དང་ནི།། ཐམས་ཅད་མཁྱེན་པའི་བསྟན་པ་བདུད་རྩིབ་སྣོད་གྱུར་པ།། གང་ཟག་མཆོག། ་བརྒྱད་ཀྱིས་བརྒྱན་དགེ་འདུན་རབ་བཏུང་ཅིང་།། བསམ་རྫོགས་རྩིབ་ལོགས་འཚར་ལ་སོགས་པ་དེ་དང་དེ།། ཐམས་ཅད་པོར་སྦའོ་ཁྲུ་མཆོག་དད་པས་མཆོད་བྱས་ཏེ།། དཔེ་ཡི་འཕྲེང་བ་འདི་ནི་བདག་གིས་བཤད་པ་\ུ0f7f། ་དབ་ཟོའི་ལེགས་སྦྱར་མ་ཐས་འོདོ་ན་དེ་བསྟན་གྱིས།། ཡོན་ཏན་དང་སྐྱོན་གྱི་མཚན་ཉིད་ཁོང་དུ་ཆུད་པ་ལས། མཆོད་པར་བྱ་བ་དང་། མཆོད་པར་བྱ་བ་མ་ཡིན་པ་རྟོགས་པར་འགྱུར་བས། ཡོན་ཏན་དང་སྐྱོན་གྱི་མཚན ་ཉིད་ཁོང་དུ་ཆུད་པ་རབ་ཏུ་འབད་པར་བྱའོ།། དེའང་འདི་ལྟར་རྗེས་སུ་ཐོས་ཏེ། ཡུལ་ག་ན་དྷ་ར་ནས་ཚོང་པ་ཁ་ཅིག་ཡུལ་བཅོམ་བརླག་ཏུ་སོང་བ་དང་། དེ་དེ་ན་མཆོད་རྟེན་རྣམས་ལ་ཡང་དང་ཡང་དུ་ཕྱག་འཚལ ་ནིང་དགེ་སྦྱོང་རྣམས་ལའང་བསྙེན་བཀུར་དང་བཅས་པས་ཕྱག་བྱེད་པར་གྱུར་པ་དང་། དེ་ལ་འདི་ནི་དགེ་བསྙེན་ཡིན་ནོ་སྙམ་དུ་ཤེས་ནས། ཟམ་ཟེ་རྣམས་ཀྱིས་བཞད་ཀས་བྱས་པར་གྱུར་ཏོ་ཞེས་གྲག་གོ།། དེ་ན ་རེ་ནིག་སོས་ཀའི་དུས་ཀྱི་ཕྱི་དྲོའི་ཚེ། བྲམ་ཟེ་ཞིག་ལམ་སྲང་ན་འདུག་གོ།། དེར་ཡང་བྲམ་ཟེ་བ་ཅིག་ཁྲུས་བྱས་ཤིང་དྲིས་བྱུགས་པ་དང་། ཟས་ལས་སྤྱད་པས་དབང་པོ་ཚིམ་པ་དང་། གང་གཱའི་ཕྱོགས་ན་ལག་ན ་ཡབ་ཐོགས་ཤིང་། མཆོད་ཕྱིར་དཀར་པོ་ཐོགས་ལ། གཅིག་ཏུ་ཤས་ཆེར་རྒོད་དེ་གཏམ་ལ་རྗེས་སུ་ཆགས་ཤིང་དགའ་བས་ཀུན་ཏུ་འཁོད་པར་གྱུར་པ་དང་། དེ་རྣམས་ཀྱིས་དགེ་བསྙེན་དེ་ལ་བལྟས་ཏེ་རབ་ཏུ ་བརྒད་དོ།། བྲམ་ཟེ་གཞན་ཞིག་གིས་ཀྱང་སྨྲས་པ། སངས་རྒྱས་ཀྱི་དགེ་བསྙེན་ཁྱེད་ཚུར་ཤོག། སྙུན་ཡོད་པར་འདུགཅིག། དེ་དེར་འདུག་པ་དང་། བྲམ་ཟེ་ཞིག་གིས་དྲིས་པ། གང་ལྔ ་ཆེན་པོ་དང་ཁྱབ་འཇུག་ལ་སོགས་པའི་ལྷ་རྣམས་སྤངས་ནས། སངས་རྒྱས་ལ་མཆོད་པ་གནྡྷ་བ་རྣམས་ཀྱིས་རང་བཞིན་འདི་ཅི་ཞིག་ཡིན། དེས་བརྒད་སྨྲས་པ། བདག་ཅག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕྱོགས ་གཅིག་ཤེས་ཀྱི། ལྷ་ཆེན་པོ་ལ་སོགས་པའི་ལྷ་རྣམས་ཀྱི་ཡོན་ཏན་ནི་མི་ཤེས་ཏེ། རྒྱུ་དེས་ན་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་བྱེད་པ་ཡིན་ནོ།། དེས་དེའི་ཚིག་ཐོས་པ་དང་། བྲམ་ཟེ་འ་ཅིག་གིས་སྨྲས་པ། ་ལེགས་ལྡན་ལྔ་ཆེན་པོའི་ཡོན་ཏན་མི་ཤེས་པ་འདི་ནི་ཁྱོད་གླེན་པ་ཡིན་ཏེ།། གང་གིས་ཕྱིར། འདི་ན་ལྷ་མིན་གྲོང་ཁྱེར་མཁའ་ལ་རྒྱུ།། སྐྱེས་པ་བུད་མེད་རྒན་དང་གཞོན་བཅས་པས།། གཟུ་ཆེན་ཟངས ་ནས་འབར་བ་མདའ་ཡིས་ནི།། མེ་ཡིས་རྩཝ་བཞིན་སྐད་ཅིག་བདག་གིས་བསྲེགས།། དགེ་བསྙེན་གྱིས་སྨྲས་པ། གང་རང་བཞིན་གྱི་འཆི་བའི་ཆོས་ཅན་གྱི་སྲོག་ཆགས་རྣམས་ལ་གསོད་པའི་ཕྱིར་འབད་པ ་དང་ལྡན་པའི་སེམས་ཅན་གྱི་ཁྱད་པར་འདྲ་བ་ལ་ནི་ཁོ་བོ་མི་དགའའོ།། སུ་ཞིག་ཟིལ་པའི་ཐོགས་པ་ནི།། རྩཝ་ཡི་རྩེས་ཆགས་པ་དག། ངང་གིས་འཇིག་པའི་ཆོས་ཅན་ལ།། གཞིག་པའི་ཕྱིར་ནི་འབད་པར་བྱེད།། ་རོ་ཞིག་གཞན་ཐམས་ཅད་ལྷ་ཞོག་གི། ཅི་ཁྱེད་རྣམས་ཕ་རོལ་ལ་གནོད་པ་བྱེད་པ་ཡོན་ཏན་ཡིན་པར་ཤེས་སམ། དེ་ནས་བྲམ་ཟེ་དེ་དག་ཐམས་ཅད་ཀྱིས་དུས་གཅིག་ཏུ་སྦ་ས་པ། ལྷ་མ་ཡིན་གསོད་པ་ནི་ཡོན། ་ཏན་ཡིན་པར་རབ་ཏུ་ཤེས་སོ།། དགེ་བསྙེན་གྱིས་དབུགས་ཕྱུང་རྩེ་སྨྲས་པ། ལས་གུང་ལ་ནི་དམ་པ་རྣམས།། ངོ་མཚར་གྱུར་པ་དེ་ཅད་ལ།། དམ་པ་མིན་པ་དྲེགས་གྱུར་པ། ཀྱེ་མ་འཇིག་རྟེན་ངོ་མཚར་ཆེ།། ཞེས། ་བྱ་བ་ནི་འཇིག་རྟེན་པ་ལེགས་པར་སྨྲས་པ་ཡིན་ནོ།། མདོར་ན། ཡོན་ཏན་སྔོན་སོགས་བརྟགས་ལ་བྱ་བ་དང་།། ལྷ་མིན་སད་པས་རྒྱས་པའི་ཡོན་ཏན་ནོ།། རྒྱ་ཆེན་རྗེས་ལ་ཡོན་ཏན་ངེས་དགའ་རྣམས།། མཆོག ་པའི་འབྲས་བུ་འདོད་པ་རྒྱ་ཆེན་ཡིན།། སྐྱོན་རྣམས་ལ་ནི་ཡོན་ཏན་དུ་ཤེས་ཤིང་།། སྐྱོན་དང་ལྡན་ལ་དམ་པར་ཤེས་པས་མཆོད།། འབྲས་བུ་རྒྱ་ཆེན་འཐོབ་པར་མི་འགྱུར་གྱི།། ལྟ་བ་ངན་པ་དག་ཀྱང་འཕེལ་བར ་འགྱུར།། ཚིག་དེ་བྲམ་ཟེ་ནང་པོ་ཁ་ཅིག་གིས་ཐོས་པ་དང་། ཁྲོ་བ་ས་འབར་བའི་མིག་གིས་དགེ་བསྙེན་དེ་ལ་བལྟས་བཞིན་བརྙས་པ་དང་བཅས་པས་ལག་པ་གཡོན་པས་སྟོན་ཅིང་སྨྲས་པ། གནྡྷ་ར་བ་རྨོངས་པ ་རྣམས་དེ་སྐད་མ་སྨྲ་ཞིག། གལ་ཏེ་ལཱ་མ་ཡིན་གསོད་པ་ལ་དགའ་བའི་སྒྲ་ཆེན་པོ་ལ་སོགས་པའི་ལྷ་རྣམས་མཆོད་པར་བྱ་བ་མ་ཡིན་ན་མཆོད་པར་བྱ་བར་སུ་ཞིག་འགྱུར། དགེ་བསྙེན་གྱིས་སྐམ་པ་གང་ཡོན་ཏན་ཡང ་དག་པ་དང་ལྡན་པར་གྱུར་ཏེ། བྲམ་ཟེ་ཆེན་པོ་ལྟོས་ཤིག། གང་ཞིག་སྟོབས་ལྡན་འཚེ་བ་རྣམས།། གལ་ཏེ་མཆོད་བྱར་དེ་འགྱུར་ན།། དྲེད་དང་གཟིག་དང་སྐྲག་ལ་ཡང་།། འགྲོ་བ་རྟག་ཏུ་མཆོད་པར་འགྱུར། ་ཡོན་ཏན་སྐྱོན་མཁས་དམ་པ་ནི།། སུ་ཡང་འདི་འདོད་མི་བྱེད་དེ།། དྲེད་ལ་གྲོགས་པའི་གདུག་པ་རྣམས།། ཡོན་ཏན་མེད་ལ་མཆོད་མི་བྱེད།། མི་འཚོ་ལ་སོགས་ཡོན་ཏན་ཡིན།། འཚོ་སྲོགས་སྐྱོན་དུ། ་ཤེས་པར་བྱ། ཡོན་ཏན་སྐྱོན་རྣམས་མི་ཤེས་པས། སྐྱོན་ན་ཡོན་ཏན་དག་ཏུ་ཤེས། གང་གིས་ཤིན་ཏུ་དྲག་པོའི་ལས། འཇིག་རྟེན་བྱིས་པས་མཐོང་ནས་སུ་མཆོད། ་པའི་རྒྱལ་མི་མཁས་པས།། དེ་ཉིད་ལ་ནི་མཆོད་བྱར་ཤེས། གནྡྷ་ར་བ་ནི་ངེས་པར་ཡང་།། གྱོན་དང་ཡོན་ཏན་ཅོག་དང་ལྡན།། དེས་ན་སངས་རྒྱས་བཅོམ་ལྡན་ལ།། དད་ཀྱིས་ཆེན་སོགས་ལ་མིན།། བྲམ། ་ཟས་སྨྲས་པཀྱེ་གནྡྷར་བ་རེ་ཞིག་སངས་རྒྱས་ཞེས་བྱ་བ་འདི་སུ་ཞིག་ཡིན། དགེ་བསྙེན་གྱིས་སྨྲས་པ། ཤཱཀྱའི་རིགས་སུ་ལེགས་འཁྲུངས་པ། ཀུན་མཁྱེན་ཉེས་པ་ཀུན་ལས་རྒྱལ། སེམས་ཅན ་ཀུན་ལ་ཕན་བཞེད་པ། དྲང་སྲོང་ཆེན་པོ་སངས་རྒྱས་ཡིན།། བྲམ་ཟེ་སྨྲས་པ། གལ་ཏེ་སངས་རྒྱས་དྲང་སྲོང་ཆེན་པོ་ཡིན་པར་ཤེས་ན། གཞན་ལ་གནོད་པ་བྱེད་པ་དེ་མཆོད་པ་བྱ་བ་མ་ཡིན ་པར་སྨྲ་འམ། འདི་ན་འཕོ་བ་དང་། མེ་འབར་བ་དང་། རྒྱས་པ་དང་། གནས་འཇོག་དང་། རྒྱུན་ཤེས་དང་། ཕུར་བུ་གསུམ་པ། རྒྱུན་ཤེས་ཀྱི་བུ་ལ་སོགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱིས ་དམོད་པ་འདེབས་སོ་ཞེས་འཇིག་ཅན་ན་གྲགས་སོ།། གལ་ཏེ་སངས་རྒྱས་དེ་དྲང་སྲོང་ཆེན་པོར་གྱུར་ན། ངེས་པར་དེས་ཀྱང་དམོད་པ་འདེབས་པར་བྱེད་པར་འགྱུར་རོ།། དགེ་བསྙེན་གྱིས་རྣ་བ་བཀག ་ནས་སྨྲས་པ། ལྡོག་པར་མ་གྱུར་ཅིག། སངས་རྒྱས་བཅོམ་ལྡན་འདས་ནི་དམོད་པ་འདེབས་པར་མི་མཛད་དོ།། བྲམ་ཟེས་སྨྲས་པ། སྡིག་པ་ཞི་བར་གྱུར་ཅིག་ཅེས་འདིར་ཅི་ཕྱིར་སྨྲ། གས ་ཏེ་སངས་རྫས་དམོད་པ་འདེབས་པར་མཛད་ན་ནི། དེ་ཡང་དག་པར་འཚེ་བ་ཅན་དུ་འགྱུར་རོ།། འོན་ཏེ་སུ་ལའང་དམོད་པ་མི་འདེབས་ན། སངས་རྒྱས་འདི་ལ་མཐུ་ཅིའང་མེད་དོ།། དེ་ནས་བྲམ་ཟེ་དེ་རྣམ། ་ཀྱིས། གཉིས་ཀ་ལྟར་འགལ་བའི་ཚིག་གནྡྷར་བཟུང་དུ་བསད་ནས། གསང་མཐོན་པོས་བཅད་པར་བརྩམས་སོ།། དགེ་བསྙེན་དང་། མ་འཁྲུལ་པ་ཉིད་དང་། སྨྲས་པ། སངས་རྒྱས་བཅོམ་ལྡན་འདས ་མཐུ་ཆེན་པོ་ནི་མངའ་བ་ཡིན་མོད་ཀྱི། འོན་ཀྱང་དམོད་པའི་རྒྱུ་དང་བྲལ་བས་གང་ལའང་དམོད་པ་མི་མཛད་དོ།། ཟམ་ཟེ་ཆེན་པོ་མྱོས་ཤོག། ཆགས་ཅན་གང་ལ་ཀུན་ཏུ་ཆགས།། དེ་དང་བྲལ ་དེ་ཁྲོས་ཏེ།། བྱ་དང་བྱ་མིན་རྣམ་རྨོངས་པས།། ཕྱི་ནས་དམོད་པ་གཏོང་བར་འགྱུར།། དེ་བཞིན་གཤེགས་པ་འདོད་ཆགས་བྲལ་རྨོངས་པ་དང་བྲལ་ཁྲོ་ལས་རྒྱལ།། སེམས་ཅན་ཐམས་ཅད ་པན་མཛད་མ།། དོན་དམོད་པ་ཇི་ལྟར་མཛད།། དེ་ནས་བྲམ་ཟེ་དེ་ཡིད་ལ་བཟུང་བའི་རྒྱུ་རྣམས་ཀྱིས་རྗེས་སུང་དཔོག་ཅིང་། དགེ་བསྙེན་དེས་སྨྲས་པ་ཀྱེ་ག་ནྡྷ་ར་ཀ་གལ་ཏེ་སངས་རྒྱས་དམོད་པ་མི་བྱེད་ན། ་ངེས་པར་བན་འདོགས་པར་ཡང་མི་བྱེད་དོ།། དམོད་པ་དང་པ་ན་འདོགས་པའི་ནུས་པ་དང་བྲལ་བ་ནི། ཟང་སྲོང་ཆེན་པོར་ཡང་མི་འགྱུར་རོ།། དགེ་བསྙེན་གྱིས་ཀླས་པ། སངས་རྒྱས་བཅོམ་ལྡན ་འདས་དམོད་པའི་རུས་པ་མི་མངའ་བ་འདི་ནི་དེ་ལྟ་ར་བདེན་མོད་ཀྱི། འོན་ཀྱང་ཕན་འདོགས་པར་ནི་སྤྱོད་པ་ཉིད་ཡིན་ཏེ། ཁྱེད་རྣམས་ཡང་ལྟོས་ཤོག། གཞན་གྱི་སྡུག་བསྔལ་ལ་སྔར་བས།། དོན་དམོད་པ་མི། ་མཛད་ཀྱིས།། འཇིག་རྟེན་དན་འདོགས་བརྩོན་པས་ན།། ཕན་ལྡང་ནི་མཛད་པ་ཡིན།། རྒན་འཆི་འའི་སྡུག་བསྔལ་གྱིས།། ངང་གིས་འཇིག་རྟེན་སྡུག་བསྔམ་ན།། རྨལ་ལྡནཿ། ་ཇི་བཞིན་དུ།། མཁས་པ་སུ་ཞིག་དམོད་པ་འདེབས།། དེ་ཡང་བྱམས་པ་ལ་གནས་ཤིང་།། རྟག་ཏུ་སྙིང་རྗེའི་བདག་ཉིད་ཅན།། དེ་བཞིན་གཤེགས་པ་གསུང་བསིལ་བའི།། ཆུ་ཡིས་འཇིག་རྟེན་ཚོམ ་པར་མཛད།། དེ་ནས་བྲམ་ཟེ་དེ་རྣམས་ཡུད་ཙམ་ཞིག་མགོ་ཐུར་དུ་སྨད་ནས་བསམས་ཏེ། དགེ་འརྩོན་དེ་ལ་རྗེས་དང་བཅས་པའི་མིག་གདངས་པས་བལྟས་ཏེ་སྨྲས་པ། ཀྱེ་གནྡྷ་ཤིན་ཏུ་བཏགས་པའི་གནས ་རྙེད་ནས། ཁྱོད་ཀྱི་རབ་ཏུ་དད་པས་བདག་ཅག་ངོ་མཚར་དུ་བྱས་སོ།། མང་དུ་སྨྲས་པས་ཅི་ཞིག་བྱ་སྟེ། གནྡྷ་ར་ཞེས་བྱ་བའི་ཡི་གེ་ནི་དོན་བྱིན་ཅི་མ་ལོག་པར་གྲགས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། གོ་ནས། ་བྱ་བས་རུ་བཞེད།། ས་དེ་གང་ཞིག་ཡང་དག་འཛིན།། སྐྱེས་བུ་དམ་པ་དེ་རྣམས་ནི།། དམ་པས་ས་འཛིན་ཅེས་བཤད་དོ།། ཅིག་ཕྱིར་ན་ས་འདི་ནི།། ཁྱེད་ཅག་རྣམས་ཀྱི་འཛིན་མི་བྱེད།། གང་ཕྱིར་ཁྱེད་ཀྱི་ཡོན་ཏན ་བསྔགས།། མགོན་པོ་སངས་རྒྱས་ལ་བརྟེན་ཡིན།། དེ་ནས་དགེ་བསྙེན་དེས་བྲམ་ཟེ་རྣམས་ཀྱི་སེམས་སྣོད་དུ་རུང་བར་བྱས་པར་ཤེས་ཏེ། ད་ནི་སངས་རྒྱས་ཡོན་ཏན་བཤད་པའི་དུས་ཡིན་ནོ་སྙམ་ནས། ཡང་དག ་པར་དགའ་བའི་བཞིན་གྱིས་གཟེངས་བསྟོད་དེ་སྨྲས་པ། གང་ཁྱེད་རྣམས་སངས་རྒྱས་བཅོམ་ལྡན་འདས་ལ་དད་པ་སྐྱེད་པར་གྱུར་པས། བདག་ནི་མཆོག་ཏུའང་དགའ་བ་སྐྱེས་པར་གྱུར་མོད་ཀྱི། འོན་ཀྱང་འདི་ཉིད ་འབལ་བར་བྱ་རའི་ཕྱིར་ཡོན་ཏན་དང་སྒྲོན་གྱི་མཚན་ཉིད་རྗེས་སུ་དྲན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། གང་ཚེ་འགྲོ་བ་རབ་རྟོགས་དེལ་ཚེ། རྒྱལ་བ་ཡོན་ཏན་རྒྱ་མཆོ་གཅིག་པར་མཐོང་།། ནི་དང་ཚུལ་ཁྲིམས་ཏིང་འཛིན ་ཤེས་རབ་ཀྱིས།། སངས་རྒྱས་དང་མཉམ་གང་ནའང་ཡོད་མ་ཡིན།། དཔེར་ན་རི་རབ་མཉམ་པའི་རི་བོ་མེད།། རྒྱ་མཚོ་མཙམ་པའི་མཚོན་ཡོད་མ་ཡིན།། དེ་བཞིན་སངས་རྒྱས་དང་མཉམས་རྩེང་ངམ།། མཁར་ལ ་ལུས་ཅན་མཆོག་དེ་ཡོད་མ་ཡིན།། ཤཱཀྱའི་ཁྱུ་མཆོག་དེས་ནི་གང་ཕྱིར་ངལ་བ་དཀའ་བར་མ་ཞུགས་ཅི་ཞིག་ཡོད།། ཐུབ་པས་ཕན་པའི་དོན་དུ་ལན་མང་དགོངས་ཏེ་མ་གཟིགས་དེ་ནི་གང་ཞིག་ཡོད།། དེ་ལ་སྟབས་སོང་དྲང་། ་སྲོང་དེས་ནི་བརྡན་བདགས་མ་བྱས་དོན་གང་ཞིག་ཡོད།། འདི་ནི་དེས་གསུངས་ལམ་གནས་ཉོན་མོངས་དགྲས་བཅོམ་དེ་ནི་སུ་ཞིག་ཡོད།། མུ་སྟེགས་ཀུན་ལས་རྒྱལ་ཏེ་བདེ་བར་གཤེགས་ཞེས་ཡོན་ཏན་རྣམ་རྫས་རྦ། ་མེད་གྲགས་པའི་ཁ་བྱེ་གཞན་སུ་ཡོད།། ཕུག་ན་སེང་གེ་ལྟ་བུར་ལྷ་ཡུ་ལས་སྟེང་དག་ན་འཇིགས་མེད་རང་གི་གསུང་ངམ་སྒྲོགས་པ་གཞན་སུ་ཡོད།། རྟག་ཏུ་ཡིད་འོང་གསུང་གིས་ལས་དང་ཉོན་མོངས་དགགག་ན། ་སྐབས་རྗེས་སུ་སྟོན་པར་མཛད་པའང་གཞན་སུ་ཡོད།། གང་གིས་མཆོད་རྟེན་མཁའ་ལ་སྤྲིན་དཀར་ལྟ་བུར་འགྲོ་བ་ཡང་དག་བརྒྱན་པ་འགའ་ཡང་འདོ་ན་ཡོད་མ་ཡིན།། དེ་ནས་བྲམ་ཟེ་དེ་རྣམས་དེ་བཞིན་གཤེས ་པའི་ཡོན་ཏན་གྱི་བསྔགས་པ་ཐོས་པ་དང་སངས་རྒྱས་ལ་མངོན་པར་དད་པར་གྱུར་ཏོ།། འདས་ཅི་ཞིག་སྟོན་པ་ཡིན་ཞེ་ན། དེ་ལྟར་སངས་རྒྱས་ཀྱི་ཡོན་ཏན་ཐོས་པས་བཅོམ་ལྡན་འདས་ལ་མངོན་པར་དད་པར་ཤེས་ལ། དད་པ་ལ་ནི ་གཞན་རྣམས་ཡང་དག་པར་བཞུགས་པར་བྱའོ་ཞེས་རྩེ་བར་སྟོན་པའི་མདོ་བརྩམས་པ་ཡིན་ནོ།། དེའང་དགེ་སློང་དག་བྱེད་རྣམས་ཀྱིས་གང་རྗེས་སུ་བརྩེ་བ་དང་། སྲིང་བ ་བར་བྱའོ་ཞེས་རྒྱ་ཆེར་གསུངས་པའི་ཕྱིར་ཏེ། སངས་རྒྱས་མཆོག་ལ་སོགས་པའི་ཡོན་ཏན་གྱི་ཕན་ཡོན་གྱི་མདོ་སྡེ་དག་ལའང་ཆེ་བར་གྱུར་བར་བྱའོ།། གུས་པར་བྱ་ཟེ་ཆོས་མ་ཅན་པ་ལའང་བརྗོད ་པར་བྱའོ།། ཡང་ཅི་ཞིག་རྩོན་ཅེ་ན། དེ་ལྟར་སངས་རྒྱས་ཀྱི་ཡོན་ཏན་ཐོས་པ་དོན་གཞན་ལ་མངོན་པར་ཞེན་པའི་བྲམ་ཟེ་རྣམས་ཀྱང་བཅོམ་ལྡན་འདས་ལ་མངོན་པར་དད་པར་གྱུར་ན། སངས་རྒྱས་ཀྱི ་ཡོན་ཏན་ཐོས་པས་རྣ་བ་དཀྲུགས་པ་ལྷ་སྨོས་ཀྱང་ཅི་ཞིག་དགོས་ཏེ། ཁྱེད་རྣམས་སངས་རྒྱས་ཀྱི་ཡོན་ཏན་ཐོས་པས་དད་པ་རྣམ་པར་འཕེལ་བར་ཅིའི་ཕྱིར་མི་འགྱུར་ཏེ། དེ་བས་ན་སངས་རྒྱས་དང་སངས ་རྒྱས་ཀྱི་བཀའ་དག་གི་བསྔགས་པ་མ་ཅན་པར་ཤིན་ཏུ་འདོད་པའི་ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་ཁྱེད་རྣམས་ཀྱིས་མ་གཡེངས་པར་མཚན་པར་བྱའོ་ཞེས་འདི་ནི་ཡང་དག་པར་ཚུལ་བར་བྱེད་པ་ཡིན་ནོ།། ་སངས་རྒྱས་མཆོག་གི་དཔེ་རྩེ་དང་པོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲྀ་བྷ་དྲ་དང་། ལོ་ཙ་བ་བན་རྗེ་ཚུལ་ཁྲིམས་ཡོན་ཏན་གྱིས་བཟུར་ཅིང་། ་སྲོང་རིན་ཆེན་བཟང་པོ་ས་བཅོས་ནས་ཞུས་ཏེ་གཏན་ལ་ཕབ་པ།། ་