| Wylie | e-texts produced with BDRC’s OCR application |
བོད་ཀྱི་ལོ་ཙ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པ། རྒྱ་གར་སྐད་དུ། ཀུ་མཱ་ར་དྲིཙྪ་ཏ་སཱུ་ཏྲ། བོད་སྐད་དུ། གནོ ་རུའི་དཔེའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཀོ་ས་ལའོའི།། ་ལྗོངས་རྒྱུ་ཞིང་གཤེགས་པ་དང་། མཉན་ཡོད་དུ་བྱོན་ནས། མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་པོ་གསལ་རྒྱལ། ་གྱིས་དགེ་སྦྱོང་གོའུ་ཏ་མ་ཀོ་ས་ལའི་ལྗོངས་རྒྱུ་ཞིང་གཤེགས་པ་དང་། མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། ཤེས་ལྡན་གོའུ་ཏ་མ་དེ་བླ་ན་མེད་པ་ཡང་། ་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པར་བདག་ཉིད་ཞལ་གྱིས་འཆེའོ་ཞེས་ཐོས་སོ།། ཐོས་ནས་ཀྱང་བཅོམ་ལྡན་འདས་གང་ན་བ་དེར་སོང་ཕྱིན་ནས། བཅོམ་ལྡན་འདས་དང་ལྷན་ཅིག་མངོན ་དུ་ཡང་དག་པར་དགའ་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་པ་སྣ་ཚོགས་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་གོའུ་ཏ་མ་བདག་གིས་ཤེས་ལྡན་གོའུ་ཏམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པར་བདག་ཉིད་ཞལ་གྱིས་འཆེའོ་ཞེས ་ཐོས་ལགས་ན། གོའུ་ཏ་མ་གང་དག་དེ་སྐད་ཅེས་ལུང་བསྟན་པ་དེ་དག་ཇི་ག་དགེ་སྦྱོང་གོའུ་ཏ་མ་ལ་སྐུར་པ་འདེབས་པ་མ་ལགས་སམ། ཐལ་བར་སྨྲ་བ་ལགས་སམ། ཤེས་ལྡན་གོའུ་ཏ་མས་གསུངས་པ་བཞིན ་རྩ་བ་ལགས་སམ། ཆོས་སྨྲ་བ་ལགས་སམ། ཆོས་དང་འཐུན་པའི་ཆོས་ལུང་སྟོན་པ་ལགས་སམ། ཇིག་དེ་དག་གི་དྲུང་དུ་ཕ་རོལ་པོ་ཆོས་དང་འཐུན་པར་རྩོད་པའི་རྗེས་སུ་རྩོད་པ་མཆིས་ན། སྡོད། ་པའི་ཆོས་ཀྱི་གནས་མི་འགྱུར་ལགས་སམ། རྒྱལ་པོ་ཆེན་པོ་གང་དག་དེ་སྐད་དུ་སྨྲ་བ་དེ་དག་ནི་དེ་སྐད་དུ་ལུང་སྟོན་པ་བདེན་ཏེ། ང་ལ་སྐུར་པ་འདི་འདེབས་པ་མ་ཡིན། ཐལ་བར་སྨྲ་བ་མ་ཡིན། དེ་ནི་གསུང ་ནི་ཨཱ་པན། ཆོས་དང་འཐུན་པའི་ཆོས་ལུང་སྟོན་པ་ཡིན་ཏེ། དེ་དག་གི་དྲུང་དུ་ཕ་རོལ་པོ་ཆོས་དང་འཐུན་པའི་རྩོད་པའི་རྗེས་སུ་རྩོད་པ་འོངས་ན། སྨོད་པའི་ཆོས་ཀྱི་གནས་སུ་མི་འགྱུར་རོ།། རྒྱས་། ་ཆེན་པོ་དེ་ཅིའི་ཕྱིར་ཞེ་ན། ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་སོ།། ཤེས་ལྡན་གོའུ་ཏ་མ་དེ་སྐད་གསུངས་མོད་ཀྱི། ཤེས་ལྡན་གོའུ་ཏ་མ་ལ་བདག་ཡིད་མི་ཆེས་ལ།། ་སོ།། དེ་ཅིའི་སྲད་དུ་ཞེ་ན། ཀྱེ་གོའུ་ཏ་མ་རེ་ཞིག་རྒན་ནི་རྒན་པའི་དགེ་སྦྱོང་དང་བྲམ་ཟེ་ནི་འདི་དག་ལགས་ཏེ། འདི་ལྟ་སྟེ། འོད་སྲུངས་རྫོགས་བྱེད་དང་། ཀུན་ཏུ་རྒྱུ་གནག་རྫས་ཀྱི་བུ་དང་། ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། མི་ཕམ་སྒྲའི་ལ་བ་ཅན་དང་། ཀཏྱའི་བུ་ནོག་ཅན་དང་། གཅེར་བུ་པ་གཉེན་གྱི་བུ་གང་ལགས་པ་དེ་དག་ཀྱང་། ད་དུང་བླ་ན་མེད་པ་ཡང་དག་པར་རྫོགས་པའི།། ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བདག་ཉིད་གཡར་གྱིས་མི་འཆེ་ལགས་ན། ཤེས་ལྡན་གོ་རུ་ཏ་མ་འཁྲུངས་ནས་རིང་པོར་མ་ལགས་པ་གསར་དུ་རབ་ཏུ་བྱུང་བས་ལྷ་སྨོས་ཀྱང་ཅི་འཚལ ་རྒྱལ་པོ་ཆེན་པོ་གཞོན་ནུ་བཞི་པོ་འདི་དག་ལ་བྱང་དུ་གསད་པར་མི་བྱ། ཟིལ་གྱིས་གནོན་པར་མི་བུ་རྩེག་བ་ཞི་གང་ཞེ་ན། རྒྱལ་པོ་ཆེན་པོ་རྒྱལ་རིགས་གསོན་ནུ་བྱང་དུ་གས་པ་མི་བྱ། ་གཞོན་ནུ་ལ་ཟིལ་གྱིས་གནན་པར་མི་བྱའོ།། རྒྱལ་པོ་ཆེན་པོ་སྦྲུལ་གཞོན་ནུ་ལ་ཁྱད་དུ་གསད་པར་མི་བྱ། གཞོན་ནུ་ལ་ཟིལ་གྱིས་གནན་པར་མི་བྱའོ།། རྒྱལ་པོ་ཆེན་པོ་མེ་ཆུང་ངུ་ལ་ཁྱད་དུ་གསད་པར་མི་བྱ། ་ཟིལ་གྱིས་གནན་པར་མི་བྱའོ།། རྒྱལ་པོ་ཆེན་པོ་དགེ་སློང་གཞོན་ནུ་ཁྱད་དུ་གསད་པར་མི་བྱ། གཞོན་ནུ་ལ་ཟིལ་གྱིས་གནན་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་གཞོན་ནུར་གྱུར་ཀྱང་དེ་རྫུ་འཕྲུལ་ཆེ་ཞིང ་མཐུ་མཆེ་བའི་དགྲ་བཅོམ་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས།། བཀའ་སྩལ་ནས་ནི་བདེ་གཤེགས་ཀྱིས།། དེ་སྐད་ཅེས་ནི་བཀའ་སྩལ་ནས།། སྟོན་པས་གཞན་ཡང་འདི ་སྐད་གསུངས།། རྒྱལ་རིགས་པེ་མེད་ལྡན་པ་དང་།། རིགས་བཙུན་གྲགས་པར་ལྡན་པ་ནི།། བློ་དང་ལྡན་པས་དེ་བཞིན་ཞེས།། ཁྱད་དུ་མི་གསད་ཟིལ་མི་གནན།། རྒྱལ་པོ་རྒྱལ་རིགས་མཁས་པ། ་ཡིས་རྒྱལ་སྲིད་དག་ནི་ཐོབ་གྱུར་ནས།། ཆད་པས་གསད་པའི་གནས་དེ་ཡོད།། དེ་བས་དེ་ལ་ཤིན་ཏུ་བཏུད།། དེ་ལ་རང་གི་སྲོག་བསྲུང་ཞིང་།། རང་གི་དོན་ལ་ལྟ་བས་ནི།། དེ་ནི་ཁྱད་དུ་མི ་གསད་ཅིང་།། དེ་ལ་ལེགས་པར་བག་ཀྱང་བྱ།། གལ་ཏེ་གྲོང་ངམ་དགོན་པའང་རུང་།། གང་དུ་སྦྲུལ་ནི་མཐོང་གྱུར་ན།། བློ་དང་ལྡན་པས་དེ་བཞིན་ཞེས།། ཁྱད་དུ་མི་གསད་ཟིལ་མི་གནན།། ་འདི་སྐར་སྦྲུལ་ནི་དྷཱུ་བམ།། རིགས་ནི་རྣམ་པ་སྣ་ཚོགས་པ་ལྤགས་ནེད་ནས་ནི་གཞོན་ནུས་ཀྱང་།། སྐྱེས་པ་བུད་མེད་དུ་མཐིམ་དེ་སས་རང་གི་ཟོ་གཟུང་ཞིང་། རང་གི་དོན་ལ་ཟླ་བས་མ་། ་ནི་ཁྱད་དུ་མིགསད་ཅིང་།། དེ་ལ་ལེགས་པར་བག་ཀྱང་བྱ།། འབར་བ་མང་བ་ཟ་བྱེད་པ།། བྱིན་ཟལ་མ་སྔོན་ལྡན་པ་དེ།། ཆུང་ཡང་ཁྱད་དུ་མིགསད་ཅིང་།། མཁས་པས་ཟིལ་གྱིས་གནན་མི་བྱ། ་ཉེ་བར་ལེན་པས་བྱིན་པ་ནི།། ཆུང་ངུ་གྱུར་ལས་ཆེན་པོར་འགྱུར།། མེ་ལྕེ་འབར་བས་མྱུར་བར་ནི།། གྲོང་དང་གྲོང་ཁྱེར་སྲེག་པར་བྱེད།། དེ་ཕྱིར་བདག་སྲོག་སྲུང་བྱེད་པས།། དེ་ནི་ཁྱད་དུ་མི་གསད་ཅིང་།། ་བདག་ཉིད་དོན་ལ་ལེགས་ལྟ་བས།། དེ་ལ་ལེགས་པར་བག་ཀྱང་བྱ།། བྱིན་ཟལ་མ་སྔོན་ལྡན་གྱུར་པའི།། མི་ཡིས་ཚེང་ཚིང་གང་བསྲེགས་པ།། དེ་ལ་ཉིན་མཚན་འདས་གྱུར་པས།། ལ་ལར་ལོ་མ་སྐྱེ ་བར་འགྱུར།། གང་གིས་ཚུལ་ཁྲིམས་ལྡན་པ་ཡི།། དགེ་སློང་རྙེད་ནས་སྲེག་བྱེད་པ།། དེ་ལ་བུ་དང་ཚ་བོ་དང་།། བགོ་སྐལ་ཡོད་པར་མི་འགྱུར་ཏེ།། ཧ་ལའི་མགོ་བཞིན་མི་རིང་བར།། རིགས་ཆུད་དང ་ཡང་བྲལ་བར་འགྱུར།། དེ་ཕྱིར་བདག་སྲོག་སྲུང་བྱེད་པས།། དེ་ནི་ཁྱད་དུ་གསད་མི་བྱ།། བདག་ཉིད་དོན་ལ་ལེགས་ལྟ་བས།། དེ་ལ་ལེགས་པར་བག་ཀྱང་བྱ།། རྒྱལ་རིགས་དཔེ་བྱད་ལྡན་པ་དང་། ་བྲང་འགྲོ་མེ་དང་དེ་བཞིན་དུ།། དགེ་སློང་ཚུལ་ཁྲིམས་ལྡན་པ་དེ།། མཁས་པས་ཟིལ་གྱིས་གནན་མི་བྱ།། དེ་ཕྱིར་བདག་སྲོག་སྲུང་བྱེད་པས།། དེ་ནི་བྱང་དུ་གསད་མི་བྱ།། བདག་ཉིད་དོན་ལ་ཡེས། ་རྩ་བས།། དེ་ནི་ལེགས་པར་སྤང་བར་བྱ།། དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རང་བ་བྱས། ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱིར་སོང་ངོ་།། གཞོན་ནུ་དཔེའི་མདོ་རྫོགས་སོ།། །། ་