CLOSE WINDOW

Ty054-006: byams pa bsgom pa'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མཻ་ཏྲི་བྷཱ་རན་སྲ་དུ། བོད་སྐད་དུ། བྱམས་པ་བསྒོམ་པའི་མདོ།། འཕགས་པ་དཀོན་མཆོག་གསུམ་ལ་གུས་པས ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོང་རྒྱལ་བྱེད་ཚུལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བན་བཟུགས་སོ།། དེས ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་བོས་ནས། དགེ་སློང་དག་བཙུནར་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོ་སོར་འོངས་པ་ལ། བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་བཀའ་སྩལ་ཏོ།། ་རྣམ་པར་གྲོལ་བ་བྱ་བའི་ཕྱིར་བྱམས་པ་བསྒོམ་པར་བྱའོ།། བསམ་པ་བརྟན་པར་བྱ་བའི་ཕྱིར་རོ།། མང་དུ་བྱེད་པ་དང་། ཞི་བར་བྱེད་པ་དང་། གཞིར་བྱེད་པ་དང་། རྗེས་སུ་གནས་པར་བྱེད་པ་དང་། ་འདྲིས་པར་བྱ་བ་དང་། ཤིན་ཏུ་བརྩོན་པར་བྱའོ།། ཕན་ཡོན་བཅུ་གཅིག་པོ་སོ་སོར་བཤད་པར་བྱའོ།། བཅུ་གཅིག་གང་ཞེ་ན། བདེ་བར་ཉལ་བ་དང་། བདེ་བར་སད་པ་དང་། སྡིག་པའི་རྨིས་མ ་མི་མཐོང་བ་དང་། དེ་ལ་མི་རྣམས་དགའ་བ་དང་། མི་མ་ཡིན་རྣམས་དགའ་བ་དང་། ལྷ་རྣམས་ཀྱིས་བསྲུང་བ་དང་། མེ་དང་། དུག་དང་། མཚོན་རྣམས་ཀྱིས་གནོད་པར་མི ་འགྱུར་རོ།། དུས་རྟག་ཏུ་སེམས་ཤིན་ཏུ་དགའ་བར་གནས་པ་དང་། བཞིན་གྱི་མདངས་རབ་ཏུ་གསལ་བ་དང་། སེམས་གསལ་བར་འཆི་བ་དང་། ཆེས་ཆེར་བས་ཡོད་པར་བྱེད་པས་ཚངས་པའི ་འཇིག་རྟེན་དུ་སྐྱེ་བའོ།། དགེ་སློང་དག་བྱམས་པའི་སེམས་དང་མི་འབྲལ་བར་བྱའོ།། བསམ་པས་བརྟེན་པར་བྱའོ།། བསྒོམ་པར་བྱ་བ་དང་། མང་དུ་བྱེད་པ་དང་། ཞི་བར་བྱེད་པ་དང ་གཞིར་བྱེད་པ་དང་རྗེས་སུ་གནས་པར་བྱེད་པ་དང་། འདྲིས་པར་བྱ་བ་དང་། ཤིན་ཏུ་བརྩོན་པར་བྱའོ།། བཅུ་གཅིག་པོ་རྣམས་ཀྱི་ཕན་ཡོན་རྣམས་སོ་སོར་བཤད་ཟིན་ཏོ།། དགེ་སློང་དག ་གཞན་ཡང་བྱམས་པའི་ཕན་ཡོན་རྣམས་བཤད་པར་བྱའོ།། ཁ་ཟས་དུ་མ་ཐོབ་པ་དང་།། རང་གི་ཡུལ་དུ་ཉེ་བར་གནས།། མང་པོ་རྣམས་ནི་འཚོ་བ་ནི།། གང་གིས་བྱམས་པ་མ་སྤངས་ནའོ།། ་གྲོང་རྡལ་གང་གང་འགྲོ་བ་དང་།། གྲོང་ཁྱེར་རྒྱལ་པོའི་ཕོ་བྲང་དང་།། ཐམས་ཅད་དུ་ནི་མཆོད་པར་འགྱུར།། གང་གིས་བྱམས་པ་མ་སྤངས་ནས།། དེ་ལ་ཆོམ་རྐུན་མི་འབྱུང་ཞིང་།། དེ་ལ་རྒྱལ་པོ ་གནོད་མི་བྱེད།། སེམས་ཅན་ཐམས་ཅད་ཤེས་སུ་འགྱུར།། གང་གིས་བྱམས་པ་མ་སྤངས་ནའོ།། ཁྲོ་མེད་རང་ཡུལ་བདེ་བར་གནས།། སྐྱེ་བོའི་མདུན་སར་སྨོད་མེད་དགའ།། མཆོག་གི་གཉེན ་དང་ལྡན་པར་འགྱུར།། གང་གིས་བྱམས་པ་མ་གྲངས་ནའོ།། མཆོད་ན་མཆོད་པ་ཐོབ་པར་འགྱུར།། འདུད་ན་སོ་སོར་འདུད་པར་བྱེད།། སྨན་དང་གྲགས་པ་ཐོབ་པར་འགྱུར།། གང་གིས་བྱམས་པ་མ། ་སྦྱངས་ནའོ།། བཀུར་མི་བྱས་ན་བཀུར་རྩི་ཐོབ།། གུས་པར་བྱས་ན་གུས་པ་ཐོབ།། ཁ་དོག་གཟི་བརྗིད་ལྡན་པར་འགྱུར།། གང་གིས་བྱམས་པ་མ་སྤངས་ནའོ།། མེ་སྦར་རབ་ཏུ་འབར་བ་ཡྀ།། 3 ་ལི་ལུས་དང་འདྲ་བར་འགྱུར།། དཔལ་དང་བྲལ་བར་མི་འགྱུར་རོ།། གང་གིས་བྱམས་པ་མ་སྤངས་ནའོ།། ཕྱུགས་རྣམས་མང་པོ་ཐོབ་པ་དང་།། ཞིང་ལ་འབྲུ་མང་སྐྱེ་བ་དང་།། བུ་དང་བུ་མོ་མང་བར ་འགྲུག། གང་གིས་བྱམས་པ་མ་སྤངས་ནའོ།། རི་ལས་ཐུར་དུ་ལྷུང་བ་དང་།། ཤིང་ལས་འོག་ཏུ་ལྷུང་བ་དང་།། ལྟུང་བར་མི་འགྱུར་གནས་ས་ཐོབ།། གང་གིས་བྱམས་པ་མ་སྤངས་ནའོ།། པ་ཊའི་ཤིང ་སྟེང་འཛེགས་གྱུར་པན།། རླུང་གིས་བསྐྱོད་པར་མི་རུས་བཞིན།། དགྲ་བོས་ཅུང་ཟད་བྱ་མི་རུས།། གང་གིས་བྱམས་པ་མ་སྤངས་ནའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས ་བཀའ་སྩལ་པ་དང་། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། བྱམས་པ་བསྒོམ་པའི་མདོ་རྫོགས་སོ།། པཎྜི་ཏ་ཆེན་པོ་ཨནྡ ་ཤྲཱིའི་ཞལ་སྔ་ནས། མང་དུ་ཐོས་པའི་ལོ་ཙ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས། སྐད་གཉིས་སྨྲ་བ་རྣམས་ཀྱི་གདན་ས་གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ནུས ་ཏེ་གཏན་ལ་བབ་པའོ།། སའི་སྟེང་དུ་ཉི་མ་དང་ཟླབ་ལྟར་གྱུར་ཅིག།། རྒྱ་གར་སྐད་དུ། པཉྩ་ཤིཀྵཱ་རུ་སཾ་ས་སུ ་