CLOSE WINDOW

Ty054-015: klu'i rgyal po dga' bo nyer dga' 'dul ba'i mdo
Wyliee-texts produced with BDRC’s OCR application

ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱིར་སོང་ངོ་།། གཞོན་ནུ་དཔེའི་མདོ་རྫོགས་སོ།། །། ་རྒྱ་གར་སྐད་དུ། ནཱནྡོ་པནྡ་ནཱ་ག་རཱ་ཛ་ད་མ་ན་སཱུ་ཏྲ། བོད་སྐད་དུ། ཀླུའི་རྒྱལ་པོ་དགའ་བོ་ཉེ་དགའ་འདུལ་བའི་མདོ། འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ།། འདི་སྐད་བདག ་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། ཁྱིམ་བདག་མགོན་མེད་ཟས་སྦྱིན་དུས་གཅིག་ན། བཅོམ་ལྡན ་འདས་ཀྱིས་ཆོས་བསྟན་པ་ཐོས་ནས། བཙུན་པ་དགེ་སློང་ལྔ་བརྒྱ་དང་བཅས་པ་སང་ནང་པར་བདག་གི་ཁྱིམ་དུ་གདུགས་ཚོད་ལ་འབྱོན་པར་ཞུ་ཞེས་མགྲོན་དུ་གཉེར་ཏོ།། བཅོམ་ལྡན་འདས་ཀྱིས་དེ་ལ ་གནང་ནས། དེའི་ཉིན་མོ་ལྷག་མ་དང་མཚན་མོའི་མཐའ་འདས་ནས་ཐོ་རངས་ཀྱི་དུས་སུ་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ལ་ཐུགས་ཀྱིས་རྣམ་པར་དགོངས་སོ།། དེ་ནས་ཀླུའི་རྒྱལ་པོ་དགའ་བོ ་དགའ་ཞེས་བྱ་བ་ཡེ་ཤེས་ཀྱི་སྒོ་ནས་མངོན་དུ་བྱས་སོ།། དེ་ལ་ངེས་པར་ལེགས་པའི་ས་བོན་ཡོད་དམ་ཞེས་བརྟགས་པ་ན། འདི་ནི་ལོག་པར་ལྟ་བ་ཅན་དཀོན་མཆོག་གསུམ་ལ་དད་པ་མེད་པར་གཟིགས ་སོ་གཟིགས་ནས་གང་ཞིག་འདི་ནི་ལོག་པར་ལྟ་བ་ལས་རྣམ་པར་གྲོལ་བར་བྱ་བའི་ཕྱིར། འདུལ་བར་བྱེད་པ་གནས་བརྟན་ཆེན་པོ་མོ་འུ་འག་ལུ་མས་དེ་ནས་མཚན་མོ་ཐོ་རངས་ཀྱི་དུས། ་སུ་སྲུའི་བྱི་དོར་མཛད་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་བོས་ཏེ་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་ལྔ་བརྒྱ་དང་བཅས་པའི་བཅོམ་ལྡན་འདས་ལྷའི་འཇིག་རྟེན་དུ་གཤེགས་སོ་ཞེས་གྱོན་ཅིག ་དེས་བཙུན་པ་བཀའ་བཞིན་འཚལ་ལོ་ཞེས་གསོལ་ནས་དགེ་སློང་རྣམས་ལ་དྲོན་དེ་སྨྲས་སོ།། དེའི་ཉི་མ་ལ་དགའ་བོ་ཅི་དགའ་ཅེར་བསྡོགས་བྱས་སོ།། དེ་ལྷའི་རིན་པོ་ཆེའི་སྟེང་དུ་རྩིལ་ཀྲུང་གིས ་གནས་ཏེ། ལྷའི་གདུགས་དཀར་པོ་བཟུང་ངོ་།། ཀུ་དང་ཀླུ་མོ་གར་བྱེད་ཅིང་ཀླུའི་འཁོར་གཡོག་དུ་མས་བསྐོར་ཏེ། ལྷའི་སྣོད་ཉེ་བྲར་བཞག་ནས་བཟའ་བ་དང་བཏུང་བ་རྣམ་པ་སྣ་ཚོགས་པ་ལ་རྟོག ་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་ཇི་ལྟ་བར་གཟིགས་སོ།། དེ་ལྟར་བྱས་པ་གཟིགས་ནས་དེའི་མགོ་བོའི་སྟེང་གིས་བླ་བྲེས་ཀྱི་སྟེང་ཉིད་ནས་བཅོམ་ལྡན་འདས་དགེ་སློང་ལྔ ་བརྒྱ་དང་བཅས་པས་གཤེགས་ཏེ། སུམ་ཅུ་རྩ་གསུམ་གྱི་ལྷའི་བར་མངོན་སུམ་དུ་གྱུར་ཏོ།། དེའི་ཚེ་དེའི་དུས་ན་ཀླུའི་རྒྱལ་པོ་དགའ་བོ་ཉེ་དགའ་དེ་ལྟ་བུའི་གཟུགས་ཀྱིས་སྡིག་པའི་རྩ་བར་ལྷུང་བཿ ་བ་ངན་པའི་སེམས་སྐྱེས་སོ།། དགེ་སྦྱོང་མགོ་རེག་འདི་ངའི་སྟེང་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་འཇིག་རྟེན་གྱི་གནས་སུ་གཤེགས་པར་འགྱུར་རོ།། འདི་ནི་དལྟ་ནས་ངའི་མགོ་བོ་ལ་རྐང་པའི ་རྡུལ་མགོ་བོའི་སྟེང་དུ་ལྷུང་བར་བྱེད་པས་འགྲོ་རུ་མི་སྟེར་རོ་སྙམ་སྟེ། ལངས་ནས་རི་རབ་ཀྱི་རྩ་བར་སོང་ངོ་།། རང་གི་གཟུགས་བོར་ཧེ་རི་བོ་མཆོག་རབ་སྟེང་འོག་ཐམས་ཅད ་རང་གི་ལུས་ཀྱི་ས་ལན་བདུན་དུ་དཀྲིས་ནས་སྟེང་དུ་གདེངས་ཀ་བྱས་ཏེ། སུམ་ཅུ་རྩ་གསུམ་པ་རྣམས་ཀྱིས་མི་མཐོང་བར་བྱ་བའི་ཕྱིར་རོ།། དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གིས་བཅོམ་ལྡན ་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་སྔར་བཞིན་གནས་འདིའི་ཕྱོགས་སུ་འདུག་ནས་རིའི་མཆོག་རབ་མཐོང་ངོ་།། རི་བོ་མཆོག་རབ་འཁོར་དང་བཅས་པ་མཐོང་ངོ་།། སུམ་ཅུ་རྩ ་གསུམ་མཐོང་ངོ་།། རྣམས་པར་རྒྱལ་བའི་ཁང་བཟང་མཐོང་ངོ་།། རྣམ་པར་རྒྱལ་བའི་ཁང་བཟང་གི་སྟེང་གི་རྒྱལ་མཚན་མཐོང་ངོ་།། བཙུན་པ་ཅིའི་རྒྱུ་ཅིའི་རྐྱེན་ལགས། ད་ནི་རི་བོ་མཆོག ་རབ་མི་མཐོང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡུལ་འཁོར་སྐྱོང་འདི་ནི་ཀླུའི་རྒྱལ་པོ་དགའ་བོ་ཉེ་དགའ་ཞེས་པ་ཁྱེད་རྣམས་ལ་ཁྲོས་པར་གྱུར་ཏེ། རི་བོ་མཆོག་དབྲལ་ན་བདུན་དུ ་ལུས་ཀྱིས་དཀྲིས་ནས་སྟེང་དུ་གདེངས་ཀས་བསྒྲིབས་སོ།། མུན་པ་མུན་ནག་ཏུ་བྱས་ནས་གནས་སོ།། གསོལ་པ། བཙུན་པ་བདག་གིས་འདུལ་བར་བགྱི་འམ། བཅོམ་ལྡན་འདས་ཀྱིས་གནང་བ་མ ་བྱིན་ནོ།། དེ་ནས་ཚེ་དང་ལྡན་པ་བཟང་ལྡན་དང་། ཚེ་དང་ལྡན་པ་སྒྲ་གཅན་འཛིན་ཏེ། གོ་རིམས་བཞིན་དུ་དགེ་སློང་ཐམས་ཅད་ཀྱིས་ཞུས་སོ།། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་མ་བྱིན་ནོ།། ་ཐམས་ཅད་ཀྱི་རྗེས་སུ་གནས་བརྟན་ཆེན་པོ་མོའུ་འགལ་གྱི་བུ་ས་བཙུན་པ་བདག་གིས་གདུལ་བར་བགྱི་འམ་ཞེས་ཞུས་པ་དང་། མོའུ་འགལ་གྱི་བུ་ཐུལ་ཅིག་ཅེས་བཅོམ་ལྡན་འདས་ཀྱིས་གནང་བ་མ་བྱིན། ་ནོ།། གནས་བརྟན་རང་གི་ལུས་བོར་ལ་ཀླུའི་རྒྱལ་པོའི་ལུས་ཆེན་པོར་སྤྲུལ་ཏེ། དགའ་བོ་ཆེ་དགའི་ལུས་ཀྱི་སྟེང་དུ་ལན་བཅུ་བཞི་ལུས་ཀྱིས་དཀྲི་བ་དང་། དེའི་གདེངས་ཀའི་སྟེང་དུ་རང་གི་ག་དེང ་ཀ་བྱའོ།། རི་བོ་མཆོག་རབ་དང་བཅས་པ་ཐམས་ཅད་ནོན་ཅིག་ཅེས་བཀའ་སྩལ་པ་དང་། གནས་བརྟན་མོའུ་འགལ་གྱི་བུས་དེ་བཞིན་དུ་བྱས་སོ།། དེ་ནས་ཀླུའི་རྒྱལ་པོ་དགའ་བོ་ཉེ་དགས་འ་རླངས ་ཀྱི་དུ་བ་བཏང་ངོ་།། གནས་བརྟན་གྱིས་ཀྱང་ཁྱེད་ཀྱི་ལུས་ལ་ཁ་རླངས་ཀྱི་དུ་བ་ཡོད་ལ། ངེད་ལ་མེད་པ་ཡིན། ཀླུའི་རྒྱལ་པོ་དགའ་བོ་ཉེ་དགའི་དུ་བས་གནས་བརྟན་ལ་གནོད་པར་མ་གྱུར་ཏོ།། གནས ་བཅན་གྱི་ཁ་རླངས་ཀྱི་དུ་བས་ཀླུའི་རྒྱལ་པོ་ལ་གནོད་པར་གྱུར་ཏོ།། ཀླུའི་རྒྱལ་པོ་རབ་ཏུ་འབར་རོ།། གནས་བརྟན་གྱིས་ཁྱེད་ཀྱི་ལུས་ལ་འབར་བ་ཡོད་པ་བཞིན་ངེད་ལ་མེད་དམ་ཞེས་འབར་བར ་བྱས་སོ།། ཀླུའི་རྒྱལ་པོའི་མི་འོད་ཀྱིས་གནས་བརྟན་ལ་གནོད་པར་མ་གྱུར་ཏོ།། གནས་བརྟན་གྱི་མེ་འོད་ཀྱིས་ཀླུའི་རྒྱལ་པོ་ལ་གནོད་པར་གྱུར་ཏོ།། ཀླུའི་རྒྱལ་པོས་བསམས་པ། འདི་ནི ་བདག་གི་ལུས་རི་བོ་མཆོག་རབ་དང་བཅས་པ་ངེས་པ་གནན་ནས་དུ་བ་དང་མེ་འབར་བར་བྱེད་དོ་སྙམ་ནས། ཁྱེད་གང་ཡིན་ཅེས་དྲིས་སོ།། བདག་མོའུ་འགལ་ཞེས་བྱའོ།། བཙུན་པ་རང་གི་གཟུག ་ཀྱིས་གནས་པར་གྱིས་ཤིག། གནས་བརྟན་གྱིས་ཀླུའི་ལུས་དོར་ནས། དེའི་རྣ་བ་གཡས་པའི་བུ་ག་ནས་ཞུགས་ཏེ། རྣ་བ་གཡོན་པའི་བུ་གནས་འཐོན་ནོ།། ཡང་རྣ་བ་གཡོན། ་པའི་བུ་ག་ནས་ཞུགས་ནས། རྣ་བ་གཡས་པའི་བུག་ནས་འཐོན་ནོ།། དེ་བཞིན་དུ་སྣ་གཡས་པའི་བུ་ག་ནས་ཞུགས་ནས། སྣ་གཡོན་པའི་བུ་ག་ནས་འཐོན་ཏེ། ཡང་སྣ་གཡོན་པའི་བུ་གནས་ཞུགས་ནས། ་སྒྲ་གཡས་པའི་བུ་གནས་འཐོན་ནོ།། དེ་ནས་ཀླུའི་རྒྱལ་པོའི་ཁག་དངས་སོ།། གནས་བརྟན་ཁར་ཞུགས་ནས། གསུས་པའི་ནང་དུ་མདུན་རྒྱབ་ཏུ་ཡང་དང་ཡང་དུ་རྒྱུས་སོ།། བཅོམ་ལྡན་འདས ་ཀྱི་མོ་དུ་ནནལ་ནི་བུ་རྫུ་འཕྲུལ་ཆེར་ཡིད་ལ་གྱིས་ཤིག། ཀླུ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་ཡིན་ནོ་ཞེས་བཀའ་སྩལ་ཏོ།། གནས་བརྟན་གྱིས། བཙུན་པ་བདག་གིས་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པ་དང་།། ་མང་དུ་བྱས་པ་དང་། བརྩོན་པར་བྱས་པ་དང་། གཞིར་བྱས་པ་དང་། རྗེས་སུ་བསྒྲུབས་པ་དང་། འདྲིས་པར་བྱས་པས་ལེགས་པར་བརྩམས་སོ།། བཙུན་པ་དགའ་བོ་ཉེ་དགའ་ལྟ་ཞོག། དགའ ་བོཔོཉེ་དགའ་དང་མཚུངས་པར་བརྒྱའི་ཚོགས་དང་། སྐྱོང་གི་ཚོགས་དང་། འབུམ་གྱི་ཚོགས་ཀྱང་བདག་གིས་གདུལ་བར་ནུས་སོ་ཞེས་གསོལ་ཏོ།། ཀླུའི་རྒྱལ་པོས་བསམས་པ། ནང་ན་རྩུ་བ ་བདག་གིས་མ་མཐོང་ངོ་།། ཕྱིར་འབྱུང་བའི་ཚེ་མཆེ་བ་གཉིས་ཀྱི་བར་དུ་བཟའ་འོ་སྙམ་ནས། བཙུན་པ་ཕྱིར་ཤོག། ངའི་ལྟོ་བའི་ནང་དུ་ཡང་དང་ཡང་དུ་རྒྱུ་བ་དང་། སྡོད་པས་ཅི་བྱ་ཞེས་པས ་གནས་བརྟན་ཕྱིར་བྱོན་ནས་གནས་སོ།། ཀླུའི་རྒྱལ་པོའི་མཐོང་ནས། འདི་ཡིན་ནམ་ཞེས་སྨྲས་ཏེ། རྩཝའི་ཅུང་ཕྱིར་བཏང་ངོ་།། གནས་བརྟན་བསམས་གཏན་བཞི་པོ་མཉམ་པར་ཐོབ་པས།། ་བསྤུའི་བུག་གཅིག་ཏུ་ཡང་རྩཝའི་རླུང་གིས་བསྐྱེད་པར་མ་ནུས་སོ།། དེ་ལས་གཞན་པའི་དགེ་སློང་རྣམས་ཀྱིས་དང་པོ་རྣམས་ཀྱི་ཆོ་འཕྲུལ་ཐམས་ཅད་བྱེད་པར་ནུས་ཀྱིས། གནས་འདི་རྣམས་ལ ་རབ་ཏུ་ཞུགས་ནས། བསམ་གཏན་བཞི་པོ་མྱུར་དུ་བསྒྲུབ་པར་མ་ནུས་སོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་འདུལ་བ་དེ་རྣམས་ལ་གནང་བ་མ་བྱིན་ནོ།། ཀླུའི་རྒྱལ་པོ་བདག་གིས་དགེ ་སློང་འདིའི་བ་སྤུའི་བུ་ག་ཙམ་ཡང་སྣའི་རླུང་གིས་བསྐྱོད་པར་མ་ནུས་པས་རྫུ་འཕྲུལ་ཆེན་པོར་བསམས་སོ།། གནས་བརྟན་གྱིས་དགེ་སློང་གི་གཟུགས་དོར་ནས། འདབ་བཟང་བྱ་ཁྱུང་གི་གཟུགས ་སུ་མངོན་པར་སྤྲུལ། འདབ་བཟང་གི་ལུས་དེ་མཐོང་ནས་ཀླུའི་རྒྱལ་པོ་བྲོས་པར་གྱུར་ཏོ།། འདབ་བཟང་གི་རྗེས་སུ་འབྲེལ་བར་གུའི་རྒྱལ་པོས་རང་གི་གཟུགས་དོར་ནས་བྲམ་ཟེའི་ཁྱེའུའི་གཟུགས། ་སུ་སྤྲུལ་ཏོ།། བཙུན་པ་ཁྱོད་ལ་སྐྱབས་སུ་འགྲོའོ་ཞེས་རྗོད་པར་བྱེད་ཅིང་གནས་བརྟན་གྱི་ཞབས་ལ་ཕྱག་འཚལ་ལོ།། གནས་བརྟན་གྱིས་སྟོན་པའི་ཐད་དུ་ཤོག་ཅིག་འགྲོ་བ་ཡིན་ནོ་ཞེས་ཀླུའི ་རྒྱལ་པོ་བཏུལ་ནས་དུག་མེད་པར་བྱས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་ནོ།། ཀླུའི་རྒྱལ་པོས་བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ། བཙུན་པ་ཁྱོད་ལ་སྐྱབས་སུ་འགྲོའོ་ཞེས་གསོལ་ཏེ ་བཅོམ་ལྡན་འདས་ཀྱིས་ལེགས་སོ་ཞེས་བཀའ་སྩལ་ནས། དགེ་སློང་འཁོར་དང་བཅས་པ་མགོན་མེད་ཟས་སྦྱིན་གྱི་གནས་སུ་གཤེགས་སོ།། མགོན་མེད་ཟས་སྦྱིན་གྱིས། ་བཙུན་པ་ཡུན་རིང་པོར་མི་བྱོན་པ་ཅི་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་མོའུ་འགལ་གྱི་བུ་དང་། དགའ་བོ་ཉེ་དགའ་གཉིས་གཡུལ་བཀྱེའོ་ཞེས་བཀའ་སྩལ་ཏེ། བཙུན་པ་སུ་ཞིག་ཕམ། སུ ་ཞིག་རྒྱལ་བར་གྱུར་ཅེས་གསོལ་པས། ཁྱིམ་བདག་མོའུ་འགལ་གྱི་བུ་རྒྱལ་བར་འགྱུར། དགའ་བོ་ཉེ་དགའ་ཕམ་པར་གྱུར་ཏོ་ཞེས་བཀའ་སྩལ་ཏོ།། མགོན་མེད་ཟས་སྦྱིན་གྱིས་བཙུན་པ་བཅོམ ་ལྡན་འདས་ལ་ཞག་བདུན་དུ་རིམ་པ་བཞིན་དུ་གདུགས་ཚོད་གསོལ་བར་ཞུས། གནས་བརྟན་ལ་བཀུར་སྟི་དང་བསྟི་སྟང་བགྱིད་པར་ཞུས་སོ།། སངས་རྒྱས་ལ་སོགས་པའི་དགེ་སློང་ལྔ་བརྒྱ་པོ་རྣམས ་ལབཀུར་རྩི་དང་སྟི་བྱུང་ཞག་བདུན་དུ་བགྱིད་པར་འཚལ་ལོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད། ་དོ། གྲུའི་རྒྱལ་པོ་དགའ་བོ་ཉེ་དགའ་འདུལ་བའི་མདོ་རྫོགས་སོ།། ། པཎྜི་ཏ་ཆེན་པོ་ཨཱ་ནནྟ་ཤཱིའི་ཞལ་སྔ་ནས། མང་དུ་ཐོས་པའི་ལོ་ཙྪ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན ་དཔལ་བཟང་པོས་རྐང་གཉིས་སྨྲ་བ་རྣམས་ཀྱི་གདན་ས་གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། སའི་སྟེང་དུ་ཉི་མ་དང་ཟླ་བ་ལྷར་གྱུར་ཅིག། ་