| Wylie | e-texts produced with BDRC’s OCR application |
བསྒྱུར་ཅིང་ནུས་ཏེ་གཏན་ལ་ཕབ་པའོ།། སའི་སྟེང་དུ་ཅི་མ་དང་ཟླ་བ་ལྟར་གྱུར་ཅིག། རྒྱ་གར་སྐང་དུ་ཀ་ཙནྡྲ་སྥུ་ཏྲ། བོང་ནང་དུ། རྫ་བའི་མ ་འབིགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལ།། འདི་ཟད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མནན་ཡོད་རྒྱལ་བྱེད་ཚལ་མགོན་མེད་ཟླས་སྦྱིན་གྱི་ཀུན་དགའ་ར་བ་ན་བརྒྱ། ་སོ། དེ་ནས་དེའི་ཚེ་ལྷའི་བུ་ཟླ་བ་ལྔ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་གྱིས་བཟུང་ནས། དེ་ནས་ལྷའི་བུ་ཟ་བས་བཅོམ་ལྡན་འདས་རྗེས་སུ་དྲན་པ་ཡིད་ལ་བྱས་ཏེ་དེའི་དུས་སུ་ཚིགས་སུ་བཅད་པའང ་གསོལ་ཏོ།། སངས་རྒྱས་དཔའ་བོ་དེ་ལ་འདུད།། ཐམས་ཅད་མྱུར་དུ་གྲོལ་བར་གྱིས།། བདག་འདིའི་ཁ་རུ་བཅུག་པས་ན།། བདག་ནི་ཁྱོད་ལ་སྐྱབས་སུ་འགྲོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི ་བུ་ཟླ་བའི་ཆེད་དུ། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་ལ་ཚིགས་སུ་བཅད་པ་བཀའ་སྩལ་པ། སངས་རྒྱས་འཇིག་རྟེན་ལ་བརྩེ་བས།། དགྲ་བཅོམ་དེ་བཞིན་གཤེགས་པ་ལ།། ཟླ་བ་སྐྱབས་སུ་སོང ་བསན། སྒྲགཅན་འཛིན་གྱིས་ཟླ་བ་མཐོང་།། དེ་ནས་ལཱ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་གྱིས་ལྷའི་བུ་ཟླ་བ་ཐོལ་བར་བྱས་ནས། སྔར་གྱི་གཟུགས་བཞིན་དུ་གང་སུ་ཞིག་གིས། ་ལྷ་མ་ཡིན་གྱི་དབང་པོ་ཐགས་བཟང་རིས་ཀྱི་དྲུང་དུ་སོང་ཞིང་སོང་ནས། སེམས་མི་དགའ་ཞིང་ཡི་མུག་པས་བ་སྤུ་ལངས་པར་གྱུར་པས་ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས་ཡང་ལྷ་མ ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་ལ། ལྷ་མ་ཡིན་གྱི་དབང་པོ་ཐགས་བཟང་རིས་ཀྱིས་ཚིགས་སུ་བཅད་པ་སྨྲས་པ། ཅི་ཕྱིར་ཡིད་ནི་སྐྲག་པར་གྱུར།། སྒྲ་གཅན་འཛིན་གྱིས་ཟླ་བ་ཐོང་།། གཟུགས་ཀྱི ་རྣམ་འགྱུར་ཀུན་ཏུ་ངན།། ཅི་ཕྱིར་འཇིགས་པར་འདི་རུ་ལྷགས།། སྒྲ་གཅན་འཛིན་གྱིས་སྨྲས་པ།། སངས་རྒྱས་ཚིགས་བཅད་ཐོས་ནས་ནི།། ཟླ་བ་བདག་གིས་མ་བཏང་ན།། མགོ་བོ་ཚལ་པ་བདུན ་འགས་ཤིང་།། འཚོ་བ་ལ་ནི་བདེ་བ་མེད།། ཟླ་བའི་མདོ་རྫོགས་སོ།། པནཱི་ཏ་ཆེན་པོ་ཨཱ་ནནྡ་ཤྲཱིའི་ཞལ་སྔ་ནས། མང་དུ་ཐོས་པའི་ལོ་ཙྪ་བ་ཤཱཀྱའི་དགེ་སློང་ཅི་མ་རྒྱལ་མཚ། ་དཔལ་བཟང་པོས་སྐད་གཉིས་སྨྲ་བ་རྣམས་ཀྱི་གདན་ས་གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། སའི་སྟེང་དུ་ཉི་མ་དང་ཟླ་བ་ལྟར་གྱུར་ཅིག། ་