CLOSE WINDOW

Ty054-019: bkra shis chen po'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མ་ཧཱ་མཾ་གྷ་ལ་སཱུ་ཏྲ། བོད་སྐད་དུ། བཀྲ་ཤིས་ཆེན་པོའི་མདོ། འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ།། འདི ་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཚན་ཡོད་ན་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས་ལྷ་དུ་མ་རྣམས་མཚན་མོ་འདོག་སྣ་ཚོགས་པ་དང ་ལྡན་པའི་འོད་རྣམས་ཀྱིས་དུས་གཅིག་ལ་རྒྱལ་བྱེད་ཚལ་འོད་ཀྱིས་སྣང་བར་བྱས་ནས། བཅོམ་ལྡན་འདས་གང་དུ་བཞུགས་པ་དེར་གྲགས་ཏེ་ལྤགས་ནས། བཅོམ་ལྡན་འདས་ལ་ཕྱག་བྱས་ནས་ཕྱོགས་གཅིག ་ཏུ་འཁོད་དོ།། རྫོགས་གཅིག་ཏུ་འབོད་ནས། ལྷ་དེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་མང་དུ་ཞུས་སོ།། ལྷ་དང་མི་རྣམས་མང་པོ་ཡིས།། བཀྲ་ཤིས་པ་ནི་བས་མགྱུར་པ། བཀྲ ་ཤེས་པ་ལ་ཐེ་ཚོམ་སྟེས།། བཀྲ་ཤིས་མཆོག་ནི་གསུང་དུ་གསོལ།། ལྷའི་ཡང་ལྷ་ཡིས་བཀའ་སྩལ་པ།། སྡིག་པ་ཐམས་ཅད་རྣམ་པར་འཇོམས།། འཇིག་རྟེན་ཀུན་ལ་ཕན་པའི་དོན། བཀྲ་ཤིས་། ་རྣམས་བྱེད་ལ་བཤད།། བྱིས་པ་རྣམས་ལ་བསྙེན་མི་བྱ།། མཁས་པ་རྣམས་ལ་བསྙེན་པར་བྱ།། མཆོད་ལ་མཆོད་པའི་ལན་བྱ་བ།། འདི་ནི་མཆོག་གི་བཀྲ་ཤིས་སོ།། སྔར་བྱས་པ་ཡི་བསོད་ནམ ་ཀྱིས། འཐུན་པའི་ཡུལ་དུ་གནས་པ་དང་།། བདག་ཉིད་མཆོག་གི་སྨོན་ལམ་བྱ། འདི་ནི་མཆོག་གི་བཀྲ་ཤིས་སོ།། བདེན་དང་ལག་པའི་བཟོ་དང་ནི།། འདུལ་བའི་སྦྱོར་བས་ལེགས་པར ་བསྲབ།། གང་གིས་ལེགས་པར་བསླབ།། གང་གིས་ལེགས་པར་བཤད་པའི་ཚིག་འདི་ནི་མཆོག་གི་བཀྲ་ཤིས་སོ།། པ་དང་མལ་བསྙེན་བཀུར་བྱ།། བུ་དང་ཆུངས་རྗེས་སུ་གཟུང་།། མི་མཐུན་པ ་ཡིས་ལས་མི་བྱ།། འདི་ནི་མཆོག་གི་བཀྲ་ཤིས་སོ།། སྦྱིན་པ་ཆོས་ཀྱི་སྤྱོད་པ་དང་།། གཉེན་འདུན་རྣམས་ནི་རྗེས་སུ་གཟུང་།། ཁན་མཐོའི་ལས་མི་བྱ།། འདི་ན ་མཆོག་གྲི་བཀྲ་ཤིས་སོ།། སྡིག་ལ་དགའ་བ་སྤང་བར་བྱ།། ཆང་གི་བཏུང་བ་རྣམ་པར་སྡང་།། གང་ཞིག་ཆོས་ལ་བག་ཡོད་པ།། འདི་ནི་མཆོག་གི་བཀྲ་ཤེས་སོ།། གློ་བུར་བླ་མགུས་པར་བྱ།། བྱས་པ ་ཤེས་ཤིང་གུས་པར་བྱ།། དུས་སུ་ཆོས་ནི་མཉན་པར་བྱ།། འདི་ནི་མཆོག་གི་བཀྲ་ཤིས་སོ།། ཚིག་ངན་པ་ནི་བཟོད་པར་བྱ།། དགེ་སྦྱོང་རྣམས་ནི་མཐོང་བར་བྱ།། དུས་སུ་ཆོས་ཀྱི་འཕེལ་ག་ཏམ ་བྱ་འདི་ནི་མཆོག་གི་བཀྲ་ཤིས་སོ།། དཀའ་ཐུབ་དང་ནི་ཚངས་སྤྱོད་བྱ།། འཕགས་པའི་བདེན་པ་མཐོང་བར་བྱ།། མྱ་ངན་འདས་པ་མངོན་སུམ་བྱ།། འདི་ནི་མཆོག་གི་བཀྲ་ཤིས་སོ།། ་འཇིག་རྟེན་ཆོས་ལ་དྲིས་པ་ན།། གང་ཞིག་སེམས་ནི་གཡོ་མི་བྱ།། མྱ་ངན་མི་དགའ་མེད་བཟོད་བྱ།། འདི་ནི་མཆོག་གི་བཀྲ་ཤིས་སོ།། དེ་ལྟར་བཤད་པར་བྱས་པ་རྣམས།། ཐམས་ཅད་དུ་ནི་རྒྱལ་བ། ་དང་། ཐམས་ཅད་དུ་ནི་ཞི་བར་འགྲོ།། དེ་རྣམས་དེ་ལ་མཆོག་བཀྲ་ཤིས།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷ་དེ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར ་བསྟོད་དོ།། བཀྲ་ཤིས་ཆེན་པོའི་མདོ་རྫོགས་སོ།། ། པནྟི་ཏ་ཆེན་པོ་ཨ་ནནྡ་ཤྲཱིའི་ཞལ་སྔ་ནས། མང་དུ་ཐོས་པའི་ལོ་ཙྪ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང ་པོས་གང་གཉིས་སྦ་བ་རྣམས་ཀྱི་གདན་ས་གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། སའི་སྟེང་དུ་ཉི་མ་དང་ཟླ་ལྟར་གྱུར་སྟི།། རྫ་འགྱུར་ཡང་ཡོད། ་