CLOSE WINDOW

Ty053-003: tshe 'pho ba ji ltar 'gyur ba zhus pa'i mdo
Wyliee-texts produced with BDRC’s OCR application

གཎྜཱིའི་དུས་ཀྱི་མདོ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བའོ།། ། ་རྒྱུ་གར་སྐད་དུ། ཨཱ་ཡུཿཡ་ཐཱ་བྷཱུ་ཏཱ་གྲ་ཏ་སཱུ་ཏྲེ། བོདེ་སྐད་དུ། ཚེ་འཕོ་བ་ཇི་ལྟར་འགྱུར་བ་ཞུ་བའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་སེར་སྐྱར་ཁྱིམ་བདག་ཐམས་ཅད་འདུལ་བའི་དུས་ལ ་བབ་པར་གཟིགས་ནས། དེ་དག་དད་པ་སྐྱེ་བར་བྱ་བའི་ཕྱིར། འཁོར་ལྔ་བརྒྱ་དང་བཅས་པར་གཤེགས་པ་ལས། དེའི་ཚེ་ཤཱཀྱ་དགའ་སྐྱེས་ཞེས་བྱ་བ་དར་ལ་བབ་པ། གཉེན་གྱི་སྐྱེ་བོ ་ཐམས་ཅད་ལ་རབ་ཏུ་གཅེས་པ། མི་ཐམས་ཅད་ཀྱིས་བཀུར་བའི་གནས་སུ་གྱུར་པ་ཞིག་ཚེ་འཕོས་པའི་ཕུང་པོའི་དྲུང་ན། དེའི་བུ་དང་། ཆུང་མ་དང་། སྤུན་དང་། གཡོག་འཁོར ་རྣམས་ཀྱིས་རྟའི་ཚོགས་དང་། གླང་པོ་ཆེའི་ཚོགས་དང་། གོས་དང་། རྒྱན་སྣ་ཚོགས་པའང་བསགས། གསེར་དངུལ་དང་། མུ་ཏིག་དང་། ཤེལ་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས ་ཀྱང་བསགས། བཟའ་བ་དང་བཏུང་བ་རོ་ཞིམ་པོ་མངར་བ་སྣ་ཚོགས་པོ་ཡང་བསགས་ཏེ། སྨྲེ་སྔགས་འདོན་ཅིང་དགའ་སྐྱེས་ལ་གསོལ་ལོ་ཞེས་མཆོད་པ་བྱེད་པ་དང་། རྒྱལ་པོ ་ཟས་གཙང་མས་བསམས་པ། ཇི་ལྟར་ཚེ་འཕོས་པ་མཆོད་ཅིང་གསོལ་བ་དང་། རྗེད་པ་ནི་བྲམ་ཟེ་དག་གི་སྨང་ལས་ཟེར་ན། འདི་དག་ལ་སྨན་པ་དང་། བདེ་བ་ཅི་ཡོད་པ་བཅོམ ་ལྡན་འདས་ལ་དྲིའོ་སྙམ་ནས། བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ནས་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་ཚེ་འཕོས་པ་ཇི་ལྟར་འགྱུར ་བའི་དོན་ཞུ་བར་འཚལ་ན། སྐབས་དབྱེ་བར་ཅི་ག་ནང་། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་རྒྱལ་པོ་ཆེན་པོ་ཅི་དང་ཅི་བཞེད་པ་ཞུས་ཤིག་དང ་རྒྱལ་པོ་ཆེན་པོའི་སེམས་རངས་པར་ཤད་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། རྒྱལ་པོ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇིག ་རྟེན་འདི་ནས་ཚེ་ཕ་རོལ་ཏུ་འཕོས་པའི་སེམས་ཅན་རྣམས་ཕ་རོལ་ཏུ་སྐྱེ་བ་དེ། ལྷ་རྣམས་ཀྱང་ལྷར་སྐྱེའམ། དེ་བཞིན་དུ་མི་དང་། དུད་འགྲོ་དང་། ཡི་དགས་དང་། དམྱལ་བ་རྣམས ་ཀྱང་། མི་དང་། དུད་འགྲོ་དང་། ཡི་དགས་དང་། དམྱལ་བ་རྣམས་སུ་ཚེ་འཕོས་པ་རིགས་མི་འདྲེས་པར་སོ་སོར་སྐྱེའམ། བཅོམ་ལྡན་འདས་གཞན་ཡང་ལྷ་རྣམས་ཚེ་འཕོས་པ་མི ་ལ་སོགས་པ་གཞན་རྣམས་སུ་སྐྱེ་འམ། དེ་བཞིན་དུ་མི་དང་། དུད་འགྲོ་དང་། ཡི་དགས་དང་། དམྱལ་བ་རྣམས་ཚེ་འཕོས་ནའང་ལྷ་ལ་སོགས་པ་གཞན ་རྣམས་སུའང་སྐྱེ་བར་འགྱུར། བཅོམ་ལྡན་འདས་གཞན་ཡང་སེམས་ཅན་ཐམས་ཅད་འདི་ནས་ཚེ་འཕོས་ནས། ཡེ་མེད་པར་གྱུར་ཏེ། མེ་ཤི་བའི་ཐལ་བ་བཞིན་དུ་གྱུར་ནས་སྐྱེ་བ་ཡེ་མཆིས ་སམ། བཅོམ་ལྡན་འདས་གཞན་ཡང་སེམས་ཅན་ཐམས་ཅད་འདི་ནས་ཚེ་འཕོས་ནས། པ་དང་། མེས་ཕོ་དང་། ཡང་མེས་ལ་སོགས་པ་ཐོག་མ་མེད་པ་ནས་བཟུང་བའི་བར་དུ་བརྒྱུད་པའི ་རིགས་འཐུན་པ་རྣམས་འཇིག་རྟེན་ཕ་རོལ་ཏུ་སྐྱེ་བ་མི་ལེན་པར་འདིར་ཅི་སྤྱད་པ་བཞིན་འགྲོགས་ཏེ་གནས་སོ་ཞེས་འཇིག་རྟེན་པ་མཆི་ན། དེ་ལྟར་ལགས་སམ། བཅོམ་ལྡན་འདས་གཞན་ཡང་འདི ་ན་ཕྱག་དྲེགས་རྒྱགས་པ་རྣམས་ཕ་རོལ་ཏུ་ཕྱིན་ཡང་ཕྱུག་དྲེགས་རྒྱགས་པར་འགྱུར་རམ། འདི་ན་དབུལ་རྒུད་ཉམ་ཆུང་བ་རྣམས་ཕ་རོལ་ཏུའང་དབུལ་རྒུད་ཉམ་ཆུང་བར་འགྱུར་རམའོན་ཏེ་དེ ་གཉིས་མི་འདྲ་བར་ཕན་ཚུན་བསྣོལ་མར་འགྱུར། བཅོམ་ལྡན་འདས་གཞན་ཡང་འདི་ན་རྟ་དང་། གླང་པོ་ཆེ་ལ་སོགས་པ་ཞོན་པ་དང་། འདི་ན་གོས་གྱོན་པ་དང་། རྒྱན་ཐོགས་པ་དང་། འདི ་ན་ཟས་བཟའ་བ་དང་། བཏུང་བ་དང་ལྡན་པ་རྣམས་ཤི་འཕོས་ནས་ཕ་རོལ་ཏུའང་དེ་བཞིན་དུ་ཞོན་པ་དང་། གྱོན་པ་དང་ཟ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆི་ན། དེ་ལྟར་ལགས ་སམ། བཅོམ་ལྡན་འདས་གཞན་ཡང་འདི་ནས་ཤི་འཕོས་པ་ལ་ཕ་མ་འམ། སྤུན་ནམ། བུལ་སོགས་པ་ཉེ་རིས་རྣམས་ཀྱིས་བཟའ་བ་དང་། བཏུང་བ་ཉུང་ངུ་གཏད་པ་འམ ་བསྔོས་པའང་བསྐལ་པ་མང་པོའི་བར་དུ་ཟད་པར་མི་འགྱུར་བར་ཟ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆི་ན། དེ་ལྟར་ལགས་སམ། བཅོམ་ལྡན་འདས་གཞན་ཡང་སེམས་ཅན་འདི་ནས ་ཚེ་འཕོས་པ་ལ། ཕ་མ་འམ། སྤུན་ནམ། བུ་ལ་སོགས་པ་ལ་གཏམ་བྱས་ཏེ། ཚིག་ཅི་སྨྲས་པ་དང་། གཟུགས་བྱུད་ཅི་འདྲ་བ་དེ་དག་ཚེ་འཕོས་ནས་ཕྱིས་ཕ་མ་འམ། སྤུན་ནམ ་བུ་ལ་སོགས་པ་སྔོན་ཚེ་མ་འཕོས་པའི་དུས་ན་གཏམ་བྱས་པ་ལ་སོགས་པ་སྨྲ་བ་དང་། གཟུགས་བྱེད་དག་སྟོན་ཏེ། མཐོང་བ་དང་ཐོས་པ་ཡོད་ཅེས་འཇིག་རྟེན་པ་དག་མཆི་ན་དེ་ལྟར ་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་རྒྱལ་པོ་ཆེན་པོ་ཤི་འཕོས་ནས་ལྷ་རྣམས་ལྷར་སྐྱེ་བ་ལ་སོགས་པ་འདྲི་བ་ལྟར་མ ་ལགས་ཏེ། ལྷ་རྣམས་ཚེ་འཕོས་པའང་ལྷར་སྐྱེས་ནས། འགྲོ་བ་རིས་གཞན་རྣམས་སུ་མི་སྐྱེས་པ་ལགས་པ་ནས། དེ་བཞིར་དུ་མི་ལ་སོགས་པ་འགྲོ་བ་གཞན་རྣམས་ཀྱང་ཚེ་འཕོས་ནས ་འགྲོ་བ་གཞན་དང་གཞན་རྣམས་སུ་མི་སྐྱེ་བར་རང་གི་སྔ་མའི་རིགས་རྣམས་སུ་སྐྱེ་བ་ལགས་ན། ཀྱེ་རྒྱལ་པོ་ཆེན་པོ་མི་རྣམས་དང་པོ་ལྷ་ལས་གྱུར་པ་ལགས་ན། ངན་སོང་གསུམ་པོ ་རྣམས་ནི་མི་རྣམས་ཀྱིས་མི་དགེ་བ་སྤྱད་པ་ལས་གྱུར་པ་ལགས་པའི་ཕྱིར། གང་ལྷ་ལ་སོགས་པ་ཚེ་འཕོས་པ་དེ་འགྲོ་བ་རིས་གཞན་དང་གཞན་རྣམས་སུ་སྐྱེ་བ ་ལགས་སོ།། ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་རྒྱལ་པོ་ཆེན་པོས་འདྲི་བ་ལྟར་ལགས་ན་ནི། ད་ལྟར་གྱི་འགྲོ་བ་རིས་དྲུག་པོ་རྣམས་མང་བ་དང་ཉུང་བ་རྣམས་ཇི་ལྟར་ཡོད་པ་བཞིན་དུ ་དུས་ཐམས་ཅད་དུ་དེ་ལྟར་འགྱུར་བར་རིགས་ན། མི་རྣམས་ལས་མི་དགེ་བ་སྤྱད་པ་མང་བའི་རྒྱུས་ངན་སོང་གསུམ་པོ་རྣམས་ཕྱིར་ཞིང་མང་བ་ལ་གཟིགས། ཀྱེ་རྒྱལ་པོ་ཆེན་པོ་གཞན ་ཡང་ད་ལྟར་གྱི་དགྲ་བཅོམ་པ་འདི་དག་ནི་མི་ལས་གྱུར་པ་ལགས་ན། འགྲོ་བ་རིགས་སོ་སོ་མ་འདྲེས་པར་ཡང་རིགས་སོ་སོར་སྐྱེ་ན་མི་རིགས་སོ།། དགྲ་བཅོམ་པའི་འབྲས་བུ་ཐོབ་པར་ཡང་།། ་མི་རིགས་སོ།། ཀྱེ་རྒྱལ་པོ་ཆེན་པོ་དེའི་ཕྱིར་ན། ལས་དགེ་བ་དང་མི་དགེ་བའི་དབང་གིས་མཐོ་རིས་དང་ངན་སོང་ལ་སོགས་པར་རིས་ཐ་དད་པར་སྐྱེ་བར་འགྱུར་རོ།། ཀྱེ་རྒྱལ་པོ་ཆེན་པོས ་ལྷ་རྣམས་ཚེ་འཕོས་ནས། མི་ལ་སོགས་པ་གཞན་རྣམས་སུ་སྐྱེ་འམ། ཞེས་བྱ་བ་ལ་སོགས་པ་དྲིས་པ་ནི་དེ་དེ་བཞིན་ཏེ། དེ་དེ་ལྟར་ལགས་སོ།། ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས ་སེམས་ཅན་ཐམས་ཅད་ཚེ་འཕོས་ནས་ཡེ་ཤད་པར་གྱུར་ཏེ། མཽ་ཤི་བའི་ཐལ་བ་བཞིན་དུ་སྐྱེ་བ་ཡེ་མ་མཆིས་སམ་ཞེས་གསུངས་པ་ནི་དེ་ལྟར་མ་ལགས་ཏེ། ཀྱེ་རྒྱལ་པོ་ཆེན་པོ་དཔེར་ན ་ས་བོན་ཡོད་ན་འབྲས་བུ་འབྱུང་སྟེ། ཚེ་འདི་ས་བོན་ལྟ་བུ་ལས་ཚེ་ཕྱི་མ་འབྲས་བུ་ལྟ་བུ་ཡོད་དོ།། ཀྱེ་རྒྱལ་པོ་ཆེན་པོ་ཉི་མ་ཤར་ནས་ཁད་ཀྱིས་ནུབ་སྟེ། སྨག་ཏུ་གྱུར་པ་ལས་ཡང་ནང་པར། ་འཆར་བ་བཞིན་དུ། ཚེ་འདི་འཕོས་ནས་ཡང་སྐྱེ་བ་ཕྱི་མ་ལེན་ཏོ།། ཀྱེ་རྒྱལ་པོ་ཆེན་པོ་ཆེ་འཕོས་ནས་ཕྱི་མར་སྐྱེ་བ་ཡེ་མ་མཆིས་ན་འགྲོ་བ་རྣམས་ཟད་པར་རིགས་སོ།། ཀྱེ་རྒྱལ་པོ་ཆེན། ་པོ་ཕྱི་རོལ་གྱི་རྩཝ་དང་ཤིང་རྣམས་དུས་ཀྱི་དབང་གིས་བསྐམས་པ་དེའང་ཕྱིར་སྐྱེའོ།། དེ་བཞིན་དུ་སེམས་ཅན་རྣམས་ལས་དང་ཉོན་མོངས་པ་དུས་འགྱུར་བ་དང་འདྲ་བའི་དབང་གིས་སྐྱེ་བ ་དང་འཆི་བར་འགྱུར་རོ།། དེའི་ཕྱིར་ན་རྒྱལ་པོ་ཆེན་པོ་ཚེ་ཕྱི་མ་ངེས་པར་ཡོད་པར་མཁྱེན་པར་མཛོད་ཅིག། ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་སེམས་ཅན་ཐམས་ཅད་འདི་ནས་ཚེ་འཕོས་ནས ་པ་དང་། མེས་པོ་དང་། ཡང་མེས་ལ་སོགས་པ་ཐོག་མ་མེད་པ་ནས་བཟུང་བའི་བར་དུ། གཅིག་ནས་གཅིག་ཏུ་བརྒྱུད་པའི་རིགས་འཐུན་པ་རྣམས་འཇིག་རྟེན་ཕ་རོལ་ན་སྐྱེ་བ་མི་ལེན་པར ་འདི་ན་ཅི་སྤྱོད་པ་བཞིན་འགྲོགས་ཏེ་གནས་སོ་ཞེས་འཇིག་རྟེན་པ་དག་མཆི་ན། དེ་ལྟར་ལགས་སམ་ཞེས་གསུངས་པ་ནི། ཀྱེ་རྒྱལ་པོ་ཆེན་པོ་འདི་ན་ཕ་དང་བུ་ལ་སོགས་པ་གཅིག་ལ ་གཅིག་སྣང་བ་ནི་གཟུགས་དངོས་པོ་ཅན་གཅིག་ལ་གཅིག་སྣང་གི། སེམས་གཅིག་གིས་གཅིག་མཐོང་བ་ནི་མ་ཡིན་ཏེ། གཟུགས་ཀྱི་ཕུང་པོ་འདིར་བཞག་སྟེ་མེད་ན། ཕ་རོལ་ན ་སེམས་གཅིག་ལ་གཅིག་ཇི་ལྟར་སྣང་སྟེ་འགྲོགས། ཆེ་འཕོས་པའི་པ་དང་མེས་པོ་ཡང་མེས་ལ་སོགས་པ། ད་ལྟར་ཚེ་མ་འབོས་པའི་བུ་ཚ་གཟུགས་ཡོད། ་པས་ཀྱང་མི་མཐོང་ན། ཕ་རོལ་ན་ཚེ་འཕོས་པའི་ལུས་མེད་པས་པ་དང་། མེས་པོ་དང་། ཡང་མེས་ལ་སོགས་པ་གཟུགས་མེད་པ་ཇི་ལྟར་མཐོང་ནས་འགྲོགས། ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་འདི ་ནཔ་དང་། བུ་དང་། སྤུན་མང་པོ་འགྲོགས་པའི་དུས་ན། ཡང་གཟུགས་སོ་སོར་སྣང་བ་ལས་མ་གཏོགས་པ། རང་གི་སེམས་ཀྱང་རང་གིས་མི་མཐོང་ན། སྤད་དང་སྤུན་གྱི་སེམས་གཅིག་གིས་གཅིག། ་ལྡག་ལ་མཐོང་ན། ཆེ་འཕོས་ནས་ཇི་ལྟར་མཐོང་སྟེ། ཕ་རོལ་ན་སྤད་དང་། སྤུན་དང་། མེས་པོ་དང་། ཡང་མེས་ལ་སོགས་པ་ཇི་ལྟར་སྣང་ནས་འགྲོགས། ཀྱེ་རྒྱལ་པོ་ཆེན་པོ་ཐོག་མ་མེད་པའི་དུས ་ནདེ་བས་སྔ་བ་མེད་པའི་མེས་པོ་དང་། ད་ལྟའི་བུ་ཚ་རྣམས་ཕ་རོལ་ན་འགྲོགས་ན། ད་ལྟ་མིའི་རུས་རིགས་དང་། ཕྱོགས་དང་། རིགས་མི་གཅིག་པ་ཐ་དད་པ་མང་པོ་ཇི་སྙེད་པ་རྣམས་སོ་སོ་རང་གྲར། ་གྱུར་པ་རྣམས་དང་། གནས་གང་ན་འདུག་པ་དང་། རུས་རིགས་གཅིག་པ་དང་། སྐད་དང་ཆ་ལུགས་མ་ཐོས་པ་དང་། མ་མཐོང་བ་དག་ཀྱང་ཐོག་མ་མེས་པོ་གཅིག་ལས་གྱེས་པ་ཡིན་ན། ་ལྟར་སྤད་དང་། སྤུན་དང་། མེས་པོ་ལ་སོགས་པ་འགྲོགས་མི་འགྲོགས་ཀྱི་བར་མཚམས་སུ་སྤུན་དང་སྤད་གང་ལ་བཟུང་། དང་པོ་མེས་པོ་ནས་བཟུང་སྟེ་ད་ལྟར་སྤུན་དང་སྤད་ཀྱི་བར་དུ་བརྒྱུད་པ ་རྣམས་ཀྱང་ད་ལྟར་གྱི་སྤང་དང་སྤུན་འདྲ་བར་སོ་སོ་ན་བརྩེ་ཞིང་གདུང་བར་འདྲ་ན་གང་དང་གང་ནི་འགྲོགས། གང་གང་ནི་མི་འགྲོགས། ད་ལྟར་གྱི་མི་རྣམས་སོ་སོ་ནས་བདག་ཅག་གི་མེས་པོ་འདི་ཡིན་ནོ། ་ཞེས་ཕྱོགས་དང་རིས་བཟུང་སྟེ། བདག་ཅག་འདི་དང་ཕ་གཅིག་གི་བུའོ་ཞེས་ཕྱོགས་དང་རིས་སུ་བཅས་ནས། དེ་དག་གིས་མེས་པོ་ཞེས་སོ་སོར་བཟུང་དེ་ཀུན་གྱི་ཡང་ཕ་དང་། མེས་པོ་དང ་ཡང་མོས་དང་། ཞེ་མེས་ནས། དང་པོའི་མེས་པོ་ལ་ཐུག་གི་བར་དུ་བརྒྱུད་པ་ནི་ད་ལྟར་སོ་སོ་ན་བདག་ཅག་གི་མེས་པོ་མེས་པོ་ཞེས་བཟུང་བ་ཡིན་ན། འཇིག་རྟེན་པ་དག་སྨྲ་བ་ལྟར་འདི་ནས ་ཚེ་འཕོས་ནས་སྐྱེ་བ་མི་ལེན་པར་ཕ་རོལ་ན་སྨད་དང་སྤུན་འགྲོགས་ན། ད་ལྟར་རུས་རིགས་དང་། ཕྱོགས་མི་གཅིག་པ་དང་། དགྲར་གྱུར་པ་ཀུན་ཀྱང་ཕྱོགས་གཅིག་ནས་འགྲོགས ་དགོས་སོ།། ཀྱི་རྒྱལ་པོ་ཆེན་པོ་ད་ལྟར་གྱི་ཚེ་འདི་གཟུགས་ཅན་དངོས་པོར་སྣང་བའང་མུན་པ་དང་། ཕག་ན་འདུག་པ་དག་གཅིག་གིས་གཅིག་མི་མཐོང་ན་ཚེ་འཕོས་པའི་གཟུགས་མེད་ཀྱིས ་གཅིག་གིས་གཅིག་ཇི་ལྟར་མཐོང་ནས་འགྲོགས་པར་འགྱུར། ཀྱེ་རྒྱལ་པོ་ཆེན་པོ་ད་ལྟར་གྱི་སེམས་ཅན་གཟུགས་དང་ལྡན་པས་ཀྱང་མི་མཐོང་བའི་གནས་ཡུལ་མི་གཅིག་པ་དང་། གནས་ཐ ་དད་པ་དག་ལ་རང་གི་གཟུགས་སྣང་བར་སྟོན་མི་ནུས་ན་ཚེ་འཕོ་ས་ནས་ཇི་ལྟར་གཟུགས་སྣང་བར་སྟོན་ནུས་ཀྱེ་རྒྱལ་པོ་ཆེན་པོ་འཇིག་རྟེན་པ་ཁ་ཅིག་གིས་གྲགས་པ་དང་རེད་པ་དག ་བཙལ་བའི་ཕྱིར་བཟླས་པའི་གཏམ་གྱིས་གཞན་སླུ་བར་བྱེད་པ་ལ་གནས་པར་མི་རིགས་སོ།། ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་འདི་ན་ཕྱུག་དྲེགས་རྒྱགས་པ ་རྣམས་ཕ་རོལ་ཏུའང་ཕྱུག་དྲེགས་རྒྱགས་པར་འགྱུར་རམ། འདི་ན་དབུལ་རྒུད་ཉམ་ཆུང་བ་རྣམས་ཕ་རོལ་ཏུའང་དབུལ་རྒུད་ཉམ་ཆུང་བར་འགྱུར་རམ་འོན་ཏེ་དེ་གཉིས་མི་འདྲ་བར་བན་ཚུན ་བསྣོལ་བར་འགྱུར་ཞེས་འདྲི་བ་གང་ཡིན་པ་དེ་ནི། ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་རྣམས་ཚེ་མ་འཕོས་པའི་སྐྱེ་བ་འདི་ལའང་། ལ་ལ་སྐྱེས་མ་ཐག་ཏུ་ཕྱུག་དྲེགས་རྒྱགས་པར་གྱུར་པ་ལསལོ་ལྔ ་བཅུ་དང་དྲུག་ཅུ་ནས་འཁོགས་པའི་བར་དུ་དབུལ་རྒུད་ཉམ་ཆུང་བའང་ཡོད། ལ་ལ་སྐྱེས་གཞོན་དར་བའི་ཚེ་ལ་དབུལ་རྒུད་པ་ལས་ལོ་ལྔ་བཅུ་དང་དྲུག་ཅུ་ནས་འཁོགས་པའི་བར ་དུ་ཕྱུག་དྲེགས་རྒྱགས་པ་དག་ཡོད་ན། ཚེ་འཕོས་ནས་ཕྱུག་དབུལ་མི་རྟག་པ་ལྟ་ཅི་སྨོས། ཀྱེ་རྒྱལ་པོ་ཆེན་པོ་དཔེར་ན་འཇིག་རྟེན་ན་རྩཝ་དང་ཤིང་ལ་སོགས་པ་དྲོ་བ་དང་བརླན་པའི་རྐྱེན་ཚོགས ་པའི་ཚེ་ནི། ལོ་མ་དང་འདབ་མ་རྒྱས་པར་འགྱུར་ལ། གྲང་ཞིང་བརླན་མེད་པའི་རྐྱེན་ཀྱིས་སྐམས་པར་འགྱུར་བ་བཞིན་དུ་སྦྱིན་པ་ལ་སོགས་པའི་རྐྱེན་གྱིས་ནི་ཕྱུག་དྲེགས་རྒྱགས་པར་འགྱུར ་ལ། རྐུ་འཕྲོག་པ་དང་སེར་སྣའི་དབང་གིས་ནི་དབུལ་རྒུད་པར་འགྱུར་རོ།། ཀྱེ་རྒྱལ་པོ་ཆེན་པོ་སྦྱིན་པ་རྒྱུན་མ་ཆད་པས་ཚེ་རབས་ནས་ཚེ་རབས་སུ་ཕྱུག་དྲེགས་རྒྱགས་པའང་ཡོད ་ཕྱོགས་ཆ་དང་སྦྱིན་པ་ལ་འགྱོད་པ་བྱས་པས་ཚེ་འགའ་དང་ཚེ་སྟོད་སྨད་ལ་དབུལ་རྒུད་པའང་ཡོད། དུས་ཐམས་ཅད་དུ་རྐུ་འཕྲོག་སེར་སྣ་དག་ལ་གནས་པས། ཚེ་རབས་ནས་ཚེ་རབས་སུ།། ་དབུལ་རྒུད་པའང་ཡོད། རྐུ་འཕྲོག་དང་སེར་སྣལ་འགྱོད་པ་བྱས་པས། ཚེ་འགའ་འམ། ཚེ་སྟོང་སྨད་ལ་ཕྱུག་དྲེགས་པའང་ཡོད་དེ། ཀྱེ་རྒྱལ་པོ་ཆེན་པོ་སྦྱིན་པའི་རྐྱེན་གྱིས་དབུལ་ཆུད། ་པའང་མི་འབྱུང་ངོ་།། སེར་སྣའི་དབང་གིས་ཕྱུག་དྲེགས་པའང་མི་འབྱུང་ངོ་།། ཕྱུག་དྲེགས་པ་དང་དབུལ་རྒུད་པ་འདི་གཉིས་ཚེ་སྔ་ཕྱི་ལ་བརྗེ་ཡང་མ་ལགས་སོ།། ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན ་པོས་འདི་ནརྟ་དང་གླང་པོ་ཆེ་ལ་སོགས་བཞོན་པ་དང་། འདི་ན་གོས་གྱོན་པ་དང་། འདི་ན་ཟས་བཟའ་བ་དང་། བཏུང་བ་དང་ལྡན་པ་རྣམས་ཚེ་འཕོས་ནས་ཕ་རོལ་ན་ཡང་དེ་བཞིན་དུ་ཞོན་པ་དང ་གྱོན་པ་དང་། ཟ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆི་ན། དེ་ལྟར་ལགས་སམ་ཞེས་འདྲི་བ་ན། ཀྱེ་རྒྱལ་པོ་ཆེན་པོ་མི་རྣམས་ཚེ་འཕོས་པའི་ཚེ། ལས་དགེ་སྡིག་གང་སྤྱད་པ ་བཞིན་མཐོ་རིས་དང་ངན་སོང་དག་ཏུ་སྐྱེ་བ་ལེན་ཏེ། རྒྱལ་པོ་ཆེན་པོ་འཇིག་རྟེན་པ་དག་མཆི་བ་ལྟར་མ་ལགས་སོ།། ཚེ་འཕོ་བ་འདིའི་ཆ་ལུགས་ལྟར་སྣང་བ་ན། བར་སྣང་གི་ཁམས་འདི་ན ་དྲི་ཟའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་མཐར་ཐུག་པ་མེད་པ་ཡོད་དེ། དྲི་ཟ་འཆི་ཀའི་སེམས་ལ་ཉེ་བར་འཇུག་པ་ཞེས་བྱ་བའི་རིགས་ཡོད་དེ། དེས་དྲི་ཟ ་ཟས་འཚལ་བའི་ཕྱིར་ཚེ་རབས་སྔ་མའི་ལུས་དང་། གོས་དང་རྒྱན་དང་ཆ་ལུགས་ལྟ་བུ་དག་སྤྲུལ་པར་བྱེད་དེ། ཚེ་འཕོས་པ་དེའི་ཆ་ལུགས་དང ་གཏམ་དག་བྱེད་ཅིང་སྤྲུལ་པ་སྟོན་པའང་ཡོད་དོ།། ཀྱེ་རྒྱལ་པོ་ཆེན་པོ་འདི་ལ་གཞན་ཡང་ཡོད་དེ། དྲི་ཟལ་མ་གཏོགས་པ་གཞན་ཡང་གནོད་སྦྱིན་དང་། ཤ་ཟ་དང་། འབྱུང ་པོ་དང་། ཡི་དགས་ལ་སོགས་པས་ཆེ་འཕོས་པའི་ཕའམ། བུའམ། སྤུན་ལ་སོགས་པ་བསླུ་བའི་ཕྱིར། མི་མ་ཡིན་པ་དེས་འཇིག་རྟེན་པའི་རྫུ་འཕྲུལ་གྱིས་ཚེ་འཕོས་པའི ་གཏམ་ཚིགས་ས་ལམ་དང་། ལོ་རྒྱུས་དག་ཤེས་པར་བྱས་ནས་མི་མ་ཡིན་པ་དེའི་བྱིན་གྱིས་ཕ་མ་ལ་སོགས་པས་མཐོང་བ་དང་། རྨི་ལམ་དུ་འབྱུང་བའང་ཡོད་དོ།། ཀྱེ ་རྒྱལ་པོ་ཆེན་པོ་འདི་ལ་གཞན་ཡང་ཡོད་དེ་སྤང་སྤུན་ལ་སོགས་པ་ལུན་རིང་པོར་ལྷན་ཅིག་པའི་བག་ཆགས་རྟས་པས་མཐོང་བ་དང་། རྨི་ལམ་དུ་སྣང་བའང་ཡོད་དེ་དཔེར་ན་མ ་ཞིག་གིས་ད་ལྟར་ཚེ་མ་འཕོས་པའི་རང་གི་པ་མ་འམ། སྤུན་ཟླ་འམ། བྲན་ཁོལ་ལམ། གཞན་སུའང་རུང་བ་དག་དང་འགྲོགས་པ་དང་། ལོངས་སྤྱོད་ཀྱི་བདེ་བ་འམ། དགྲ་རྐུན ་དང་། འཐབ་རྩོད་ལ་སོགས་པས་བདེ་བ་དང་། སྡུག་བསྔལ་གང་ཡང་རུང་བ་དག་རྨིས་ན། མི་དེས་རྨིས་པ་བཞིན་དུ། གང་རྨིས་པའི་བམའམ། སྤུན་ཟླ་འམ། བྲན་ཁོམ ་ལམ་གཞན་སུའང་རུང་བ་རྨི་ལམ་ན་སྣང་བ་དེར་ཚོར་བ་ཡོད་ན་ནི་རྨིས་པ་དེ་བདེན་པ་ཡིན་ན། དེ་རྨིས་པའི་ཕ་མ་འམ། སྤུན་ཟླ་འམ། བྲན་ཁོལ་ལམ་གཞ ་སུའང་རུང་བ་རྨི་ལམ་དུ་སྣང་བ་དེ་བདེན་པར་ཇི་ལྟར་གཟུང་། ཀྱེ་རྒྱལ་པོ་ཆེན་པོ་ཆེ་མ་འཕོས་པའང་གཅིག་གིས་རྨིས་པ་གཅིག་གིས་མི་ཚོར་ན། ཚེ་འཕོས་པའི་རྨིས་པ་ཆེ་འཕོས་པ་དེ ་ཡིན་པར་ག་ལ་འགྱུར་ཏེ། བག་ཆགས་རྟས་པ་ཡིན་ནོ།། ཀྱེ་རྒྱལ་པོ་ཆེན་པོ་བག་ཆགས་ལགས་པའི་དཔེ་ནི་གཞན་ཡང་མཆིས་ཏེ། མི་ཞིག་སྔོན་ཚེ་སྟོད་ལ་མཆིས་པའི་མཁར ་དང་ཁང་པ་དང་། གྲོང་གང་ཡིན་པ་ཞིག་བོར་ཏེ། ཡུལ་གཞན་ཞིག་ཏུ་ཚེ་སྨད་ལ་འདུག་པ་ན། སྔོན་གྱི་གྲོང་དེའང་ཞིག་སྟེ། སྔོན་མི་འདྲ་བ་ལས་མི་དེས་སྔོན་གྱི་ཁང་པའི།། ་དབྱིབས་དང་། རྒྱ་ཅི་འདྲ་བ་མ་ཞིག་པ་མ་འགྲམས་པ་རྨིས་ན། གྲོང་དང་ཁང་པ་དེ་ལ་སེམས་ཡོད་ན་ནི། ཁང་པ་དེའི་སེམས་སྣང་དུ་རུང་ན། ཁང་པ་དང་། གྲོང་དེས་རྡོ ་བེམ་པོ་ཡིན་ན། མི་དེས་རྨིས་པ་དེ་ཅིའི་ཕྱིར་བག་ཆགས་རྟས་པ་མ་ཡིན། དེ་བཞིན་དུ་ཚེ་འཕོས་པའི་ངན་རྟགས་དང་བཅས་པའང་ཁང་བ་ཞིག་པ་རྨིས་པ་དང་འདྲ་སྟེ། ཆེ་འཕོས ་པའི་སེམས་ཀྱང་ལས་གར་འཐུན་པར་སྐྱེ་བ་བླངས་ཟིན་ན། དེ་སྣང་དུ་བཏུབ་བམ་ཀྱེ་རྒྱལ་པོ་ཆེན་པོ་དེའི་ཕྱིར་བག་ཆགས་མཐུ་རྟས་པའི་དབང་གིས་ཆེ་འཕོས་པའི་གཏམ་ཚིགས་དང་། ་ལུགས་མཐོང་བ་དང་རྨིས་པ་ཡིན་ནོ།། དེ་བཞིན་དུ་རལ་གྲིལ་སོགས་པའི་གོ་མཚན་ཐོགས་པ་དང་། གོས་དང་། རྒྱན་ལ་སོགས་པརྩོན་པ་དང་། རྟ་དང ་གླང་པོ་ཆེ་ལ་སོགས་བཞོན་པར་སྣང་བ་དང་། རྨི་ལམ་འབྱུང་བའང་བག་ཆགས་སྣང་བ་ཡིན་ཏེ། ཁང་པའི་དཔེ་བཞིན་དུ་རིག་པར་བྱའོ།། ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་འདི ་ནས་ཤི་འཕོས་པ་ལས་ཕ་མ་འམ་སྤུན་ནམ། བུ་ལ་སོགས་པ་ཉེ་རིས་རྣམས་ཀྱིས་བཟའ་བ་དང་། བཏུང་བ་ཉུང་ངུ་ཉུང་ངུར་གཏད་པ་དང་། བསྔོན་པའང་བསྐལ་པ་མང ་པོའི་བར་དུ་ཟད་པར་མི་འགྱུར་བར་ཟ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆི་ན། དེ་ལྟར་ལགས་སམ་ཞེས་འདྲི་བ་ནི། ཀྱེ་རྒྱལ་པོ་ཆེན་པོ་གླིང་བཞི་པ་ནས་སྟོང་གི་འཇིག་རྟེན་གྱི་ཁམས་དང ་སྟོང་གཉིས་དང་། སྟོང་གསུམ་གྱི་ཁམས་དང་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ན། བཟའ་བ་དང་བཏུང་བ་ཉུང་ངུ ་ཉུང་ངུས་དུས་ཐམས་ཅད་དང་། བསྐལ་པ་མང་པོར་ཟ་བའི་སེམས་ཅན་གཟིགས་སམ། གསན་ནམ། ཀྱེ་རྒྱལ་པོ་ཆེན་པོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ཅི་བསམས་པའི ་འདོད་པ་འབྱུང་བ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཡོད་པའང་། སྔོན་བསྐལ་པ་མང་པོར་བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསགས་པ་ལས་བྱུང་བ་ཡིན་ཏེ། གནམ་ནས་བབས་པ་དང ་གློ་བུར་དུ་བྱུང་བ་ནི་མ་ཡིན་ན། བཟའ་བ་དང་བཏུང་བ་ཉུང་ངུ་དེ་བསྐལ་པ་མཐའི་བར་དུ་མ་ཟད་པ་དེ་རིགས་ལགས་སམ། ཀྱེ་རྒྱལ་པོ་ཆེན་པོ་ཚེ་མ་འཕོས་པའི་ཕ་སྤང་དང་། སྤུན་གཅིག ་ལ་གཅིག་འབྲེལ་བར་འཛིན་པ་ཕན་པར་འདོད་པ་རྣམས། ད་ལྟར་མ་ཤི་བ་ལུས་དང་ལྡན་པའང་གཅིག་ཡུལ་གཞན་དུ་སོང་ན། དེ་ལ་ཕ་མ་འམ། བུའམ། སྤུན་གང་ཡང་རུང་བས ་ཟས་སྐོམ་མང་པོར་སྦྱིན་ནོ།། གསོལ་ལོ་ཞེས་བསྔོས་པའང་། ཡུལ་གཞན་དུ་སོང་བའི་རྨི་ལམ་དུའང་མི་འབྱུང་ན། དངོས་པོར་ཟ་ཞིང་འཐུང་བ་ལྟ་ག་ལ་ཡོད་ན། ཚེ་འཕོས ་ནས་ལུས་དང་བྲལ་བ་ལ། བསྔོས་ཤིང་གཏད་པ་ཟ་ཞིང་འཐུང་བ་ལྟ་ག་ལ་ཡོད། ཀྱེ་རྒྱལ་པོ་ཆེན་པོ་ཚེ་འཕོས་ནས་སེམས་ལུས་དང་བྲལ་བ་དེས། བུ་དང་སྤུན་ལ་སོགས་པས་གཏད་པའི ་ཟས་དང་། སྐོམ་བསྔོས་པ་ཅན་འདི་དག་སེམས་དངོས་པོ་མེད་པ་གཟུགས་མེད་པས་ཇི་ལྟར་བདག་པོ་བྱེད་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། བཟའ་བ་དང་བཅས་པ་ནི་ལུས་ཡོད་པའི་ཡན ་ལག་གི་རྩོལ་བ་ལ་རག་ལུས་ན། སེམས་ལ་ལུས་ཀྱི་ཡན་ལག་དེའི་རྩོལ་བ་ཡོད་དམ། རྒྱལ་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ལགས་ན། ཚེ་འཕོས་པ་ལ་འདི་ན ་ཕན་འདོགས་པའི་བཟའ་བཏུང་དང་། བཞོན་པ་དང་། གོས་དང་། རྒྱན་གཏོད་པ་འདི་དག་ལ་དོན་མ་མཆིས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ ་ཚེ་འཕོས་པ་དེས་ལས་གང་སྤྱད་པའི་རྣམ་པར་སྨིན་པས་འགྲོ་བ་རིས་ཐ་དད་པ་གང་དུ་སྐྱེ་བ་ལེན་པ་དེ་ལ། མི་དགེ་བ་དང་མི་འབྲེལ་བའི་བསོད་ནམས་ཀྱི་ཚོགས་སུ ་འགྱུར་བའི་ལས་དགེ་བ་སྣ་ཚོགས་པས་བཏང་ན་མཐོ་རིས་དང་ཐར་པར་ཡང་སྐྱེ་ལ་གལ་ཏེ་སྐྱེ་བ་བླངས་པ་ཞིག་ལ་བསོད་ནམས་སུ་འགྱུར་བའི་ལས་དགེ་བ་ཞིག་བཏང་ན། སྐྱེ་བ་བླངས་པ ་དེས་ནོར་རྙེད་པ་དང་། ལེ་ལེགས་པ་དང་། འདོད་པའི་ལོངས་སྤྱོད་འཕེལ་བ་དང་། འགྲོ་བ་གཞན་ཐམས་ཅད་ཀྱིས་མཆོད་ཅིང་བཀུན་པར་འགྱུར་བའི་ཕན་པ་ཡོད་ཀྱི་ཚེ་འཕོས་པ་སྐྱེ་བ ་མི་ལེན་པར་གཤིན་གྱི་འཇིག་རྟེན་ཡོད་ནས། བཟའ་བཏུང་དང་། བཞོན་པ་དང་། གོས་དང་། རྒྱན་དག་བདག་པོ་བྱེད་པ་ནི་མ་ཡིན་ནོ།། ཀྱེ་རྒྱལ་པོ་ཆེན་པོ་འཇིག་རྟེན་པ་དག་གང་གིས། ་མཐོང་བ་དང་། ཕ་མ་ལ་སོགས་པས་རྨི་ལམ་དུ་རྨིས་ཏེ། ཚེ་འཕོས་པ་ལ་བསྔོས་པས་གཤིན་དེ་བཟའ་བཏུང་གིས་མགུའོ།། བཞོན་པ་ཞོན་ནོ།། གོས་གོན་ནོ།། རྒྱན ་ཐོགས་སོ་ཞེས་སྨྲས་ན། དེ་ལྟར་སྣང་བ་དེའང་བཟའ་བཏུང་གིས་མི་མགུའོ།། ཞོན་པ་མེད་དོ།། གོས་མི་གོན་ནོ།། རྒྱན་མི་ཐོགས་སོ་ཞེས་སྨྲ་ཞིང་། དེ་ལྟར་སྣང་བ་དག ་དྲི་ཟ་འཆི་ཀའི་སེམས་ལ་ཉེ་བར་འཇུག་པ་དང་། མི་མ་ཡིན་པ་དག་གིས་དེ་ལྟར་སྣང་བར་བྱེད་པ་ཡོད་དོ།། ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་སེམས་ཅན་དག་འདི་ནས་ཚེ་འཕོ་ཀ་ན ་བ་མ་འམ། སྤུན་ནམ། བུ་ལ་སོགས་པ་ལ་གཏམ་བྱས་པ་དང་། ཚིག་ཅི་སྨྲས་པ་དང་། གཟུགས་ཅི་འདྲ་བ་དག། དེ་ཚེ་འཕོས་ནས་ཕྱིས་ཕ་མ་དང་སྤུན་ནམ་བུ་ལ ་སོགས་པ་ལ་སྔོན་ཚེམ་འཕོས་པའི་དུས་ན་གཏམ་བྱས་པ་ལ་སོགས་པ་སྨྲ་བ་དང་། གཟུགས་བྱེད་སྟོན་ཏེ། དེ་ལྟ་བུ་མཐོང་བ་དང་། སྟོན་པའང་ཡོད་ཅེས་འཇིག་རྟེན་པ་དག་མཆིན ་དེ་ལྟར་ལགས་སམ་མ་ལགས་ཞེས་འདྲི་བ་ནི། ཀྱེ་རྒྱལ་པོ་ཆེན་པོ་སྨྲ་བ་ནི་ལུས་ཡོད་པའི་ཁ་ལྕེ་ལ་བརྟེན་ནས་སྨྲ་བ་ལགས་ན། ཚེ་འཕོས་པའི་ལུས་ནི་འདིར་བཞག་ན། སེམས་གཟུགས ་མེད་པ་དེ་ཇི་ལྟར་སྨྲ། དེ་སྟེ་ཤི་བ་དེ་ལ་ལུས་ཡོད་དོ་ཞེས་ཟེར་བ་ནི་སྐྱེ་བ་བླངས་པ་ཡིན་ཏེ། དེ་ལ་ཕ་མ་དགོས་པས་གཤིན་གྱི་འཇིག་རྟེན་ཡང་མེད་དོ།། ཀྱེ་རྒྱལ་པོ་ཆེན་པོ་དེ་ལྟ་བུའི་ཚེ་མ ་འཕོས་པའི་མཚན་མ་དང་དན་རྟགས་དང་བཅས་པའི་འཇིག་རྟེན་པ་གང་དག་སྨྲ་བ་དེ་ནི། དྲི་ཟ་ཁྱབ་བྱེད་ཅེས་བྱ་བའི་རིགས་ཡོད་པས་བྱེད་དེ། དཔེར་ན་རླུང་ཆེན་པོས་ཐང་དང་གླུང་ཡངས་པ་དག་ཏུ ་དུས་གཅིག་ཏུ་རླུང་ལྡང་བ་བཞིན་དུ། འཆི་འཕོས་པ་ཐམས་ཅད་ཀྱི་སེམས་ལ་ཁྱབ་པར་བྱེད་པའི་རིགས་དྲི་ཟ་པི་ཙ་ན་ཞེས་བྱ་བ་དང་། གནོད་སྦྱིན་སྨྲ་འདོད་ཀྱི་རིགས་དང་། འབྱུང་པོ ་བར་ཧི་ན་ཏི་ཀུན་ཏུ་གཏོགས་འདོད་ཅེས་བྱ་བ་དག་གིས་བསྒྲུབས་ནས། མི་མ་ཡིན་པ་དེ་དག་གིས་ཤི་བ་དེས་སྔོན་གཏམ་བྱས་པ་དང་། ཆ་ལུགས་ཀྱི་ངན་རྟགས་དག་འཇིག་རྟེན་པ་དག་བསླུ ་བའི་ཕྱིར་སྟོན་ཅིང་སྨྲ་བ་དག་ཡིན་ནོ།། དེའི་ཚེ་ལྷས་བྱིན་དེ་ན་འདུག་པས། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་དེ་ལ་ཡིད་མཆེས་ནས། བཅོམ་ལྡན ་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གོའུ་ཏ་མ་སེམས་ཅན་ཚེ་འཕོས་ནས་ཅིར་འགྱུར་བའི་ངན་རྟགས་པ་རོལ་ན་ཡོད་པ་དང་། མེད་པ་བཀའ་སྩལ་བདེ་གོའུ་ཏ་མས་ཐོག་མ་སུ་ལགས་ན་དུས ་ནམ་གྱི་ཚེ་མཁྱེན་པར་མཛད། གསན་པ་དང་མཁྱེན་པར་མཛད་པའི་གྲོགས་པོ་སུ་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷས་བྱིན་ངས་ནི་རང ་གི་ལུས་བཏང་བ་ལ་སོགས་པ་དཀའ་བ་མང་པོ་དག་བསྐལ་པ་གྲངས་མེད་པར་སྤྱད་དེ། སྒྲིབ་པ་ཐམས་ཅད་ནི་སྦྱངས་ཚོགས་ཆེན་པོ་ཡང་དག་པར་བསགས་པས་ཐམས་ཅད་མཁྱེན་པའི ་ཡེ་ཤེས་ཐོབ་སྟེ། འདས་པའི་དུས་ན་སྔོན་བྱུང་བ་དང་། ད་ལྟར་གྱི་དུས་ན་ཕྱོགས་བཅུ་མཐའ་ཡས་པ་ན་ཤེས་བྱ་གང་དག་ཅི་ཡོད་པ་དང་། མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་ཤེས ་བྱ་ཐམས་ཅད་ལ་མི་མཁྱེན་པར་གྱུར་པ་གང་ཡང་མེད་དེ། དཔེར་ན་འཛམ་བུའི་གླིང་འདིར་ཉི་མ་ཤར་བདེ་ཁང་དང་རིམ་གྱིས་ཤར་བ་མ་ཡིན་ཏེ། དུས་གཅིག་ཏུ་གསལ་བར་ཤར་བ་བཞིན་དུ ་ཤེས་བྱ་ཐམས་ཅད་སྐད་ཅིག་གཅིག་ལ་མཁྱེན་པའི་ཕྱིར་དང་། ང་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བ་ཞེས་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་ལ་ཡང་ལྷས་བྱིན་ཡི་དམ ་ཆེས་ནས་ཐམས་ཅད་མཁྱེན་པ་མངའ་བ་དེ་ཚད་མེད་པའི་ཕྱིར། འཛམ་བུའི་གླིང་འདི་ན་ཤིང་གི་རིས་ཙན་དན་དང་། པླག་ཤ་དང་། སེང་ལྡེང་ལ་སོགས་པ་ཤིང་ཐ་དད་པ་བརྒྱ་སྟོང་བྱེ་བ ་དག་བཅད་དེ། སོ་སོར་བ་སྲེགས་ནས་ཐལ་བའི་ཕུར་མ་བྱས་ནས་རང་གིས་མི་ནོར་བར་བྱ་བའི་ཕྱིར། ཐལ་བ་ལ་ཤིང་གང་དང་གང་གི་མིང་ཡི་གེར་བརྟགས་ཏེ། བཅོམ་ལྡན་འདས་ཀྱི ་དྲུང་དུ་སོང་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཁྱོད་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་ན། འདི་ཤིང་གང་གི་ཐལ་བ། འདི་ཤིང་ག ་གི་ཐལ་བ་ལགས་ཞེས་ཐར་ཆགས་སུ་ཐལ་བའི་ཕུར་མ་ཐམས་ཅད་བསྟན་པ་ལས། བཅོམ་ལྡན་འདས་ཀྱིས་ཤིང་གང་གིས་ཐལ་བ་ཡིན་པ་མ་ནོར་བར་འདི་ནི་ཙན་དན་གྱི་ཐལ་བའོ།། ་འདི་ནི་བླག་ཤིའི་ཐལ་བའོ།། འདི་ནི་སེང་ལྡེང་གི་ཐལ་བའོ་ཞེས་ཐལ་བའི་པུར་མ་ཐམས་ཅད་མ་ནོར་བར་བཤད་པ་ལས། ལྷས་བྱིན་བཅོམ་ལྡན་འདས་ལ་རྣམ་པ་ཐམས་ཅད ་མཁྱེན་པའི་ཡེ་ཤེས་མངའ་བར་ཡིད་ཆེས་པར་གྱུར་ཏོ།། ཚེ་འཕོས་པ་ཅིར་འགྱུར་བ་གསུངས་པ་བདེན་པར་བསམས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་བསྟོད་དོ།། བཅོམ་ལྡན་འདས ་ནི་ཀུན་མཁྱེན་ལགས།། ཤིང་མང་ཐལ་བའི་བྱེ་བྲག་རྣམས།། མ་གཟིགས་མགས་ན་ངེས་པར་མཁྱེན།། ཚེ་འཕོ་ཅིར་འགྱུར་གསུངས་པ་དེས།། ཞེས་བསྟོད་ནས་སྤོབས་པ་མེད་པར ་གྱུར་ཏོ།། དེའི་ཚེ་ཤཱཀྱ་མིང་ཆེན་དེ་ན་འདུག་པས་ཚེ་འཕོས་པ་ཅིར་འགྱུར་བ་བཀའ་སྩལ་བ་ལ་ཡིད་མཆེས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་ཚེ་འཕོས་པའི་སེམས་ཅན་རྣམས་ཅིར་འགྱུར་བ་གསུངས་པ་དེ་མངོན་སུམ་དུ་གཟིགས་སམ། འོན་ཏེ་གཞན་ཞིག་ལ་གསན་པ་ལགས།། དེ་སྐད་ཅེས་གསོལ་བ་དང ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིང་ཆེན་ངའི་སངས་རྒྱས་ཀྱི་སྤྱན་གྱིས་མི་གཟིགས་པ་ནི་འཇིག་རྟེན་ན་མེད་དེ། སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་ན། ལག་པའི་བྱེ་བྲག ་ཐམས་ཅད་གསལ་བ་དེ་བཞིན་དུ། དུས་གསུམ་གྱི་ཤེས་བྱ་ལ་ངས་མ་གཟིགས་པ་ཅིའང་མི་མངའ་སྟེ། ཐོས་པ་ལ་རྟེན་པ་ནི་མ་ཡིན་ནོ།། དེ་སྐད་ཅེས་བཀའ་སྩལ་པ་དང་ཤཱཀྱ ་མིང་ཆེན་གྱིས་ཐམས་ཅད་གཟིགས་པ་དེ། བདེན་བརྫུན་ཉམས་སད་པའི་ཕྱིར། སེར་སྐྱའི་གྲོང་ཁྱེར་ཆེན་པོར་སོང་སྟེ། ཁྱིམ་ཇི་སྙེད་ཡོད་པ་ལ་འབྲས་ཀྱི་བུར་མ་རེ་རེ་བླངས་ཏེ། རང་ག ་འབྲས་ཀྱི་ཕུར་མ་གང་ལ་བླངས་པ་ནི་མི་ནོར་བར་བྱ་བའི་ཕྱིར། ཤཱཀྱ་གང་ལ་བླངས་པའི་མིང་རྣམས་བྲིས་ཏེ། འབྲས་བུར་མའི་ནང་དུ་བཅུག་ནས། འབྲས་ཀྱི་བུར་མ་གླང་པོ་ཆེའི་ཁལ་ལོངས ་པ་གཅིག་དང་། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི ་སྤྱན་གྱིས་མི་གཟིགས་པ་མ་མཆིས་ན། འབྲས་ཀྱི་བུར་མ་འདི་དག་མི་དབྱེ་བར་ཤཱཀྱ་གང་གང་གི་འབྲས་གང་གང་ལགས་པ་གཟིགས་པར་མཛོད་ཅིག་ཅེས་གསོལ་ནསགླང་བ་རྣན། ་ཁལ་གྱི་འབྲས་ཀྱི་བུར་མ་རྣམས་དྲུང་དུ་བཞག་པ་ལས་བཅོམ་ལྡན་འདས་ཀྱིས་འབྲས་ཀྱི་ཕུར་མ་རེ་རེ་སྤངས་ཤིང་འདི་ཤཱཀྱ་དགྲ་བྱེད་ཀྱིའོ།། འདི་ཤཱཀྱ་ཀ་ཡའི་འོ།། འདི ་ཤཱཀྱ་འདོད་སྲེད་ཀྱིའོ་ཞེས་བྱ་བ་ལ་སོགས་པ་འབྲས་བུར་མ་རེ་རེ་ལ་ཤཱཀྱ་འདིའི་འོ་ཞེས་མིང་མ་ནོར་བར་རིམ་པར་རྫོགས་པར་གསུངས་པ་ལས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི ་སྤྱན་གྱིས་ཐམས་ཅད་གཟིགས་པ་ལ་ཤཱཀྱ་མིང་ཆེན་ལ་སོགས་པ་ཐམས་ཅད་ཡིད་ཆེས་ཏེ། བཅོམ་ལྡན་འདས་ཀྱིས་ཚེ་འཕོས་པ་ཅིར་འགྱུར་བ་བཤད་པ་ནི་ངེས་སོ་སྙམ་ནས། བཅོམ ་ལྡན་འདས་ལ་བསྟོད་པ། སངས་རྒྱས་སྤྱན་གྱིས་ཐམས་ཅད་གཟིགས།། འཇིག་རྟེན་པ་ལྟར་བརྫུན་མི་མངའ།། ཤཱཀྱའི་གྲོང་ཁྱེར་ཇི་སྙེད་པའི།། འབྲས་ཀྱི་ཕུར་མ་མ་ནོར ་མཁྱེན།། སེམས་ཅན་ཚེ་འཕོས་ཕ་རོལ་ནོ།། ཇི་ལྟར་སྣང་བ་འཇིག་རྟེན་བརྫུན།། བཅོམ་ལྡན་འདས་ཀྱིས་གསུངས་པ་མེང་།། ཀུན་གཟིགས་ཁྱོད་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད། ་ནས་སྤོབས་པ་མེད་དེ་མི་སྨྲ་བར་འདུག་གོ།། དེ་ནས་ཡབ་རྒྱལ་པོ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་གང་དག་གིས་མཚམས་མེད་པ་ལ་སོགས་པའི་ལས ་མི་དགེ་བ་དག་བགྱིས་པས། དེའི་རྣམ་པར་སྨིན་པ་མི་བཟད་པ་མྱོང་བར་འགྱུར་བ་དག་གིས་ཇི་ལྟར་བགྱིས་ན་བདེ་བ་ཐོབ་པར་འགྱུར་བ་བཤད་དུ་གསོལ། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་གང་དག་གིས་མཚམས་མེད་པ་ལ་སོགས་པའི་ལས་མི་དགེ་བ་བྱས་པ་དག་གིས་སྒྱུ་མེད་པའི་སེམས་དང་། རྣམ་པར་སྨིན་པ། ་ལ་ཡིད་ཆེས་པར་བྱས་ཏེ། སེམས་ཐག་པ་ནས་བཤགས་ན་འབྱུང་བར་འགྱུར་རོ།། འཆི་བའི་ཚེ་མི་དགེ་བ་སྔར་བྱས་པ་དག་ལ་འགྱོད་པ་བསྐྱེད་དེ། སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ན་སྡིག་པ་འབྱུང་བར་འགྱུར་རོ།། མཐོ་རིས་སུའང་སྐྱེ་བར་འགྱུར་རོ།། ཚེ་ཕྱི་མ་མེད་པའི་འདུ་ཤེས་བསྐྱེད་པར་མི་བྱའོ།། སྐྱེ་བ ་ལེན་པ་ནི་དབང་ཕྱུག་དང་། འདོད་རྒྱལ་དང་། གྱི་ན་ལ་སོགས་པ་དག་གིས་བྱེད་པར་མི་བལྟའོ།། འཇིག་རྟེན་གྱི་བདེ་བ་དང་འཁོར་བ་ཐམས་ཅད་ལ་ཆགས་པར་མི་བྱའོ།། ཀྱེ་རྒྱལ་པོ ་ཆེན་པོ་འཇིག་རྟེན་འདི་ནས་ཕ་རོལ་ཏུ་འཕོ་སྟེ། སྐྱེ་བ་ལེན་པ་ན་རྟག་པ་འཕོ་བའང་མ་ཡིན་ནོ།། ཆད་པ་འགགས་ཏེ་མེད་པའང་མ་ཡིན་ནོ།། རྒྱུ་མེད་པའང་མ་ཡིན་ནོ།། རྒྱུ་མེད་པ་ལས།། ་བྱུང་བའང་མ་ཡིན་ནོ།། བྱེད་པ་པོས་བྱས་པའང་མ་ཡིན་ཏེ། ལས་དང་ཉོན་མོངས་པ་རྒྱུ་རྐྱེན་ཚོགས་པ་ལས་སྐྱེ་བར་བལྟའོ།། རྒྱལ་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས ་སེམས་ཅན་རྣམས་ཚེ་འཕོས་ནས་སྐྱེ་བ་ལེན་པ་དེ། དེ་ལྟར་རྟག་པའང་མི་འཕོ།། ཆད་པའང་མ་ལགས་རྒྱུ་རྐྱེན་མེད་པའང་མ་ལགས་བྱེད་པ་པོས་ཀྱང་མ་བྱས་འཇིག་རྟེན།། ་ཕ་རོལ་ཏུ་སྐྱེ་བའང་འགྲུབ་པ་དེ་རྟོགས་པར་དཀའ་ན། འདི་ལ་འཐུན་པའི་དཔེ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་རྒྱལ་པོ་ཆེན་པོ་འདི་ལ་འཐུན་པའི་དཔེ་བརྒྱད ་ཡོད་དེ། བླ་མས་ཁ་ཏོན་བརྗོད་པ་སློབ་མས་ཤེས་པའི་དཔེ་དང་། མར་མེ་ལས་མར་མེ་འབྱུང་བའི་དཔེ་དང་། མེ་ལོང་ལ་གཟུགས་བརྙན་འབྱུང་བའི་དཔེ་དང་། རྒྱ་ལས་རྒྱའི་འབུར ་དང་རི་མོ་འབྱུང་བའི་དཔེ་དང་། མེ་ཤེལ་ལས་མེ་འབྱུང་བའི་དེཔེ་དང་། ས་བོན་ལས་མྱུ་གུ་འབྱུང་བའི་དཔེ་དང་། སྦྱར་ཞེས་བརྗོད་པས་འགྲམ་ཆུ་ལྡང་བའི་དཔེ་དང་། བྲག་ཆའི ་སྒྲ་རྣམས་ཀྱི་དཔེས་རྟོགས་པར་བྱ་སྟེ། ཀྱེ་རྒྱལ་པོ་ཆེན་པོ་དཔེ་བརྒྱད་པོ་འདི་དག་གིས། སྔ་མ་སྔ་མས་ནི་ཕྱི་མ་རྣམས་འབྱུང་བའང་ཡོད་པ་ནི་རྟག་པ་འཕོ་བ་མ་ཡིན་པའི་དཔེའོ།། ཁྱིམ ་བྱེ་མ་ནི་སྣུ་མ་སྔ་མ་རྣམས་ལས་འབྱུང་བས། རྒྱུ་མེད་པ་ལས་འབྱུང་བ་འབྱུང་བ་མ་ཡིན་པའི་དཔེ་དང་། ཆད་པ་འགག་པ་མ་ཡིན་པའི་དཔེའོ།། ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་དཔེ ་འདི་དག་ནི། རྐྱེན་གསུམ་གསུམ་ཚོགས་པ་ལས་འབྱུང་སྟེ། བླ་མ་སློབ་མ་དེ་གཉིས་དབང་པོ་རྣམས་སྐྱོན་མེད་པ་ལས་ཁ་ཏོན་འབྱུང་ཞིང་སྨྲ་ཤེས་པའོ།། མར་དང་། སྡོང་བུ་དང་།། ་སྣོད་ཚོགས་པ་ལས་མར་མེ་འབྱུང་ངོ་།། ནམ་མཁའ་དང་བ་དང་། གདོང་དང་མེ་ལོང་ཚོགས་པ་ལས་གཟུགས་བརྙན་འབྱུང་ངོ་།། རྒྱ་དང་འཇིམ་པའི་གྲོ། ་བུ་དང་། སྐྱེས་བུའི་ལག་པའི་རྩོལ་བ་རྣམས་ཚོགས་པ་ལས་འབུར་དང་རི་མོ་འབྱུང་ངོ་།། ཤེལ་དང་ཉི་མའི་འོད་དང་། རྩཝ་ཤིང་ཚོགས་པ་ལས་མེ་འབྱུང་ངོ་།། ས་བོན་དང་ས་གཞི ་དང་བརླན་པ་རྣམས་ཚོགས་པ་ལས་མྱུ་གུ་འབྱུང་ངོ་།། ཚྭ་དང་ཆུང་འཐུང་མྱོང་བ་དང་། སྦྱར་ཞེས་བརྗོད་པ་ལས་འགྲམ་ཆུ་ལྡང་ངོ་།། མིས་བརྗོད་པའི་སྒྲ་དང་སྒྲ་དྲག་པོ་གཞན་མེད་པ་དང་། ་རི་བྲག་རྣམས་ཚོགས་པ་ལས་བྲག་ཆ་འབྱུང་སྟེ། དེ་དག་ནི་སེམས་ཅན་སྐྱེ་བ་ནི་བྱེད་པ་པོས་མ་བྱས་ཏེ། ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་གྱིས་བསྐྱེད་པའོད་པེའོ།། ཀྱེ་རྒྱལ་པོ་ཆེན་པོ་། ་གཞན་ཡང་བླ་མ་ནི་ཚེ་འདིའི་དཔེའོ།། སློབ་མ་ནི་ཚེ་ཕ་རོལ་གྱི་དཔེའོ།། ཁ་ཏོན་ནི་རྣམ་པར་ཤེས་པ་ཉིང་མཚམས་སྦྱོར་བའི་དཔེའོ།། མར་མེ་སྔ་མ་ནི་ཚེ་འདིའི་དཔེའོ།། ཕྱི་མ་ནི་ཕ་རོལ་གྱི ་དཔེའོ།། མར་མེ་སྔ་མ་ལས་བྱེ་མ་བྱུང་བ་སྣུ་མ་ཡོད་པ་ནི་རྟག་པ་འཕོ་བ་མ་ཡིན་པའི་དཔེའོ།། ཕྱི་མདེ་སྔ་མ་ལས་བྱུང་བ་རྒྱུ་མེད་པ་ལས་མ་བྱུང་བའི་དཔེའོ།། མེ་ལོང་ནི་ཚེ་འདི་ཡོད་པའི ་སྒོ་ནས་ཕྱི་མའང་ཡོད་ལ། དངོས་པོའང་མི་འཕོ་ཞིང་ཕ་རོལ་ཡང་ཡོད་པའི་དཔེའོ།། རྒྱ་ནི་འདིར་ལས་ཅི་སྤྱད་པ་འཐུན་པར་ཕ་རོལ་ཏུའང་སྐྱེ་བ་ལེན་པའི་དཔེའོ།། མེ་ཤེལ་ནི་འགྲོ་བའིས ་མི་འདྲ་བ་ནས་མི་འདྲ་བར་སྐྱེ་བའི་དཔེའོ།། ས་བོན་ནི་འགགས་ནས་མེད་པར་མི་འགྱུར་བའི་དཔེའོ།། སྦྱར་ནི་མྱོང་བའི་ལས་ཀྱིས་སྐྱེ་བ་ལེན་པའི་དཔེའོ།། སྒྲ་ནི་རྒྱུ་རྐྱེན་ཚོགས་ནས ་གནོད་པའི་རྐྱེན་གཞན་མེད་ན་སྐྱེ་བ་ལེན་ཏེ། གཅིག་པ་དང་ཐ་དད་པ་མ་ཡིན་པའི་དཔེའོ།། ཀྱེ་རྒྱལ་པོ་ཆེན་པོ་དཔེ་བརྒྱད་པོ་འདི་ཚང་བར་མ་སྨོས་པར་འགའ་ཞིག་བསྟན་ན་དབང་ཕྱུག ་དང་འདོད་རྒྱལ་དང་། གྱི་ན་དང་། རྒྱུ་མེད་པར་སྨྲ་བ་དག་གིས་དགེ་སྦྱོང་གོའུ་ཏ་མའི་དཔེ་འདི་དག། ཁ་ཏོན་གྱི་དཔེ་འདི་ནི་ཕུང་པོ་དང་རྣམ་པར་ཤེས་པ་གཉིས་མ་བྲལ་བར་པ ་རོལ་ཏུ་རྣམ་པར་ཤེས་པ་འཕོ་བར་འགྱུར་ཞེས་སྨྲ་བ་དགག་པའི་ཕྱིར་དཔེ་ལྷག་མོ་རྣམས་བསྟན་ཏོ།། མར་མེའི་དཔེ་ནི་འདི་དང་ཕ་རོལ་གཉིས་ཀར་ཕུང་པོ་དུས་གཅིག་ཡོད་དོ་ཟེར་བ་དགག ་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།། མེ་ལོང་གི་དཔེ་ནི་འདྲ་བའི་དཔེ་ཡིན་པས་གྲུམ་པོ་ལས་གྲུམ་པོར་སྐྱེ། དཀར་པོ་ལས་དཀར་པོར་སྐྱེའོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ ་རྣམས་བསྟན་ཏོ།། རྒྱའི་དཔེ་ནི་ལྷ་འཕོས་པ་ལྷར་སྐྱེ། མི་འཕོས་པ་མིར་སྐྱེ་བ་ལ་སྐྱེ་བ་ལ་སོགས་པ་ངེས་པའོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།། མ ་ཤེལ་གྱི་དཔེ་ནི་མི་འདྲ་བའི་དཔེ་ཡིན་པས་དགེ་བས་ངན་སོང་དང་མི་དགེ་བས་མཐོ་རིས་འགྲུབ་བོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།། ས་བོན་གྱི་དཔེནི ་ཤེས་པ་གཅིག་ལས་མང་པོར་འཕེལ་ལོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།། སྐྱུར་གྱི་དཔེ་ནི་མྱོང་བའི་དཔེ་ཡིན་པས་ལྷའི་ལོ་རྒྱུས ་ཡོད་པ་དག་དགེ་བའི་བསོད་ནམས་མ་བྱས་ཀྱང་ལྷར་སྐྱེའོ།། ངན་སོང་གི་ལོ་རྒྱུས་ཡོད་པ་དག་ལ་མི་དགེ་བ་མ་བྱས་ཀྱང་ངན་སོང་དུ་སྐྱེའོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག ་མ་རྣམས་བསྟན་ཏོ།། སྒྲའི་དཔེ་ནི་བྱེད་པ་པོའི་དཔེ་ཡིན་པས་རྒྱུ་རྐྱེན་ལས་མ་བྱུང་ངོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།། དེའི་ཕྱིར་དཔེ་བརྒྱད་བསྟན་ཏོ།། ་ཀྱེ་རྒྱལ་པོ་ཆེན་པོ་ཆེ་ཞིག་སྟེ་ཕ་རོལ་ཏུ་སྐྱེ་བ་མེད་དེ། ཆད་པ་དང་འགག་པའང་མ་ཡིན་ནོ།། ཚེ་འདི་དང་དངོས་པོ་རྟག་པ་མ་ཉམས་པར་ཕ་རོལ་ཏུ་འཕོ་བའང་མ་ཡིན་ནོ།། ཚེ་འདི་ལ ་མ་རྟེན་པར་ཕ་རོལ་ཏུ་སྐྱེ་བ་ལེན་པའང་མ་ཡིན་ནོ།། བདག་གིས་སྐྱེ་བ་འདི་བླང་ངོ་ཞེས་པ་སམས་པས་ཀྱང་སྐྱེ་བ་མི་ལེན་ནོ།། བདག་གིས་དབང་ཕྱུག་ཆེན་པོ་ལ་སོགས་པ་ལ་བསྟེན་ཏེ ་མཐོ་རིས་སུ་སྐྱེ་བར་བྱའོ་སྙམ་པས་ཀྱང་མ་ཡིན་ནོ།། བདག་མཐོ་རིས་དང་ངན་སོང་གར་འདོད་པར་སྐྱེ་བར་བྱའོ་སྙམ་པས་ཀྱང་མ་ཡིན་ནོ།། ཅིའང་མ་བྱས་ཏེ་རྒྱུ་རྐྱེན་ལ་བརྟེན་མི ་དགོས་པར་སྐྱེའོ་སྙམ་པས་ཀྱང་མ་ཡིན་ནོ།། ཕུང་པོ་འདི་ཞིག་སྟེ་ཤི་ནས་ཅིའང་མེད་དོ་ཞེས་སྨྲ་བའོང་མ་ཡིན་ནོ།། འདིར་ཚེ་འཕོས་ནས་ཕ་རོལ་ན་གཤིན་གྱི་ཁམས་སུ་མུ ་ཆགས་སུ་མཆིས་པས་འདི་ན་ཅི་སྤྱོད་བྱེད་དེ། སྐྱེ་བ་མི་ལེན་ཞེས་ཟེར་བའང་མ་ཡིན་ནོ།། ཚེ་འདིའི་རྣམ་ཤེས་མ་འགགས་པར་རྣམ་ཤེས་པས་སྐྱེ་བ་ལེན་ཞེས་ཟེར་བའང་མ་ཡིན་ནོ།། ་འདི་དང་ཕ་རོལ་གཉིས་ཀར་ཕུང་པོ་དུས་གཅིག་ཡོད་ཅེས་ཟེར་བའང་མ་ཡིན་ནོ།། གྲུམ་པོ་ལས་གྲུམ་པོར་སྐྱེ། དཀར་པོ་ལས་དཀར་པོར་སྐྱེ་ཞེས་བྱ་བ་ལ་སོགས་པའང་མ་ཡིན་ནོ།། ་ལྷ་ཚེ་འཕོས་པའང་ལྷར་སྐྱེའོ་ཞེས་ཟེར་བའང་མ་ཡིན་ནོ།། དགེ་བ་དང་། ངན་སོང་དང་། མི་དགེ་བས་མཐོ་རིས་འགྲུབ་ཟེར་བའང་མ་ཡིན་ནོ།། ཤེས་པ་གཅིག་ལས་མང ་པ་འཕེལ་བའང་མ་ཡིན་ནོ།། དགེ་བ་མ་བྱས་ཀྱང་ལྷར་སྐྱེ་བ་དང་། མི་དགེ་བ་མ་བྱས་ཀྱང་ངན་སོང་དུ་སྐྱེ་བའང་མ་ཡིན་ནོ།། སྐྱེ་བ་ནི་བྱེད་པ་པོས་བྱས་པའང་མ་ཡིན་ནོ།། དེ་དག ་ཅིའི་ཕྱིར་མ་ཡིན་ཞེས་ཁ་ཏོན་གྱི་དཔེ་ལ་གང་དག་གིས་རྣམ་པར་ཤེས་པར་ཤེས་པ་འདི་མ་འགགོས་པར་ཕ་རོལ་ཏུ་སྐྱེ་བ་ལེར་ནོ་ཞེས་ཟེར་བའི་སྐྱོན་བསལ་བའི་ཕྱིར་ས་བོན་གྱི་དཔེ ་བསྟན་ཏེ། ས་བོན་དེ་མ་རུལ་བར་མྱུ་གུ་སྐྱེ་ན་ནི། བདག་ཏུ་སྨྲ་བ་དག་བདེན་ན། ས་བོན་དེ་རུལ་ནས་སྔ་མ་ལས་གྱུར་ཏེ། མི་འདྲ་བར་གྱུར་པ་ལས་མྱུ་གུ་སྐྱེའོ།། མར་མེའི ་དཔེ་ལ་གང་གིས་མར་མེ་གཅིག་ལས་གཙོག་སྤར་ན་གཉིས་ཀ་ཡོད་པས། འདི་དང་ཕ་རོལ་གཉིས་ཀར་ཕུང་པོ་དུས་གཅིག་ཡོད་དོ་ཞེས་ཟེར་བའི་སྐྱོན་བསལ་བའི་ཕྱིར་སྒྲའི་དཔེ ་བསྟན་ཏེ། བྲག་ཆ་ནི་མིས་མ་བརྗོད་པར་སྒྲ་མི་གྲག་སྟེ། དུས་གཅིག་ཏུ་མི་འབྱུང་བས་ཕུང་པོའང་དུས་གཅིག་ཏུ་མི་འབྱུང་ངོ་།། མེ་ལོང་གི་དཔེ་ལ་འདྲ ་བའི་ཕྱིར། གྲུམ་པོ་ལས་གྲུམ་པོར་སྐྱེ་བ་དག་དགག་པའི་ཕྱིར་མེ་ཤེལ་གྱི་དཔེ་བསྟན་ཏེ། མེ་ཤེལ་ལས་དེ་མི་འདྲ་བའི་དཔེ་འབྱུང་བའི་ཕྱིར་རོ།། རྒྱའི་དཔེ་ནི་ལྷ་ཚེ་འཕོས་པ་ལྷར་སྐྱེ ་མི་ཚེ་འཕོས་པ་མིར་སྐྱེའོ་ཞེས་ཟེར་བ་བསལ་བའི་ཕྱིར་ཁ་ཏོན་གྱི་དཔེ་བསྟན་ཏོ།། འདིའི་དཔེ་ནི་བླ་མ་ཡིན་ལ་ཕ་རོལ་གྱི་དཔེ་ནི་སློབ་མ་ཡིན་ཏེ། ཐ་དད་པས་བླ་མའང་སློབ་ས ་མ་ཡིན་སློབ་མའང་བླ་མ་མ་ཡིན་པའི་ཕྱིར་རོ།། མེ་ཤེལ་གྱི་དཔེ་ནི་མི་འདྲ་བའི་དཔེ་ཡིན་ཏེ། དགེ་བས་ངན་སོང་ནི་མི་དགེ་བས་མཐོ་རིས་སོ་ཞེས་ཟེར་བ་བསལ་བའི་ཕྱིར ་མར་མེའི་དཔེ་བསྟན་ཏེ། མར་མེ་ལས་མར་མེ་མི་འདྲ་བ་བྱུང་གི། མར་མེ་ལས་མར་མེ་མི་འབྱུང་བ་བཞིན། དགེ་བས་མཐོ་རིགས། མི་དགེ་བས་ངན་སོང་ནི་རིགས་པའོ།། ་ས་བོན་གྱི་དཔེལ་ཤེས་པ་འཕེལ་ཞེས་ཟེར་བ་དག་དགག་པའི་ཕྱིར་རྒྱའི་དཔེ་བསྟན་ཏེ། རྒྱའི་རི་མོ་ཅི་འདྲ་བ་དེ་ལས་འཇིག་པའི་གོང་བུ་ལའང་རི་མོ་གཞན་མི་འབྱུང་བའི་ཕྱིར་རོ།། སྒྱུར ་གྱི་དཔེ་ལ་གང་དག་གིས་ལྷའི་ལོ་རྒྱུས་མྱོང་བ་དག་དགེ་བ་མ་བྱས་ཀྱང་སྐྱེ་བ་ཐམས་ཅད་དུ་ལྷར་སྐྱེ། ངན་སོང་གི་སྡུག་བསྔལ་མྱོང་བ་དག་མི་དགེ་བ་མ་བྱས་ཀྱང་སྐྱེ་བ་ཐམས་ཅད་དུ་ངན ་སོང་དུ་སྐྱེའོ་ཞེས་ཟེར་བ་དགག་པའི་ཕྱིར་མེ་ལོང་གི་དཔེ་བསྟན་ཏེ། མེ་ལོང་ལ་བཞིན་ཅི་འདྲ་བ་སྣང་བ་བཞིན་དུ་དགེ་བ་དང་མི་དགེ་བའི་འབྲས་བུ་འདྲ་བ་བསྣོལ་ནས་མི་འདྲ་བར་སྦྱོར་བ་འགལ ་བའི་ཕྱིར་རོ།། སྒྲའི་དཔེ་ལ་ནི་བྱེད་པ་པོས་བྱས་པ་མ་ཡིན་ཏེ། མིས་སྐད་མ་བསྒྲགས་པར་བྲག་ཆ་མི་འབྱུང་བ་བཞིན་དུ། བྱེད་པ་པོས་མ་བྱས་པར་སེམས་ཅན་རྣམས་མི་སྐྱེའོ་ཞེས ་ཟེར་བ་དེ་བསལ་བའི་ཕྱིར་སྒྱུར་གྱི་དཔེ་བསྟན་ཏེ། སྔར་འཐུངས་པ་དང་ཟ་མྱོང་བའི་ཕྱིར་བརྗོད་པས་འགྲམ་ཆུ་ལྡང་བ་བཞིན་དུ། ལས་དང་ཉོམ་མོངས་པ་སྔར་སྤྱད་པའི་དབང་གིས ་ཕྱིས་སྐྱེ་བ་ལེན་ནོ།། ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་སྐྱེ་བ་དང་། འཇིག་རྟེན་འདི་དང་ཕ་རོལ་ཏུ་འཕོ་བ་དང་། ཇི་ལྟར་འགྱུར་བ་དག་ནི་དེ་ལྟར་མཁྱེན་པར་མཛོད་ཅིག། བཅོམ ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ལ་འཁོར་འདུས་པ་ཐམས་ཅད་ཡི་རངས་ཏེ་མངོན་པར་བསྟོད་དོ།། འཆི་འཕོ་བ་ཇི་ལྟར་འགྱུར་བ་བསྟན་པའི་མདོ་རྫོགས ་སོ།། །། བསྟན་པ་སྔ་དར་བའི་ཚེ་འགྱུར་བ་ལ་ས་སྐད་ག་ས་ར་བཅད་ཀྱིས་མ་བཅོས་པའོ།། ། @། ་