CLOSE WINDOW

Ty054-009: pha ma'i mdo
Wyliee-texts produced with BDRC’s OCR application

དགེ་སློང་ཙམ་རྒྱལ་མཚན་དཔལ་བཟང་པོས་སྐད་གཉིས་ཟླ་བ་རྣམས་ཀྱི་གདན་ས་གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་རྨང་དུ་བསྒྱུར་ཅིང་ནུས་གཏན་ལ་ཕབ་པའོ།། ་རྒྱ་གར་སྐད་དུ། པོ་ཏྲ་མ་ཏྲི་སུ་ཏྲ། བོད་སྐད་དུ་པ་མའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག ་ནི། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེར་བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཀྱི་མ་གང་དག་ན། ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི། ཚངས་པ་དང་ལྡན་པ་ཡོན་ནོ།། དེ་ཅིའི་ཕྱིར་ཞེན། ་དགེ་སློང་དག་རིགས་ཀྱི་བུའི་ཕ་མ་ག་ཅིས་ནི། རིགས་པའོ་སྒོ་ནས་ཚངས་པ་དང་འདྲ་བའི་བྱོར་རོ།། དགེ་སློང་དག་ཀྱི་མ་གང་དག་ན། ཁ་མ་གཅེས་ལ་ལེགས་པར་རི་མོ་བྱེད་པ་དང་ལགས་པར ་མཆོད་པར་བྱེད་པ་དང་ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི། སློབ་དཔོན་དང་ལྡན་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་པ་མ་གཉིས་ནི་ཀ་རིགས་པའི་སྒོ་ནས་གྲོང ་དཔོན་དང་འདྲ་བ་ཡིན་པའི་ཕྱིར་རོ།། དགེ་སློང་དག་ཁྱིམ་གང་དག་ན། ཕ་མ་གཅིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི ་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་དང་ལྡན་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའིའོ་པ་མ་གཉིས་ནི། རིགས་པའི་སྒོ་ནས་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་ཡིན་པའི་ཕྱིར་རོ།། དག ་སློང་དག་ཁྱིམ་གང་དག་ནས་གཅེས་ལ་ལེགས་པར་རི་མོ་བྱེད་པ་དང་ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་མི་དང་ལྡན་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེན ་དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ན་རིགས་པའི་སྒོ་ནས་མི་དང་འདྲ་བའི་ཕྱིར་རོ།། དགེ་སློང་དག་ཁྱིམ་གང་དག་ན། ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང ་སོགས་པར་མཆོད་པབྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཆོམ་དེ་དག་ནི་ལྷ་དང་ལྡན་པ་ཁོན་ནོ།། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ན། རིགས་པའི ་ནས་ལྦ་དང་འདྲ་བའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས། ་བཀའ་སྩལ་ཏོ།། ཕ་མ་གཉིས་ནི་ཚངས་པ་རྩེ།། དེ་བཞིན་དང་པོ་སློབ་དཔོན་ཡིན། བུ་ཡིས་ཀུན་སྦྱིན་འོས་གྱུར་པ།། མི་ཡང་ཡིན་ལ་ལྷ་ཡང་ཡིན།། དེ་བཱིར་དེ་གཉིས་ཕྱག་གི་གནས། དྲིམ ་དང་ནི་ཁྲུས་རྣམས་དང་།། རྐང་པ་དག་ཀྱང་བསྐུ་བ་དང་།། ཡང་ན་ཟས་དང་སྐོམ་རྣམས་དང་།། གོས་དང་མལ་ཆ་སྟན་རྣམས་ཀྱིས།། མཁས་པ་དག་གིས་བཀུར་སྟི་བྱ།། ཕ་མ་དག་ལ་བཀུར་བྱས ་པ། དེ་ན་མཁས་པ་དེ་དག་ན།། འདིར་ཡང་སྨད་པར་མི་འགྱུར་ལ། ཤི་ནའང་མཐོ་རིས་འགྲོ་བར་འགྱུར། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང ་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཕ་མའི་མདོ་རྫོགས་སོ།། རྒྱ་གར་སྐད་དུ། ཀརྨ་པི་བང་ཀ ་