CLOSE WINDOW

Ty054-010: las kyi rnam par 'gyur ba zhes bya ba'i chos kyi gzhung
Wyliee-texts produced with BDRC’s OCR application

དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཕ་མའི་མདོ་རྫོགས་སོ།། རྒྱ་གར་སྐད་དུ། ཀརྨ་པི་བང་ཀ ་ནཱ་མ་དྷརྨ་པ་རི་ཡ་ཡ། བོད་སྐད་དུ། ལས་ཀྱི་རྣམ་པར་འགྱུར་བ་ཞེས་བྱ་བའི་ཆོས་ཀྱི་གཟུང་བམ་པོ་གཅིག་གོ།། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག ་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཆེ་ལེ་སྐྱབས་མེད་པ་ལ་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ ་འདུད་ཆེན་པོ་བརྒྱ་སྟོང་ཕྲག་ཕྱེད་དང་བཅུ་གསུམ་དང་ལྡན་གཅིག་ཏུ་བཞུགས་སོ།། དེ་ནས་ཏོའུ་ཏེ་ཡའི་བུ་ཤོ་ཀོ་མ་ནབ་བཅོམ་ལྡན་འདས་ག་ལ་འདེར་སོང་རྗེ་ཅན་ནས། བཅོམ་ལྡན ་འདས་དང་ལྡན་གཅིག་ཏུ་ཡང་དག་པར་མགུ་བ་དུང་། ཡང་དག་པར་རངས་པའི་གཏམ་རྣམ་པ་མང་པོ་བཤད་དེ་ཕྱོགས་གཅིན་ཏུ་འདུག་གོ། ཧོའུ་ཏེ་ཡའི་བུ་ཤོ་གོ་མན་པ་ཕྱོགས་གཅིག་ཏུ་འདུག ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གོའུ་ཧ་མ་ཁྱོད་ལ། བདག་ཅུང་ཤས་ཤིག་འདྲིས་ན། དྲིས་པའི་ལན་སླར་བཀའ་སྩལ་དུ་གསོལ། དེ་སྐད་ཅེས་གསོལ་བ་དང་། ་བཅོམ་ལྡན་འདས་ཀྱིས། སྒོའུ་དེ་ཡའི་བུ་ཤུ་ཀོ་མ་ན་བ་ལ་འདི་སྐད་ཅེས་གསུངས་སོ།། མ་ན་བ་ཇི་ལྟར་འདོད་པའི་བཞིན་དུ་དྲིས་ཤིག། ངས་ཁྱོད་ལ་བཤད་པར་བྱའོ།། དེ་ནས་ལྷོའུ་དེ་ཡའི་བུ་ཤུ ་ཀོ་མ་ན་བས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་གོའུ་ཏ་མ་སེམས་ཅན་རྣམས་ལ་ཚེ་ཐུང་བ་དང་། ཚེ་རིང་བ་དང་། ནད་མང་བ་དང་། ནང་ཅུང་བ་དང་། མི་སྡུག་པ་དང་། བཟང་། ་པོ་དང་། དབང་ཆུང་བ་དང་། དབང་ཆེ་བ་དང་། མ་རབས་ཀྱི་རིགས་དང་ཀཡ་བས་ཀྱི་རིགས་དང་། དབུལ་པོ་དང་། ཕྱུག་པོ་དང་། ངན་པ་དང་། ཤེས་རབ་ཆེ་ཆུང་དང་། སྐྱེད་སྡུག་ལ་སོགས ་པ་རྣམ་པ་མང་དུ་མཆིས་ན། ཀྱེ་གོའུ་ཏ་མ་ལས་ཀྱི་རྣམ་པར་སྨིན་པ་གང་གི་ཕྱིར་ན་སེམས་ཅན་སྣ་མང་པོར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ན་བ་ཁྱོད་ཉོན་ལ་དགེ་བའི་ཤིན ་ཏུ་ཡིད་ལ་ཟུང་ཞིག་དང་། དེའི་ཕྱི་རངས་བཤད་དོ།། མནབ་སེམས་ཅན་རྣམས་ནི་ཚེ་རབས་ཀྱི་ལས་ལས་གྱུར་ཏོ།། སྦྱིན་པའི་རྣམས་ཀྱང་ལས། སྐྱེ་བའི་རྣམས་ཀྱང་། ་ལས། སོ་སོར་རྒྱུར་བའང་ལས་ཏེ། མ་ན་བ་སེམས་ཅན་རྣམས་ནི་ལས་ཀྱིས་རྣམ་པར་བསྒྱུར་རོ།། དེ་བས་ན་ངན་པ་དང་། བར་མ་དང་། བཟང་པོའི་ཕྱིར་སེམས་ཅན་རྣམ་པ་མང་པོའང ་ལས་རྣམ་པ་མང་པོ་དང་། མྱ་ངན་རྣམ་པ་མང་པོ་དང་། ལྦ་བ་རྣམ་པ་མང་པོར་སྦྱར་བ་དྨོ། འདི་ལྟར་ནག་པོ་དང་། དཀར་པོ་ལས་རྣམ་པར་སྨིན་པའི་འབྲས་བུ་བཤད་དོ།། མན་པ་འདིས ་སྟེ་ལས་ནག་པོ་རྣམས་ཀྱིས་ནི། སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་དང་། རིང་དུ་འཁྱམས་པ་དང་། ཨ་སུ་ར་ལ་སོགས་པ་ངན་སོང་དུ་སྐྱེའོ།། ལས་དཀར་པོར་བགྱིས ་པ་རྣམས་ཀྱིས་ནི་ལྷ་དང་མིར་སྐྱེའོ།། མ་ན་བ་དེ་ལྟ་བས་ན། ལས་ཀྱི་རྣམ་པར་སྨིན་པས་ཚེ་ཐུང་བའང་ཡོད། ལས་ཀྱི་ཚེ་རིང་པོར་གྱུར་པའང་ཡོདལས་ཀྱིས་ནད་མང་པོར་གྱུར་པའང་ཡོད། ་ལས་ཀྱིས་ན་དེ་ཉུང་ངུ་གྱུར་པའང་ཡོད། ལས་ཀྱིས་མི་སྡུག་པར་འགྱུར་པའང་ཡོད། ལས་ཀྱིས་བཟང་པོར་འགྱུར་བའང་ཡོད། ལས་ཀྱིས་དབང་ཆུང་ངུར་འགྱུར་བའང་ཡོདལས། ་ཀྱིས་དབང་ཆེན་པོར་འགྱུར་བའང་ཡོད། ལས་ཀྱིས་མ་རབས་ཀྱི་རིགས་སུ་འགྱུར་བའང་ཡོད། ལས་ཀྱི་ས་ཡ་རབས་ཀྱི་རིགས་སུ་འགྱུར་བའང་ཡོད། ལས་ཀྱིས་དབུལ་པོ་འགྱུར་བའང་། ་ཡོད། ལས་ཀྱིས་ཕྱུག་པོར་འགྱུར་བའང་ཡོད། ལས་ཀྱིས་ངན་པོར་འགྱུར་བའང་ཡོདལས་ཀྱིས་ཤེས་རབ་ཆེན་པོར་འགྱུར་བའང་ཡོདལས་ཀྱིས་སེམས་ཅན་དམྱལ་བར་འགྱུར་བའང་། ་ཡོད་ལས་ཀྱིས་བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བར་འགྱུར་བའང་ཡོདལས་ཀྱིས་རིང་དུ་འཁྱམས་པར་འགྱུར་བའང་ཡོ་ད་། ལས་ཀྱིས་ཨ་སུ་རར་སྐྱེ་བར་འགྱུར་བའང་ཡོད། ལས་ཀྱིས ་མིར་སྐྱེ་བར་འགྱུར་བའང་ཡོད། ལས་ཀྱིས་གཟུགས་ཡོད་པའི་ལྷར་སྐྱེ་བའང་ཡོད། ལས་ཀྱི་གཟུགས་མེད་པའི་ལྷར་སྐྱེ་བའང་ཡོད། ལས་བཞིན་དུ་མི་འགྱུར་བར་སྐྱེ་བའང་ཡོད། ་ལས་ཀྱིས་འགྱུར་བར་སྐྱེ་བའང་ཡོད། ལས་ཀྱིས་ཡུལ་གཞན་དུ་སྐྱེ་བར་འགྱུར་བའང་ཡོད་ལས་མ་བསམས་པར་བྱས་པས་སྐྱེ་བར་འགྱུར་བའང་ཡོད་དོ།། ལས་བསམས་ཏེ་མ་བྱས ་ཀྱང་སྐྱེ་བར་འགྱུར་བའང་ཡོད། ལས་བསམས་ཏེ་བྱས་ནས་སྐྱེ་བར་འགྱུར་བའང་ཡོད། ལས་མ་བསམས་མ་བྱས་ཀྱང་སྐྱེ་བར་འགྱུར་བའང་ཡོད་དོ།། གང་ཟག་ལས་འདི་ལྟ་བུ་འདུས་པས་ན།། ་སེམས་ཅན་དམྱལ་བར་སྐྱེས་ནས་སེམས་ཅན་དམྱལ་བའི་ཚེ་ཀུན་རྫོགས་ཏེ་སྐྱེ་བའི་ལས་ཀྱང་ཡོད། གང་ཟག་ལས་འདི་ལྟ་བུ་འདུས་པས་ན།། སེམས་ཅན་དམྱལ་བར་ཕྱིན་མ་ཐག་ཏུ་སྐྱེས་པའང་། ་ཡོད། གང་ཟག་ཡང་ལས་འདི་ལྟ་བུར་འདུས་པས་ན། སྔར་བདེ་བ་ལ་ཕྱི་ནས་མི་བདེ་བའི་ལས་ཀྱང་ཡོད། གང་ཟག་ཡང་འདི་ལྟ་བུར་འདུས་པས་ན། སྔར་མི་བདེ་བ་ལ་ཕྱི་ནས་བདེ་བར་འགྱུར་བའི་ལས ་ཀྱང་ཡོད། སེམས་ཅན་གང་ཟག་ཐམས་ཅད་ཀྱང་འདི་ལྟ་བུ་འདུས་པས་ན། སྔར་བདེ་ལ་ཕྱིས་ཀྱང་བདེ་བར་འགྱུར་བའི་ལས་ཀྱང་ཡོད། གང་ཟག་ཡང་འདི་ལྟ་བུ་འདུས་པས ་ན་སེར་སྣ་བྱེད་པའི་ལས་ཀྱང་ཡོད། གང་ཟག་ཡང་འདི་ལྟ་བུ་འདུས་པས་ན། དབུལ་བ་གཏོང་ཕོད་པའི་ལས་ཀྱང་ཡོད། གང་ཟག་ཡང་འདི་ལྟ་བུ་འདུས་པས་ན། ཕྱུག་པོར་གྱུར་ཅིང་གཏོང་པོར ་པའི་ལས་ཀྱང་ཡོད། གང་ཟག་ཡང་འདི་ལྟ་བུའི་ལས་འདུས་པས་ན། དབུལ་བ་སེར་སྣ་ཅན་དུ་འགྱུར་བའི་ལས་ཀྱང་ཡོད་དོ།། གང་ཟག་ཚེ་ཟད་ལ་ལས་མ་ཟད་པའང་ཡོད། གང་ཟག་ལས་ཟད ་བཚོམ་ཟད་པའང་ཡོད། གང་ཟག་ཚེ་དང་ལས་བཅས་ཏེ་ཟད་པར་འགྱུར་བའང་ཡོད། གང་ཟག་ཚེ་དང་ལས་བཅས་ཏེ་མ་ཟད་ཀྱང་མྱ་ངན་སྤངས་པར་འགྱུར་བའང་ཡོད། གང་ཟག་ལུས་བདེ་ལ། ་སེམས་མི་བདེ་བར་འགྱུར་བའང་ཡོད། གང་ཟག་ལུས་མི་བདེ་ལ་སེམས་བདེ་བར་འགྱུར་བའི་ལས་ཀྱང་ཡོད། གང་ཟག་ལུས་ཀྱང་བདེ་ལ་སེམས་ཀྱང་བདེ་བར་འགྱུར་བའང་ཡོད། གང་ཟག་ལུས ་མི་བདེ་ལ་སེམས་ཀྱང་མ་བདེ་བར་འགྱུར་བའང་ཡོད། གང་ཟག་ལས་འདི་ལྟ་བུ་འདུས་པས་ན། སེམས་ཅན་ངན་པའི་སར་ཡང་སྐྱེས་ཏེ། གཟུགས་ལེགས་པ་དང་། བཟང་པོ་དང་། སྡུག ་གུ་དང་། ཁ་དོག་མཛེས་པ་དང་། མདོག་སྣུམ་པ་དང་། མཐོང་ན་དགའ་བའི་ལས་ཀྱང་ཡོད། གང་ཟག་ཡང་ལས་འདི་ལྟ་བུ་འདུས་པས་ན། ངན་པའི་སར་ཀྱང་སྐྱེས་ལ། གཟུགས་ངན་པ་དང་། ལུས ་རྩུབ་པ་དང་། མི་སྡུག་པར་སྣང་བ་དང་། མཐོང་ན་ཡིད་དུ་མི་འོང་བའི་ལས་ཀྱང་ཡོད་དེ། མན་ཡང་འདི་ལྟ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་བྱས་པའི་རྒྱུས། ཕྱི་རོལ་གྱི་ཡུལ་སའི་དོན་བུ་གྷཱཿ ་བའང་ཡོད་དོ།། དེ་ལ་ཇི་ལྟར་ལས་ཀྱིས་ཚེ་ཐུང་བར་འགྱུར་ཞེ་ན། ཆོས་བཅུས་ནི་ཚེ་ཐུང་བར་འགྱུར་ཏེ། བཅུ་གང་ཞེ་ན། སྲོག་བཅད་པ་དང་། སྲོག་གཅོད་དུ་བཅུག་པ། སྲོག་གཅོད་པ་ལ་བསྟི ་པ། སྲོག་གཅོད་པ་ལ་སྨོན་པ། མངལ་ནས་མེད་པར་བྱེད་པ། མངལ་ནས་མེད་པར་བྱེད་དུ་བཅུག་པ། དགྲ་བོ་ལ་གསད་པར་སེམས་པ། མི་མཛའ་བ་ཤི་ན་དགའ་བ། ཆེར་བཅས་ཤིང ་སེམས་ཅན་གསད་པ། འཐབ་མོ་ལ་བནྡྷ་ཞིང་དད་པ་དང་བཅུ་སྟེ། ཆོས་འདི་བཅུས་ན་ཚེ་ཐུང་ཞིང་ནད་མང་བར་འགྱུར་རོ།། ཇི་ལྟར་ལས་བཟང་པོ་བྱས་པས་ཚེ་རིང་པོར ་འགྱུར་ཞེ་ན། ཆོས་རྣམ་པ་བཅུས་ན་ཚེ་རིང་པོར་འགྱུར་ཏེ། བཅུ་གང་ཞེ་ན། སྲོག་གཅོད་པ་སྤངས་པ་དང་། སྲོག་གཅོད་པ་སྤང་བར་བྱེད་པ། སྲོག་གཅོད་པ་སྤངས་པ་ལ་བསྟོད་པ། སྲོག ་གཅོད་པ་སྤངས་པ་ལ་སྨོན་པ། གསད་པར་ཆད་པའི་སེམས་ཅན་རྣམས་གཏོང་བ། གསད་པར་ཆད་པའི་མི་རྣམས་གཏོང་བ། འཇིགས་ཤིང་སྐྲག་པའི་སེམས་ཅན་རྣམས་ལ་བསྒྲུབས་བྱས ་པ། མགོན་མེད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བར་སེམས་པ།། ན་བའི་སེམས་ཅན་རྣམས་ལ་བྱམས་པས་བསྐུད་པ། བྲེལ་ཅིང་འཕོངས་པའི་སེམས་ཅན་རྣམས་ལ་གོས་དང་ཟས་སྐོམ་བྱིན་པ ་དང་། ཆོས་བཅུ་ན་ཚེ་རིང་ཞིང་ནད་མེད་པར་འགྱུར་རོ།། ཇི་ལྟར་ལས་ཀྱིས་རང་མང་པོར་འགྱུར་ཞེ་ན། ཆོས་བཅུས་ནད་མང་པོར་འགྱུར་ཏེ། བཅུག་པ་ཅེན། ་དབྱུག་པ་དང་ཐལ་མོ་ལ་སོགས་པས་བཙོགས་པ་དང་། དབྱུག་པ་དང་ཐལ་མོ་ལ་སོགས་པས་འཚོག་ཏུ་བཅུག་པ་དང་། དབྱུག་པ་དང་ཐལ་མོ་ལ་སོགས་པས་འཚེག་པ་ལ་བསྟོད་པ། དབྱུག་པ་དང ་ཐལ་མོ་ལ་སོགས་པས་འཚེག་པ་ལ་སྨོན་པ་དང་། ཕ་མ་རྣམས་ཀྱི་སེམས་ཉོན་མོངས་པ། མྱ་ངན་སྲེད་པ་རྣམས་ཀྱི་སེམས་ཉོན་མོངས་པ་མི་མཛའ་བ་རྣམས་ན་ན་དགའ་བ། མི་མཛའ་བ་རྣམ ་ནད་མི་སོས་ན་དགའ་བ། སྨན་ལོག་པ་བྱིན་པ། ཟས་མི་ཞུ་བ་ཟ་བ་དང་བཅུ་སྟེ། ཆོས་འདི་བཅུས་ན་ནད་མང་བར་འགྱུར་རོ།། ཇི་ལྟར་ལས་བཟང་པོ་བྱས་པས་ནང་ཉུང་ངུར ་འོད་ཞེ་ན། ཆོས་བཅུས་ན་ནད་ཉུང་བར་འགྱུར་ཏེ། བཅུ་གང་ཞེ་ན། དབྱུག་པ་དང་ཐལ་མོ་ལ་སོགས་པས་གཞན་ལ་མི་འཚེག་པ། དབྱུག་པ་དང་ཐལ་མོ་ལ་སོགས་པས་འཚེག་ཏུ་མི་གཞུག་པ། ་དབྱུག་པ་དང་ཐལ་མོ་ལ་སོགས་པས་འཚོག་པར་མི་སྟོད་པ། དབྱུག་པ་དང་ཐལ་མོ་ལ་སོགས་པས་འཆོག་པ་ལ་མི་སྨོན་པ་ཕ་མ་ལ་སོགས་པ་ན་བ་རྣམས་ལ་རིམ་གྲོ་བྱེད་པ། མྱ་ངན་བསྲིངས ་པ་རྣམས་ན་བ་ལ་རིམ་གྲོ་བྱེད་པ། མི་མཛའ་བ་རྣམས་ན་ན་མི་དགའ་བ། མི་མཛའ་བ་རྣམ་ནད་སོས་ན་དགའ། རད་པ་ལ་སྨན་བྱིན་པ། ཟས་ཞུ་ནས་ཟ་བ་དང་བཅུ་སྟེ། ཆོས་འདི་བཅུས ་ནད་ཅུང་བར་འགྱུར་རོ།། ཇི་ལྟར་ལས་ཀྱིས་མི་སྡུག་པར་འགྱུར་ཞེ་ན། ཆོས་བཅུས་མི་སྡུག་པར་འགྱུར་ཏེ། བཅུ་གང་ཞེ་ན། ཐོབ། གནོད་བཅས་པ། ཅུང་ཟད་ལས་སྣང་། ་བོན་དུ་འཛིན་པ། གཏུམ་པ། ཕ་མ་རྣམས་ལ་ངན་དུ་ཟླ་བ། མྱ་ངན་བསྲིངས་པ་རྣམས་ལ་ངན་དུ་སྨྲ་བ། མྱ་ངན་སྲིད་པའི་སྤད་པ་ཀུན་ལ་ངན་དུ་བྱེད་པ། ཡང་དག་པར་གཤེགས་པའི ་མཆོད་རྟེན་ལ་འོད་གཅོད་པ། གང་ཟག་མི་སྡུག་པ་རྣམས་རྔ་ན་ཆན་བྱེད་པ། ཅི་ལའང་མི་གཙང་བར་བྱེད་པ་འདི་དང་བཅུའོ།། ཇི་ལྟར་ལས་ཀྱིས་བཟང་པོར་འགྱུར་ཞེ་ན། ཆོས་བཅུས་བཟང་པོ ་འགྱུར་ཏེ། བཅུ་གང་ཞེ་ན། མི་ཐོ་བ། གོས་བྱིན་པ། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་རྟག་ཏུ་ཕྱག་བདར་བྱེད་པ། གཙུག་ལག་ཁང་ལ་བྱི་དོར་བྱེད་པ། ཕ་མ་ལ་སྙན་དུ་སྨྲ་བ། མྱ་ངན ་བསྲིངས་པ་རྣམས་ལ་སྟན་དུ་སྨྲ་བ། གང་ཟག་མི་སྡུག་པ་རྣམས་ལ་རྔན་ཆན་མི་བྱེད་པ། ཅི་ལའང་གཙང་བར་བྱེད་པ་སྟེ། ཆོས་འདི་དང་བཅུའོ།། ཇི་ལྟར་ན་ལས་ཀྱིས་དབང་ཆུང་ངུར་འགྱུར་རོ། ་ན། ཆོས་བཅུས་ན་དབང་ཆུང་ངུར་འགྱུར་ཏེ། བཅུ་གང་ཞེ་ན། གཞན་གྱིས་ཐོབ་པ་ལ་ཕྲག་དོག་བྱེད་པ་དང་། གཞན་གྱིས་མ་ཐོབ་པ་ལ་དགའ་བ་དང་། གཞན་གྱིས་ཐོབ་པ་ལ་མི་དགའ་བ། གཞན་སྐྱིད་པ་དང་། ་གྲགས་པ་དང་། ཚིགས་སུ་བཅད་ཅིང་སྒྲ་བསྟོད་པ་མེད་པ་ལ་དགའ་བ། གཞན་སྐྱིད་པ་དང་། གྲགས་པ་དང་། ཚིགས་སུ་བཅད་ཅིང་སྒྲ་བསྟོད་པ་ལ་མི་དགའ་བ། ཕ་མ་དང་དགེ་བའི་བཤེས ་གཉེན་ལ་སྲིའུ་མི་བྱེད་པ། མྱ་ངན་བསྲིངས་པ་རྣམས་ལ་རིམ་གྲོ་མི་བྱེད་པ། དབང་ཆུང་ངུ་ལ་མི་དགེ་བའི་རྩ་བསྐྱེད་པ། དབང་ཆེན་པོ་ལ་དགེ་བའི་རྩ་བ་གཅོད་པ། གང་ཟག། ་ངན་པ་བྱེད་པ་རྣམས་ལ་བསྟོད་པ་འདི་དང་བཅུའོ།། ཇི་ལྟར་ལས་ཀྱིས་དབང་ཆེར་འགྲུ་བ་ཞེ་ན། ཆོས་བཅུས་ན་དབང་ཆེར་འགྱུར་ཏེ། བཅུ་གང་ཞེ་ན། གཞན་གྱིས་ཐོབ་པ་ལ ་ཕྲག་དོག་མི་བྱེད་པ། གཞན་གྱིས་ཐོབ་ན་དགའ་བ། གཞན་གྱིས་མ་ཐོབ་པ་ལ་མི་དགའ་བ། གཞན་སྐྱེད་པ་དང་། གྲགས་པ་དང་། ཚིགས་སུ་བཅད་ཅིང་སྒྲས་བསྟོད་པ་མེད་པ་ལ་མི་དགའ ་བ། གྲགས་པ་དང་། ཚིགས་སུ་བཅད་ཅིང་སྒྲས་བསྟོད་པ་ལ་དགའ་བ། བྱང་ཆུབ་ཀྱི་སེམས་སྐྱེ་བར་བྱེད་པ། ཡང་དག་པར་གཤེགས་པའི་མཆོད་རྟེན་དང་གནས་བྱེད་པ། དབང་ཆུང་ངུ་ལ་མི ་དགེ་བའི་རྩ་བ་བཅོད་པར་བྱེད་པ། དབང་ཆེན་པོ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པ་བཅུའོ།། ཇི་ལྟར་ལས་ཀྱི་མ་རབས་སུ་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ན་མ་རབས་སུ་སྐྱེ་བར་འགྱུར་ཏེ། བཅུ ་གང་ཞེ་ན། ཕ་མ་ལ་ཕ་མར་མི་འཛིན་པ། དགེ་སྦྱོང་དུ་མི་ཤེས་པ། བྲམ་ཟེར་མི་ཤེས་པ། རིགས་ཀྱིས་བཙུན་པ་ལ་མི་བཀུར་བ། མཁན་པོ་དང་། བླ་མ་དང་། ཐར་པར་ཞུགས་པ་རྣམས་ལ་རིམ ་དང་བསྟི་སྟང་དུ་མི་བྱེད་པ། ནམས་ཀྱང་མགྲོན་དུ་མི་གཉེར་བ། ཕ་མ་ལ་སྲི་ཞུ་མི་བྱེད་པ། མཁན་པོ་དང་། བླ་མ་དང་། ཐབ་པར་ཞུགས་པ་རྣམས་ལ་ཁྱད་དུ་གསོད་ཅིང་སྲེ་ཞུ་མི་བྱེད་པ། ་རིགས་ཆེན་པོ་ལས་སྐྱེས་པའི་གང་ཟག་རྣམས་སྤོང་བ། རིགས་ཆུང་ངུ་ལས་སྐྱེས་པའི་གང་བག་རྣམས་ལ་སྐུར་པའང་དང་བཅུའོ་ཇི་སྔར་ལས་ཀྱིས་ལ་རབས་ས་སྐྱེ་བར། ་འགྱུར་ཞེ་ན། ཆོས་བརྐུས་ན་ཡ་རབས་སུ་བྱེ་བར་འགྱུར་ཏེ། བཅུ་གང་ཞེ་ན། ཕ་མདྲན་པ། ཐར་པར་ཞུགས་པས་ཤེས་པ། བྲམ་ཟེར་ཤེས་པ། རིགས་ཀྱིས་བཙུན་པ་ལ་བཀུར་བ། མཁན་པོ་དག། ་མདང་། ཐ་པ་ཞུགས་པ་རྣམས་དང་། ཐར་པ་སྤྱོད་པ་གཞན་ལའང་ལྡན་ལས་ལངས་ཏེ། སྐྲག་ཅིང་བསྟི་བྱུང་རི་མོ་དང་། སྟན་ལ་སོགས་པ་ཐོབ་པ་དང་། ཕ་མ་ལ་སྲིནུ་བྱེད་པ། མཁན་པོས ་བླ་མཐར་བཞུགས་པ་རྣམས་ལ་གཞན་ལའང་ཟིའུ་བྱེད་པ། ཡ་རབས་དང་མ་རླབས་སུའང་ཁྱད་པར་མི་བྱེད་ཅིང་སྒོམས་པ། ཡང་དག་པར་གཤེགས་པའི་མཆོད་རྟེན་གྱི་སྲོག་ཤིང་འཛུགས་པ། ་མིཏོག་གི་འགྲེང་བ་དང་གདུགས་བཅུགས་པ་དང་བཅུའོ།། ཇི་ལྟར་ལས་ཀྱིས་དབུལ་པོར་བགྱུར་ན་ན། ཆོས་བཅུག་ན་དབུལ་པོར་འགྱུར་ཏེ། བཅུ་གང་ན་ན།། མབྱིན་པར་ལེན་པ། ་མབྱིན་པར་ལེན་པར་འཇུག་པ། མ་བྱིན་པ་ལེན་པ་ལ་བརྗོད་པ། མ་བྱིན་པར་ལེན་པ་ལ་ལྗོན་པ། ཕ་མ་ལ་འཚོ་བ་རྣམས་གཅོད་པ། མཁན་པོ་དང་། ཟླུ་མ་དང་། ཐར་པར་ཞུགས་པ་རྣམས་ཀྱི་གཙུག ་ལག་ཁང་དང་། གནས་བང་དང་། མཆོད་ཅིང་སྤྱོད་པ་ཀུན་གཅོད་པ། གཞན་ཐོབ་ཏུ་མི་དགའ་བ། གཞན་གྱིས་མཐོབ་ན་དགའ་བ། གཞན་གྱིས་ཐོབ་པ་ལ་བགེགས་བྱེད་པ། མུ་གེ་ཟུང་ན ་སྨོན་པ་དང་བཅུའོ།། ཇི་ལྟར་ལས་ཀྱིས་བྱུག་པོར་འགྱུར་ཞེན། ཆོས་བཅུས་ན་ཕྱུག་པོར་འགྱུར་ཏེ། བཅུ་གང་ཞེ་ན། མབྱིན་པར་ལེན་པ་སྤོང་བ་མབྱིན། ་པར་ལེན་པ་སྤོང་བར་འཇུག་པ། མ་བྱིན་པར་ལེན་པ་སྤོང་བ་ལ་དགའ་བ། ཕ་མ་ལ་འཚོ་བ་སྦྱིན་པ། མཁན་པོ་དང་། བླ་མ་དང་། ལྷག་མ་དང་གཞན་རྣམས་ལ་གཙུག་ལག་ཁང་དང་། གནས་དང་། ་རིམས་པར་སྤྱོད་པ་དང་། ཆོས་གོས་དང་། མལ་སྟན་དང་། ན་བའི་གསོ་སྨན་དང་། གཡོག་དང་། འཚོ་བ་སྦྱིན་པ། གཞན་གྱིས་ཐོབ་པ་ལ་དགའ་བར་སེམས་པ། གཞན་གྱིས་དོན་ཐོབ་པར་ནན ་ཧན་དུ་བསྒྲུབས་པ། གཞན་གྱིས་མ་ཐོབ་པ་ལ་མི་དགའ་བ། ཕྱོགས་བཅུ་ཐམས་ཅད་དུ་ལོ་ལེགས་པར་སྟོན་པ་སྦྱིན་པ་ལ་སོགས་པ་གཏོང་བའི་གང་ཟག་རྣམས་ལ་རབ་ཏུ་དགའ་བ་དང་བཅུའོ།། ་ཇི་ལྟར་ལས་ཀྱིས་ངན་པར་འགྱུར་ཞེ་ན། ཆོས་བཅུས་ན་ངན་པར་འགྱུར་ཏེ། བཅུ་གང་ཞེ་ན། གང་ཟག་སུའང་རུང་སྟེ་འདྲི་མི་ཤེས་པ། ཡང་དག་པའི་ཆོས་མ་ཡིན་པ་ཀུན་འཕེལ་བར་བྱེད་པ ་ཡང་དག་པའི་ཆོས་སྤོང་བ། ཡང་དག་པའི་ཆོས་འཆད་པ་ལ་བསྟི་སྦྲང་དང་རི་མོར་མི་བྱེད་པ། མ་གཙིགས་པར་སྨྲ་བ་ལ་དགེ་བ་སྟོང་པ། ངན་པའི་གང་ཟག་རྣམས་ལ་འཁོར་ཞིང་སྦྱིན་པ། ཡང ་དག་པ་ལ་མཁས་པ་རྣམས་སྤོང་བ། ལོག་པར་ལྟ་བལ་ཚད་མར་འཛིན་ཅིང་སྟོང་པ། ཡང་དག་པར་ལྟ་བ་ལ་སྤོང་བ། ཤེས་རབ་དང་ལྡན་པའི་གང་ཟག་རྣམས་ལ་སྤོང་བ་དང་བཅུའོ།། ་རི་ལྟར་ལས་ཀྱིས་ཤེས་རབ་ཆེན་པོར་འགྱུར་ཞེ་ན། ཆོས་བཅུས་ན་ཤེས་རབ་ཆེན་པོར་འགྱུར་ཏེ། བཅུ་གང་ཞེ་ན། གང་ཟག་སུའང་རུང་སྟེ་རིམ་པར་འདྲི་ཤེས་པ། མི་མཁས་པའི་དགེ་སྦྱོང་དང་། ་བྲམ་ཟེ་དང་། ངན་པའི་གང་ཟག་རྣམས་ལ་མི་འཁོར་མི་སེན་ཅིང་རི་མོ་བསྟི་སྡང་མི་བྱེད་པ། མཁས་པའོ་གང་ཟག་རྣམས་ལ་འཁོར་ཞིང་བསྙེན་ནས་རི་མོ་བརྩི་རྩང་བྱེད་པ། ཡང་དག་པའི་ཆོས་མ་ཡིན། ་པ་ཀུན་གཏོང་བ། ཡང་དག་པའི་ཆོས་འཕེལ་བར་བྱེད་པ། ཆོས་ཀྱི་སྣོད་གང་ཟག་རྣམས་མི་འཇིགས་པ་ལ་གོམས་པར་བྱེད་པ། ཡང་དག་པའི་ཚིག་སྙན་པར་སྨྲ་བ་ལ་དགེའོ་ཞེས་བསྟོད་པ། ལོག ་པར་ལྔ་བ་ལ་མི་སྨོན་པ། ཡང་དག་པའི་ལྟ་བ་ལ་བསྟོད་པ་དང་བཅུའོ།། ཇི་ལྟར་ལས་ཀྱིས་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ན་སེམས་ཅན་དམྱལ་བར ་འགྱུར་ཏེ། བཅུ་གང་ཞེ་ན། ལུས་ཀྱིས་ངན་པ་ཆེར་སྤྱོད་པ། ངག་གིས་ངན་པ་ཆེར་སྤྱོད་པ། ཡིད་ཀྱིས་ངན་པ་ཆེར་སྤྱོད་པ། ཆད་པར་སྨྲ་བ། རྟག་པར་རྩ་བ། བྱ་བའི་མི་རིགས་པར་བལྟ་པ། ་ཕན་པར་མེད་པར་བྱེད་པ། མྱ་ངན་བསྲིང་བ་ལ་ངན་དུ་སྨྲ་བ། འདོད་པ་ལོག་པར་སྤྱོད་དུ་བཅུག་པ་དང་བཅུའོ།། ཇི་ལྟབ་ལས་ཀྱིས་བྱོལ་སོང་དུ་འགྱུར་ཞེ་ན། ཆོས་བཅུས་ནབྱོལ ་སོང་དུ་འགྱུར་ཏེ། བཅུག་ཞེ་ན། ལུས་ཀྱིས་ངན་པ་འབྲང་དུ་སྤྱོད་པ། ངག་གིས་ངན་པ་འབྲིང་དུ་སྤྱོད། ཡིད་ཀྱིས་ངན་པ་འབྲིང་དུ་སྤྱོད་པ། འདོད་པ་སྣ་ཚོགས་ཀུན་གཡོས་པའི་ལས་བྱས་པ། ་ཁྲོ་བ་སྣ་ཚོགས་ཀུན་གཡོས་པའི་ལས་བྱས་པ། གླེན་པ་སྣ་ཚོགས་ཀུན་གཡོས་པའི་ལས་བྱས་པ། མི་རིགས་པ་བྱིན་པ། བྱོལ་སོང་དུ་འགྱུར་བ་རྣམས་ལ་ཁྲོ་བ། བྱུང་། ་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐུས་སེང་གེར་སྐྱེས་པ། བྲམ་ཟེ་ཆད་པར་བྱེད་པ་ལ་ངན་པར་བྱས་པའི་ལས་ཀྱིས་སྤྲེའུར་སྐྱེས་པ་ལྟ་བུ་དང་བཅུའོ།། ཇི་ལྟར་ལས་ཀྱིས་རིང་དུ ་འཁྱམས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ནཱ་རིང་དུ་འཁྱམས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། ལུས་ཀྱིས་ངན་པ་ཆུང་ངུ་སྤྱོད་པ། ངག་གི་ངན་པ་ཆུང་ངུ་སྤྱོད་པ། ་ཡིད་ཀྱིས་ངན་པར་ཆུང་ངུར་སྤྱོད་པ། ངན་པ་ལ་དད་པ། ཤིན་ཏུ་དད་པ། ལོག་པས་འཚེ་བ། སེར་སྣལ་དད་ཅིང་མི་གཏོང་བ། སྦྱིན་པ་ལ་བགེགས་བྱེད་པ། འདོད་པ་ལ་ཆགས ་བཞིན་དུ་ཤི་བ། ཟུ་བ་ཆེ་ཞིང་ཞོམ་བཞིན་དུ་ཤི་བ་དང་བཅུའོ།། ཇི་ལྟར་ལས་ཀྱིས་ཨ་སུ་རའི་འཇིག་རྟེན་པར་འགྱུར་ཞེ་ན། ཆོས་བཅུས་ན་ཨ་སུ་རའི་འཇིག་རྟེན་དུ་སྐྱེ ་བར་འགྱུར་ཏེ། བཅུ་གང་ཞེ་ན། ཐམས་ཅད་ལ་འང་ལུས་ཀྱིས་ངན་པ་ཅུང་ཟད་སྤྱོད་པ། ཐམས་ཅད་ལའང་ངག་གི་ངན་པ་ཅུང་ཟད་སྤྱོད་པ། ཐམས་ཅད་ལའང་ཡིད་ཀྱིས་ངན ་བ་ཅུང་ཟདང་སྤྱོད་པ། ངང་སེམས་པ། མི་མཚུངས་པའི་ང། ཟླ་ལས་ལྷག་པོའི་ང། གོང་མ་ལས་ལྷག་པའི་ང། གོང་མ་ལས་ཀྱང་གོང་མའི་ང་། བདག་ལ་མི་སྲིད་པའི་ང ་དགེ་བའི་རྩ་བ་བསྐྱེད་པ་ལ་ལོག་པར་གློན་པ་དང་བཅུ་སྟེ། ཆོས་འདྲི་བཅུས་ན་ཨ་སུ་རང་བྲེ་བར་འགྱུར་རོ།། ཇི་ལྟར་ལས་ཀྱིས་མིའི་འཇིག་རྟེན་དུ་རྩེ་བར་འགྱུར་ཞེ་ན། ཆོས་བཅུས། ་ན་མིའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། བཅུ་གང་ཞེ་ན། དགེ་བ་བཅུའི་ལམ་མ་ཉམས་ཤིང་མགོད་པ་ནི་མིའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ།། ཇི་ལྟར་ལས་ཀྱིས་འདོད་པ་དྲུག་ན་སྦྱོར ་པའི་གྲཝར་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ན། འདོད་པ་དྲུག་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཏེ། དགེ་བ་བཅུའི་ལམ་ལས་མ་ཉམས་ཤིང་བརྩོན་འགྲུས་སུ་བསྡམས་པས་ན། འདོད་པ ་དྲུག་ན་སྤྱོད་པའི་ལྷའི་སྐྱེ་བར་འགྱུར་རོ།། ཇི་ལྟར་ལས་ཀྱིས་གཟུགས་ཡོད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ན་གཟུགས་ཡོད་པར་སྤྱོད་པའི་ལྷབ་ཕྱེ་བར་འགྱུར་ཅེ ་བཅུ་གང་ཞེ་ན། དགེ་བ་བཅུའི་ལས་ཀྱི་ལམ་ལ་དད་ཅིང་ཕ་རོལ་ཏུ་ཕྱིན་པ་དྲུག་ཚད་མེད་པ་བཞི་ཀུན་རྫོགས་པ་ནི་གཟུགས་ཡོད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་རོ།། ཇི་ལྟར་ལས་ཀྱིས ་གཟུགས་མེད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཞེ་ན། དགེ་བ་བཅུའི་ཆོས་དང་མི་གཡོ་འཛིན་པ་བཞིའི་ཆོས་སྤྱད་ན། གཟུགས་མེད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཏེ། མི་གཡོ་བ་བཞིན། ་གཟུགས་ཐམས་ཅད་ལས་འདས་ཏེ། རེག་པའི་མིང་ཐམས་ཅད་བརྗོད་དུ་མེད་པ་ནས། ཆོས་སྣ་ཚོགས་སྨྲ་བསམ་ལས་འདས་པར་ནམ་མཁའི་མཐའ་ཡས་བསམས་ནས། ནམ་མཁའ ་མཐའ་ཡས་སྐྱེ་མཆེད་སྟེངས་ཀྱི་མི་གཡོ་འཛིན་པ་དང་། ནམ་མཁའི་མཐའ་ཡས་པའི་སྐྱེ་མཆེད་ཐམས་ཅད་ཀུན་ལས་འདས་ནས། རྣམ་པར་ཤེས་པ་མཐའ་ཡས་པ། ་བསམས་ནས། རྣམ་པར་ཤེས་པ་མཐའ་ཡས་པའི་སྐྱེ་མཆེད་སྟེངས་ཀྱི་མི་གཡོ་མི་འཛིན་པ་དང་། རྣམ་པར་ཤེས་པ་མཐའ་ཡས་པའི་སྐྱེ་མཆེད་ཐམས་ཅད་ལས་འདས་ནས། ཅུང་ཟད་ཀྱང ་མེད་པར་བསམས་ཏེ། ཅུང་ཟད་མེད་པའི་སྐྱེ་མཆེད་སྟེངས་ཀྱི་མི་གཡོ་མི་འཛིན་པ་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་ལས་འདས་ཏེ་སེམས་མེད་པ། སེམས་མེད་པ་མ་ཡིན་པ་བསམས་ཏེ། སེམས ་མེད་པ་དང་སེམས་མེད་པ་མ་ཡིན་པའི་སྐྱེ་མཆེད་སྟེངས་ཀྱི་མི་གཡོ་མི་འཛིན་པ་དང་། ཆོས་འདི་བཞིས་ན། གཟུགས་མེད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་རོ།། ཇི་ལྟར་ལས་ཀྱིས་བཞིན་མི ་འགྱུར་བར་སྐྱེ་བ་གང་ཞེ་ན། དགེ་བའི་རྩ་བ་ལས་བྱས་ལ་དེས་བདག་ཅིར་སྨོན་ལམ་བཏབ་པ་དང་། མཚམས་མེད་པའི་སྡིག་ལས་བྱས་པ་དེ་ལྟ་བུ་ནི་ལས་བཞིན་མི་འགྱུར་བར་སྐྱེ་བར་འོང་ངོ་།། ་ལྟར་ལས་ཀྱིས་འགྱུར་བར་སྐྱེ་ཞེ་ན། སུས་དགེ་བའི་ལས་བྱས་ནས་སྨོན་ལམ་བཏབ་པ་ནི་ལས་དེས་འགྱུར་ཞིང་སྐྱེ་བར་འོང་ངོ་།། ཇི་ལྟར་ལས་ཀྱིས་གང་ཡུལ་གཞན་དུ་སྐྱེ་བར་འགྱུར་ཞེ་ན། ་སངས་རྒྱས་ཀྱང་རུང་། ཆོས་ཀྱང་རུང་། དགེ་འདུན་ཡང་རུང་། ཚུལ་ཁྲིམས་ཐུབ་པའི་གང་ཟག་ཀྱང་རུང་སྟེ། དེ་ལ་ཤིན་ཏུ་དད་པར་བསམས་ནས་བྱིན་པས། ཡུལ་གཞན་དུ་སྨོན་ལམ ་བཏབ་པ་དང་། ལས་གང་བྱས་ཀྱང་རུང་སྟེ། བཟང་པོ་དང་ངན་པར་འགྱུར་བ་ནི་འདི་ལྟ་སྟེ། དཔེར་ན་ཚོང་པ་བཞིན་ཏེ། ལས་དེ་ལྟ་བུས་ཡུལ་གཞན་དུ་སོང་ནས་རྣམ་པར་སྨིན་པར་འགྱུར་རོ།། ་ཇི་ལྟར་ལས་ཀྱིས་མ་བསམས་པར་བྱས་པ་གང་ཞེ་ན། ལས་བྱས་ནས་འགྱོད་པ་དང་། ཁྲེལ་གྱིས་དོགས་པ་དང་། ཉེས་པར་སེམས་པ་དང་། མི་རིགས་པ་དང་། འཆགས་པ་དང་། ཕལ་བར ་མི་གཏོང་བ་དང་། སླར་མི་འཇུག་པ་དང་། ད་ཕྱིན་ཆད་མི་བྱེད་པར་དམ་འཆའ་བ་དང་། འདི་ལྟ་བུའི་ལས་ནི་མ་བསམས་པར་བྱས་པའོ།། ཇི་ལྟར་ལས་བསམས་ལ་མ་བྱས་པ་གང་ཞེ་ན། ལུས་ཀྱི ་མ་བྱས་པ་དང་། སེམས་རྒྱས་ཤིང་ལས་འདི་བྱའོ་ཞེས་ཁར་སྨྲས་ལ། མ་བྱས་པ་དེ་ལྟ་བུའི་ལས་ནི་བསམས་ཏེ་མ་བྱས་པའོ།། ཇི་ལྟར་ལས་བསམས་ཏེ་བྱས་པ་གང་ཡིན་ཞེ་ན། ལས་གང་བྱས་ཀྱང ་རུང་སྟེ་མི་འགྱོད་པ། ཁྲེལ་གྱིས་དོགས་པ། ཉེས་པར་མི་སེམས་པ། མི་འཆགས་པ། ཡལ་བར་གཏོང་བ། སླར་འཇུག་པ། ཕྱིན་ཆད་མི་བྱེད་པར་དམ་མི་འཆའ་བའོ།། ཇི་ལྟར་གང་ཟག ་ལས་འདི་ལྟ་བུ་འདུས་པས་ན། སེམས་ཅན་ལས་དམྱལ་བར་སྐྱེས་ཏེ། སེམས་ཅན་དམྱལ་བའི་ཚེ་ཀུན་རྫོགས་ནས། སྐྱེ་བའི་ལམ་ཡིན་ཞེ་ན། གང་ཟག་སུའང་རུང་སྟེ།། སེམས་ཅན་དམྱལ ་བའི་ལས་བསམས་ཏེ་བྱས་ནས། དེས་ཀྱང་མི་འགྱོད་པ། ཟིལ་གྱི་མི་དོགས་པ་དང་། ཉེས་པར་མི་སེམས་པ། མི་རིགས་པར་མི་སེམས་པ་མི་ཆགས་པ། ཡལ་བར་གཏོང་བ ་སྲང་ངན་དུ་འཇུག་པ། ཕྱིན་ཆད་བྱེད་པར་དམ་འཆའ་བ། དེ་ལྟ་བུའི་ལས་ལ་དགའ་བ། དེ་ལྟ་བུ་ལ་སྨོན་པ། དེ་ལྟ་བུའི་ལས་འདུས་པའི་གང་ཟག་སེམས་ཅན་དམྱལ ་བར་སྐྱེས་ཏེ། སེམས་ཅན་དམྱལ་བའི་ཚེ་ཀུན་རྫོགས་ནས་སླར་སྐྱེའོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་སེམས་ཅན་དམྱལ་བར་སྐྱེས་ཏེ། སེམས་ཅན་དམྱལ་བའི་ཚེ་ཕྱེད་ཟད་ནས་སླབ་སྐྱེ ་བའི་ལས་གང་ཡིན་ཞེ་ན། གང་ཟག་སུའང་རུང་། སེམས་ཅན་དམྱལ་བའི་ལས་བྱས་པ་ནས་འགྱོད་པ། ཁྲེལ་གྱིས་དོགས་པ། ཉེས་པར་སེམས་པ། མི་རིགས་པར་སེམས་པ་ཀ་འཆགས་པ ་ཡལ་བར་མི་གཏོང་བ། སླར་ངན་དུ་མི་འཇུག་པ། ཕྱིན་ཆད་མི་བྱེད་པར་དམ་འཆའ་བ་འདི་ལྟ་བུའི་ལས་འདུས་པའི་གང་ཟག་ནི་སེམས་ཅན་དམྱལ་བར་སྐྱེ་སྟེ། སེམས་ཅན་དམྱལ་བའི་ཚེ་ཕྱེད་ཟད ་ནས་སླར་སྐྱེའོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས། སེམས་ཅན་དམྱལ་བར་སྐྱེས་མ་ཐག་ཏུ་སླ་བ་སྐྱེ་བའི་ལས་གང་ཡིན་ཞེ་ན། གང་ཟག་སུ་འང་རུང་སྟེ། སེམས་ཅན་དམྱལ་བའི་ལས ་བསམས་ཏེ་བྱས་ནས། ལས་དེ་བྱས་པ་དང་། འགྱོད་པ། ཁྲེལ་གྱིས་དོགས་པ། ཉེས་པར་སེམས་པ། མི་རིགས་པར་སེམས་པ། འཆགས་པ། ཡལ་བར་མི་གཏོང་བ། སླར་ངན་དུ་མི ་འཇུག་པ། ཕྱིན་ཆད་མི་བྱེད་པར་དམ་འཆའ་བ། དེ་ལྟ་བུའི་ལས་ལ་ཕྱིས་མི་དགའ་ཞིང་མི་སྨོན་པ། སྤོང་ཞིང་གཏོང་བ། ཕྱིས་ཤིན་ཏུ་མི་དགའ་བའི་ཡིད་བསྐྱོད་པ། འདི་ལྟ་བུའི་ལས ་འདུས་པའི་གང་ཟག་ནི་སེམས་ཅན་དམྱལ་བར་སྐྱེས་མ་ཐག་ཏུ་སྨྲར་སྐྱེས་ཏེ། དེ་ནི་རྒྱལ་པོ་མ་སྐྱེས་དགྲ་བཞིན་ནོ།། ཇི་ཝཱར་གང་བག་ལས་འདི་ལྟ་བུ་འདུས་པས་མ། སྔར་བདེ་ལ་གྱིས་མི་དང་། ་བའི་ལས་གང་ཡིན་ཞེ་ན། གང་ཟག་སུ་འང་རུང་སྟེ། བྱིན་པ་བྱིན་ཡང་ཡི་རངས་བཞིན་དུ་མ་བྱིན། དགའ་ཞིང་བདེ་བའི་ཡིད་དུ་མ་བྱས། བྱིན་ནས་ཕྱིས་འགྱོད་པར་སེམས་པ། གང་ཟག་དེ ་ལྔ་བུ་མེར་སྐྱེས་ནའང་ཕྱུག་པོའི་རིགས་སུ་སྐྱེ་སྟེ། ནོར་མང་པོ་དང་། སྤྱོད་པ་མང་པོ་དང་། མང་པོའི་ཇོ་བོར་འགྱུར་ཏེ། བློན་པོ་དང་། གྲོགས་པོ་དང་། གཉེན་དང་། རིགས་གཅིག ་པ་མང་དུ་བདོག་པ་དང་། མཛོད་དང་བང་བ་ཀུན་ཀྱང་གང་བ། ཤིན་ཏུ་བདེ་ཞིང་བཞོན་པ་མང་པོ་དང་ལྡན་པ་དེ་ལྟ་བུན། སྐྱིད་པ་ཀུན་སྤྱོད་དེ་ཕྱིས་དམས་པ་དང་། ཟད་པར་འགྱུར་ཏེ་མི་བདེ ་བར་སོང་བ་ལས་འདི་ལྟ་བུ་འདུས་པའི་གང་ཟག་ནི་སྔར་བཅན་བྱུག་ཅིང་བདེ་ལ། ཕྱིས་བཀྲེས་ཤིང་དམས་པས་མི་བདེ་བར་འགྱུར་རོ།། ཇི་ལྟར་གང་ཟག་ལས་འདུས་པས། སྔར་མི་བདེ་ལ ་བྱིས་བདེ་བར་གྱུར་པའི་ལས་ཀྱི་འབྲས་བུ་ནི་གང་ཡིན་ཞེ་ན། གང་ཟག་སུའང་རུང་སྟེ། སྦྱིན་པ་སྔར་མ་དང་བྱིན་ནས། དད་ཅིང་རངས་པའི་སེམས་ཕྱིས་སྐྱེས་པའི་གང་ཟག་དེ་ནི་མིར ་སྐྱེས་ནའང་དབུལ་པོའི་རིགས་སུ་སྐྱེས་ཏེ་ཟས་དང་སྤྱོད་པ་ཉུང་བ། ཉོན་མོངས་ཤིང་ཟས་དང་གོས་མེད་པ་ལས། ཕྱིས་བཙན་ཕྱུག་ཅིང་སྐྱེད་པར་གྱུར་ཏེ་ཅིའང་འཕེལ་ཏེ། ཅི་ཀྱང་མི ་བྲེལ་བར་འགྱུར་བ་འདི་ལྟ་བུའི་གང་ཟག་ནི་སྔར་མི་བདེ་ལ་ཕྱིས་བདེ་བར་གྱུར་པའོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུར་གྱུར་པས། སྔར་ཀྱང་བདེ་ལ་ཕྱིས་ཀྱང་བདེ། ་ལ་ཕྱིས་གྱུར་པའི་ལས་གང་ཡིན་ཞེ་ན། གང་ཟག་སུའང་རུང་སྟེ། སྦྱིན་པ་བྱིན་པ་མང་པོ་དང་རངས་པར་བྱིན། བདག་ཀྱང་ཡིད་དགའ་སྟེ་བྱིན་པས་ཕྱིས་མི་འགྱོད་པའི་གང་ཟག་དེའི་འབྲས ་བུ་ནི་མིར་སྐྱེས་ནའང་ཕྱུགས་པོའི་རིགས་སུ་སྐྱེ་སྟེ། ནོར་མང་པོ་སྤྱོད་པ་དང་། ནོར་མང་པོའི་ཇོ་བོར་འགྱུར་ནས་བློན་པོ་དང་། གྲོགས་པོ་དང་། གཉེན་དང་། རིགས་གཅིག་པ ་མང་དུ་བདོག་པ་དང་། བང་མཛོད་ཐམས་ཅད་ཀྱང་གང་བ། ཤིན་ཏུ་བདེ་ཞིང་བཞོན་པ་མང་པོ་དང་། དེ་ལྟ་བུའི་རིགས་སུ་སྐྱེ་སྟེ། སྐྱིད་པ་དེ་ལྟ་བུའི་ཕྱིར་སྐྱེ་ཞིང་འཕེལ་བར་འགྱུར་ཏེ། ་གང་ལས་འདི་ལྟ་བུ་འདུས་པས་སྔར་ཡང་བདེ། ཕྱིས་ཀྱང་བདེ་བར་འགྱུར་རོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས། སྔར་མི་བདེ་ལ་ཕྱིས་ཀྱང་མི་བདེ་བར་འགྱུར་བའི་ལས་ཀྱི་འབྲས། ་དུ་ནི་གང་ཡིན་ཞེ་ན། གང་ཟག་སུའང་རུང་སྟེ། དགེ་བའི་གྲོགས་པོ་སྤངས་པ་ཡིན། སུས་ཀྱང་སྦྱིན་པ་ལ་མ་བཅུག་པ་ཡིན། བདག་ཉིད་ཀྱིས་ཀྱང་གཞན་ལ་བྱིན་པ་མ་བྱས་པ་གང་ཡིན ་པའི་གང་ཟག་དེ་ལྟ་བུ་ནི། མིར་སྐྱེས་ནའང་དབུལ་པོ་བཀྲེན་པ། ཟན་སྐོམ་གྱིས་འཕོངས་པ། གོས་རྒྱབ་ཀྱིས་འཕོངས་ཤིང་བྲེལ་ཏེ། ཉོན་མོངས་བཞིན་དུ་འཚོ་བ་དང་། ཟན་ཞོམ ་དང་གོས་རྒྱབ་ཀྱིས་མི་འཚེ་བ་དང་། ཕྱིས་ཀྱང་དེ་ལས་སྐྱེད་ཅིང་སྤྱོད་པ་འཕེལ་བར་འགྱུར་བའང་མེད་དེ། གང་བག་ལས་དེ་ལྟ་བུ་འདུས་པས་ན་སྔར་ཡང་མེ་བདེ། བྱིས་ཀྱང་བདེ་བར ་མི་འགྱུར་རོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ན། ཕྱག་ལ་སེར་སྣ་ཅན་དུ་བྱེད་པར་འགྱུར་བའི་ལས་ཀྱི་འབྲས་བུ་གང་ཡིན་ཞེ་ན། གང་ཟག་སུའང་རུང་སྟེ། སྦྱིན་པའི ་གནས་ལ་ཅིའང་ཟུངས་མི་ཆེ་ཞིང་ཅུང་ངུ་བྱིན་པ་ཡིན། གཏོང་བ་ལ་ནརྀ་བསྲི་ཞིང་གོམས་པར་བྱས་པས། གང་ཟག་དེ་མིར་སྐྱེས་ནའང་ཕྱུགས་པོའི་རིགས་སུ་སྐྱེ་སྟེ། ནོར་དང་སྤྱོད་པ ་མང་པོ་ཡོད་ཀྱང་སེར་སྣ་བྱེད་པར་འགྱུར་ཏེ། དེ་ལྟ་བུ་ལས་འདུས་པའི་གང་ཟག་ནི་ཕྱུག་ལ་སེར་སྣ་ཆེ་བ་ཡིན་ནོ།། ཇི་ལྟར་ཕྱུག་ལ་གཏོང་ཕོད་པའི་ལས་ཀྱི་འབྲས་བུ་ནི་གང་ཡིན་ཞེ་ན། ་གང་དག་སུ་འང་ཆུང་། བྷིནཱ་པའི་གནས་ལ་མང་དུ་བྱིན་ཅིང་། སྦྱིན་པ་ཕྱིར་ཞིང་སེམས་པར་བྱས་པ་ཡིནཿ། གང་ཕྲག་དྲི་མོ་སྒྲེས་ན་རང་ཕྱུག་པོའི་རིགས་སུ་ཀྱཻཿ། ཟས་དང ་སྤྱོད་པས་འཚོ་ཞིང་གཏོང་བ་ཡིན་ཏེ། ལས་དེ་ལྟ་བུ་འདུས་པ་ནི་ཕྱུག་ལ་གཏོང་ཕོད་པའོ།། ཇི་ལྟར་ན་དབུལ་ལ་གཏོང་ཕོད་པའི་ལས་ཀྱི་འབྲས་བུ་ཡིན་ཞེ་ན། གང་ཟག་སུ ་རང་རུང་། སྦྱིན་པའི་གནས་མ་ཡིན་པ་ལ་མང་དུ་བྱིན་ཡང་། སྦྱིན་པའི་ཕྱིར་ཞིང་གོམས་པར་བྱས་པ་ཡིན་པས། གང་ཟག་དེར་མིང་སྐྱེས་ནའང་དབུལ་པོའི་རིགས་སུ་རྩེ ་ཟས་དང་སྤྱོད་པས་མི་འཚོ་ཞིང་ཉོན་མོངས་ནས་སྡུག་ཅིང་གོས་ཟས་ཀྱིས་མི་འཚོ་ཡང་གཏོང་བ་ཡིན་ཏེ། ལས་དེ་ལྟ་བུ་འདུས་པའི་གང་ཟག་ནི་དབུལ་ལ་གཏོང་བོད་པའོ།། ་ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས། དབུལ་ལ་སེར་སྣ་བྱེད་པའི་ལས་སུ་གྱུར་པ་ཡིན་ཞེ་ན། གང་ཟག་སུའང་རུང་། དགེ་བའི་གྲོགས་པོ་སྤངས་པ། སུས་ཀྱང་སྦྱིན་པ་ལ་མ་བཅུག་པ ་ཡིན་ཉིད་ཀྱིས་ཀྱང་སྦྱིན་པ་མ་བྱིན་པ་ཡིན། སྡིག་པའི་ལས་ཀྱང་མ་བསམས་མ་བྱས་པ་ཡིན་ཏེ། གང་ཟག་སུའང་རུང་སྟེ། དེ་མིར་སྐྱེས་ནའང་དབུལ་པོའི་རིགས་སུ་རྒྱས་ཏེ། ཟས་དག ་སྤྱོད་པ་ལ་སོགས་པས་མི་འཚོ་ཞིང་ཉོན་མོངས་ནས་སྡུག་ཅིང་གོས་ཟས་ཀྱིས་བྲེལ་ནས་སེར་སྣ་བྱེད་པ་ཡིན་ཏེ། ལས་དེ་ལྟ་བུ་འདུས་པའི་གང་ཟག་ནི་དབུལ་པོ་ལ་སེར་སྣ་བྱེད་པའོ།། གང ་དྲག་ཚེ་ཟད་ལ་ལས་མ་ཟད་པ་གང་ཞེ་ན། གང་ཟག་སུའང་རུང་། སེམས་ཅན་དམྱལ་བར་ཤི་ནས། ཡང་སེམས་ཅན་དམྱལ་བར་སྐྱེ་བ། བྱོལ་སོང་ལས་ཤི་ནའང་བྱོལ་སོང་དུ་སྐྱེ་བ། ་རིང་དུ་འཁྱམས་པ་ལས་ཤི་ནའང་རིང་དུ་འཁྱམས་པར་སྐྱེ་བ་ཨ་སུ་རབ་ཤི་ནའང་ཨ་སུ་བར་སྐྱེ་བ། མི་ལས་ཤི་ནའང་མིར་སྐྱེ་བ། དེ་ལྟ་བུའི་གང་ཟག་ནི་ཚེ་ཟད་ལ་ལས་མ་ཟད་པ་ཡིན་ནོ།། ་གང་ཟག་ལས་ཟད་ལ་ཚེ་མ་ཟད་པ་གང་ཞེ་ན། གང་ཟག་སུའང་རུང་སྟེ། སྔོན་སྐྱིད་ལ་ཕྱིས་སྡུག་པར་གྱུར་པ་སྔོན་སྡུག་ལ་ཕྱིས་ནས་སྐྱིད་པར་གྲུབ་པ་དེ་ལྟ་བུའི་གང་ཟག་ནི་ལས་ཟས་ལ ་ཙམ་དད་པ་ཡིན་ནོ།། གང་ཟག་ལས་དང་ཚེ་གཉིས་ཀ་ཟད་པ་གང་ཡིན་ནེ་ན། གང་ཟག་སུའང་རུང་སྟེ། སེམས་ཅན་དམྱལ་བར་ཤི་ནས་བྱོལ་སོང་དུ་ཐོས་པ་བྱོལ་སོང་ལས་ཤི་ནས་རིང་། ་དུ་འཁྱམས་པར་སྐྱེས་པ། རིང་དུ་འབྱམས་པ་ལས་ཤི་ནས་ཨ་སུ་རར་སྐྱེ་བ། ཨ་སུ་རང་ཤི་ནས་མིང་སྐྱེས་པ་མི་ལས་ཤི་ནས་ལྷར་སྐྱེས་པ། དེ་ལྟ་བུའི་གང་ཟག་ནི་ལས་དང་ཚེ་གཉིས ་ཟད་པ་ཡིན་ནོ།། གང་ཟག་ལས་གང་གིས་ན་ཚེའང་མ་ཟད། ལས་ཀྱང་མ་ཟད་ལ་མྱ་ངན་སྤངས་པ་གང་ཞེ་ན། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། ་དགྲ་བཅོམ་པ་གང་ཟག་དེ་རྣམས་ལས་དང་ཚེ་མ་ཟད་མོད་ཀྱི། མྱ་ངན་སྤངས་པའོ།། གང་ཟག་ལུས་བ་དེ་ལ་སེམས་མི་བདེ་བ་གང་ཞེ་ན། མ་རབས་ཀྱིས་བསོད་ནམས་བྱས་ནས ་འཁོར་ལོ་བསྐོར་བའི་རྒྱལ་པོར་གྲུབ་པ། དེ་ལྟ་བུའི་གང་ཟག་ནི་ལུས་བདེ་ལ་སེམ་མི་བདེ་བའོ།། གང་ཟག་སེམས་བདེ་ལ་ལུས་མི་བདེ་བ་གང་ཞེ་ན། བསོད་ནམས་མ་བྱས་པའི་དགྲ་བཅོམ་པ ་ཁྲིམས་རྫོགས་པ་འགུག་པ་ལྟ་བུ་དགྲ་བཅོམ་པའི་གང་ཟག་ནི། སེམས་བདེ་ལ་ལུས་མི་བདེ་བ་ཞེས་བྱའོ།། གང་ཟག་ལུས་དང་སེམས་གཉིས་ཀ་བདེ་བ་གང་ཞེ་ན། བསོད་ནམས་བྱས་པའི ་དགྲ་བཅོམ་པ་སྟེ། ཁྲིམས་རྫོགས་པ་རྡོ་སྟོབས་ལྟ་བུའི་གང་ཟག་ནི་ལུས་དང་སེམས་གཉིས་ཀ་བདེ་བའོ།། གང་ཟག་ལུས་དང་སེམས་གཉིས་ཀ་མི་བདེ་བ་གང་ཞེ་ན། མ་བབས་ཀྱི་བསོད་ནམ ་མ་བྱས་པ་དེ་ལྟ་བུའི་གང་ཟག་ནི་ལུས་དང་སེམས་གཉིས་ཀ་མི་བདེ་བའོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ན། ངན་པའི་སར་སྐྱེས་ལ་གཟུགས་ལེགས་པ་དང་། ་བཟང་པོ་དང་། སྡུག་གུ་དང་། ཁ་དོག་མཛེས་པ་དང་། མདོག་སྣུམ་པ་དང་། མཐོང་ན་དགའ་བའི་ལས་གང་ཡིན་ཞེ་ན། ཆགས་པ་གཡོས་ཏེ་ཚུལ་ཁྲིམས་ཉམས་པ་དང་ལྡན་པའི་གང་ཟག ་ནི་ངན་པའི་སར་སྐྱེས་ལ། གཟུགས་ལེགས་པ་དང་། བཟང་པོ་དང་། ཐུག་གུར་འགྱུར་རོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ན། ངན་པའི་སར་སྐྱེས་ལ། གཟུགས་ངན་པ་དང ་ལུས་རྩུབ་པ་དང་། མི་སྡུག་པ་དང་། མཐོང་ན་མི་སྡུག་པར་འགྱུར་བའི་ལས་གང་ཞེ་ན། ཁྲོ་བ་སྐྱེས་ཤིང་ཁྲིམས་མི་ཐུབ་པ་དང་ལྡན་པའི་གང་ཟག་འདི་ལྟ་བུ་འདུས་པས་ནངན་པའི ་སར་སྐྱེས་ལ་གཟུགས་ངན་པ་དང་། ལུས་རྩུབ་པ་དང་། མི་སྡུག་པར་སྣང་བ་དང་། མཐོང་ན་ཡིད་དུ་མི་འོང་བར་འགྱུར་རོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ན། ངན་པའི ་སར་སྐྱེས་ལ། དྲི་མི་ཞིམ་པ་དང་། དབང་པོ་མ་ཚང་བ་དང་། དབང་པོ་མི་མཐུན་པར་འགྱུར་བའི་ལས་གང་ཡིན་ཞེ་ན། ཐེན་པར་སྐྱེས་ཤིང་ཁྲིམས་མི་ཐུབ་པ་དང་ལྡན་པ་གང་ཟག་ལས། ་འདི་ལྟ་བུ་དང་འདུས་པས་ན། ངན་པའི་སར་སྐྱེས་ལ་དྲི་མི་ཞིམ་པ་དང་། དབང་པོ་མ་ཚང་བ་དང་། དབང་པོ་མི་མཐུན་པར་འགྱུར་རོ།། ཇི་ལྟར་མི་དགེ་བ་བཅུའི་ལས་བྱས་པའི་རྒྱུས།། ་ཕྱི་རོལ་གྱི་ཡུལ་ས་རྣམས་ངན་དུ་འོང་བར་འགྱུར་བ་ཡིན་ཞེ་ན། སྲོག་བཅང་ན་དེའི་ལན་གྱིས་སའི་མདོག་ཉམས་པར་འོང་ངོ་།། མབྱིན་པར་བླངས་ན་ངོའི་ལན་གྱིས་སེར་རབ་དང་། བྱེ་བ་དང་། ་བྱེབ་དང་། སྲིན་མང་དུ་འོང་བར་འགྱུར་རོ།། མི་ཚངས་པར་སྤྱོད་པ་བྱས་པས། དེའི་ལས་ཀྱིས་ཁུག་རྣ་དང་རླུང་དང་། རྡུལ་ཆེན་པོ་འོང་བའི་སར་སྐྱེའོ།། བརྫུན་མང་དུ་བྱས་པའི ་ལས་ཀྱི་འབྲས་བུ་ནི་ཁར་མནམ་པོར་འགྱུར་བ། ལྐུགས་མི་ཞིམ་པར་འོང་ངོ་།། ཟ་མ་མང་དུ་བྱས་པའི་ལས་ཀྱི་འབྲས་བུ་ནི་ཡུལ་མཐོ་དམན་ཅན་དང་། ལུང་ལྕོང་དང་། མེ་གཙང་བ ་དང་ན་རྒོང་པ་དང་། རྡོ་བ་གྲམ་ཁྲོད་ཅན་གྱི་ཡུལ་དུ་སྐྱེའོ།། ཁ་འཁྱལ་པ་བྱས་པའི་ལས་ཀྱི་འབྲས་བུ་ནི། གྲོག་པོ་མང་བ་རྩི་ཤིང་དང་། ཡལ་ག་དང་། འདབ་མཚེར་མ་ཅན་དང ་ནགས་ཚང་ཚིང་ཅན་གྱི་ཡུལ་དུ་ཀྱེའོ།། བརྐམ་པར་བྱེད་པའི་འབྲས་བུ་ནི། འབྲུ་འབྲས་ཅིའང་ཕྲ་མོར་འོང་ངོ་།། ཐོབ་བྱས་པའི་ལན་གྱིས་ས་བོན་འབྲས་བུ་ཚ་བ་དང་། གྱུར་བ་དང ་བབར་འོང་ངོ་།། ལོག་པར་བལྟས་པ་དང་། བྱེད་དུ་བཅུག་པའི་ལས་ཀྱི་རྒྱུས་ནི། ས་བོན་དང་འབྲས་བུ་ཆུང་ཞིང་ངན་པར་འོང་ངོ་།། འདི་ལྟར་མི་དགེ་བ་བཅུའི་ལས་བྱས་པས་ཕ་རོལ་གྱི ་ཡུལ་ས་རྣམས་ངན་པར་འགྲུར་ཞིང་མི་བདེ་བའི་གནས་སུ་སྐྱེ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་ཡང་བཀའ་སྩལ་པ། མ་ན་བ་ངན་པ་རྣམས་པ་བཅུ་པ་འགྱུར་ཡང་གོ་ཞིང་ཤེས་པར ་བྱོས་ཤིག། བཅུ་གང་ཞེ་ན། དགྲ་མང་དུ་འགྱུར་བ་ཡིད་དུ་མི་འོང་བར་སྣ་བ་ཚེ་ཐུང་བ་སྡིག་པའི་ལས་ལ་སེམས་པ། སེམས་ཅན་རྣམས་འཇིགས་པར ་འགྱུར་བ། མི་དགའ་བཞིན་ཉལ་བ། མི་དགའ་བཞིན་སད་པ་རྨི་ལམ་ན་སྡིག་པ་མཐོང་བ་ཕྱིས་འགྱོད་པ་ཚེ་ཐུང་བའི་ལས་སེམས་ཤིང་བྱེད་པ་ཡིན་ཏེ་ཤི་ནས་ལུས་དང་བྲལ ་ན་ལམ་ངན་པར་ལྷུང་ཞིང་སེམས་ཅན་དམྱལ་བར་སྐྱེའོ།། མ་བྱིན་པར་བླང་ན་ལས་ཀྱི་རྣམ་པར་སྨིན་པ་བཅུར་འགྱུར་ཏེ། བཅུ་གང་ཞེ་ན་དགྲར་འགྱུར་བ་ཡིན། དོགྲ ་པར་འགྱུར་བ་ཡིན། མི་རིགས་པར་འགྲོ་བ་ཡིན། མཚན་མོ་འཁྱམས་པ་ཡིན། སྡིག་པའི་གྲོགས་པོ་ཀུན་གྱིས་ཟིན་པ་ཡིན། དགེ་བའི་གྲོགས་ཀུན་སྤངས་པ་ཡིན། ཁྱིམ་མི་ཐུབ ་པ་ཡིན། རྒྱལ་པོས་གྱོད་བཏབ་པ་ཡིན། ཆད་པས་བཅད་པ་ཡིན། མི་སྐྱིད་པར་བྱེད་པར་འགྱུར་བའི་ལས་སེམས་ཤིང་བྱེད་པ་ཡིན་ཏེ། ཤི་ནས་ལུས་དང་བྲལ་ནས་ལམ་ངན་པར ་ལྟུང་ཞིང་སེམས་ཅན་དམྱལ་བར་སྐྱེའོ།། མི་ཚངས་པར་སྤྱོད་པས་ན་ངན་པ་བཅུར་འགྱུར་བ་ཤེས་པར་བྱོས་ཤིག། བཅུ་གང་ཞེ་ན། གཞན་གྱི་ཁྱོ་ཤུག་དང་ཉལ་བ་ཡིན ་གླགས་ཚོལ་བ་ཡིན། ཁྱོ་ཤུག་དང་འཐབ་པ་ཡིན། ཁྱེ་ཤུག་འཕྲོག་པ་ཡིན། མི་དགེ་བའི་ཆོས་ཀུན་སྐྱེ་བ་ཡིན། མི་དགེ་བའི་ཆོས་ཀུན་བྱང་ཞིང་འབྲི་བར་འགྱུར་བ་ཡིན་བདག། ་གྲང་བདེན་པར་མེ་བསྲུང་བ་ཡིན། བུ་སྤད་ལ་སོགས་པའང་བདེན་པར་མ་བསྲུངས་པ་ཡིན། དོགས་པར་འགྱུར་བ་ཡིན། གཉེན་དང་། གྲོགས་པོ་དང་རིགས་གཅིག་པ་དགྲར་འགྱུར ་བའི་ལས་སེམས་ཤིང་བྱེད་པ་ཡིན་ཏེ། ཤི་ནས་ལུས་དང་བྲལ་ན་ལམ་ངན་པར་ལྟུང་ཞིང་སེམས་ཅན་དམྱལ་བར་སྐྱེའོ།། བརྫུན་བྱས་ན་ངན་པ་བཅུར་འགྱུར་ཏེ། བཅུ་གང ་ཞེ་ན་དེའི་ལུས་ལྷ་རྣམས་མི་འཁོར་བ། མི་མ་ཡིན་པ་རྣམས་འཁོར་བ། གཞན་གྱིས་བསླུ་བ། བདག་གི་ཚིག་མི་བརྟན་པ། བ་མནམ་པ། དྲང་པོར་སྨྲས་ཀྱང་སུའང་ཡིར་མི་ཆེས ་པབཔ་བརྫུན་པོ་ཆེ་དེ་ལ་དྲི་བའི་མི་རིགས་ཞེས་ཟེར་བ། དེ་ལ་ཚིགས་སུ་བཅད་ཅིང་བསྟོད་པ་མེད་པར་གྲགས་པར་འགྱུར་བ། སུའང་མི་ཉན་པའི་ཚིག་ཏུ་འགྱུར་བ། ཀུན་ཏུ་ངན་དུ་བརྗོད ་པའི་ལས་སེམས་ཤིང་བྱེད་པ་ཡིན་ཏེ། ཤི་ནས་ལུས་དང་བྲལ་ནས་ལམ་ངན་པར་ལྷུང་ཞིང་སེམས་ཅན་དམྱལ་བར་སྐྱེའོ།། ཆང་འཐུངས་ན་ངན་པ་བག་མེད་པ་སུམ་ཅུཿ ་ལྔར་འགྱུར་བ་ཤེས་པར་བྱོས་ཤིག། སུམ་ཅུ་རྩ་ལྔ་གང་ཞེ་ན། མངོན་པར་སྣང་བཞིན་དུ་ནོར་ཟད་པ། མ་དད་པ་མང་པོ་འདུ་བ། འཐབ་མོ་དང་རྩོད་པ་རྣམས་སྐྱེ་བ། ཁྲེལ་ཞིང་ངོ་ཆེས ་མི་འཛེམ་པ། མཉན་པར་གྲགས་པར་བྱེད་པ། ཤེས་རབ་ཉམས་པར་བྱེད་པ། སྐྱེད་པ་སྔན་ཆད་མ་བསགས་པ། ད་ཡང་མི་སོགས་པ། སྐྱིད་པའི་བསགས་པ་ཀུན་ཟད་ཅིང་མེད ་པར་བྱས་པ། གསང་བའི་རྣམས་སྦ་བ་ལས་སུ་བྱ་བའི་རྣམས་ཤོར་བ་ནན་ཏེ་མ་མྱ་ངན་གྱི་རྩ་བ་མར་མེ་འཛིན་པ་པར་མི་འཛིན་པ། ཐར་པར་ཞུགས ་པར་མི་ཤེས་པ། བྲམ་ཟེར་མི་ཤེས་པ། རིགས་བཙུན་པ་ལ་བསྟི་སྟང་རིམ་གྲོ་མི་བྱེད་པ། སངས་རྒྱས་ལ་རིམ་གྲོ་མི་བྱེད་པ། ཆོས་ལ་རིམ་གྲོ་མི་བྱེད་པ། དགེ་འདུན་ལ་རིམ་གྲོ་མི་བྱེད་པ། ་སྡིག་བྱེད་པའི་གྲོགས་པོ་ལ་རིམ་གྲོ་བྱེད་པ། དགེ་བའི་གྲོགས་པོ་ཀུན་སྤང་ཞིང་ཁྱད་དུ་གསོད་པ། ངོ་ཚ་མི་ཤེས་པ། ཁྲེལ་གྱིས་མི་དོགས་པ། སྦ་ཞིང་མཛེས་པའི་བག་མི་བྱེད་པ། གཡེམ་པ ་ལ་བག་མེད་པ། འགྲོ་བ་མང་པོའི་ཡིད་དུ་མི་འོང་བ། འགྲོ་བ་མང་པོས་སྨད་པ། རིགས་ཆེན་པོ་དང་། གཉེན་པ་དང་། རིགས་གཅིག་པར་སྤངས་པ། ཡང་དག་པའི་ཆོས་མ་ཡིན་པ ་ཀུན་འཛིན་པ། ཡང་དག་པའི་ཆོས་ཀུན་སྤོང་བ། ཉེས་པར་བྱེད་ཀྱིས་བསྟོད་པའི་མི་རིགས་ཤེས་བླ་མས་སྨད་པ། མྱ་ངན་ལས་འདས་པ་དང་རིང་དུ་བྲལ་བ། སྨོན་པར་འགྱུར་བའི་ལས།། ་སེམས་ཤིང་ངན་པའི་སྐྱོན་སྣ་ཚོགས་སུ་བྱེད་པ་ཡིན་ཏེ། ཤི་ནས་སེམས་ཅན་དམྱལ་བར་ལྟུང་ཞིང་ལུས་དང་བྲལ་ནའང་ལམ་ངན་པར་འགྲོ་བས་བུ་འོག་ཀུན་གྱིས་ཀྱང་མི་བཏུང་ཞིང་སྤང་བར་བྱའོ།། 5 ་མན་བ་བདེ་བར་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་ནས་གུས་པས་ཕྱག་བྱས་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། ཆེན་པོའི་རིགས་སུ་སྐྱེ་བ། གཟུགས་ཆེ་བ ་འཁོར་མང་པོ། པ་མལ་རིམ་གྲོ་བརྩི་སྟང་ཆེ་བ། ནོར་མང་བ། མང་དུ་ཐོས་པ། དད་པ་དང་ལྡན་པ། མང་དུ་དྲན་པ། ཤེས་རབ་ཆེན་པོ། མཐོ་རིས་ཀྱི་ལམ་ཆེན་པོ་ཐོབ་པ་འབོང་ངོ་།། ་ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་སེམ། གཟུགས་བཟང་པོར་འགྱུར། སྐད་སྙན་པར་འགྱུར། ངག་ཀུན་གྱིས ་མཉན་པར་འགྱུར། འཁོར་ཀུན་གྱིས་སྟོད་པར་འགྱུར། སྐྱིད་པ་དང་ལྡན་པར་འགྱུར། ལྷ་དང་མིའི་ནང་ནའང་དབང་ཆེ་བར་འགྱུརསྤྱོད་པ་མང་པོར་འགྱུར། མཐོ་རིས་སུ་སྐྱེ་བར ་འགྱུར། མྱ་ངན་ལས་འདས་པའང་མྱུར་དུ་ཐོབ་པར་འགྱུརཡང་དག་པར་གཤེགས་པའི་མཆོད་རྟེན་ལ་གདུགས་ཕུལ་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བནྡྷ ་གང་ཞེ་ན། གདུགས་དང་འདྲ་བར་འགྱུར། འཇིག་རྟེན་ལ་མི་གནོད་པར་འགྱུར། སྨོན་པའི་གནས་སུ་འགྱུར། འཇིག་རྟེན་གྱི་དབང་པོར་འགྱུར། ལས་སེམས་ཤིང་བྱེད་པར་འབུབ ་ཕྱིར་འཁོར་ལོའི་རྒྱལ་པོ་ཐོབ་པར་འགྱུར། དབང་ཆེན་པོར་འགྱུར། སྤྱོད་པ་མང་པོར་འགྱུར། མཐོ་རིས་སུ་སྐྱེ་བབ་འགྱུར། མྱ་ངན་ལས་འདས་པའང་མྱུར་དུ་ཐོབ་པར་འགྱུར་རོ། ་ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་དྲིལ་བུ་ཕུལ་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན་གཟུགས་བཟང་བར་འགྱུར་བ་ཡིན། དབྱངས་སྙན་པ་ཡིན། ཡིད་དུ ་འོང་བསྨྲ་བཞིན། བྷག་ལ་བིང་ཀའི་སྒྲ་སྐད་དུ་ཙཱ་བ་ཡིན། ཀུན་གྱིས་མཉན་པར་འགྱུར་བ་ཡིན། རྟག་ཏུ་དགའ་ཞིང་རངས་པ་ཡིན། བྱི་ཕྱིར་མིང་དུ་འོང་བལ། ་སྒྲ་ཐོས་པ་ཡིན། སྤྱོད་པ་མང་པོ་ཡིན། མཐོ་རིས་སུ་སྐྱེ་བ་ཡིན། མྱ་ངན་ལས་འདས་པར་འགྱུར་བ་ཡིན་ནོ།། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་ནབ ་ཕུལ་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། མདོག་འཇམ་པ་ཡིན། ལུས་རྡུལ་མི་ཆགས་པ་ཡིན། ཁྲེ་ལ་ལྟས་དང་ལྡན་པ་ཡིན། མཐོང་ན་དགའ་བ་ཡིན།། ་རྟག་ཏུ་གོས་དང་ལྡན་པ་ཡིན། འཇམ་ཞིང་བཟང་པོའི་གོས་རྟག་པ་ཡིན། ཅིའང་རྙེད་པ་ཡིན། སྤྱོད་པ་མང་བ་ཡིན། མཐོ་རིས་སུ་སྐྱེ་བ་ཡིན། མྱུར་དུ་མྱ་ངན་ལས་འདས་པ ་ཐོབ་པ་ཡིན་ནོ།། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕུལ་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འཇིག་རྟེན་གྱི་ནང་ན་མེ་འོ།། ་དང་འདྲ་བར་འགྱུར། གསུང་གི་དབང་པོ་གཙང་བར་འགྱུར། ལུས་ལ་མནམ་པ་ཇི་ཞིམ་པར་འགྱུར། ལུས་གཙང་མར་འགྱུར། ཕྱོགས་བཅུར་ཁྲིམས་ཐུབ་པའི་གཟུངས་རྒྱས་པར་འགྲོ ་ཀུན་ཀྱང་དེ་ལས་འདུ་བར་འགྱུརའཇིག་རྟེན་གྱི་ནང་ན་རྙེད་པར་འགྱུར། དད་པའི་ཆོས་རྣམས་མང་དུ་འགྲུབ་པར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས ་འདས་པར་འགྱུར་རོ།། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་འཕྲེང་བ་ཕུལ་ན། དེའི་ལེགས་པ་བཅུ་ཐོབ་པར་འགྱུརཏེ། བཅུ་གང་ནེ་ན། ་ནང་ན་མེ་ཏོག་གི་འཕྲེང་བ་དང་འདྲ་བར་ལུས་ལ་མནམ་པའི་དྲི་ཞིམ་པར་འགྱུར། ལུས་གཙང་བར་འགྱུར། རྟག་ཏུ་དྲི་ཞིམ་པར་འགྱུར། རྐྱེན་དང་ལྡན་པར་འགྱུར། འཁོར་གྱི་རྣམས ་གཏོང་ཞིང་ཉེ་བར་འགྱུར། ཕོ་མོ་ཐམས་ཅད་ཀྱི་ཡིད་དུ་འོང་བར་འགྱུར། སྤྱོད་པ་མང་དུ་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུརོ། ་ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འཇིག་ཅེན་གྷི་ནང་ན་མར་མེ་དང་འདྲ་བར་འགྱུར། ཤའི་མིག་གཙང་བར་འགྱུ ་འཕྲུལ་གྱི་མི་ཐོབ་པར་འགྱུར། མི་ཤེས་པའི་མུན་པ་ནག་པོ་མེད་པར་འགྱུར། ཤེས་རབ་ཀྱི་འོད་ཐོབ་པར་འགྱུར། དགེ་བ་དང་མི་དགེ་བའི་དོན་རྣམས་བྱེ་བྲག་བྱེད་པར་འགྱུར། འཁོར་བ་ན ་འཁོར་ཡང་མུར་པ་དང་མྱོས་པར་མི་འགྱུར། སྤྱོད་པ་མང་པོར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ།། ཡང་དག་པར་གཤེགས ་པའི་མཆོད་རྟེན་ལ་སྤོས་ཕུལ་ན། ལེགས་པ་བཅུ་ཐོབ་པར་འགྱུར་རོ།། བཅུ་གང་ཞེ་ན། འཇིག་རྟེན་གྱི་ནང་ན་སྤོས་དང་འདྲ་བར་འགྱུར། སྣའི་དབང་པོ་རྣོ་བར་འགྱུར། ལུས་དྲི་ཞིམ་པ ་གང་པར་འགྱུར། ནག་ཏུ་ཛུམམ་པར་གྱུར། གཟུགས་དབང་པ་སེམས་རྒྱ་བ་ས་ད་གྱུར། དྷཱ་ན་པར་གྱུ ་ཚས་རྣམས་མང་དུ་འགྲུབ་པར་འར། མཐ་རིསས་བྱ་བར་ནྟ། དྷུར་རྦ་ས་ངམལས་འདས་པར་འང་དག་པར་གཟུགས་པ་ད་མ ་ལེགས་པ་བཅུ་བོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། གཟུགས་བཟང་པོར་འགྱུར། སྐད་སྙན་པར་འགྱུར། སྨྲས་པ་ཡིད་དུ་འོང་བར་འགྱུར། སྲིད་པ་དང་ལྡན་པར་འགྱུར། རྟག་ཏུ ་དགའ་བར་འགྱུར། ཚིག་ཀུན་གྱིས་ཉན་པར་འགྱུར། ཕྱི་ཕྱིར་སྒྲ་སྙན་པ་ཐོབ་པར་འགྱུར། སྦེད་པ་མང་པོར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པ ་འགྱུར་རོ།། ཡང་དག་པར་གཤེགས་པའི་མཆོད་རྟེན་བརྩིགས་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། རིགས་ཆེན་པོར་འགྱུར། གཟུགས་དང་མིག ་བཟང་ཞིང་སྡུག་པར་འགྱུར། དབང་ཆེ་ཞིང་འཁོར་མ་ལ་སྙིང་ཉེ་བར་འགྱུར། སྤྱོད་པ་མང་པོར་འགྱུར། ཀུན་བཟླུམ་པའི་གནས་སུ་འགྱུར། རིགས་སུ་བཅད་པ་དང་། བསྟོད ་ཅིང་བསྐྱེད་པས་ཕྱོགས་བཅུར་ཆེར་གྲགས་ཤིང་ལྷ་དང་མི་རྣམས་ཀྱིས་མཆོད་པར་འགྱུར། ཕྱི་ཕྱིར་ནོར་མང་ཞིང་འཁོར་ལོ་སྒྱུར་བའི་རྒྱལ་པོར་འགྱུར། བྱང་ཆུབ་སེམས་དཔའ་རྡོ་རྗེ། ་མིང་པའི་བུས་སུ་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ། ལྡན་གྱི་སྦྱིན་པ་གསོང་བར་བྱས་ན། ལེགས་པ་བརྡཐོབ་པར་འགྱུརཏེ། འདུག་ཞེ་ན་འཇིག་ཏན་གྱིདང་། ་ན་ཐ་མར་འགྱུར། བཟང་པོར་སྡུད་པར་འགྱུར། འགྲོ་བ་མང་པོ་ལ་སྦེད་པའི་སྒྲ་གྲགས་པར་འགྱུར། སྤྱོད་པ་མང་པོར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར ་འགྱུར། ལྷམ་གྱི་སྦྱིན་པ་བྱས་པས་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། བཞོན་པ་ཀུན་གྱིས་མི་བྲེལ་བར་འགྱུར། རྐང་པ་ལེགས་པར་འགྱུར།། ལམ ་དུ་ཞུགས་ན་མཐུ་དང་ལྡན་པར་འགྱུར། ལུས་མི་ཞན་པར་འགྱུར། ལམ་དུ་ཞུགས་ན་རྡོ་ཤིང་གིས་མི་སྣད་པར་འགྱུར། རྫུ་འཕྲུལ་གྱི་རྐང་པ་ཐོབ་པར་འགྱུར། གཡོག་བྲན་དང་ལྡན ་པ་བདེ་བར་འགྱུར། མཐོ་རིས་སུ་སྐྱེ་ཞིང་མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ།། སྣོད་ཀྱི་སྦྱིན་པ་གཏོང་བ་བྱས་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང ་ནེན་རྗོད་སྤང་དང་ལྡན་པར་འགྱུར། འཇིག་རྟེན་གྱི་ཡོན་ཏན་དུ་འགྱུར།། གོམ་དང་ཆུང་བར་འགྱུར། སྒོམ་ནའང་བཏུང་བ་དང་ལྡན་པར་འགྱུར། སེམས་གཞན་པར་འགྱུར། ་རིང་དུ་འརྩམས་པར་མི་བྱེ་བར་འགྱུར། སྒྲ་དང་མི་ཀུན་ལ་དགའ་བར་འགྱུར། སྤྱོད་པ་མང་པོར་འགྱུར། མཐོ་རིས་སུ་རྩེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ། ་ཟས་ཀྱི་སྦྱིན་པ་གཏོང་བ་ཟླས་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ནེན། ཚེ་རིང་བར་འགྱུར། དབང་དང་ལྡན་པར་འནྡྷར། ཐོབས་དང་ལྡན་པར ་འགྱུར། དྲན་པ་དང་ལྡན་པར་འགྱུར། སྨྲ་བ་དང་ལྡན་པར་འགྱུར། འཁོར་འདུ་ཞིང་མགུ་བར་བྱེད་པར་འགྱུར། ལྷ་དང་མི་ཀུན་མགུ་བར་འགྱུར། ལོངས་སྤྱོད་མང་པོར་འགྱུར། བདེ ་བར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ།། གནས་ཀྱི་སྦྱིན་གཏོང་བ་བྱས་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ ་གང་ཞེ་ན། རྒྱལ་ཕྲན་དུ་འགྱུར། འཁོར་གྱི་རྒྱལ་པོར་འགྱུར། གཞན་གྱིས་མི་ཚུགས་པའི་རྒྱལ་པོར་འགྱུར། གླིང་གཅིག་གི་རྒྱལ་པོར་འགྱུར། གླིང་གཉིས་ཀྱི་རྒྱལ་པོར་འགྱུར།། ་གླིང་གསུམ་གི་རྒྱལ་པོར་འགྱུར། གླིང་བཞིའི་རྒྱལ་པོར་འགྱུར། སྤྱོད་པ་མང་པོར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ།། ་ཐར་པར་ཞུགས་ནཱ། ལེགས་པ་བཅུ་ཐོབ་པར་འགྱུར། བཅུ་གང་ནཱཾ་ན། བུ་དང་། ཆུང་མ་དང་། གཉེན་དང་། འདུ་འཇོལ་མ་ཆགས་པ་དང་། སེར་སྣ་མེད་པ་ཡིན། འན ་པལེན་པ་མེད་པ་ཡིན། ཤིང་ཁྲོད་ན་གནས་པ་ལམི་དགའ་བ་མེད་པ་ཡིན། རིན་པོ་ཆེ་གསུམ་ལ་རི་མོར་བྱེད་པ་ཡིན། མ་ཤེས་པའི་གནས་ལས་བྲལ་བ་ཡིན། ངན་པར་འགྲོ་བའི་ཆོས ་དང་བྲལ་བ་ཡིན། དགེ་བའི་ཆོས་ཀུན་ཚོལ་བ་ཡིན། སྒྲ་དང་མི་ལ་དབེན་པ་ཡིན། རྟག་ཏུ་ཡང་དག་པར་གཤེགས་པའི་འཕགས་པ་བཞིན་དུ་ཐར་པར་ཞུགས་ཤིང་ཆོས་བྱེང་པ་ཡིན། བྷ་ར་དྲུ་རྫ། ་བདེ་བ་ལས་ཐར་ཏེ་མྱ་ངན་ལས་འདས་པར་འགྱུར་རོ།། སྐོམ་གྱི་སྦྱིན་པ་བྱས་ན། ལེགས་པ་བཅུ་ཐོབ་སྟེ། བཅུ་གང་ཞེ་ན། དབང་པོ་ཐམས་ཅད་ཚང་བར་འགྱུར། འཕྲབ ་བའི་དབྱེས་ལེགས་པར་འགྱུར། སྨྲས་པ་ཀུན་མགུ་བར་འགྱུར། སེམས་མཉེན་པར་འགྱུར། སྐོམ་དང་ཆུང་བར་འགྱུར། རྐོམ་ནའང་བཏུང་བ་དང་ལྡན་པར་འགྱུར། རིང་དུ་འཁྱམས ་པར་མི་སྐྱེ། ལོངས་སྤྱོད་མང་བར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ།། བནོན་པ་སྦྱིན་གཏོང་བྱས་ན། ལེགས་པ་བཅུ་ཐོབ ་པར་འགྱུར་ཏེ། བཅུ་གང་ཞེ་ན། རྐང་པ་འཇམ་པ་ཡིན། རྐང་པའི་དབྱིབས་ལེགས་པར་འགྱུར། རྐང་གིས་འགྲོ་ན་ལུས་ལ་གནོད་པར་མི་འགྱུར། མི་མཛའ་བ་མེད་པར་འགྱུར། རྫུ་འཕྲུལ ་གྱི་རྐང་པ་དང་ལྡན་པར་འགྱུར། བཞོན་པས་མི་བྲེལ་བར་འགྱུར། སྤྱོད་པ་མང་བར་འགྱུར། བདེ་བར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ། ་ཁྲོ་དབེན་པར་གནས་པ་ལ་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། མང་པོ་འདུས་པ་རྣམས་སྤང་བ། ཤིན་ཏུ་དབེན་པར་སྤྱོད་པ། བསམས་ཏན་ལ་དམིགས་པའི་སེམས་སུ ་འགྱུར་བ་ཆུང་ངུ་ཟུད་པ། སངས་རྒྱས་ལ་སྟན་པ། སྲས་སངས་རྒྱས་ལ་བཀྲེན་པ་ལུས་དག་ཤིང་བདེ་བར་སྤྱོད་པ། བར་མདོར་པར་བྱམས་པ། ཆོས་ནུར ་ཐོས་པའི་དོན་རྒྱས་པ་ཤེས་པ། མི་གཡོ་འཛིན་རབ་ཏུ་ཐོབ་པ། ཤེས་རབ་ཤིན་ཏུ་ཐོབ་པའོ།། སློང་བ་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འགྲོ་བ་ལ ་གོམས་པར་འགྱུར། གནས་ཀུན་རིང་བར་འགྱུར། ང་རྒྱལ་སྤངས་པར་འགྱུར། བདག་རང་ཁེ་དང་ལྡན་པར་འགྱུར། གཞན་བསོད་ནམས་ལ་བཀོད་པར་འགྱུར། བསྟན་པའི་ཆོས་རྒྱས ་པར་འགྱུར། ཕྱིས་བྱུང་བའི་རྣམས་ལ་སྣང་བར་བྱེད་པར་འགྱུར། ཐར་པར་ཞུགས་པའི་ཚུལ་ལས་མི་འགལ་བར་བྱེད་པར་འགྱུར། སྣང་བའི་སེམས་སུ་འགྱུར། དགེ་བའི་ཁྲིམས་ཚངས ་པའི་སེམས་སློངས་མོ་ལ་ཞུགས་པས་ཕྱོགས་གང་དུའང་མུན་པར་མི་འགྱུར་བ་ཡིན་ནོ།། ཐུབ་ཅིང་མི་འཇིགས་པས་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན ་མེམི་འཇིགས་བཞིན་དུ་གྲོང་དུ་འཇུག་པ། མི་འཇིགས་བཞིན་དུ་གྲོང་ནས་འབྱུང་བ། མི་འཇིགས་བཞིན་དུ་རིགས་པ་འཇུག་པ། མི་འཇིགས་བཞིན་དུ་འཁོར་ལ་ཆོས་འཆད་པ། མི་འཇིགས ་བཞིན་དུ་དགེ་འདུན་གྱི་ནང་དུ་འཇུག་པ། མི་འཇིགས་བཞིན་དུ་མཁན་པོ་དང་སློབ་དཔོན་གྱི་ནང་དུ་འགྲོ་བ། བྱམས་པའི་སྟོབས་རྣམས་ལ་སྦྱོང་བ་མི་འཇིགས་བཞིན་དུ་ཆོས་གོས་དང་། ་བས་དང་མལ་ལྡན་དང་། སྨན་དང་། གཡོག་ལ་སོགས་པ་རྣམས་སྟོང་པ་མི་འཇིགས་པར་འཏོན་དང་། ཀློག་པ་དུས་ཟད་པའི་ཚེ་ཡང་མི་འཇིགས་པ་བཞིན་ནོ།། བཅོམ ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་དང་། སྟོའུ་དེའི་བུ་ཤུ་ཀོ་མ་ན་བསྟན་ལས་ལངས་ཏེ། ཕྱོགས་གཅིག་ཏུ་འདུག་སྟེ། པུས་མོ་གཡས་པའི་ལྡང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་ལོས ་སུ་ཐལ་མོ་གྱུར་ཏེ་ཕྱག་འཚལ་ནས། འདི་སྐད་ཅེས་ས་སོལ་ཏོ།། བཅོམ་ལྡན་འདས་དཀོན་མཆོག་གསུམ་ལ་ཕྲག་འཚལ་སྐབས་མཀྱིའོ།། དེང་པན་ཆང་བདག་གི་ན་མདུའང་དགེ་བའི་བཤེས་པ་འོན། ་མཛད་པར་དགོངས་སུ་གསོལ་ནས་གསོལ་ཏོ།། ལས་རྣམ་པར་འགྱུར་བབམ་པོ་གཅིག་པ་རྫོགས་ས། རྟག་མ་དུ། ས་དྲན་ཪྴ ་