| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། གི་རི་ཨ་ནནྡ་སཱུརྠ། བོད་སྐད་དུ། རྀའི་ཀུན་དགའ་བའི་མདོ།། འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ།། འདི་སྐད་བདག་གིས ་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་རྒྱལ་བྱེད་མཚལ་མགོན་མེད་ཟས་སྦྱིན་ཀུན་དགའ་ར་བ་ན་བཞུགས་སོ།། དེའི་ཚེ་དེའི་དུས་ན་ཚེ་དང་ལྡན་པ་རིའི་ཀུན་དགའ་བོ་ནང་དམ་པོ ་སྡུག་བསྔལ་བས་གཟིར་ཏོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ག་ལ་བ་དེར་སོང་ཞིང་ཉེ་བར་སོང་ནས། བཅོམ་ལྡན་འདས་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ།། ཕྱེག ་གཅིག་ཏུ་འདུག་ནས། ཡང་ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་ཚེ་དང་ལྡན་པ་རོའི་ཀུན་དགའ་བོ་ནད་དམ་པོ་སྡུག་བསྔལ་བས ་གཟིར་ཏོ།། བཙུན་པ་བཅོམ་ལྡན་འདས་ལེགས་པར་མཛད་དུ་གསོལ། དགེ་སློང་ཚེ་དང་ལྡན་པ་འིའི་ཀུན་དགའ་བོ་གལ་བ་དེར་གཤེགས་ལ་རྗེས་སུ་བརྩེ་བས་གཤེགས་པར་ཞུ། དེ་ནས། ་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། དེར་ཡང་ཀུན་དགའ་བོ་ཁྱོད་དགེ་སློང་བའི་ཀུན་དགའ་བོའི་ཐད་དུ་སོང་ལ་འདུ་ཤེས་བཅུ་བཤད་པར་གྱིས་ཤིག ་རྣམ་པར་ཤེས་པ་དང་ལྡན་པའི་གནས་སུ་སྦ་བར་གྱིས་ཤིག། གནན་ཡང་དགེ་སློང་བའི་ཀུན་དགའ་བོས་འདུ་ཤེས་དུ་ཐོས་ནས་ནད་ཀྱི་གཟིར་བའི་གནས་རྣམས་ལས་སོར་རིག་པར་འགྱུར་རོ།། བཅུག་པ། ་ཞེ་ན། མི་རྟག་པའི་འདུ་ཤེས་དང་། བདག་མེད་པའི་འདུ་ཤེས་དང་། མི་གཙང་བའི་འདུ་ཤེས་དང་། བར་དུ་གཅོད་པའི་འདུ་ཤེས་དང་། ཐོང་བའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བར། ་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། འདུ་བྱེད་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང་། འབྱུང་བ་དང་རྔུབ་པ ་རྗེས་སུ་དྲན་པའི་འདུ་ཤེས་སོ།། མི་རྟག་པའི་འདུ་ཤེས་དུ་ཞེ་ན། འདི་ནི་ཚེ་དང་ལྡན་པ་ཀུན་དགའ་བོ་དགོན་པ་འམ། ཤིང་དྲུང་ངམ། ཁང་པ་སྟོང་པར་སོང་ལ་འདི་ནི་སོ་སོར་རིག་པར་བྱའོ།། ་གཟུགས་མི་རྟག་པ་དང་། ཚོར་བ་མི་རྟག་པ་དང་། འདུ་ཤེས་མི་རྟག་པ་དང་། འདུ་བྱེད་མི་ཅག་པ་དང་། རྣམ་པར་ཤེས་པ་མི་རྟག་པ་སྟེ། འདི་རྣམས་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་མི ་རྟག་པར་བལྟ་བར་བྱའོ།། དེ་ལ་མི་རྟག་པའི་འདུ་ཤེས་སྟོན་ཅིག། ཀུན་དགའ་བོ་བདག་མེད་པའི་འདུ་ཤེས་དུ་ཞེ་ན། འདི་ནི་དགེ་སློང་ཀུན་དགའ་བོ།། དགོན་པ་འམ། ཤིང་དྲུང་ངམ། 2ང ་བཐོང་པར་སོང་ལ་འདི་ནི་མོ་སོར་རིག་པར་བྱའོ།། མིག་བདག་མེད་པ་དང་། གཟུགས་བདག་མེད་པ་དང་། རྣ་བ་བདག་མེད་པ་དང་། སྔ་བདག་མེད་པ་དང་། སྣ་བདག་མེད་པ་དང་། ་བདག་མེད་པ་དང་། སྡེ་བདག་མེད་པ་དང་རོ་བདག་མེད་པ་དང་། ལུས་བདག་མེད་པ་དང་།། རེག་བྱ་བདག་མེད་པ་དང་། ཡིད་བདག་མེད་པ་དང་། ཆོས་བདག་མེད་བསྟེ། ་འདི་རྣམས་ནི་ནང་གི་དྲུག་དང་ཕྱིའི་སྐྱེ་མཆེད་དྲུག་བདག་མེད་པའོ།། བདག་མེད་པ་ལ་བལྟ་ཞིང་བསམ་པར་བྱའོ།། ཀུན་དགའ་བོ་བདག་མེད་པ་འདི་རྣམ་སྟོན་ཅིག། ཀུན་དགའ་བོ་མི་གཙང་བའི ་འདུ་ཤེས་ནི་དགེ་སློང་ཀུན་དགའ་བོ་འདི་ནི་ལུས་འདི་ཉིད་ལ་སྤྱི་གཙུག་ནས། འོག་གི་རྐང་མཐིལ་གྱི་བར་གྱི་ལྤགས་པའི་ཕྱེ་ཤུན་གྱི་བར་གང་བར་རྣམ་པ་སྣ་ཚོགས་པའི་མི་གཙང་བ་སོ་སོར་བརྟག་པར ་བྱའོ། ལུས་འདི་ལ་སྐྲ་དང་། བ་སྥུ་དང་། སེན་མོ་དང་། སོ་དང་། ལྤགས་པའི་ཕྱི་ཤུན་དང་། ཤ་དང་། ཆུ་བ་དང་། ནུས་པ་དང་། རྐང་མར་དང་། མཁལ་མ་དང་། སྤྲིང་དང་། ་མཆེད་པ་དང་། གྲོ་བ་དང་། སུལ་མང་དང་། ཕོ་བ་དང་། རྒྱུ་མ་དང་། རྒྱུ་མའི་གཉེ་མ་དང་། ལྒང་བ་དང་། རྟུག་པ་དང་། མ་བྲིས་པ་དང་། བད་ཀན་དང་། ཚོགས་དང་། ཁྲག ་དང་རྡུལ་དང་། ཚིལ་དང་། མཆི་མ་དང་། ཞག་དང་། མཆིལ་མ་དང་། སྣབས་དང་། ཆུ་སེར་དང་། གཅིན་དང་། ཀླད་པ་སྟེ། མི་གཙང་བའི་རྫས་སུམ་ཅུ་རྩ་གཉིས་སོ།། ་ལུས་འདི་ལ་མི་གཙང་བར་བལྟ་བར་བྱའོ།། ཀུན་དགའ་བོ་མི་གཙང་བ་འདི་རྣམས་བསྟན་པར་གྱིས་ཤིག། ཀུན་དགའ་བོ་བར་དུ་བཅོད་པ་རྣམ་ན་དགེ་སློང་ཀུན་དགའ་བོ་འདི་ནི་དགོན་པ ་འམ་ཤིང་དྲུང་ངམ། ཁང་སྟོང་དུ་སོང་རྩེ་འདི་རྣམས་སོ་སོར་བརྟག་པར་བྱའོ།། ལུས་འདི་ནི་སྡུག་བསྔལ་མང་བ་དང་། བར་དུ་གཅོད་པ་མང་བ་རྩེ། ལུས་འདི་ལ་རྣམ་པ་དུ་མའི ་ནད་འབྱུང་ངོ་།། འདི་ལྔ་སྟེ། མིག་གི་རླུང་དང་། རྣ་བའི་ནང་དང་། སྣའི་ནང་དང་། ལྕེའི་ནང་དང་། ལུས་ཀྱི་ནང་དང་། མགོ་བོའི་ནང་དང་། རྣ་བའི་ནང་གི་ནད་དང་། ཁའི་ནང་ང། ་སོའི་ནང་དང་། གྲོ་དང་། དབུགས་མི་བདེ་བ་དང་། པི་ན་སོའི་ནང་དང་། ཚེ་རིམས་དང་། ལྟོ་བའི་ནང་དང་། བརྒྱལ་བ་དང་། བཞོགས་བྱེད་ན་བ་དང་། གཟེར་བ་དང་། གསུ ་པ་དང་། མཛེ་དང་། ཤ་འབྲས་དང་། འབྲུམ་བུ་ཕྲ་མོ་དང་། གཅོད་ན་དཱ་དང་། བརྗེད་བྱེད་ཀྱི་ནང་དང་། བས་བལྡགས་དང་། གཡན་པ་དང་། ལུས་ཟ་བ་དང་། རཀྵ་ས་དང་། ་བི་ཙར་རྩི་ཀ་དང་། ཁྲག་མཁྲིས་དང་། མ་དྷྱ་མེ་ཧ་དང་། ཨཾ་ག་དང་། སི་ལ་ཀ་དང་། མཚན་མར་རྡོལ་བ་དང་། མཁྲིས་པ་འཁྲུགས་པའི་ནང་དང་། བད་ཀན་འཁྲུགས་པའི་ནད་དང་། ་རླུང་འཁྲུགས་པའི་ནད་དང་། འདུས་པའི་ནང་དང་། དུས་སུ་ཟས་ཡི་ཁར་མི་འོང་བའི་ནང་དང་། མི་མཉམ་པའི་ནང་འཁྲུགས་པ་དང་། ཨ་ཨུ་བ་ཀཤྨི་ཀའི་ནང་དང་། ལས་ཀྱི་རྣམ ་པར་སྨིན་པའི་ནད་དང་། གྲང་བ་དང་། ཇོ་བ་དང་། བཀྲེས་རྔ་བ་དང་། སྐོམ་པ་དང་། འཁྲུ་བ་དང་། ཆུ་ནང་དེ། ལུས་ཀྱི་ནད་འདི་རྣམས་ནི་བར་དུ་གཅོད་པར་བལྟ་ཞིང་བསྒོམ ་པར་བྱའོ།། གན་དགའ་བོ་འངན་བར་དུ་གཅོད་པར་བསྟན་པར་བྱའོ།། ཀུན་དགའབོ་སྐྱོང་བའི་འདུ་ཤེས་རྣམས་དུ་ཞེན། དགེ་སློང་ཀུན་དགའ་བ་འདི་ན་འརྗོད་པ ་ལས་སྐྱེས་པ་སྟེ། མི་གནས་པར་དོ་བར་བྱའོ།། རྣམ་པར་གཞིག་པ་དང་། གོམས་པར་མི་བྱེད་པ་དང་། མི་བསྒོམ་པར་འགྲོ་བ་དང་། རྣམ་པར་འཚོ་བའི་རྣམཆོག་ལས་སྐྱེས་པ་དང ་མི་གནས་པ་སྟེ་དོར་བར་བྱའོ།། རྣམ་པར་གཞིག་པ་དང་། གོམ་པར་མི་བྱེད་པ་དང་། མི་བསྒོམ་པར་འགྲོ་བ་སྟེ། སྐྱེས་ཤིང་སྐྱེས་པའི་སྡིག་པ་མི་དགེ་བའི་ཆོས་མི་གནས་པ་སྟེ་དོར་བར་བྱའོ།། ་རྣམ་པར་གཞིག་པ་དང་། གོམས་པར་མི་བྱེད་པ་དང་། མི་བསྒོམ་པར་མི་འགྲོ་བ་སྟེ། ཀུན་དགའ་བོ་འདི་ནི་སྤོང་བའི་འདུ་ཤེས་སོ།། ཀུན་དགའ་བོ་འདོད་ཆགས་དང་བྲལ་བའི་འདུ་ཤེས་དུ་ཞེ་ན ་དགེ་སློང་ཀུན་དགའ་བོ་འང་ནི་དགོན་པ་འམ། ཤིང་དྲུང་ངམ། ཁང་སྟོང་དུ་སོང་རྩེ་སོ་སོར་བནག་པར་བྱའོ།། འདི་ནི་ཞི་བ་དང་། གྱ་རློམ་པར་གང་འདི་ནི་འདུས་བྱས་ཐམས་ཅད་གནས་པ་དང་། ་སྐྱེ་བ་དང་། བསྒྱུར་བ་དང་། སྲེད་བཟང་བ་དང་། འགོག་པ་དང་། མྱ་ངན་ལས་འདས་པའོ། ཀུན་དགའ་བོ་འདི་ནི་འགོག་པའི་འདུ་ཤེས་སོ་ཀུན་དགའ་བོ་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དུ་ཞེ་ན། དགེ ་སྲོང་ཀུན་དགའ་བོ་འདི་ནི་གང་ཞིག་འཇིག་རྟེན་པ་ཐབས་དང་། ཉེ་བར་ཟླ་བ་དང་། རྟོག་པ་དང་། གནས་པ་དང་། བག་ལ་ཉལ་བབོར་ཏེ་དགའ་བ་མི་འབྱེད་པར་རོ།། ཀུན་དགའ་བོ ་འདིནི་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་སུ་བསྟན་པར་བྱའོ།། ཀུན་དགའ་བོ་འདུ་བྱེད་ཐམས་ཅད་མི་ཟག་པའི་འདུ་ཤེས་དུ་ཞེ་ན། དགེ་སློང་ཀུན་དགའ་བ་འད་ན། ་འདུ་བྱེད་ཐམས་ཅད་ལ་ཞེན་པ་མེད་པ་དང་། སྤོང་བ་དང་། སྨུག་ཟོ་བ་སྟེ། ཀུན་དགའ་བོ་འདི་ནི་འདུ་བྱེད་ཐམས་ཅད་མི་རྟག་པའི་འདུ་ཤེས་སུ་བསྟན་པར་བྱའོ།། ཀུན་དགའ་བོ་དབུགས་རྔུབ ་པདང་དབྱུང་བ་རྗེས་སུ་དྲན་པ་དུ་ཞེ་ན། དགེ་སློང་ཀུན་དགའ་བོ་དགོན་པ་འམ། ཤིང་དྲུང་ངམ། ཁང་སྐྱོང་དུ་སོང་སྟེ་འདུག་ལ་སྐྱིལ་ཀྲུང་བཅས་ཧེ་ལུས་དྲང་པོ་བསྲངས་ལ་ཁ་གྱེན་དུ་བལྟས་བརྗེས ་སུ་དྲན་ཅིང་གནས་པར་བྱའོ།། དེ་ན་དབུག་ཐུང་ངུ་བྱུང་ན་དབུགས་ཐུང་ངུ་བྱུང་ངོ་སྙམ་དུ་ཡང་དག་པར་ཤེས་སོ།། དབུས་རིང་དུ་རྔུབས་པ་འམ་ཐུང་ངུ་རྔུབས་ན་རྔུབ་ས་སོ་སྙམ་དུ་ཡང་དག་པར་ཤེས་སོ།། དབུགས ་རིང་དུ་ཕྱུང་ན་དབུགས་རིང་དུ་མཐོང་ངོ་སྙམ་དུ་ཡང་དག་པར་ཤེས་སོ།། དབུགས་ཐུང་བའམ་ཐུང་དུ་བྱུང་ན་དབུགས་ཟུང་དུ་ཕྱུང་ངོ་སྙམ་དུ་ཡང་དག་པར་ཤེས་སོ།། དབུགས་ཟུང་བའམ་དུང་དུ ་རྒྱས་ན་ཐུང་དུ་བཟླ་བ་དང་ཡང་དག་པར་ཤེས་སོ།། ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་ཐང་དུ་རྒྱམ་མོ་ཞེས་བསླབ་པར་བྱས་ཏེ། ལུས་ཀྱི་ཡང་དག་པར་མྱོང་སྙིང་བས་འང ་ཟབ་པར་བྱའོ།། ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཐུང་དུ་ཆུབས་ནརླབས་པ་ལ་བལྟ་ཞིང་བསབ་པར་བྱའོ་སྙམ་དུ་ཡང་དག་པར་ཤེས་སོ། ག་གཉིས་ཀ་མཐོང་མིང་ལུསས ་འདུ་བྱེད་ཡང་དག་པར་སྦྱངས་ཤིང་རླུང་ཐུང་ངུ་ཕྱུང་ངོ་ཞེས་གནས་ཤིང་བསླབ་པར་བྱའོ།། གཉིས་ཀ་མཐོང་ཞིང་ལུས་ཀྱི་འདུ་བྱེད་ལ་བལྟ་ཞིང་གནས་པར་བསླབ ་པར་བྱའོ།། དགའ་བ་ཡང་དག་པར་མྱོང་ཞིང་དབུགས་ཐུང་ངུ་རྒྱུས་སོ་སྙམ་དུ་བསླབ་པར་བྱའོ།། དགའ་བ་ཡང་དག་པར་མྱོང་ཞིང་བལྟ་ཞིང་བསླབ་པར་བྱའོ།། བདེ་བ་ཡང་དག་པར ་སྐྱོང་ཞིང་དབུགས་ཐུང་ངུ་རྒྱུས་སོ་སྙམ་དུ་བསྒྲུབ་པར་བྱའོ།། བདེ་བ་ཡང་དག་པར་མྱོང་ཞིང་བལྟ་ཞིང་བསླབ་པར་བྱའོ།། སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ཐུང་ངུ་རྒྱུས ་སོ་སྙམ་དུ་བསླབ་པར་བྱའོ།། སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་བལྟ་ཞིང་བསླབ་པར་བྱའོ།། གཉིས་ཀ་མཐོང་ཞིང་སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ཐུང ་དུ་རྒྱུས་ན་ནུས་སོ་སྙམ་དུ་བསླབ་པར་བྱའོ།། གཉིས་ཀ་མཐོང་ཞིང་སེམས་ཀྱི་འདུ་བྱེད་ཡང་དག་པར་སྦྱངས་སོ་སྙམ་དུ་བསླབ་པར་བྱའོ།། སེམས་ཡང་དག་པར་མྱོང་ན་དབུགས ་ཟུང་ངུ་རྔུབས་ན་རྔུབས་སོ་ཞེས་བསླབ་པར་བྱའོ།། སེམས་ཡང་དག་པར་མྱོང་ཞིང་ཡང་དག་པར་སྦྱངས་སོ་སྙམ་དུ་བསླབ་པར་བྱའོ།། སེམས་མངོན་པར་དགའ་བ་བསྐྱེད་པ་དང ་དགྲག་ཐུང་ངུ་ནུས་ན་ནུས་སོ་ཞེས་བསླབ་པར་བྱའོ།། སེམས་མངོན་པར་དགའ་བ་སྐྱེད་པ་དང་ཤིན་ཏུ་སྦྱངས་སོ་སྙམ་དུ་བསླབ་པར་བྱའོ།། སེམས་ཞི་གནས་པས་དབུགས་ཐུང་ངུ་རྒྱས་ན ་རྒྱུས་སོ་སྙམ་དུ་བསླབ་པར་བྱའོ།། སེམས་ནི་གནས་ལ་གནས་པས་ལྷག་མཐོང་དུ་གནས་པར་བཟབ་པར་བྱའོ།། སེམས་རྣམ་པར་གྲོལ་བས་དབུགས་ཐུང་ངུ་རྨུས་ན་རྒྱས་སོ་སམ་དུ་བསླབ། ་པར་བྱའོ།། སེམས་རྣམ་པ་གྲོལ་བས་ལྷག་མཐོང་ལ་གནས་པར་བསླབ་པར་བྱའོ།། མི་རྟག་པར་རྗེས་སུ་བལྟ་བས་དབུགས་ཐུང་ངུ་རྒྱས་ན་རྒྱུས་སོ་སྙམ་དུ་བསླབ་པར་བྱའོ།། མི་རྟག་པ ་རྗེས་སུ་བལྟ་བས་ལྷག་མཐོང་ལ་གནས་པ་བསླབ་པར་བྱའོ།། འདོད་ཆགས་དང་བྲལ་བར་རྗེས་སུ་བལྟ་བས་དབུགས་ཐུང་ངུ་རྒྱུས་ན་རྒྱས་སོ་སྙམ་དུ་བསླབ་པར་བྱའོ།། འདོད་ཆགས་དང་བྲལ ་བབར་རྗེས་སུ་བལྟ་བས་ལྷག་མཐོང་ལ་གནས་པར་བསླབ་པར་བྱའོ།། འགོག་པ་ལ་རྗེས་སུ་བལྟ་བས་དབུགས་ཐུང་ངུ་རྒྱུས་ན་རྒྱུས་སོ་སྙོམས་དུ་བསླབ་པར་བྱའོ།། འགོག་པ་ལ་རྗེས་སུ་བལྟ་བས་ལྷག ་མཐོང་ལ་གནས་པར་བསླབ་པར་བྱའོ།། སོ་སོར་སྤོང་བ་རྗེས་སུ་བལྟ་བས་དབུགས་ཐུང་ངུ་རྒྱུས་ན་རྒྱས་སོ་སྙམ་དུ་བསླབ་པར་བྱའོ།། སོ་སོར་སྤོང་བར་རྗེས་སུ་བལྟ་བས་ལྷག་མཐོང་ལ་གནས ་པར་བསླབ་པར་བྱའོ།། ཀུན་དགའ་བོ་དབུགས་རྔུབས་པ་དང་དབྱུང་བ་རྗེས་སུ་དྲན་པ་འདི་བཤད་པར་བྱའོ།། དེར་ཡང་ཀུན་དགའ་བོ་ཁྱེར་རིའི་ཀུན་དགའ་བོའི་གནས་སུ་སོང་ལ། འདུ་ཤེས་བཅུ ་པོ་འདི་བཤད་པར་བྱའོ།། གནས་གཞན་ཡང་ཡོད་དེ། དགེ་སློང་རོའི་ཀུན་དགའ་བོས་འདུ་ཤེས་བཅུ་པོ་འདི་ཐོས་ན་དེའི་ནད་ཐམས་ཅད་ཞི་བར་འགྱུར་རོ།། དེ་ནས་ཡང་ཚེ་དང་ལྡན་པ་ཀུན་དགའ ་བོས་བཅོམ་ལྡན་འདས་ལས་མ་ཅན་ཏེ། ཚེ་དང་ལྡན་པ་རའི་ཀུན་དགའ་བོ་གནས་སུ་སོང་ནས། ཚེ་དང་ལྡན་པ་རར་ཀུན་དགའ་བོ་ལ་འདུ་ཤེས་བཅུ་སོ་སོར་བཤད་དོ།། དེ་ནས། ་ཚེ་དང་ལྡན་པ་རིའི་ཀུན་དགའ་བོ་ས་འདུ་ཤེས་བཅུ་པོ་འདི་རྣམས་ཐོས་ནས་དེའི་ནད་ཐམས་ཅད་ཞི་བར་གྱུར་ཏོ།། དེའི་ནད་ཐམས་ཅད་ཞི་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལངས་ཏེ། ཚེ་དང་ལྡན་པ་རའི་ཀུན ་དགའ་བོའི་ནད་ཕྱིས་མེད་པར་གྱུར་ཏོ།། ཚེ་དང་ལྡན་པ་རིའི་ཀུན་དགའ་བོའི་མདོ་རྫོགས་སོ།། ། བཎྜི་ཏ་ཆེན་པོ་ཨ་ནནྡ་ཤྲཱིའི་ཞལ་སྔ་ནས། མང་དུ་ཐོས་པའི་ལོ་ཙ་བ་ཤཱཀྱའི། ་དགེ་སློང་ཙམ་རྒྱལ་མཚན་དཔལ་བཟང་པོས་སྐད་གཉིས་ཟླ་བ་རྣམས་ཀྱི་གདན་ས་གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་རྨང་དུ་བསྒྱུར་ཅིང་ནུས་གཏན་ལ་ཕབ་པའོ།། ་