| Wylie | e-texts produced with BDRC’s OCR application |
མདོ་རྫོགས་སོ།། ། རྒྱ་ནག་ལས་འགྱུར་བར་སྣང་ངོ་།། རྒྱ་གར་སྐད་དུ། གཎྜཱི་ས་མ་ཡ་སཱུ་ཏྲ ་བོད་སྐད་དུགཎྜཱི་དུས་ཀྱི་མདོ།། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ ་ཀྱི་འོད་མའི་ཚལ་བྱི་ཀ་ལན་ཏ་ཀའི་གནས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བོས་ཏེ་བཀའ་སྩལ་པ། དགེ་སློང་དག་ལ་ལོ་རྣམས་ཀྱི ་དུས་བ་ཤད་པར་བྱ་ཡིས། དེ་ལེགས་པར་ཉོན་ཅིག། དགེ་སློང་རྣམས་དགུན་ཟླང་བའི་བླ་བ་ཕྱེད་དང་པོའི་ནི་ནང་པ་བདུན་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་ཕྱེད་དང་ལྔ་ནི་དུས་མ་ཡིན་ནོ།། ་ཟླ་བ་ཕྱེད་དང་གཉིས་པ་ལ་ནི་རྐང་པ་བརྒྱད་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་དྲུག་ནི་དུས་མ་ཡིན་ནོ།། དགུན་ཟླ་འབྲིང་པོའི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་དགུ་གཎྜཱིའི་དུས་ཡིན་ལ། ་སེར་གྱིས་དམན་པའི་རྐང་པ་བདུན་ནོ་དུས་མ་ཡིན་ནོ།། ཟླ་བ་གཉིས་པ་ལ་ནི་རྐང་པོ་བཅུ་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་བརྒྱད་ནི་མ་ཡིན་ནོ།། དགུན་ཟབ ་ཆུང་གི་ཟླ་བ་བྱེད་དང་པོ་ལ་ནི་རྐང་པ་བཅུ་གཅིག་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་དགུ་ནི་དུས་མ་ཡིན་ནོ།། ཟླ་བ་ཕྱེད་གཉིས་པ་ལ་ན་རྐང་པ ་བཅུ་གཉིས་གཎྜཱིའི་དུས་ཡིན་ལ། སེར་གྱིས་དམན་པའི་རྐང་པ་བཅུ་ནི་དུས་མ་ཡིན་ནོ།། དཔྱིད་ཟླ་རབ་ཕྱེད་དང་པོ་ལ་ནི་རྐང་པ་བཅུ་གཅིག་གཎྜཱིའི་དུས་ཡིན་ལ། སེར་གྱིས་དམན ་པའི་རྐང་པ་དགུ་ལ་ནི་དུས་མ་ཡིན་ནོ།། ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་བཅུ་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་བརྒྱད་ནི་དུས་མ་ཡིན་ནོ།། དཔྱིད་ཟླ་འབྲིང་པོའི ་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་དགུ་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་བདུན་ནི་མ་ཡིན་ནོ།། ཟླ་བ་བྱེད་གཉིས་པ་ལ་ནི་རྐང་པ་བརྒྱད་གཎྜཱིའི་དུས་ཡིན་ལ། སོར་གྱིས ་དམན་པའི་རྐང་པ་དྲུག་ནི་དུས་མ་ཡིན་ནོ།། དཔྱིར་ཟླ་ཐ་ཆུང་གི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་བདུན་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་ལྔ་ནི་དུས་མ་ཡིན་ནོ།། ་ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་དྲུག་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་བཞི་ནི་དུས་མ་ཡིན་ནོ།། དབྱར་ཟླ་ར་བ་ཕྱེད་དང་པོ་ལ་ནི་རྐང་པ་དྲུག་གཎྜཱིའི་དུས ་ཡིན་ལ། སོར་གྱིས་དམན་པའི་རྐང་པ་བཞི་ནི་དུས་མ་ཡིན་ནོ།། ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་ལྔ་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་གསུམ་པི་ནི་དུས་མ ་ཡིན་ནོ།། དབྱར་ཟླ་འབྲིང་པོའི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་བཞི་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་གསུམ་ནི་དུས་མ་ཡིན་ནོ།། ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་བཞིགཎྜཱི ་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་གཉིས་པ་ནི་དུས་མ་ཡིན་ནོ།། དབྱར་ཟླ་ཐ་ཆུང་གི་ཟླ་བ་བྱེད་དང་པོ་ལ་ནི་རྐང་པ་གསུམ་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ ་གཉིས་པ་ནི་དུས་མ་ཡིན་ནོ།། ཟླ་བ་ཕྱེད་གཉིས་པ་ལ་རྐང་པ་གསུམ་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་གཉིས་པ་ནི་དུས་མ་ཡིན་ནོ།། སྟོན་ཟླ་ར་བའི་ཟླ་བ་བྱེད་དང་པོ ་ལ་ནི་རྐང་པ་གསུམ་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་བྱེད་དང་གསུམ་ནི་དུས་མ་ཡིན་ནོ།། ཟླ་བ་ཕྱེད་གཉིས་པ་ལ་རྐང་པ་གཉིས་གཎྜཱིའི་དུས་ཡིན་ལ། སོར་གྱིས ་དམན་པའི་རྐང་པ་ཕྱེད་ནི་དུས་མ་ཡིན་ནོ།། སྟོན་ཟླ་འབྲིང་པོའི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་བཞི་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་གཉིས་ནི་དུས་མ་ཡིན་ནོ།། ཟླ་བ ་ཕྱེད་གཉིས་པ་ལ་ནི་རྐང་པ་བཞི་གཎྜཱིའི་དུས་ཡིན་པ། སོར་གྱིས་དམན་པའི་རྐང་པ་གཉིས་ནི་དུས་མ་ཡིན་ནོ།། སྟོན་ཟླ་ཐ་ཆུང་གི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་ལྔ་གཎྜཱིའི་དུས་ཡིན་ལ ་སོར་གྱིས་དམན་པའི་རྐང་པ་གསུམ་ནི་དུས་མ་ཡིན་ནོ།། ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་དྲུག་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་བཞི་ནི་དུས་མ་ཡིན་ནོ།། ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ་གཎྜཱིའི་དུས་ཀྱི་མདོ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བའོ།། ། ་