CLOSE WINDOW

Ty046-018: mig bcu gnyis pa zhes bya ba'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། དྲ་ད་ཤ་ལོ་ཙན་སཱུ་ཏྲ་བོད་སྐད་དུ་མིག་བཅུ་གཉིས་པ་ཞེས་བྱ་བའི་མདོ་གྲུབ་པར་གྱུར་ཅིག། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོར ་ཁབ་ཀྱི་གྲོང་ཁྱེར་འོད་མའི་ཚལ་ན་བཞུགས། དེའི་ཚེ་ཀློག་བྱུང་། སྐར་མདའ་ལུང་། གནམ་ལྕགས་བབ་པ་དང་། དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་ཁོང་དང་བཅས་པས་ཥྚས ་མཁན་བྲམ་ཟེ་རྣམས་བཀུག་ནས་རྨས་པ། ཅིའི་རྒྱུ་ཅིའི་རྐྱེན་གྱིས་གནབ་ཀུན་འཁྲུགས་པར་འགྱུར། བྲམ་ཟེ་རྣམས་ཀྱིས་གསོལ་པ། ལྟས་འདི་ལྟ་བུ་དག་མིག་བཅུ་གཉིས་ཞེས། ་བགྱི་བའི་གཙུག་ལག་ལས་འབྱུང་སྟེ། བདག་གི་ཁྲེལ་བར་ཇི་མིག་པོག་གོ།། དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཞབས་ལ་ཕྱག་འཚལ་ནས ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་གྱི་དོན་དུ་ཐུགས་བརྩེ་བར་དགོངས་ཏེ། མིག་བཅུ་གཉིས་ཀྱི་ལྟས་ཀྱི་གཙུག་ལག་བཤད་དུ་གསོལ། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། རབ་ཏུ་བྱུང་བས་ནི་ཕྱི་རོལ་པ་འཇིག་རྟེན་གྱི་གཙུག་ལག་འདི་ལྟ་བུ་དག་བཤད་པའི་ཆ་མ་ཡིན་ནོ།། དེ་ནས་ཡང་རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན ་འདས་ལ་བསྐུར་ཏེ་གསོལ་པ་བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བར་དགོངས་ཏེ། ཐེ་ཙོམ་འདི་དགྲོལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཤད་པར་གནང་ནས། ་དཔྱིད་ཟླ་ཐ་ཆུང་གི་ངོ་།། རྒྱུ་སྐར་བར་ནའི་དུས་ལ་ཉི་ཟླ་གཟས་ཟིན་ན། བློན་པོས་རྒྱལ་པོ་གསད་པར་འོང་ངོ་།། དབྱར་ཟླ་ར་བའི་ངོ་རྒྱུ་སྐར་བུར་བཟུང་ཏྲ ་པའི་དུས་ལ་ཉི་མ་དམར་པོར་གྱུར་ན། རྒྱལ་པོ་དང་། བློན་པོ་དང་། དེའི་ཡུལ་འཁོར་དུ་གནོད་པའི་བགེགས་ཆེན་པོ་འབྱུང་། དབྱར་ཟླ་འབྲིང་པོའི་ངོ་།། རྒྱུ་སྐར་ཨ་ཤ་དའི་དུས་ལ་ཟླ་བ ་ཉལ་གཟས་ཟིན་ནུ་ཡུལ་འཁོར་འཁྲུག་པ་དང་། མི་ནད་དང་། མུ་གེ་འབྱུང་དབྱར་ཟླ་ཐ་ཆུང་གི་ངོ་།། རྒྱུ་སྐར་བུ་ལའི་དུས་ལ་ཉི་ཟླགས་ཤིང་སེར་ག་བྱུང་བར་སྣ་ན། ་ཡུལ་དེར་གནོད་པ་ཆེན་པོ་འབྱུང་། སྟོན་ཟླ་ར་བའི་ངོ་།། རྒྱུ་སྐར་ཨ་ཤི་ནེའི་དུས་ལ་ཉི་ཟླ་དུས་གཅིག་ཏུ་ཤར་ན། ཡུལ་འཁོར་དེར་ཁྲག་ཁྲུག་ཆེན་པོས་ཁྲག་འབབ་པར་འོང་ངོ་།། སྟོན་ཟླ ་འབྲིང་པོའི་ངོ་།། རྒྱུ་སྐར་ཀརྟི་ཀའི་དུས་ཟླ་བ་ཉ་ལ་ཟླ་བ་མོའི་ཁ་དོག་འདྲ་བར་གྱུར་ན། ཡུལ་འཁོར་དེར་དགྲའི་དམག་གིས་ཡུལ་འཇིག་པར་འགྱུར། དགུན་ཟླ་ར་བའི་ངོ་།། ་རྒྱུ་སྐར་བར་ནོའི་ཉི་མ་ལ་རླུང་དམར་ནག་པོ་བྱུང་ལ་ཉི་མ་མི་གསལ་བར་གྱུར་ན། དགྲའི་ཚོགས་ཀྱིས་ཡུལ་འཇིག་པར་འགྱུར་རོ།། དགུན་ཟླ་ཐ་ཆུང་གི་ངོ་།། རྒྱུ་སྐར་དུ་ར ་ལ་རྒྱུ་ནའི་ཉི་མ་ལས་བབ་ཅིང་རླུང་དམར་ཆེན་པོ་བྱུང་ན། རྒྱལ་པོ་ཆེན་པོ་ལ་གནོད་པ་འབྱུང་དཔྱིད་བླ་རབ་འབྲིང་པོའི་ངོ་།། རྒྱུ་སྐར་སུ་ཤལ་པའི་ཉི་མ་ལ་སེར་པ་བབ་ན་ཡུལ་བ་། ་དེར་ཁྲག་གི་གནོད་པ་འབྱུང་དཔྱིད་ཟླ་ང་ཆུང་གི་།། རྒྱུ་སྐར་ཛེ་ཏ་ཤའི་ཉི་མ་ལ་ནམ་ནངས་ཀར་སྐར་མ་ཉི་མ་པས་འོད་བཟང་པོར་གསལ་བ་བྱུང་ན་གཟའ་ཐམས་ཅད་ལ ་བགེགས་ཆེན་པོ་འབྱུང་དབྱར་ཟླ་ར་བའི་ངོ་།། རྒྱུ་སྐེར་ཨ་ཤ་དའི་བི་མ་ལ་ས་བབ་ཅིང་ཉི་མ་མིགས་ལན་རྒྱལ་པོ་སྟོང་འཁྲུག་ཅིང་འཐབ་པར་འགྱུར། ཡང་དབྱར་ཟླ་ར་བའི་ངོ།། ་རྒྱུ་སྐར་ཨ་ཤ་དའི་ཉི་མ་ལ་རླུང་ཆེན་པོ་བྱུང་ན། ཆུ་དཀོན་ཁ་ཟས་དང་འབྲུ་ཟན་མ་རུང་བར་འགྱུར། དབྱར་ཟླ་འབྲིང་པོའི་ངོ་།། རྒྱུ་སྐར་ཤ་བ་ནའི་ཉི་མ་ལ་རླུང་དྲག་པོར་ལངས་ཤིང ་ནམ་མཁའ་མུན་པར་གྱུར་ན། ཧེ་འཁོར་གྱི་ཡུལ་ཁམས་གཞན་དུ་འཇིགས་པ་ཆེན་པོ་འབྱུང་། དབྱར་ཟླ་འཐོང་པོའི་ངོ་།། རྒྱུ་སྐར་པུར་བྷ་བྷད་ཏྲའི་ཉི་མ་ལ་སེར་བ་རབ་། གནམ ་ལྕགས་གྲུམ་ན། ཡུལ་འཁོར་དེར་ནད་དང་། མུ་གེ་འབྱུང་། དབྱར་ཟླ་ཐ་ཆུང་གི་ངོ་།། རྒྱུ་སྐར་བད་ཏྲའི་ཉི་མ་ལ་བྱང་ཕྱོགས་ནས་རླུང་དམར་ཆེན་པོ་ལངས་ནས། ལྷ་ཁང་དང་མཆོད ་རྟེན་དང་། ཁང་ཁྱིམ་དང་། ཤིང་སྡོང་པོ་ཆེན་པོ་བསྒྱེལ་ན། ཡུལ་ཁམས་སུ་གནོད་པ་ཆེན་པོ་འབྱུང་། སྟོན་ཟླ་ར་བའི་ངོ་།། རྒྱུ་སྐར་མ་ཤ་ནའི་ཉི་མ་ལ་ཐོག་བབ་འམ། སྐར ་མདའ་ལྷུང་ངམ། སེར་བ་བབ་ན་ཡུལ་ཁམས་དེར་འཐབ་མོ་ཆེན་པོ་འོང་། དགུན་ཟླ་ར་བའི་ངོ།། རྒྱུ་སྐར་མ་ཀའི་ཉི་མ་ལ་ཆར་པ་བབ་ན། ཡུལ་ཁམས་ཐམས་ཅད་ཁ་ཟས་མོད་པར་འོང ་སྔོན་གྱི་གླེང་གཞི་བཀའ་སྩལ་པ་རྒྱལ་པོ་ཆེན་པོ་སྔོན་འདས་པའི་དུས་ན། གངས་རིའི་དྲུང་ན་དྲང་སྲོང་བརྒ་ཞེས་བྱ་བ་ཞིག་གནས་པ་དེ་དུས་གཞན་ཞིག། ་ན་སྟག་མོ་གཞོན་ནུ་ཞིག་འཁྱམ་པ་མཐོང་བ་དང་། འདོད་ཆགས་སྐྱེས་ཏེ། དྲང་སྲོང་གི་འཁྲིག་པའི་ཆོས་སྤྱད་པ་ལས། ལོ་དུས་སུ་བུ་བཅུ་གཉིས་བྱུང་བར་གྱུར་ཏོ།། བུ་བཙས་ནས ་ལོ་བདུན་ལོན་པ་དང་། ཕ་མ་གཉིས་ཤི་ནས་ཕྲུག་གུ་རྣམས་ཀྱིས་ལོ་བཅུ་གཉིས་ཀྱི་བར་དུ་ཚངས་པའི་དངོས་གྲུབ་བསྒྲུབས་ནས། བསམ་པ་དང་རེ་བ་བསྐང་བར་གསོལ་བ ་དང་དེ་ནས་ཚངས་པས་སྙིང་རྗེ་བལྟས་ཏེ། བརྒྱ་བྱིན་ལྷའི་དབང་པོ་དང་། རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པར་འཛམ་བུའི་གླིང་དུ་ལྷགས་ཏེ། དེ་ནས་ཚངས་པས། ་བྱིས་པ་དེ་རྣམས་ལ་སྨྲས་པ། བུ་ཁྱེད་རྣམས་ཅི་འདོད། དེ་ནས་བྱིས་པ་རྣམས་ཀྱིས། ཚངས་པ་ལ་སྨྲས་པ། ལྷ་བདག་ཅག་རྣམས་ནི་བྱིས་པ་རང་བཞིན་ཤིན་ཏུ་བློ་དམན་པ་ལགས ་ལེགས་ཉེས་མ་འཚལ་ལགས་ན། ཉི་ཟླ་དང་། གཟའ་དང་། རྒྱུ་སྐར་གྱི་ལྟས་དང་། དཀྱིལ་འཁོར་དང་། གཙུག་ལག་ཇི་ལྟ་བུ་ལགས་པ་བཤད་དུ་གསོལ། དེ་ནས་བརྒྱ་བྱིན ་ལྷའི་དབང་པོས་ཚངས་པ་ལ་འདི་སྐད་ཅེས་སྨྲས་སོ།། ལྷའི་སྟོན་པ་ཁྱོད་ཀྱིས་བྱིས་པ་རྣམས་ལ་དངོས་གྲུབ་སྩལ་བའི་རིགས་སོ།། དེ་ནས་ཚངས་པས། བྱིས་པ་རྣམས་ལ་སྨྲས་པ ་བྱིས་པ་ཉོན་ཅིག། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། སྐར་མ་ཐམས་ཅད་ཀྱི་དཀྱིལ་འཁོར་དང་། ལྟས་དང་། ཉི་ཟླ་དང་། གཟའ་དང་། གནམ་ལུགས་འབབ་པ་དང་། ས་གཡོ་ཞིག ་འགུལ་བ་དང་། ལྟས་ཀྱི་གཙུ་ལག་ཇི་ལྟ་བུ་ཡིན་པ་དག་བསྟན་པར་བྱའོ།། དགུན་ཟླ་ར་བ་ཡར་གྱི་ངོ་དང་། མར་གྱི་ངོ་དང་། ཚེས་བརྒྱད་དང་། བཅུ་བཞི་དང་། བཅོ་ལྔ་ལ་ཉི་མའི་འོད ་རུ་ར་བ་འདྲ་བ་ནག་པོར་གྱུར་ན། མི་ཡ་རབས་མཛངས་ཤིང་མཁས་པ་རྣམས་ལ་བགེགས་ཆེན་པོ་འབྱུང་བར་འགྱུར་རོ།། རྒྱུ་སྐར་ཨ་ཤྲཱི་ནིའི་ཉི་མ་ལ། ཉི་མ་ལས་དུ་བ་འདྲ་བ་བྱུང་སྟེ། ་འཁོར་ཞིང་འཐུལ་ན། ལོ་བཅུ་གཉིས་ཀྱི་བར་དུ་ཆར་མི་འབབ་པར་འགྱུར་རོ།། རྒྱུ་སྐར་བྷ་ར་ནའི་ཉི་མ་ལཾ། ཉི་མ་གསེར་གྱི་མདོག་འདྲ་བར་གྱུར་ན། ཉེན་ཀོར་གྱི་རྒྱལ་ཁམས་ཀྱི་ཡུལ་འཇིག ་པ་དང་། དབུས་སུ་མུ་གེ་ཆེན་པོ་འབྱུང་ངོ་།། དགུན་ཟླ་ཐ་ཆུང་ཀོ་ངོ་།། རྒྱུ་སྐར་ཀརྟ་ཀའི་ཉི་མ་ལ། ཉི་མ་ལྷག་པར་གསལ་བར་གྱུར་ན། མཐའི་ཡུལ་ཁམས་འཇིག་ཅིང ་དབུས་སུ་ཆར་མི་འོང་ངོ་།། དཔྱིད་ཟླ་ར་བའི་ངོ་།། རྒྱུ་སྐར་ཨརྷའི་ཉི་མ་ལ་ཉི་མ་འཁྱིམས་པ་དང་། ཉི་མ་གཉིས་སུ་སྣང་ན། མི་ནད་འབྱུང་། རྒྱལ་པོ་སྡེ་གཉིས་ལ་གནོད ་བའི་བགེགས་འབྱུང་དགུན་ཟླ་འབྲིང་པོའི་ངོ་།། རྒྱུ་སྐར་བུ་ཁྱེའི་ཉི་མ་ལ། ཉི་མ་མུན་ལ་འདྲ་བར་འགྱུར་ཞིང་ཉི་མ་ནུབ་ཀར་འདོག་སྐྱ་བོང་གྱུར་ན། རྒྱལ་པོ་ཆེན་པོ་ལ་བགེས་ལྡག ་དཀུན་ཟླ་ཟ་ཆུང་གི་།། རྒྱུ་སྐར་ཤཱ་ནའི་ཉི་མ་ལ་གནམ་མེའི་ཁ་དོག་འདྲ་བར་གྱུར་ན། ལཱས་རབ་ཏུ་ངན་ཏེ། ཡུལ་ཁམས་སུ་མི་བདེ་བ་དང་། འཇིགས ་པ་ཆེན་པོ་འབྱུང་། དཔྱིད་ཟླ་ཐ་ཆུང་གི་ངོ་།། རྒྱུ་སྐར་བ་རའི་ཉི་མ་ལ་བྱང་ཕྱོགས་ནས་སྒྲ་ཆེན་པོ་བྱུང་ངམ། གནམ་སེར་པོར་སོང་ན། དགྲ་ཐམས་ཅད་ཀྱི་ཡུལ་ཁམས་བཤིག་པར་འགྱུར ་རོ།། དཔྱིད་ཟ་ར་བའི་ངོ་།། རྒྱུ་སྐར་སཱ་རའི་ཉི་མ་ལ་ཆར་བབ་ལ། རླུང་མ་ལངས་པར་འཇར་བྱུང་ན། གྲོང་ཁྱེར་ཆེན་པོ་མེས་ཚིག་པར་འགྱུར་རོ།། དབྱར་ཟླ་ར་བའི་ངོ།། རྒྱུ་སྐར་པྲ ་ཤའི་ཉི་མ་ལ་ཀློག་དང་། སྦུར་མ་དང་། ཉལ་ཉིལ་གྱི་ཆར་བབ་ན། ཡུལ་འམས་དེར་མུ་གེ་འབྱུང་དབྱར་ཟླ་འབྲིང་པོའི་ངོ་།། རྒྱུ་སྐར་མུ་ལའི་ཉི་མ་ལ་ཆར་ཆེ་བབ་ལ་འཇ ་བྱུང་ན། རྒྱལ་རིགས་རྣམས་ལ་གནོད་པར་འགྱུར། དབྱར་ཟླ་ཟ་ཆུང་གི་ངོ་།། རྒྱུ་སྐར་བད་ཏྲའི་བདའི་ཉི་མ་ལ་ས་ལས་སྐྲ་བྱུང་ངམ་རླུང་ནག་པོ་ལངས་ན་ཡུལ་དེར་མུ་གེ་འབྱུང ་དབྱར་ཟླ་འབྲིང་པོའི་ངོ་།། ཕྱོགས་མཚམས་དག་ནས་སྐྲ་ཆེན་པོ་བྱུང་ན། ཡུལ་ཕྱོགས་དེར་ཁྲག་ཁྲུག་ཆེན་པོ་འབྱུང་། སྟོན་ཟླ་ར་བའི་ངོ་།། རྒྱུ་སྐར་བར་ནའི་ཉི་མ་ལ་གནམ་ལས་སྒྲ ་ཆེན་པོ་ཟུང་ན། བཙུན་པ་དང་དཀའ་ཐུབ་ཅན་རྣམས་ལ་གནོད་པ་འབྱུང་། སྟོན་ཟླ་ར་བའི་ངོ་།། དབང་པོ་ཉི་མ་ལ་གནམ་ལས་སྒྲ་བྱུང་ན། མི་ལེ་ལོ་ཅན་དང་ཐུགས་ལས་ན ་པ་འབྱུང་། སྙོམ་ཟླ་ཐ་ཆུང་གླི་།། རྒྱུ་སྐ་ད་ནི་སཱའི་ཉི་མ་ལ་གནམ་ལས་རོལ་མོའི་སྒྲ་བྱུང་ན། རྩཝ་དང་ལོ་ཏོག་ལེགས་པར་འགྱུར། ཆར་དུས་སུ་འདབ་མཇུག་ཏུ་མིན། ་འབྱུང་། དགུན་ཟླ་ར་བའི་ངོ་།། རྒྱུ་སྐར་སྭ་ཏའི་ཉི་མ་ལ་གནམ་ལས་སྒྲ་ཆེན་པོ་འབྱུང་ཞིང་། གནམ་འཁྲུག་ན་ཡུལ་འཁོར་དེར་འཇིགས་པ་ཆེན་པོ་འབྱུང་དགུན་ཟླ་ཐ་ཆུང ་གི་ངོ་།། རྐུ་སྐར་འཛེ་ཤྭའི་ཉི་མ་ལ་ཆུབ་མ་ལངས་ཤིང་ས་གཡོས་ན། དགེ་སྦྱོང་དང་། བྲམ་ཟེ་རྣམས་ལ་འགེགས་དང་གནོད་པ་འབྱུང་། དཔྱིད་ཟླ་ར་བའི་ངོ་།། རྒྱུ་སྐར་བུར་བབྱུད ་ཏྲའི་ཉི་མ་ལ་ཉིན་པར་ས་གཡོས་ན། ལོ་གཉིས་ཀྱི་བར་དུ་དུས་སུ་ཡུལ་ཁམས་དེར་དམག་འོད། དཔྱིད་ཟླ་འབྲིང་པོའི་ངོ་།། རྒྱུ་སྐར་བུར་བ་ཤ་ཏའི་ཉི་མ་ལས་འགུལ་ན། བློན་པོས ་རྒྱལ་པོ་བསད་པ་དང་། ཡུལ་ཁམས་དེར་འཁྲུག་པ་ཆེན་པོ་འབྱུང་། དབྱར་ཟླ་འབྲིང་པོའི་ངོ་།། རྒྱུ་སྐར་མུ་ལ་དབང་བ་ལ་ནུབ་མོ་ས་གཡོས་ན་ཁམས་ཀྱི་དབང་པོ་རྣམས་ལ་གནོད་པ ་འབྱུང་དབྱར་ཟླ་ཐ་ཆུང་གི་ངོ་།། རྒྱུ་སྐར་རོ་ཧོ་ནི་དབང་བ་ལི་ནུབ་མོ་ས་གཡོས་ཤིང་། རླུང་དམར་བྱུང་། ཆར་མ་བབ་ན། འབྲུ་ཟན་མ་རུང་བར་འགྱུར་ཞིང་དམག་འོང་སྟོན་རྨ ་འབྲིང་པོའི་ངོ་།། རྒྱུ་སྐར་པ་ཏྲ་བ་དེའི་ཉི་མ་ལ་ཉིན་པར་ས་གཡོས་ན་ཕ་རོལ་གྱི་དགྲས་རྒྱལ་པོ་དེ་འཕམ་པར་འགྱུར། ཡུལ་ཕྱོགས་ཀྱང་ཆོམ་རྐུན་གྱིས་འཇིག་པར་འགྱུར། སྟོན་ཐ ་ཐ་ཆུང་གི་ངོ་།། རྒྱུ་སྐར་ཏྲི་ཏའི་ཉི་མ་ལས་གཡོས་ན། གྲོང་ཁྱེར་ཆེན་པོ་དང་། ཁང་ཁྱིམ་འཇིག་ཅིང་མུ་གེ་འབྱུང་དགུན་ཟླ་ར་བའི་ངོ་།། རྒྱུ་སྐར་ཨ་ཤྭ་ནི་དང ་ཕལ་གུ་ན་དབང་པོའི་ནུབ་མོ་ས་གཡོས་ན་བྱིས་པ་ཆུང་ངུ་དང་བུད་མེད་སྦྲུམ་མ་ལ་བགེགས་དང་གནོད་པ་འབྱུང་། དགུན་ཟླ་འབྲིང་པོའི་ངོ། རྒྱུ་སྐར་མྲིག་ཤི་ར་དང་། བྷད་དའི་སྤ་དའི་ཉིན ་པར་ས་གཡོས་ན། རྐང་འགྲོས་ལ་བགེགས་དང་གནོད་པ་འབྱུང་། དབང་པོ་འམ་མ་གའི་ཉི་མ་ལ་གཙུག་ལག་ཁང་སྐུ་གཟུགས་གཡོ་ཞིང་འགུལ་ལམ་ས་འཕོས་ན་ཡུལ་ཁམས ་དེར་མྱུར་དུ་འཇིག་པར་འགྱུར། གཙུག་ལག་ཁང་གི་སྐུ་གཟུགས་གང་མ་ལས་འཕོས་སམ། དངུལ་ལྟ་བུ་བྱུང་ངམ། འགྱེལ་ན་ཡུལ་ཁམས་དེ་རྒྱལ་པོ་དང་བཅས་པར་རྒྱལ་འམས ་གཞན་གྱི་དབང་དུ་འགྱུར། གཙུག་ལག་ཁང་གི་སྐུ་གཟུགས་འཕོས་སམ་སྤྱན་ནས་མཆི་མ་བྱུང་ན། ཡུལ་ཁམས་དེའི་མི་དཔའ་བོ་གཅེས་པ་བུ་སྨད་དང་བཅས་པར་ཡུལ་བྱུང་བར་འགྱུར ་གཙུག་ལག་ཁང་གི་སྐུ་གཟུགས་གདན་ལས་འཕོས་སམའགུལ་ལ་ལྷ་ཁང་ནས་དུད་པ་འདྲ་བ་བྱུང་ན། ཡུལ་ཁམས་དེའི་རྒྱལ་པོ་ལ་གནོད་པར་འགྱུར། གཙུག་ལག་ཁང་ཆེན་པོ་དང ་གནས་ཁང་ལྟ་བུ་གཡོས་ན། གྲོང་ཁྱེར་དེ་ཕྱོགས་རྒྱལ་ཁམས་གཞན་གྱི་གནངས་སུ་བཅད་པའམ། མེས་ཚིག་པར་འགྱུར། ཟླ་བའི་ཟུར་ལ་གཟའ་ཕུར་བུ་བྱུང་ན། མི་ཕྱུག་པོ་ལ་རྒྱལ་པོས་འཕྲོག་ཅིང ་གནོད་པར་འགྱུར། ཉི་བླ་དམར་པོར་སོང་ན་ཁམས་ཀྱི་དབང་པོ་ལ་གནོད་པ་འབྱུང་། གཟའ་སྤེན་པ་ཟླ་བའི་སྟེང་དུ་བྱུང་ན་ཡུལ་འཁོར་དེར་འཇིགས་པ་ཆེན་པོ་དང་བགེགས། ་འབྱུང། ལྟས་འདི་རྣམས་བྱུང་བའི་དུས་སུཟླ་བ་གཟས་ཟིན་ན་རྒྱལ་པོ་ཆེན་པོ་རྣམས་ལ་གནོད་པ་དང་བགེགས་འབྱུང་། རྒྱལ་པོ་དང་པོ་སྐྱེས་པའི་རྒྱུ་སྐར་གྱི་སྟེང་དུ་ཟ ་བ་བྱུང་ཞིང་ཟླ་བའི་སྟེང་དུའང་གཟའ་མཇུག་རིངས་བྱུང་ན། ཡུལ་ཁམས་དེའི་རྒྱལ་པོ་དང་རྒྱལ་ཁམས་ཉེ་བ་གཞན་གྱི་རྒྱལ་པོ་དང་འཐབ་མོ་འོང་གཟའ་སྤེན་པ ་རྒྱུ་སྐར་རོ་ཧི་ནི་དང་ཏྲི་ཏི་ཀའི་དབུས་སུ་ཤར་ན། རྒྱལ་ཁམས་དེའི་མི་ཐམས་ཅད་ལ་གནོད་པ་ཆེན་པོ་དང་བགེགས་བྱུང་ནས་མི་སུམ་ཆ་ཅིག་ལུས་པར་འགྱུར། ་གཟའ་བ་ཝ་སངས་དང་། རྒྱུ་སྐར་མ་ག་དང་། ཕལ་གུན་ཟླ་བའི་དབུས་སུ་ཤར་ན་ལོ་ཏོག་ལ་གནོད་པ་འབྱུང་གཟའ་ཕུར་བུ་དང་། པ་ཝ་སངས་དང་། སྤེན་པ ་རྣམས་དམར་པོར་སོང་ན། ཡུལ་ཁམས་དེར་འཇིགས་པ་ཆེན་པོ་འབྱུང་། གཟའ་མཇུག་རིངས་རྒྱུ་སྐར་པུ་ཥྱེའི་སྟེང་དུ་ཤར་ན། རིང་པོར་མི་ཐོག་པར་བྱོ་བ་བཞི་ནས་དམག་ཆེན་པོ ་འབྱུང་། གཟའ་ཕུར་བུ་དང་མིག་དམར་རྒྱུ་སྐར་ཐ་བ་ཎའི་སྟེང་དུ་ཤར་ན། ལོ་གསུམ་གྱི་བར་དུ་ཡུལ་ཁམས་དེར་འཇིགས་པ་ཆེན་པོ་དང་གནོད་པ་འབྱུང་། གཟའ་ཕུར་བུ་དང་སྤེན་པ་རྒྱུ ་སྐར་བི་སུ་ཤ་ཀའི་སྟེང་དུ་ཤར་ན། མི་མང་པོ་འཐབ་མོ་ལ་འཆི་བར་འགྱུར་རོ།། ལྷ་ཁང་དང་། ཁང་པ་ཆེན་པོའི་སྟེང་དུབྱ་རོག་བྱེད་ཅིང་འབྱུང ་པོ་ཉུག་ན། ཡུལ་ཁམས་དེར་འཐབ་མོ་ཆེན་པོའི་འབྱུང་། བུད་མེད་ལ་མི་མ་ཡིན་པའི་བུ་བྱུང་ངམ། ཡང་ན་ཕྱུགས་ལ་མིའི་བུ་བྱུང་ན་ཡུལ་ཁམས་དེའི་བུད་མེད་ལ ་བགེགས་དང་གནོད་པ་ཆེན་པོ་འབྱུང་། མའི་མངལ་ན་བུ་ཡོད་པ་དགོད་དམ། སྨྲའམ། དུ་ན་ཡུལ་ཁམས་དེ་འཇིག་པར་འགྱུར། བུད་མེད་ཀྱི་མངལ་ནས་བུ་རྐང་གཅིག་པ་འམ། ་རྐང་གསུམ་པ་འམ། རྐང་བཞི་པ་འབྱུང་ན། ཡུལ་དེའི་རྒྱལ་པོ་ཆེན་པོ་ལ་གནོད་པ་ཆེན་པོ་འབྱུང་། བུད་མེད་ཀྱི་ལྟོ་ནས་བུ་མ་ནིང་མཚན་གཉིས་པ་བྱུང་ན། ཡུལ་ཁམས་དེའི ་རྒྱལ་པོ་འཆི་བར་འགྱུར། བུད་མེད་ལས་བྱོལ་སོང་གི་བུ་དང་། བུ་མགོ་མང་པོ་ཅན་བྱུང་ན། ཡུལ་ཁམས་དེ་འཇིག་པར་འགྱུར། བུད་མེད་ལས་བུ་མགོ་གཅིག་ལ་གདོང་གཉིས། ་མིག་གསུམ་པ་བྱུང་ན། ཡུལ་ཁམས་དེ་མྱུར་དུ་འཇིག་པར་འགྱུར། བུད་མེད་ལས་བུ་གྲུལ་བུམ་མགོ་བཞི་པ་བྱུང་ན། ཡུལ་འཁོར་དེར་འཇིགས་པ་ཆེན་པོ་འབྱུང་། བུད་མེད་ལས ་བུ་ལག་གི་གདོང་ཅར་བྱུང་ན། ཕྱོགས་བཞི་ནས་ཡུལ་ཁམས་དེ་འཇིག་པར་འགྱུར། བུད་མེད་ལས་བུ་ཉི་མའི་འོད་བཞིན་འབར་བར་བྱུང་ན། ནང་འཁྲུག་གིས་ཡུལ་ཁམས་དེ་འཇིག་པར། ་འགྱུར། བྱིས་པ་མཚེ་མ་བུ་ན་གནས་པ་ཆེན་པོ་བཞིན་ཚིག་སྨྲ་ན་ཡུལ་འཁོར་དེ་འཇིག་པར་འགྱུར། མ་ཉིད་ཀྱིས་མ་ཚོར་བར་མངལ་ནས་བུ་བྱུང་ན་འདྲོ་གདོན་འགེགས་ནས། ་ཀྱིས་ཡུལ་ཁམས་དེ་འཇིག་ཅིང་། འཇིགས་པ་ཆེན་པོ་འབྱུང་། བུད་མེད་ལས་སྐྱེ་ནུབ་པ་དང་། སོ་སྐྱེས་པ་བྱུང་ན། ཡུལ་ཁམས་དགོན་པར་འགྱུར་ཏེ། མི་ཐམས་ཅད་ཀྱང ་ཕྱོགས་གཞན་དུ་འགྲོ་བར་འགྱུར། བུད་མེད་ལས་བུ་མགོ་མེད་པ་ལག་པ་གཅིག་པ་བྱུང་ན། ཡུལ་ཁམས་དེར་གནོད་པ་ཆེན་པོ་འབྱུང་ཡུལ་ཁམས་སུ་མེ་ཏོག་དང་། ཤིང ་ཐོག་འབྲས་བུ་ལས་ཁུ་བ་འཛག་ན། རྒྱལ་པོའི་རྒྱལ་ཚབ་ལ་བགེགས་དང་གནོད་པ་འབྱུང་། དུས་མ་ཡིན་པར་བཟའ་ཤིང་ལས་མེ་ཏོག་དང་འབྲས་བུ་སྐྱེ་ན། རྒྱལ་པོ་དང་ཡུལ་མིར་བཅས ་བས་ཡུལ་བོར་བར་འགྱུར། བཟའ་ཤིང་གི་འབྲས་བུ་ལྷག་པར་མདོག་བཟང་པོར་གྱུར་ཏམ། ཡང་ན་ཁྲག་འདྲ་བ་འཛག་ན། ཡུལ་ཁམས་དེར་འཇིགས་པ་ཆེན་པོ་དང་། ནད་དང་མུག ་འབྱུང་། སྐྱེ་ཤིང་གི་གྲིབ་མ་མི་འཁོར་བར་ཕྱོགས་གཅིག་ཏུ་འདུག་ན། དགྲའི་དམག་བྱིན་ཆེན་པོས་ཡུལ་ཕྱོགས་དེ་བཅོམ་པར་འགྱུར། སྐྱེ་ཤིང་འགྲོ་བ་ལྟར་སྣང་ན། ཡུལ་ཁམས་དེར ་འཇིགས་པ་ཆེན་པོ་འབྱུང་། སྐྱེད་ཤིང་ལྷག་པར་བརྗིད་ཅིང་གསལ་བར་སྣང་ན། ཡུལ་ཁམས་དེའི་རྒྱལ་པོ་ཆེ་ཟུང་བར་འགྱུར། འཇིག་རྟེན་པའི་ལྷ་མཆོད་པའི་ཚེ་ལྷ་སྨྲ་འམ ་འཛུམ་ན། རྒྱལ་པོ་ལ་བགེགས་དང་གནོད་པ་འབྱུང་མེ་ཏོག་གི་ཆར་འབབ་བམ། རླུང་དམར་ལངས་ཤིང་གནམ་ལས་སྲིན་བུ་བབ་ན་ཡུལ་ཁམས། ་དེར་ཆོམ་རྐུན་གྱིས་འཇིག་པར་འགྱུར། འཇིག་རྟེན་པའི་ལྷ་ཁང་དུ་མེ་མ་བུས་པར་དུ་བ་བྱུང་ཞིང་། ལྷ་ཁང་ཡང་མཚན་དང་ཆོ་འཕྲུལ་སྟོན་ན། རྒྱལ་པོ་ལ་བགེགས་དང་གནོད་པ་འབྱུང་། ་འཇིག་རྟེན་པའི་ལྷ་ཁང་དུ་མེ་མར་མ་བུས་པར་མེ་མར་འདྲ་བར་སྣང་ན། རྒྱལ་པོའི་གནང་ཆེན་ལ་བགེགས་དང་གནོད་པ་འབྱུང་། རྒྱལ་པོ་བཙུན་མོའི་འཁོར་དུ་སོང་སྟེ། འདོད་ཆགས ་མི་ལྡང་ན། རྒྱལ་པོའི་ཕོ་བྲང་མེས་ཚིག་ཅིང་། རྒྱལ་པོ་ལ་མི་དགེ་བ་སྣ་ཚོགས་འབྱུང་། ཆར་པ་དང་བ་རབ་འབབ་ལ། གནམ་ལ་ཁ་དོག་གསལ་བདག་བྱུང་ན། ཡུལ་ཁམས་དེར ་འཇིགས་པ་ཆེན་པོ་འབྱུང་། གྲོང་ཁྱེར་ཚུབ་མས་བསྐོར་ཅིང་འགྲོ་བ་དང་། རླུང་དམར་ལངས་ཤིང་ཆར་པ་ཁྲག་འདྲ་བ་བབ་ན། ཡུལ་ཁམས་དེར་འཇིགས་པ་ཆེན་པོ་འབྱུང་། ཀློག་འབྱུང་ཞིང ་ཆར་འབབ་ལ། སྤྲིནི་འཁོར་ལིང་འཁོར་ལིང་དུ་ཆད་དེ། སྤྲིན་ལིང་དུ་ཆད་པའི་བར་བར་ནི་དྲི་ཟའི་གྲོང་ཁྱེར་འདྲ་བ་སྣང་ན་ཡུལ་ཁམས་དེར་འཇིགས་པ་ཆེན་པོ་འབྱུང་སླ་བ་དམར་པོར ་འགྱུར་ན། ཡུལ་ཁམས་དེར་གྲོང་ཁྱེར་མེས་ཚིག་པ་དང་། རིམ་གྱིས་མི་ངས་པར་འགྱུར། ཟླ་བའི་མཐའ་དམར་ལ་དབུས་ནག་པོར་སོང་ན་ཡུལ་ཁམས་དེ་འཇིགས་པ་ཆེན་པོ་འགྱུར། ་ཟླ་བའི་ཁ་དོག་བཙག་འདྲ་བར་དམར་པོར་སྣང་ལ་སླར་ཡང་འཕྲལ་དུ་དཀར་པོའི་རང་བཞིན་དུ་གྱུར་ན། རླུང་མི་ལྡང་བར་དྲག་པོར་འབབ་རོ་སྐམ་ལྟ་བུར་ཆུ་མིག་བྱུང་ན། ལོ་ཏོག ་ལེགས་པར་འགྱུར། མེ་མ་བུས་པར་ཡུལ་ཁམས་དེར་དུ་བ་བྱུང་ན་ཡུལ་འཁོར་དེར་འཇིགས་པ་ཆེན་པོ་འབྱུང་། མདའ་གཞུ་སྐྱེས་ཀོར་ལ་མེ་འམ། དུད་པ་བྱུང་ན། ཡུལ་ཥ ་དེང་དགྲའི་འཇིགས་པ་འབྱུང་ངོ་།། དེ་སྐད་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་། རྒྱལ་པོ་གཟུགས་ཅན་སྲིང་པོ་འཁོར་དང་བཅས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མི ་རངས་ཏེ་མངོན་པར་བསྟོད་དོ།། མིག་བཅུ་གཉིས་པ་ཞེས་བྱ་བའི་མདོ་རྫོགས་སོ།། །། ཐུབ་པ་ཆེན་པོ་དྲང་སྲོང་གརྒས། ལྟས་ཀྱི་རྣམ་པ ་