| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། སྠི་བི་རོ་པ་ནི་མར་ཏྲ་ན། བོད་སྐད་དུ། གནས་བརྟན་སྤྱན་དྲང་བ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། ་བཙུན་པ་རྣམས་དགོངས་སུ་གསོལ། དགོངས་ནས་ཀྱང་ཤེལ་དང་། ནོར་བུ་དང་། དངུལ་དང་། ཀུ་མུ་ད་དང་། ཁ་བའི་ཕུང་པོ་དང་། ཟླ་བའི་ཟེར་དང་སྔོན་གྱི་ཆུ་དང་། ནམ ་ཐང་བ་དང་། པདྨའི་རྩ་ལག་ལྟར་དྲི་མ་མེད་པར་མཛོད་ལ་རླུང་གི་སྟོབས་ཀྱིས་ཤིང་གི་ལྕུག་ཕྲན་པ་སྤྱོད་པ་དང་། སྨིག་རྒྱུ་དང་། སྒྱུ་མ་དང་རྨི་ལམ་དང་། ཀློག་དང་། ཏ་ག ་རྟའི་རྡུལ་དང་བལ་གླང་གི་ཕྲུག་གུའི་རྣ་མཆོག་དང་སྦྲུལ་གྱི་ལྕེ་དང་ཟིལ་པ་དང་རྒྱ་མཚོ་བསྐྱོད་པའི་རླབས་ལྟར་གཡོ་བའི་ཡིད་སྐད་ཅིག་རེ་རེ་ལའང ་མི་སྡོད་པར་འགྲོ་བ། རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཡུད་ཙམ་ཞིག་རྒྱུ་བ་ནང་དུ་དགག་ཏུ་གསོལ། སྨྲས་པ་རི་གཟར་འབབ་པའི་དབའ་རླབས་འགྱུར་བས་ཀྱང་།། གང ་གི་དབའ་རླབས་འགྱུར་ལ་བསྐྲུན་མེད་པར།། འཇིག་པ་ཐོགས་མེད་གཡོ་བའི་ཡིད་དེ་ནི།། ཡུད་ཙམ་རྩེ་གཅིག་མཛོད་ཅིག་བཙུན་པ་རྣམས།། ལྷ་ཡི་བུ་མོ་ཡིད་ཆད་ཤུགས་བྱུང་སྐད་ཅིག་ཟིམ ་མེར་བྱས་པའི་མིག། རིང་ཞིང་རྫི་ལྡན་བཀྲ་ལ་འོད་ཟེར་མིག་ཆགས་ལྟ་བའི་གཡོ་བ་ཡིས།། གང་གི་ཐུགས་ནི་སྐྱེ་བ་རྒྱུན་གཅོད་རྒྱུ་ལས་འཁྲུགས་པར་མ་གྱུར་པ།། བདུད་ཀྱི་དཔུང་འཇོམས ་མཁས་གཅིག་ཐམས་ཅད་མཁྱེན་པ་དེ་ལ་ཕྱག་མཛོད་ཅིག། སྐྱེ་ལྡན་གང་དུ་བརྟེན་ནས་དུད་འགྲོའི་སྐྱེ་གནས་སེམས་དན་ལ་མ་ཞི་དང་།། ཡི་དགས་འཇིག་རྟེན་གནས་སུ་འགྲོ་བར་མི་འགྱུར ་སྡུག་བསྔལ་འཇིག་བྱེད་པ།། འཁོར་བ་དག་ན་འགྲོ་བ་ཆེན་པོ་རྣམས་ཀྱི་གྲོགས་འགྱུར་འཕགས་གཅིག་པུ།། ཞི་བ་གྲོང་ཁྱེར་སྒོར་གཞོལ་ཆོས་དེ་ལ་ནི་གུས་པབསྟེན་པར་མཛོད།། ཞི་བའི་བདག་ཉིད ་གང་ཞིག་བདེ་གཤེགས་གསུང་རབ་མཐར་ཕྱིན་འབྱུང་སྨྲ་ཞིང་།། གང་ལ་གུས་པར་ཅུང་ཟད་ཙམ་ཞིག་བྱིན་ཡང་སྦྱིན་པ་འཕེལ་འགྱུར་ལ།། ཡེ་ཤེས་སྣང་བས་མུན་པ་ཟང་བྱས་དགེ་སློང་འདུན་དེ་ལ་ནི། ་ཉོན་མོངས་གཅོད་པའི་ཆེད་དུ་ཐམས་ཅད་ཀྱིས་ཀྱང་གུས་པར་ཕྱག་མཛོད་ཅིག། ལྕང་ལོ་རྐུན་པོའི་སྒྲ་མང་མགོ་ལ་ཐོགས་ཤིང་དཔུང་མགོ་གཉིས་ཡོག་ལ།། རང་གི་འོད་ཟེར་ཕྱོགས་མཐར་འཕྲོ་བ། ་རྣམས་ཀྱིས་འཇིག་རྟེན་ཀུན་འགེངས་པ།། ལྷ་དབང་བརྒྱ་བྱིན་ཅོད་པར་འདུད་དེ་ཚངས་ལ་ཕྱག་བྱེ་གང་ཡིན་དེ།། བྱིན་ནས་དགའ་བྱས་སེམས་ཀྱི་ཏིང་འཛིན་ཤིན་ཏུ་ཆེན་པོའི་འབྲས་བུ་ཡིན། ་རྡོ་རྗེ་འོད་འཕྲོ་འཕྲེང་བས་དཔུང་རྒྱན་འདྲེས་ནས་མཛེས་གྱུར་ཅིང་།། ལྷ་ལ་བཀའ་སྩོལ་དབང་པོ་མཐོ་རིས་སྐྱོང་བ་གང་ཡིན་པ།། དེ་དག་དགེ་བ་དག་འབྱུང་རྣམ་སྨིན་འགྱུར་དུས་ཉམས་དགའ། ་ཞིང་། མངོན་པར་འདོད་པའི་འབྲས་བུ་ཕུན་སུམ་ཚོགས་པའི་རྒྱུ་རྣམས་ཡིན།། ཁ་ནས་རྒྱགས་འགྱུར་དྲི་ཞིམ་འབྱུང་ཞིང་མིག་གི་མཐའ་དམར་ལ།། དབུགས་འབྱུང་ངོ་ཤལ་གཡས་པས་ནུ ་མ་འབུར་ལ་འདྲུང་བྱེད་པ།། སྡུག་གུ་ལྷན་ཅིག་ནོར་བདག་དགའ་ཚལ་འདུག་པ་གང་ཡིན་པ།། དེ་ཡང་འགྲོ་ཉམས་དགའ་སྦྱིན་པའི་བདག་ཉིད་ཆེན་པོ་ཡིན།། འབྲུག་སྒྲ་སྒྲོག་ཅིང་སྤྲིན་རྣམས་ཆུ་ནི་ཀུན ་ཏུ་ལེན་བྱེད་པ།། རླབས་འབྱུང་དུས་ན་ནོར་བུ་བྷུ་རུ་རུང་དང་ཙ་ཕྱིས་འབྱུང་།། རིན་ཆེན་གནས་ནི་ཚུ་ལ་ཉིད་ཀྱི་འབྱོར་པས་གང་སྲུང་བ།། དེར་ཡང་རྒྱུ་ནི་སྦྱིན་པ་མཆོག་ཅེས་ཐུབ་པས་བཀ ་སྩལ་ཏོ།། གང་ཡང་འོད་ཟེར་རྣམས་ཀྱིས་མཁའ་ལ་སྐར་མའི་འཁོར་ལོ་ཟིལ་མནན་ཅིང་།། ཀུ་མུ་ད་མི་རྫིང་ཡངས་རྣམས་སུ་དཔལ་ནི་རབ་ཏུ་རྣམ་བྱེ་ནས།། གླང་པོའི་ཆེ་བའི་དཔལ ་དང་ལྡན་ཞིང་མཚན་མོ་ཤིན་ཏུ་རབ་མཛེས་པ།། དེ་ཡང་ངེས་པར་སྦྱིན་པ་ཉིད་ཀྱིས་འབྲས་བུ་རོ་བྲོ་མང་པོ་ཡིན།། རི་རབ་རྩེ་ལ་ཤིང་རྟས་ལམ་ཀ་འདུག་པའི་རིན ་ཆེན་རྡོ་གཅོག་ཅིང་།། རྟ་ཡི་རྐང་ལག་རྣམས་ཀྱི་དགུ་ཚིག་ཆུ་བོའི་རླབས་ནི་གཅོད་བྱེད་ལ།། བུན་པ་བསལ་ཕྱིར་ཉི་མས་སྐར་མ་ཟིལ་མནན་ལམ་མེ་གང་ཡིན་པ།། དེ་རྒྱུ་ཡིད་ཀྱི་ཏིང་ངེ་འཛིན་གྱི ་བསྐྱེད་པའི་སྦྱིན་པར་ཐུབ་པས་གསུངས།། རྒྱལ་མཚན་རྩེར་གཏགས་རིན་ཆེན་འོད་ཟེར་སྣང་བ་ནམ་མཁའ་དམར་གྱུར་ཅིང་།། རྟ་རྨིག་འདོར་བས་མཁའ་ལ་སྤྲིན་གྱི་འདྲེང་བ་དག ་ཀྱང་འདྲལ་བྱེད་ལ།། རྔ་ཡབ་དཀར་པོས་གཡབས་ཤིང་འཁོར་ལོས་སྒྱུར་བ་སོང་བ་གང་ཡིན་པ།། འདོད་པའི་འབྲས་བུ་དེ་ཡང་སྦྱིན་པས་བསྒྲུབས་ཞེས་ཐུབ་པས་བཀའ་སྩལ་ཏོ།། ་གསེར་གྱི་པདྨའི་རྡུལ་གྱི་ཕྱེ་མས་དམར་བྲིས་མཚོར་ནི་ཁྲུས་བྱས་ཏེ།། དེ་ཡི་གནས་འདབ་བུང་སྒྲ་འབྱིན་རྣམས་སུ་ཉལ་བའི་བདེ་རྙེད་ནས།། རིག་འཛིན་ཆུང་མ་ལྷན་ཅིག་འཇིགས་མེད་མཁའ ་ལས་འགྲོ་བ་གང་ཡིན་པ།། དེ་ཡང་སེར་སྣ་འཇིལ་ཞིང་སྐྱོན་མེད་དགའ་བའི་སྦྱིན་པའི་གཟི་བརྗིད་ཡིན།། མཱ་ལ་ཡི་རི་རྩེ་ཙན་དམ་གྲིབ་མས་བསིལ་བ་ལངས་པ་དང་།། འབིགས་བྱེད་རི་དང ་གངས་དང་ལྷུན་པོའི་རི་དང་མཧཱ་རི་རི་བོ་ལ།། གྲུབ་པའི་ཚོགས་ཆེན་ཆུང་མ་ལྷམ་ཅིག་འཇིགས་བྲལ་དགའ་བ་གང་ཡིན་པ།། འདོད་པའི་འབྲས་བུ་ཚེ་འདིའི་སྙིང་པོ་འབྱོར་པ་དེ་ཡང་གཏོང ་བའི་ཡིན།། བུད་མེད་རྐང་གདུབ་འཁྲོལ་བས་འགྲོགས་ནས་འཕུར་བའི་ཕུག་རོན་གནས་པ་ཡིན།། ཁང་པ་མངོན་པོ་རྣམས་དང་འབིགས་བྱེད་རི་རྩེ་འགྲན་པའི་བ་གླང་དང་།། གསུ། ་དང་རྔ་ཡབ་བུད་མེད་གཡོག་འཁོར་རོན་ཆེན་གསེར་དང་རྟ་རྣམས་དང་། བཟང་མཛེས་དེ་དག་ཀུན་ཀྱང་སྔོན་གྱི་སྦྱིན་པའི་དགེ་བའི་རྣམ་སྦྱིན་ཡིན།། བན་དྷ་ཀ་ལྟར་རྩ་དམར་ཆུ་མཆང ་གསེར་སྣོད་བཟང་པོར་ལེགས་བླུགས་པ།། ལོངས་འདྲ་ཨ་མྲ་སྨིན་གས་ལྟ་བུར་དྲི་ཞིམ་ཨུཏྤལ་འགྱིང་ཞིང་ལྡེམ།། ན་ཆུང་ཤིན་མ་ནས་སྒྲོགས་དུས་ཀྱིས་སྐྱོབས་ཤིང་ཡམས་གྲངས་མང ་འགྲིམ་པ།། མཆོག་ཏུ་དགེ་བ་དེ་རྒྱུ་སྦྱིན་པ་ཡིན་ཞེས་བློ་གྲོས་དག་པས་གསུངས།། གསེར་གྱི་ངག་སྐད་སྐེད་བཅིངས་སྙན་སྨྲ་འཛིན་ཞིང་སྨིན་པ་ཡ་གཅིག་སྤྱོད།། མིག་ཡངས་རྔར་ཐུག ་དཀར་གནག་འབྱེས་ལ་སྐྲ་བགབ་མེ་ཏོག་འཕྲེང་དཀྲིགས་པའི།། ན་ཆུང་བཟང་པོ་བརླ་རྒྱས་བདག་ཉིད་ལེགས་བྱས་རྣམས་ཀྱིས་བྲན་ལྟར་བྱེད།། ཚོགས་བསགས་འབྲས་དེ་སྦྱིན་པའི་ཆེ་བ ་ཉིད་ཅེས་ཟས་གཙང་རྒྱལ་པོས་གསུངས།། དེ་ལྟར་ལགས་པས་བདེ་བར་གཤེགས་པའི་གསུང་རབ་མཐའ་དག་ཐུགས་སུ་ཆུད་པ་ཤིན་ཏུ་རྒྱས་པའི་ཆུ་ལྟར་གྱུར་པ་སྙིང་པོ་དྲི་མ་མེད་པ་དང་། ་ལྷའི་སྐྱེ་བོའི་ཀླུའི་གནས་སུ་གྱུར་པ་ཚུལ་ཁྲིམས་འདྲེན་མ་མ་ཡིན་ཞིང་རྒྱ་ཆེ་བའི་ཆུ་དང་ལྡན་པ། དགེ་བ་ལ་རྣམ་པར་རྟོག་པའི་ཟླ་བ་ཤར་བའི་དབང་གིས། ཏིང་ངེ་འཛིན་སྣ་ཚོགས་རྒྱས ་པའི་དུས་ཀྱིས་རླབས་ཀྱིས་བྱང་ཆུབ་ཡན་ལག་སྐྱོན་མེད་པའི་ནོར་བུ་མང་པོ་ཀུན་ཏུ་གཡེངས་པ་སེམས་ཀྱིས་བཞི་ལ་འཕགས་པའི་ལམ་ཡན་ལག་བརྒྱད ་པའི་རི་བོ་ཆེན་པོ་རྟེན་པ། འབྲས་བུའི་བྱེ་བྲག་ཐོབ་པ། གང་ཟག་ཆེན་པོའི་ཆུ་སྲིན་རྒྱུ་བ། འཕགས་པའི་བདེན་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པའི་ཤིང ་ལྗོན་པས་མཛེས་པར་བྱས་པ། དྲན་པ་ཉེ་བར་བཞག་པའི་ངོགས་དང་ལྡན་པ། སྒྲིབ་པའི་རོ་མི་གནས་པ། སྦྱངས་པའི་ཡོན་ཏན་གོམས་པ། དག་པའི་མུ་ཏིག་གི་ཉ་ཕྱིས ་ཀྱི་ལོག་ལུས་དང་ལྡན་པ། མངོན་པར་རྟོགས་པའི་ཆོས་ཉིད་གཏིང་མི་དཔོགས་ཤིང་ཟབ་པ། རྒྱུན་མི་འཆད་པར་ཀློག་པ་དང་ཁ་ཏོན་བྱེད་པའི་སྒྲ་ཆར་འབྱུང་བ། འཕགས་པའི་དགེ་སློང ་དགེ་འདུན་གྱི་ཚོགས་རྒྱ་ཆེན་པོ་ལ་བདག་གསོལ་བ་འཚལ་ལོ།། འདི་ལྟ་སྟེ། སྲིད་པའི་འགྲོ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ། དུ་མ་ནས་དགེ་བའི་ས་བོན་བཏབ་པ་བདེ་བར་གཤེགས་པའི ་བསྟན་པའི་གཞལ་མེད་འང་གི་ས་གཞི་གཅིག་པུར་གྱུར་པ་བཟོད་པ་དང་། ངེས་པ་དང་། བྱམས་པ་དང་། ཚུལ་ཁྲིམས་དང་། ཟོས་པ་དང་། ཞི་བའི་གནས། བདག་དང་གཞན་གྱི་གཞུང་གི་དོན ་གྱི་དེ་ཁོ་ན་མ་ལུས་པར་རྟོགས་པ། ཡོངས་སུ་ཤེས་པ་བསྒོམས་པས་དྲན་པ་ཉེ་བར་གནས་པ། ཡང་དག་པའི་ཡེ་ཤེས་དང་མཐོང་བས། ལོག་པར་ལྟ་བའི་རབ་རིབ་བསལ་བ ་ལེགས་པར་བརྗོད་ཅིང་ཤིས་ལ་རྒྱ་ཆེ་བའི་མིང་དང་ལྡན་པ། སྐྱེ་བོ་བླ་མ་ལ་བསྙེན་བཀུར་བྱེད་པ་དང་། མངོན་དུ་སྨྲ་བ་དང་། ཕྱག་འཚལ་བ་ལ་སོགས་པའི་ཚུལ་བཟང་པོ་དང ་ལྡན་ཞིང་མདོངས་གསོལ་བས་སྙན་པ་རྣམས་བསྙད་པ། སྔོན་གྱི་ཟླ་བ་ཉ་བའི་འོད་ཟེར་དག་པ་ལྟ་བུའི་ཡིད་འབྱུང་བ་སྦྱིན་བདག་ཆེན་པོ་ཆེ་བའི་བདག་ཉིད་ཅན་མིང་འདྲི་ཞེས་བྱ་བ ་འདི་ནི། ཁྱིམ་བདག་ལེགས་སྦྱིན་དང་། བཟང་ལྡན་དང་། བཙུན་མོ་འཁོར་གྱི་བློ་དང་། མུ་ཤི་ལ་དང་། ཏྲ་པུ་ས་དང་། གོ་ཤི་ལ་དང་། རྟ་པ་གར་ནི་ཀ་དང་། མགོན་མྱེད་ཟས ་སྦྱིན་དང་། དྲག་པོ་དང་། ནག་པ་དང་། ནམ་གྲུ་ལ་སོགས་པ་དང་། གཞན་ཡང་བཅོམ་ལྡན་འདས་ལ་ཡིད་དད་པ་གསལ་རྒྱལ་དང་། ཚངས་པས་སྦྱིན་དང་། རྒྱལ་པོ་ཤར ་པའི་བུ་དང་། གཏུམ་པོ་རབ་ཏུ་སྣང་ལ་སོགས་པ་སའི་སྟེང་ལ་དབང་བའི་སྦྱིན་པ་ལས་བྱུང་བའི་ལེགས་པར་སྤྱད་པའི་རྗེས་སུ་སློབ་སྟེ། ལུས་དང་། ལོངས་སྤྱོད་དང་། སྲོག་ལ་སྒྱུ་མ་དང་། ་སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། མགལ་མེ་བསྐོར་བ་དང་། རྨི་ལམ་དང་། རིའི་འབབ་ཆུའི་ཆུ་ལྟར་གཡོ་བར་རིག་ནས། སྟོབས་བཅུ་མངའ་བས་གསུངས་པའི་ཚིགས་སུ་བཅད ་པ་དང་། ཆོས་མངོན་པ་དང་། འདུལ་བ་དང་། མདོ་སྡེ་འཛིན་ཅིང་། དགེ་བའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡོད་དོ་ཞེས་བསོད་ནམས་ཀྱི་ས་བོན་སྐྱེད་པའི་རྒྱུ། འཁོར་བའི ་བདེ་བ་ཕུན་སུམ་ཚོགས་པའི་གཞི་སྐྱེ་བོ་ངན་པས་རྙེད་པར་དཀའ་བ་སེར་སྣ་ཅན་གྱི་ཡིད་འཇོམས་པསྒྲུབ་པ་ན། སྟོན་གྱི་ཟླ་བ་དྲི་མ་མེད་པ་ལྟར་དང་བའི།། ་ཐུགས་མངའ་བ་སྲིད་པའི་ཉོན་མོངས་པའི་ས་བོན་གཅོད་པ། སེམས་ཅན་ཐམས་ཅད་དུ་བསམ་པ་མཁྱེན་པ། གྲགས་པ་འཇིག་རྟེན་གསུམ་དུ་ཁྱབ་པ་བདུད་ཀྱི་བུ་མོ་སྟེག་པ ་རྒྱུན་གཅོད་པའི་རྒྱུསྐྱབས་སུ་འོས་པ། ཆོས་སྟོན་པ། འགྲོ་བ་ལ་དགེ་བའི་ཕྱིར་བྱ་དཀའ་བའི་འཕྲིན་ལས་རྣམས་ཀྱིས་ཆོས་ཐམས་ཅད་ཐུགས་སུ་ཆུད་པས་རྣམ་པར་སངས་རྒྱས། ་པའི་སངས་རྒྱས་ཉི་མའི་འོད་ཟེར་གྱི་སྣང་བ་གསལ་བས་རེག་ནས་པདྨའི་འདབ་མ་རྒྱས་པ་ལྔར་རིང་ཞིང་རྫི་མ་ལེགས་པའི་སྤྱན་དང་ལྡན་པ་གནོད་སྦྱིན་གྱི་བདག་པོའི་གཙུག་གི་ནོར་བུ་ཆེན་པོས་ཞབས ་ཀྱི་སོར་མོ་ཀུན་ཏུ་བསྐོར་བ། གསེར་གྱི་མཆོད་སྡོང་ལྟར་གསལ་བ་བས། སྐུ་ལ་རྡོ་རྗེ་དང་། ལྕགས་ཀྱུ་དང་། པདྨ་དང་ཉ་དང་། རྒྱལ་མཚན་དང་། གདུགས་དང་། འཁོར་ལོ་ལ ་སོགས་པའི་མཚན་རྣམས་ཀྱི་མཚན་མངའ་བ་པདྨའི་འབྱུང་གནས་རྣམས་ལ་སྣང་བ་མཛད་པའི་འོད་ཀྱི་འཕྲེང་བས་བྱེ་བྲག་མེད་པར་ཁྱབ་པར་འགེངས་པ་བུང་བའི་ཚོགས་ལྟར་སྔོ་བའི ་གཙུག་ཏོར་གྱི་ནང་ནས་ཀུན་ཏུ་འབྱུང་བའི་འོད་ཀྱི་དྲ་བས་ཕྱོགས་ཀྱི་དཀྱིལ་འཁོར་མ་ལུས་པར་བཀྲམ་པར་བྱས་པ་ཁ་ན་མ་ཐོ་བ་མེད་པར་ཞུགས་པ་འཕགས་པའི་བདེན་པ་སྟོན་པ ་ཞི་བར་གཞོལ་བའི་ལམ་དུ་འདྲེན་པ་འཇིག་རྟེན་སྒྲོལ་བ་མཉེས་ཀ་ཤིན་པའི་གཉེན་གཅིག་པུ། མུ་སྟེགས་ཅན་ངན་པའི་རྒོལ་བ་རྣམས་ཀྱིས་གསུང་དང་ཁྲུགས་དང་། དགའ་བ་དང་། མཐུ། ་ལ་མི་ནོན་པ་ཟས་གཙང་མའི་སྲས་ཡུལ་རྣམས་ཀུན་ལ་སྲེད་པ་འབྱུང་བའི་རྒྱུན་སྐབས་བྱེད་པའི་རྒྱུ། སྐྱེ་བོ་མཁས་པ་རྣམས་ནི་སད་པར་བྱ་ཕྱིར་ཤར་གྱུར་པ། བག་ལ་6 ་རབ་རི་བསེལ་བ་ཡེ་ཤེས་སྣང་བའི་མཆོག་ས་རྣམས་མཐའ་དག་སྣང་བ་ཕྱོགས་རྣམས་ཐམས་ཅད་སྣང་མཛད་པ་ཕྱག་དང་ཞབས་དང་དབུ་ནི་རབ་ཏུ་ཕྱིམ་ཞིང་ཚུལ་ཁྲིམས་དང ་སྨོན་ལམ་དག་གིས་བྱང་ཆུབ་ལམ་བཟང་ཡང་དག་བསྒྲུབས་གྱུར་པ་སྲིད་པའི་འགྲོ་བའི་དུག་གི་སྙེ་མའི་སྟེང་དུ་ལྷུང་བ་ཡི། སྐྱེ་དགུ་རྣམས་ལ་ཁ་ན་མཐོ་མེད་པ་སྟོན་མཛད་པ། སྲིད ་པ་རྣམ་པ་གསུམ་འཇིག་པ་བཅོམ་ལྡན་འདས་སྟོབས་བཅུའི་སྟོབས་དང་ལྡན་པ་མི་འཇིགས་པ་བཞི་མངའ་བ་དཔའ་བ་དང་མཐུའ་ནམ་ཐོ་བ་མེད་པ་མཚན་དང་དཔེ་བྱད་བཟང་པོས་བརྒྱན ་བས་སྐུ་བརྗིད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་དཀའ་བ་བརྒྱ་ཕྲག་དུ་དམ་པའི་ཆོས་དཀོན་མཆོག་བསྒྲུབས་པ་བརྩལ་བ་ཙམ་གྱིས་སེམས་ཅན་མཐའ་དག་གི་བསམ་པ་ཐུགས་སུ་ཆུད་པ། ཐམས ་ཅད་མཁྱེན་པའི་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་རབ་ཏུ་ཞི་བ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། ཏིང་ངེ་འཛིན་དང་། བཟོད་པ་དང་། བྱམས་པ་དང་། སྦྱངས་པའི་ཡོན་ཏན་དང་ལྡན་པ ་ཉོན་མོངས་པའི་རབ་རིབ་དང་ལིང་ཏོག་མ་ལུས་པར་བསལ་བ་འཁོར་བའི་རང་བཞིན་རིག་པ་དང་། ཕྱོགས་ཕྱོགས་ཀྱི་གཙུག་ལག་ཁང་དང་། ཀུན་དགའ་ར་བ ་དང་། རི་དང་ནགས་འདབ་དང་། ཁྲད་ཁྲོད་དང་། ཆུ་དང་། རི་སུལ་དང་། ག་ཤེས་དང་། ནེའུ་གསིང་དང་ཤིང་གི་གྲིབ་མ་རྣམ་པ་སྣ་ཚོགས་ལ་དགྱེས་པ་ཡུལ་དང་ལྗོངས ་དུ་མ་ལ་ཕན་གདགས་པ་སྩོལ་བར་མཛད་པ། ཡང་དག་པའི་དྲན་པ་དང་། ཏིང་ངེ་འཛིན་དང་། དགའ་བ་ཐོབ་པ་ལས་མཉམས་པ། ཕུང་པོ་ལྔ་སྤྱིར་སྐད་ཅིག་པར་ཡང་དག་པར་སོ ་སོར་རྟོག་པའི་ཡིད་ལ་བྱེད་པར་བསྐྱེད་པ། མདོ་དང་། འདུལ་བ་དང་། ཆོས་མངོན་པ་དང་། སྐྱེས་པའི་རབས་དང་། གླེང་གཞི་དང་། ཚིགས་སུ་བཅད་པ་དང་། རྟོགས་པ་བརྗོད ་པ་དང་། དེ་ལྟ་བུ་བྱུང་བ་གཏན་ལ་བབ་པའི་གཏམ་གྱིས་སེམས་སྦྱངས་པ་རང་གི་ལུས་དང་། ངག་དང་ཡིད་ཀྱི་འཇུག་པ་དྲན་པ་ཉེ་བར་གནས་པར་རྒྱུ་བ་དབང་པོ་དང ་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་བདེར་བ་དང་། འཕགས་པའི་ལམ་དང་། དྲན་པ་ཉེ་བར་གཞག་པ་བསྒོམ་པ་གོམས་པས་དད་པ་ཐོབ་པ་དང་། ཚེ་རབས་གཞན་ན ་བསག་པའི་རྣམ་པར་སྨིན་པས་གྲུབ་པ་ཇི་ལྟར་འབྱོར་པར་ནུས་པ་དང་འཐུན་པའི་རྩོམ་པས་ཚོགས་བསགས་པ། ཕན་ཡོན་ལྔའི་རྒྱུ། སེམས་ཅན་ཐམས་ཅད་གནས་པར་བྱེད་པ། ་འཇིག་རྟེར་ཕ་རོལ་ཏུ་བདེ་བ་ཐོབ་པར་བྱེད་པ། ཁ་དོག་དང་། དྲི་དང་། རོ་དང་། རེག་པ་དང་ལྡན་པ་ཡིད་དུ་འོང་བ་གྱ་ནོམ་པའི་བཟའ་བ་དང་། བཅའ་བ་དང་། བལྡག་པ་དང་། བརྔུབ ་པ་དང་། གཞིབ་པ་ལ་སོགས་པ་ཞལ་ཟས་བཤམ་པར་བྱ་བ་རྣམ་པ་སྣ་ཚོགས་ཞལ་ཟས་ཁྱད་པར་ཅན་གྱིས་སྤུན་འདྲེན་ཏོ།། དེ་ལ་ཐོག་མར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡོངས་སུ་རྩ ་ངན་ལས་མ་འདས་པའི་ཚེ། གང་དག་ཡེ་ཤེས་ཀྱི་མེས་ཉོན་མོངས་པའི་ཤིང་ཐམས་ཅད་མ་ལུས་པར་བསྲེགས་པ། གཏོང་བའི་ངང་ཚུལ་ཅན་གྱི་སྦྱིན་པའི་ས་བོན་འཕེལ་བའི་རྒྱུར་གྱུར་པ། ་ཕྲ་བ་གཟིགས་པ་མཁས་པདེ་ཁོན་ལ་སྒོམ་པ་འདི་ལྟ་སྟེ། གནས་བརྟན་གྷ་ར་དྷྭ་ཛ་བསོད་སྙོམས་ལེན་དང་། འཕགས་པ་སྒྲ་གཅན་འཛིན་དང་། སྦྱིན་བྱེད་དང་། ལམ་བསྟན་པ་དང་། ་སྐྱེད་བོང་དང་། གསེར་བེའུ་དང་། རྟོགས་བྱེད་དང་། རྡོ་རྗེ་ཅན་གྱི་བུ་དང་། འཕགས་པ་བསྲུང་བའི་ཀླུ་དང་། ཀླུ་སྡེ་ལ་སོགས་པ་སློབ་མ་བསྟན་པ་གནས་པར་བྱ་བའི་ཕྱིར། གནོད་པར ་གྱུར་ཀྱང་ལུས་ཀྱི་ཁུར་ཁྱེར་བ་རྣམས་དང་། གཞན་ཡང་གང་དག་སུམ་ཅུ་རྩ་གསུམ་པའི་སྐྱེ་བ་ལ་ཕན་པའི་ཕྱིར། གསེར་གྱི་རྡོ་ལེབ་ཆེན་པོའི་སྟེང་ན་འདུག་པའི་རིག་སྔགས་འཆང་མ་ཀླུ་ལེན ་པས་གླང་པོ་ཆེ་ཡུར་བ་བུང་བའི་པཟླལ་འཛབ་ཅིང་འཁོད་པའི་མ་མདང་ཀའི་རྫིང་གི་ཆུ་དང་ལྡན་ཞིང་། ཡལ་ག་གསལ་བའི་སྟེང་ན་རིན་པོ་ཆེའི་མེ་ཏོག་གི་འཕྲེང་བ་བྲེས་པའི་ཤིང ་ཡོངས་སུ་འདུས་ཀྱིས་ཀུན་ཏུ་མཛེས་པར་བྱས་པའི་རི་ལྷུན་པོ་འབབ་ཆུ་འབབ་པའི་ས་གཞི་ལ་འཁོད་པ་རྣམས་དང་ཡང་གང་དག། གསེར་གྱི་རྐེད ་ནས་བསིལ་བའི་ཆུ་འབང་ལ།། ཆུ་ལ་ཟླ་བའི་གཟུགས་བརྙན་འབྱུང་འགྱུར་ཞིང་།། ཟླ་བའི་འོད་ཀྱིས་ཀུ་མུད་ཁ་ཕྱེ་སྟེ། ཀུ་མུདཏ་ཚལ་ན་སྐད་སྙན་ངང་པ་གནས།། དང་མོ་མཆེའུ་ན་སྐྲ ་སྐད་སྙན་པ་འབྱིན།། མཚོ་ངོགས་རྨ་བྱ་དགར་བཅས་རྒྱགས་པ་གནས།། རྨ་བྱ་རྒྱགས་སྒྲས་རི་སུལ་སྙན་པ་གྲགས།། རི་སུལ་ཡ་ལ་ག་གླགས་པས་རི་རྩེ་འཁྲིས།། རི་རྩེ་སྟོང ་རྣམས་ན་ནི་སྤྲིན་ཆགས་ལ།། ལང་ལིང་སྤྲིན་གྱི་སྨིན་ཤོང་ཁྲ་ཁྲོ་སྣང་།། སྨན་ཤོང་སྐྱེས་པའི་ནོར་བུ་ལྡུམ་དུ་གསལ།། ལྡུམ་བུ་ལས་བྲུལ་ལྷུང་བའི་མེ་ཏོག་ལྡན།། མེ་ཏོག་རྒྱས་པའི་དཔག ་བསམ་ཤིང་ཚལ་མཛེས།། མཛེས་པའི་ལྷ་མོས་གསེར་གྱི་ཕག་སྐད་དྲུད།། གསེར་གྱི་ཕག་སྐའི་སྒྲས་ནི་བྱ་འདྲོགས་ཤིང་།། བྱས་ཆོས་ཤིང་ཐོག་རྩ་ལས་ཆད་ཅིང་བྲུལ།། རྩ་འཕྱང་ཁུ་བ ་ཟག་པ་སྤོས་ཀྱི་དྲི།། སྤོས་གླང་དབང་པོ་འདྲེག་ཟག་དྲི་རབ་ཞིམ།། དྲི་རབ་ཞིམ་པའི་ལི་ཤི་རི་འཁོར་མང་།། བལ་གླང་མོ་རྒྱགས་དྲག་འགྲོ་ལང་ལོང་གྱུར།། བུང་བའི་ཁྱུ་ཡིས་མེ་ཏོག་ཟེགས ་གྱུར་ཅིང་།། ཡལ་ག་མེ་ཏོག་རྒྱས་པས་གད་པ་དཀར།། ཤད་འཆད་པས་ནོར་བུའི་དུམ་བུ་སྣང་།། མེ་ཏོག་མགོ་ལྡོག་ཐུལ་བས་རྣམ་པར་བཀྲ།། ནོར་བུ་སིལ་མ་མང་པོས་རི་ཞོལ་སྤྲས།། ་མེ་ཏོག་ཟེགས་པའི་ཤིང་གི་ཡལ་གར་གནས་པའི་བུང་བ་དགའ་བས་འཕུང་རྣམས་དང་། ཟླ་བ་འདེག་ཟེ་དཀར་པོ་ངང་པ་ལྟ་བུས་ཉེ་འཁོར་རྡོ་བ་ཆག་ཆག་བཏག།། ལྷུན་པོ་མཐོ་བའི་མི་འཇུག། ་པ་གང་དག་རབ་ཏུ་ཞི་བའི་ཐུགས་ཀྱིས་ཞུགས།། དྲི་དག་དྲི་མེད་ཟླ་འདྲའི་གྲག་ལྡན་འདི་ཡི་སྦྱིན་པའི་གནས་ལ་སྟེན་དུ་གསོལ།། རྒྱ་མཚོ་ཉེ་བའི་ཆུ་འགྲམ་རི་འོ་མ་ལ་ཡཱའི། རིངོས་ཏམ ་ལ་སྦལ་མིག་འཐོན་པ་ཡི་འབྲང་བ་ཅན།། སྦྲུལ་མ་འཁྲིས་པ་ཙན་དན་ཤིང་གི་ནགས་ཚལ་ན།། བསྟན་པ་གང་དག་བཞུགས་པར་གྱུར་པ་དེ་དག་དང་།། ཉི་མའི་ཤིང་རྟའི་རྩིག་པས་རྣོ ་བཅག་ཅིང་།། མི་འམ་ཅི་མི་ཕྲུགས་ཀྱི་ཉམས་དགའ་བ།། རི་སུལ་མཐོན་པོ་དཔག་བསམ་ནགས་མང་དང་།། རི་བཀའ་རྣམས་ན་གང་དག་བཞུགས་པ་དང་།། ཤིང་གི་མེ་ཏོག་འཕྲུལ ་བས་དྲི་ཞིམ་བྱས་པའི་སེར་བུ་དད་ལྡང་ཞིམ།། ནགས་ན་གླང་པོ་དྲེགས་པ་ཟགས་པས་བསྒོམ་པའི་རིན་ཆེན་འཁྲི་ཤིང་ཁྱིམ།། ཁྱིམ་ལ་ཆགས་པ་མེད་པས་བསྟེན་པའི་བསོད་ནམས་ཆུ་གྲོང ་གི། གཉའ་ཤིང་འཛིན་རི་བྱ་རྒྱགས་ཁྱུག་གན་པ་ན་གང་དག་བཞུགས་པ་དང་། བལ་གླང་མོ་སྙོགས་སྣང་བ་རོ་ཟོའི་ཚལ།། མེ་ཏོག་ལྡན་ཞིང་སེར་བུ་ངད་ལྡན་པ།། ས་ཧྱ་རི་བེ་ངོ་ངོས་ཡངས ་བ་ལ།། ཡོངས་དག་ཐུགས་མངའ་ཐུབ་པ་བཞུགས་དགུ་དང་།། པདྨ་ཨུཏྤལ་རྒྱས་པ་འབྱུང་བའི་གནས།། ཉིན་རེ་ཉི་མའི་ཤིང་རྟས་རྡོ་སྣད་ཅན།། སྲིད་པའི་འཇིགས་བྲལ་རབ་ཏུ་ཡིད ་འོང་བ།། འཆར་བའི་རི་སྟེང་གང་དག་བཞུགས་པ་དང་།། རི་ཡི་རྩེ་མོས་སྔོ་སངས་སྤྲིན་ཐལ་སྨན་ལྗོངས་ཅན།། དོགས་ལྡན་ཆུ་བོ་ན་ར་མ་དས་ན་སུལ་ཀྲུས། ་གླང་པོ་ཆེ་ཡི་མཆེ་བ་སྙོམས་པས་ཕྱོགས་གྲོགས་པ་ཡི་རི།། འབིགས་བྱེད་རྨ་བྱ་རྒྱགས་གནས་པ་ན་བཞུགས་དགུ་དང་།། སྣ་ཚོགས་འབྱུང་ཁུང་ཚོན་གྱི་ས་ལ་བསྒྱུར་ཕུག་དང་ལྡན་ཞིང་སྤྲིན་ཀྱང ་ཆགས་གྱུར་ལ།། ཀོ་ལྤགས་ལྡན་པ་གཙང་མའི་ཆུ་ཡིས་ངོགས་ཀྱིས་རྡོ་བ་མང་པོ་བཀྲུས་གྱུར་ཅིང་།། ངོས་ལ་བ་གླང་མཇུག་མ་མང་པོ་འཕྱང་ཞིང་གློག་འགྱུས་སྣང་བྱས་པ།། ཡོངས་འདུས་རི་རྩེ ་ཕྲོག་ན་གཅིག་པུ་སྲེད་དང་བྲལ་བ་གང་དག་བཞུགས་པ་དང་།། ཡང་གང་དག་ཤིང་དང་འཁྲི་ཤིང་རྣམ་པ་མང་པོ་འདབ་ཆགས་པར་གནས་པ། ནེའུ་གསིང་འཇམ་ཞིང་སྔོ་བའི་སྟེང་ན་རྨ་བྱའི་ཁྱུ་གར་བྱེད ་ཅིང་སྒྲ་སྙན་པ་འབྱིན་པ་རི་དགས་ཀྱི་ཚོགས་བག་ཡངས་སུ་གནས་པའི་སོས་བཅད་པའི་རྩའི་བྱུ་གུ་ཡོད་པ་མེ་ཏོག་གི་དྲི་ཞིམ་པོས་བསྒོས་པས་བསེར་བུ་འཇམ་ཞིང་བསིལ་བའི་དད་ལྡང་བའི ་ནགས་འདབ་རྣམས་སུ་གནས་བཅས་ཏེ་བཞུགས་པ་རྣམས་དང་ཡང་གང་དག་དུས་སུ་རླབས་འབྱུང་བའི་ཆུའི་དབའི་རླབས་ཀྱིས་གཡེངས་པའི་ན་ལེ་ཤམ་དང་། ལི་ཤི་དང་ལ་པ་ལིའི་འབྲས་བུ ་སྔོན་པོ་མང་པོ་འགྲིགས་པའི་ཙན་དན་དང་། ཨ་ཀ་རུའི་ཤིང་ཁྲོད་ན་གནས་པའི་སྦྲུལ་མགོ་གདེངས་ཀ་གདེངས་ཤིང་འཇིགས་སུ་རུང་བ་ཡོད་པ་གླང་པོ་ཆེ་དྲེགས་པ་དང་བཅས་པའི་སྣས་བྱུ་རུའི ་སྡོང་འུ་བསྒྱེལ་བ་དང་ལྡན་ཞིང་། ཉི་མའི་འོད་ཟེར་གྱིས་རེག་པའི་དབང་གིས་མུ་ཏིག་གིས་ཡོད་པའི་ས་ཕྱིས་འབྱེ་བའི་ལོག་པས་རྣམ་པར་སྤྲས་པ། ཉེ་བར་བྲལ་བ་དང་ལྡན་པ། ནོར་མཆོག་གིས ་ལ་གྲུབ་པའི་ཆུང་མའི་སྐྱེ་བོ་གནས་ཤིང་བྱ་བའི་ཁྱུ་དགའ་སྟེ་སྒྲ་འབྱིན་བས་གླུ་ལེན་པ་ལྟ་བུ་ཡོད་པའི་རྒྱ་མཚོའི་གླིང་དག་ན་ཀླུའི་བདག་པོས་ལུས་ཆེན་པོས་སྐུ་དཀྲིས་ཏེ། གདེངས་ཀའི་གདུགས ་ཀྱིས་ཉི་མའི་འོད་ཟེར་བསྒྲིབས་ཤིང་བསམ་གཏན་མཛད་པ་རྣམས་དང་སྨན་ལྗོངས་དག་ན་ཕྱོགས་ཀྱི་གླང་ཆེན་བྲང་གིས་རྡོ་བ་ཁེབས་པའི་ཁྱུ་འཁོད་ཅིང་འཁོར་བཅས་ལན་ཅིག་མ་ཡིན་རོ།། ་བའི་གནོད་སྦྱིན་མོ་དག་གནས་གྱུར་ལ།། ཀླུ་ཡི་རྒྱལ་པོ་མགོ་བོས་བསྟོད་དེ་ཁ་ནས་འོད་འབར་འབྱུང་བས་ཤིང་འབར་ཤིང་།། གངས་རི་ཏེ་ས་ལ་ནི་བློ་གཙང་གང་དག་ཞལ་ཏོན་མཛད་ཅིང་བཞུགས ་པ་དང་།། རྒྱ་མཚོའི་རླབས་ཀྱིས་བཤལ་བའོ་རི་འགབ་ལྡན་པ་མ་སྨད་པ།། རི་བོ་མནྡཱ་ར་ལ་ཉིནི་བྱེད་ཚུན་ཆད་བཞུགས།། བཞུགས་ཤིང་ཅིམ་ཕྱེད་པར་འགྱུར་ནས་གང་དག་གཞན་དུ་བཞུགས ་བའི་ཕྱིར།། ནོར་བུས་རྩེ་མོ་བཀྲམ་པའི་ཁོར་ཡུག་རི་ལ་སྟེན་པ་དང་།། གང་དག་འདྲི་ཤིང་གཞོན་ནུས་རྡོ་བས་ཁེབས་གྱུར་པའི།། དབང་ཆེན་རྩེ་མོ་ཡིད་དུ་འོང་བར་བདེར་གནས་ཏེ།། མཁའ་ལྡིང ་ཤུགས་ཀྱིས་ནང་དུ་ཀླུ་རྣམས་ཀྲུགས་པ་ཡི།། རྒྱ་མཚོ་རོན་ཆེན་གནས་པ་གཟིགས་པ་དང་།། ངང་པའི་ཚོགས་ཅན་ཤིན་ཏུ་གཙང་བ་དྲག་འབབ་ཅན་གྱི་ཆུ་ཡིས་རི་བགབ་བཀྲུས་གྱུར་ཅིང་། ་ཕྱོགས་ཀྱི་གླང་པོས་བསྒྱེལ་བའི་ས་ལ་ཀ་ཡིས་རྡོ་བ་ཆེན་པོ་འཁེབས་གྱུར་ལ།། གཅན་གཟན་དབང་པོ་རལ་པ་འཁྱིལ་ཅིང་གསལ་བས་དཔུང་བའི་ཕྱོགས་འབར་ཉལ ་བས་གང་གྱུར་ཅིང་།། སྦལ་མིག་འཐོན་པའི་ལྕུག་མས་འཁོར་བ་གྲུབ་པ་ངལ་སོས་རི་བོ་ཀྲོན་ཛར་གང་གཤེགས་དང་། གང་དག་མུན་བསལ་ཁྱད་པར་ཅན་གྱི་བློས། ཤིང་ལྗོན་སྣ་ཚོགས་མེ་ཏོག། ་རྒྱས་གྱུར་ཅིང་།། རི་དགས་རྒྱུ་བས་མེའུ་གསིང་གཞོན་བསྣད་པ།། གཟི་རྡོ་ནགས་རྣམས་མི་སྤོང་བཞུགས་པ་དང་།། ཡང་གང་དག་ནུབ་ཀྱི་བ་ལང་སྤྱོད་དང་།། ཤར་གྱི་ལུས་འཕགས ་དང་། དབྱང་གི་སྒྲ་མི་སུན་དང་།། གླིང་གཞན་དག་ན་སྐྱེས་པའི་ལྕུག་ཕྲན་མདོག་སུམ་ཞིང་སྔོ་ལ་འཇམ་པར་མང་པོས་ས་གཞི་ཀུན་ཏུ་ཁེབས་པ་ཤིང་གི་གྲིབ་མའི་དཀྱིལ་འཁོར་བསིལ་བ་དང་འཆི ་ཤིང་གིས་འཁོར་ཅིང་རི་དགས་མང་པོ་གནས་པའི་ནགས་ཚལ་དེ་དང་དེ་དག་ན་བཞུགས་པ་རྣམས་དང་ཡུལ་དར་དང་། གན་ད་ར་དང་། གུ་ཟན་དང་། ལི་དང་། ཤི་རིག་དང་། བག་ལེར ་བྲུ་ཤ་དང་། ཁ་ཆེ་དང་། རྒྱ་ཡུལ་དང་། གྲོང་ཁྱེར་ཟས་འདྲ་དང་། རྡོ་འཇོག་ཟས་འདྲ་དང་། སྐྱེས་པའི་གྲོང་ཁྱེར་དང་། ཕྱོགས་མཚམས་དང་ཀུན་ཏི་མ་ལ་བ་དང་། སྲུང་བྱེད་དང་། ་གྲོང་ཁྱེར་དང་། ཙ་ཏུ་ག་དང་། ཙ་ཏ་དང་། བྷ་རུ་ཀད་ཙ་དང་། ཀོའུ་ཤམྦི་དང་། སེར་སྐྱའི་གནས་དང་མཉན་ཡོད་དང་མི་ཐུབ་པ་དང་གྲོང་ཁྱེར་མེ་ཏོག་དང་ཏི་ར་དང་། ་བཅོམ་པརླག་དང་། གྲོང་ཁྱེར་ལོངས་སྤྱོད་དང་། ཙམ་པ་དང་། རྒྱལ་པོའི་ཁབ་དང་དབང་པོའི་བྲག་ཕུག་དང་། འབྲོག་དང་། ཀོའུ་ནའི་གྲོང་དང་། ཀུན་དགའི་གྲོང་དང་། མཆོད ་རྟེན་གྱི་གྲོང་དང་། འཁྲུལ་བཅུག་གི་གྲོང་དང་། རྣམ་པར་རྒྱལ་བའི་གྲོང་དང་། ཡངས་པ་ལི་དང་། ཁ་རའི་ཤིང་འཕེལ་བ་དང་། འཕེལ་བྱེད་དང་། ཟངས་ཀྱིས་གཡོགས་དང་། སྔོ་སྔོགས་འཛིན ་དང་། ཀོ་ས་ལ་དང་། ཨིན་དྲ་དང་ཀ་ལིང་ག་དང་བར་བ་ར་དང་། ཡ་ནའི་གླིང་དང་། སིང་ཀ་ལའི་ཐོབ་བྱེར་དང་། གསེར་གྱི་ས་དང་། ཧ་རི་ཀེ་ལ་དང་བ་རོ་ཤ་ཀ་ཏ་ཧ་དང་། མལ ་ཀེ་ར་དང་། བ་ནེ་སའི་གླིང་དང་། ཤུར་པ་ར་དང་། ནིམ་པའི་གྲོང་ཁྱེར་དང་། དཔལ་གྱི་ཞིང་དང་། དངུལ་ཆུའི་གནས་ལ་སོགས་པ་ཡུལ་དང་། ཆ་བྱད་དང་། སྐད་དང་། གནས་པ་དང་། ་ཆོ་ག་དང་། རིགས་དང་། རུས་དང་།། ཚུལ་ཁྲིམས་དང་། ཚུལ་ཁྲིམས་ཅན་དུ་མའི་ཡུལ་མི་གནས་པའི་ཡུལ་གཞན་དག་ན་བཞུགས་པ་རྣམས་དང་། གང་དག་སྔོན་ཆད་ཉི་ཟླའི་འོད་ཀྱིས།། ་མ་ཕོག་ཅིང་།། ཤེ་ཤ་སྦྲུལ་གྱི་ལུས་ཀྱི་འོབས་ནས་རི་ཡི་དྲུང་།། དེ་ཡི་གཙུག་གི་རིན་གི་རིན་ཆེན་འོད་ཀྱིས་མུན་བསལ་བའི།། ས་འོག་ཏུ་ནི་རིང་པོར་མ་ཐོགས་ཤེགས་གྱུར་དང་།། གང་དག ་ཆུ་ལྟར་ས་ལ་ཐོགས་མེད་ཁྱེའུ་ཟུལ་མཛད་པ་དང་།། གང་དག་སར་གནས་ཕྱག་གི་རྩེ་མོས་ཟླ་བ་རེག་མཛད་དང་།། གང་དག་བྱ་ལྟར་ནམ་མཁའ་ལ་ནི་ཤུགས་ཀྱིས་རྒྱུ་མཛད་ཅིང་།། ན་བཟའ་མཐའ ་མས་སྤྲིན་མཐར་རེག་པས་སྤྲིན་ལིང་འཇིག་མཛད་དང་།། གང་དག་ལྷ་དང་། ཀླུ་དང་། གྲུབ་པ་དང་འཁོར་བ་དང་། ཚོགས་རྣམས་ཀྱིས་རྟག་མཆོད་པའི།། ་རི་འཇིག་མེད་དང་། བུང་བའི་རི་དང་། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དང་། ཤར་གྱི་རི་བོ་དང་། ནུབ་ཀྱི་རི་བོ་དང་། ཤི་རི་ཀུན་བ་ཏ་དང་ཀུནྡ་སོ་མ་དང་ཏ་མ་སའི་ཚལ་དང ་བསིལ་ཚལ་དང་། ལྷས་སྦྲུལ་དང་། འཇིགས་མེད་རི་དང་། ནགས་ཚལ་ཆེན་པོ་དང་། ཚེར་མ་ཅན་གྱི་ནགས་ཚལ་དང་བྱམས་པའི་རི་དང་ཆུ་སྲིན་གྱིས་གསོད་ཅིང་ཀྱི་དང་། རི ་ནག་པོ་དང་། གནས་ཀྱི་རི་དང་། སེར་སྐྱའི་རི་དང་། མེ་ཏོག་དང་། རི་དང་ཙན་དན་རི་དང་། ཀླུའི་པོ་རི་དང་། ཙན་དན་རི་བོ་དང་། ཚེར་མའི་རི་བོ་དང་། ལྷ་ཡུལ་འབས་དང་། ་ཨ་ང་སིམ་དྷ་དང་། ཀུན་དགའ་སྟོང་ལྡན་དང་། རི་བོའི་རྒྱལ་མཚན་དང་། བཞི་བཀྲུས་དང་རང་རིག་མཚོ་རྟེན་དང་ས་ལུ་སྤུངས་ལྡན་དང་ཕོ་བྲང་འཁོར་དཔལ་ཡོན་ཅན ་དང་། བྱ་རྒོད་ཀྱི་ཕུང་པོ་དང་། རི་དགས་ཀྱི་ནགས་དང་ཀ་ཤོ་ད་དང་གཙུག་ལག་ཁང་གསར་ཀ་ནི་ས་ཀ་ཤ་ཧི་ལ་སོགས་པ་ཆོ་འཕྲུལ་རྨད་དུ་བྱུང་བ་སྣ་ཚོགས་དང་ལྡན་པ་རྣམས་དང་། ་དང་མ་ར་ཛི་ཀའི་མཆོད་རྟེན་དུ་མ་དང་། སངས་རྒྱས་བཞིའི་གདན་ཁྲི་ཡོད་པ་བསོད་ནམས་སུ་འགྱུར་བའི་ས་ཕྱོགས་རྒྱུན་མི་འཆད་པར་ཀློག་པ་དང་། ཁ་ཏོན་དང་། བསམ་གཏན ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པས་འཇུག་པ་དག་པའི་དགྲ་བཅོམ་པ་རྣམས་བཞུགས་བཞུགས་པ། ཆོས་གོས་དང་། བསོད ་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་ཡོ་བྱད་དང་། འཚོག་ཆས་རྣམས་ཀྱིས་ལེགས་པར་བྱས་པ་མཐའ་མཐར་མ་ཆུའི་གནས་ཡོད་པ་ལ་ཉེ་བར་སྤྱོད་པས་ཉམས ་དགའ་བ། བདེ་བར་གཤེགས་པའི་ཞབས་ཀྱིས་བཅགས་པས་གཙང་བར་གྱུར་པའི་ས་གཞི་ཅན་ཞི་བ་ཐུབ་པའི་སྐྱེ་བོ་གནས་པ་རྣམས་ལ་དེ་ཁོ་ན་བསྒོམས་པས་ཡིད་ཀྱི་ཏིང་ངེ ་འཛིན་བསྐྱེད་པ། ཚེའི་ལྷག་མ་གནས་པར་མཛད་པ་རྣམས་དང་། གང་དག་གློག་འགྱུ་བྱ་གར་དག་གིས་སྐུ་ལུས་བཀྲ་བྱེས་སྤྲིན་སྡུམ་འདྲར་གྱུར་ནས།། བཀྲེས་པའི་སྡུག་བསྔལ་སྣོད་གྱུར ་མདའ་རྩེ་རྣོན་པོ་ལྟ་བུའི་སྤུ་ཡིས་རབ་གང་ཞིང་།། སྐོམ་པས་མིག་ཞུ་མེ་སྟག་བཅས་པའི་མེ་རྣམས་ཀྱིས་ནི་ཀུན་ནས་ལུས་བསྐོར་བའི།། ཡི་དགས་གནམ་དུ་ལྟ་བ་རྣམས་ལ་ཐུགས་རྗེས་སྟེང་ནས ་ཆར་གྱི་རྒྱན་འབེབས་དང་།། རིན་ཆེན་བྱེ་མའི་འཕྲེང་བ་གྱ་གྱུར་དཀྲིགས་མཐོ་ལ།། དང་ཁྱུབག་ཡངས་གནས་ཤིང་ལང་ལོང་ཧལ་གྱུར་ཅིང་།། ཆུ་དང་ཉེ་བར་ཆུ་ཡི་ཟེར་མས་བསིལ་གྱུར་པ། ་མ་ན་ས་ཡི་མཚོ་གླིང་བསམ་གཏན་མཛད་དགུ་དང་།། གང་དག་མི་རོ་མང་པོའི་ཤ་དང་ཁྲག་གི་རོ་བྲོབས་དགའ་བར་གྱུར་པའི་བྱ་ཁྭའི་ཚོགས་ཀྱིས་གང་གྱུར་པའི་ས་ཕྱོགས་མགོའི་ཐོད་པགས་ནས་ཚིལ ་ཐིགས་ཐིགས་ཟག་པའི་སྣུམ་གྱིས་མཆེད་པའི་མེས་ཚིག་ཅིང་རང་གི་མེ་ལྕེས་ཤིང་གཅེར་པ་བསྐམས་ཤིང་རྙིས་པ་ལག་པ་དང་། རྐང་པ་དང་། སོ་དང ་སྐྲའི་དུམ་གྲུགས་ཀྱིས་གང་ཞིང་ཟླ་བ་དྲི་མ་མེད་པའི་འོད་ལྟ་བུའི་ཀེང་རུས་ཀྱི་ཕུང་པོ་ཡོད་ལ་སྐད་ཅིག་ཏུ་རོ་ལངས་བྱུང་ནས་ཨ་ལ་ལ་ཨ་ལ་ཞེས་སྒྲ་འབྱིན་ཅིང་། མེ་སྟག་དང ་བཅས་པའི་གད་མོ་དྲག་པོས་འབྱུང་པོ་འཁྲུགས་ཤིང་སྐྲག་པར་གྱུར་པ། ཅེ་སྤྱང་མེ་ཤིས་པའི་ཁ་ནས་དུ་བ་དང་བཅས་པའི་མེ་ལྕེ་འབྱུང་བའི་དུར་ཁྲོད་ཆེན་པོ་དག་ན་བུད་མེད་ཀྱི་རོ་སྤོས་ཤིང ་ལྟོ་ལྒང་ངེར་གྱུར་པའི་སྟེང་ན་འདུག་ཅིང་དགའ་བའི་བྱ་རྒོད་ཀྱི་མཆུ་དང་སྡེར་མོས་བྲད་ཅིང་ལྟོའི་ནང་ན་སྲིན་བུའི་རིགས་རྣམས་གནས་པ། ཅེ་སྤྱང་གི་སྟོབས་ཀྱི་ཤུགས་ཀྱིས་དྲངས་པའི་ནང ་ཁྲོལ་དྲི་མི་ཞིམ་པའི་དུམ་བུས་འཁོར་ལ་བྱ་ཁྲ་བཀྲེས་པས་མིག་གི་ཤ་བྲུས་པ་དག་ལ་གཟིགས་ཤིང་རྟག་ཏུ་མི་སྡུག་པ་བསྒོམས་ཏེ་གང་དག་ཁ་ཅིག་རོ་ཡི་གནས་མལ་དོང་ནས་ནི།། ་ཁྲག་དང་ས་ཆགས་དམར་ཞིང་རྩུབ་པའི་སྒྲ་འཁྱིལ་དང་།། བྱ་ཡི་མཆུ་དང་སྡེར་མོས་མིག་རྒོ་བྲུས་པར་ཡང་།། མི་རོ་བྲོར་བ་ལུས་ལ་གཟིགས་པར་གྱུར་པ་དང་།། སྒོ་དང་སྲང་བར་ལ། ་ལར་མེ་འབར་མེ་ལྕེའི་རྩེམ་མང་པོས་མགོ་རྨོངས་ཤིང་།། རལ་གྲི་གཏུན་དང་རྡོབས་བསྣུན་ཅིང་བརྡུངས་ནས་སྐྱེ་བོ་ཁུ་ཅོ་འདོན་གྱུར་ལ།། གཤིན་རྗེའི་ཕོ་ཉ་སྙིང་བརྩེ་མེད་པ་སྡོད་ཅིག ་ཟེར་བའི་བཟོད་རླག་སྒྲས་གང་བའི།། སེམས་ཅན་དམྱལ་བ་རྣམས་སུའང་སྲོག་ཆགས་དོན་ཕྱིར་གང་དག་སྐད་ཅིག་འཇུག་པ་དང་། གཞན་ཡང་ཤ་བ་རི་མིའི་དུག་མངས་གླང་པོ་ཆེ་འཁྲུགས་པའི། ་མདུན་ལོགས་ན་ཡལ་ག་བྲེགས་པའི་སྡོང་བུ་ཡོད་པ་ཕྱོགས་ཀྱི་བར་ནས་རླུང་ཆེན་པོ་ལངས་པས་འོད་མའི་ཚལ་བསྐྱོད་ནས་འཁྲི་ཤིང་གི་དྲ་བ་དང་འཇུད་པ་ལས་མེ་བྱུང་བའི་མེ་ལྕེས་ཤིང ་མཆོག་སྣ་ཚོགས་ཚིག་ནས་རི་དགས་དང་ཕག་རྒོད་མཆོག་མགྱོགས་པ་བརྒྱ་དགེ་སྐྲག་ཅིང་མགོ་རྨོངས་པ་ཡོད་པ་ཤིང་ལོ་མང་པོ་ལྷགས་ཤིང་རྙིས་པ་ཅན། བསིལ་བའི་གྲིབ་མ ་སང་སེང་མེད་པ་ཉམས་དགའ་བའི་ལོངས་སྤྱོད་ཡོད་པ། ནགས་ཀྱི་མ་ཧེ་དང་ཕག་རྒོད་ཀྱི་མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀ་ཧ་ར་བསྐྱོད་པས་ཆུ་དྲི་ཞིམ་པོར་གྱུར་པའི་མཚེའུ་འགྲམ ་ན་ཤིང་ལ་སྤྲེའུ་ཁྱུ་གནས་པ། ཉེ་འཁོར་གྱི་རི་ལས་ཆུ་རླབས་མི་དྲག་པར་འབབ་པས་འཁོར་ནས་ནེའུ་གསིང་མོད་པའི་ས་གཞི་ཡོད་པའི་འབྲོག་དག་ན། ཞི་བའི་བདག་ཉིད་ཅན། འཆག་པ ་དང་། ཀློག་པ་དང་ཁ་ཏོན་དང་བསམ་གཏན་ལ་མངོན་པར་བརྩོན་པ་གང་དག་བག་མེད་པའི་གནས་དང་ལ་བབ་པ་ཡལ་བར་མཛད་པ་རྣམས་དང་། རི་བོའི་རྡོ་ལེབ་ཆེ་ཞིང་ཡངས་ལ་རབ་ཏུ ་སྡུམ་པ་འདྲ་གུར་ཅིང་།། གློག་གི་འཕྲེང་བར་མི་རྟོགས་ཡོད་ལ་འཇར་ཡིས་བཀྲ་བའི་བདག་ཉིད་ཅན།། ཆུ་བསིལ་སྤྲིན་ཆགས་རྣམས་ལ་ཆུ་འབབ་ཟེར་ཕྲན་ཆགས་པའི་ཇི་ལྡན་སྤྱན ་བསེར་བུས་ན་བཟའ་གཡོ་བ་གང་དག་ཉི་མའི་གུང་ལ་བཞུགས་པ་དང་།། དེ་བཞིན་དུ་རྟག་ཏུ་གོམས་པའི་ལམ་ནས་འདོང་བའི་གླང་པོའི་ཁྱུའི་རྨིག་རྗེས་ཡོད་པ་ག་ནགས ་ཀྱི་མ་ཧེ་འཁྲུགས་པའི་རྭས་གྲོག་འཁར་ཆེན་པོ་བཤིག་པའི་ཤོལ་གྱི་ཁུང་བུ་ནས་སྦྲུལ་གྱིས་ལུས་ཕྱེད་ཕྱུང་སྟེ། ནགས་ཀྱི་རླུང་འགམ་པ་ཡོད་པ་སྔ་ཚལ་སྟུག་པོ་དང་། འདམ་བུ་དང་། ཤིང་། ་ཀ་ཤ་སྟུག་པོའི་ཁྲོད་ན། སྟག་ཟུང་དུ་གནས་པ་ཅན་ཕག་རྒོད་ཀྱི་སྣས་གྲོགས་པའི་གླང་སྒང་གི་རྩེ་བ་འཛིངས་པ་རལ་པ་ལྟེར་འདུག་པ་ཡོད་པ། ཤིང་ནི་ཙུ་ལོའི་མེ་ཏོག་བྲུལ་བས་རྡོ་བ་རྩཝ་དམར ་བར་གྱུར་པ་ཡོད་པ། གཤོང་གི་ཕྱོགས་སུ་རི་དགས་ཀྱི་ཁྱུ་འདམ་རྫབ་ཐོགས་པ་ཡོད་པ་ཤིང་ལོ་དྲི་སྔོན་པོ་སྟུག་པོར་སྐྱེས་པ་མང་པོ་ཡོད་པའི་གཤེར་སའི་ཆུ་དགུར་དག་ཏུ་མངོན་པར་དགྱེས་ཤིང ་དགེ་བའི་ཕྱོགས་སྟོན་པ་རྣམས་དང་རིན་པོ་ཆེའི་འོད་ཟེར་གྱི་ཆུ་རྩ་དམར་བར་གྱུར་ལ། ཐུགས་བསམ་གཏན་ལ་ཞེན་པས་དཔག་བསམ་གྱི་ཤིང་གི་ལྕུག་མའི་རྩེ་མོས་རེག་པའི་རི་སྤོས་ཀྱི་ངང ་ལྡང་གི་སུལ་ན་རྩོལ་བ་མེད་པ་གང་དག་བཞུགས་པ་དང་གང་དག་སེང་གེ་བསྒྱིངས་པ་ཡོད་པ་རི་དགས་རྒྱུ་བ་དང་ལྡན་པ་དང་། ཆུ་འདུས་ཏེ་འབད་པ་ཡོད་པ། གཡོས་པས་སྟེང་གི་རྩེ་མོ་ལྡེམ ་པའི་སྔངས་ཀྱིས་སྐར་མའི་ཚོགས་འཕགས་པ། སའི་སྟེང་ན་ལྕི་བ་ལྷུན་པོ་ལྕུག་ཕྲན་ལ་ལ་བྱ་བཞིན་དུ་བསྒྲིམི་མི་དགོས་པར་ཞབས་ཀྱི་སོར་མོ་སའི་འོག་གི་རྨང་དང་བཅས་པར་འཕེན་པ་དག་དང་། ་ཏིང་ངེ་འཛིན་ཐོབ་པ་གང་དག་ཆར་པའི་ཆུས་རྡོལ་བའི་བུག་དུ་མ་ནས་ཉི་མའི་འོད་ཟེར་བྱུང་བ། ཟླ་བ་ལ་བུ་ཡོད་ཅིང་རྨང་རྡོ་དང་རྩིག་ངོས་ཤག་ཤིག་ཏུ་གྱུར་པའི་མཚམས་སུ་བརྒྱ་ཆགས ་ལ། སྦྲུལ་གསོབ་རླུང་གིས་གང་སྟེ། ལྒང་ངེར་འདུག་པའི་འཕྲེང་བ་རྟག་ཏུ་ཡོད་ཅིང་། ནགས་ཀྱི་རི་དགས་ཀྱི་ལྕེས་ཚ་སྒོ་རྡུལ་ཅན་རྩུབ་པོ་བལྡགས་པས། ཤིང་རྩ་སང་སེང་དུ་གྱུར་པ་ཡོད་ལ། ་རྨིག་རྨང་དུ་སྲིན་བུ་གོ་དེའི་ཚོགས་རིང་ནས་གནས་པར་གྱུར་ཅིང་། སྲེ་མོ་མགོ་བསྟོད་དེ་ཕྱོགས་སུ་ལྟ་བས་བྱི་བ་སྐྲག་པ་ཡོད་ལ། ནང་དུ་རྩཝ་སྔོན་པོ་སྟུག་པོ་སྐྱེས་པའི་འཇིག་པའི་དྲུང་གི ་གསེབ་ན་བྱེ་མ་ལེབ་རྒྱུ་བ་ཡོད་ཅིང་། འུག་པ་མང་པོ་སྒྲ་འབྱིན་ཅིང་གླུ་ལེན་པ་ལྟ་བུ་ཡོད་པའི་གྲོང་སྟོང་སུས་ཀྱང་ཏིང་ངེ་འཛིན་མ་བྱས་པ་རྣམས་ན། སྟོན་པའི་བཀའ་ནན་གྱིས ་བསྒྲུབ་པ་རྣམས་དང་། གཞན་ཡང་གང་དག། གལག་གི་རྨིག་པས་རྡོ་བཅག་ཡོད་ཅིང་སྤྲིམ་གླེངས་ལྡན་གྱུར་ལ།། མཐའ་མར་ས་རལ་དང་ཐང་ཤིང་སྐྱེས་ལ་ཆུ་བསིལ་མི་ལེབས་འདབ ་ཡོད་ཅིང་།། བསམ་གཏན་ཞེན་པའི་གློས་ན་ཁ་བབབ་པས་ཆོས་གོས་ལྕི་ཞིང་ཟག་གྱུར་ཀྱང་།། གངས་རི་དག་གི་ལྡོང་ན་འགྲོ་བ་ཤིང་གི་དྲུང་དུ་བཞུགས་པར་དགྱེས་པ་དང་།། ནང་ན་ཆུ ་སྲིན་འཁྲུགས་ཏེ་གཡོས་པས་ཉ་རྣམས་ཀུན་འབྱེར་ཞིང་།། སྐོམ་པས་ཉམ་ཆུང་གྱུར་པའི་སྤྲིན་བཏུང་ཁ་ཡིས་ཆུ་འཐུང་ལ།། གཤོང་དུ་འཁྱིལ་བར་སྤུ་ལ་དབུགས་ཕྱུང་བས་དབའ་རླབས ་རྒྱུན་འཆད་པའི།། རྒྱ་མཚོ་ལ་ཡང་མཚན་མོ་བརྟན་པ་གང་དག་འཆག་མཛད་པ།། སྣོད་གྱུར་བདག་ཉིད་ཐུགས་ལྡན་གཙང་མའི་ལྷུང་བཟེད་ཕྱག་བསྡམས་ཤིང་། ་བསོད་ནམས་ལྡན་པའི་སྐུ་ལུས་ན་བཟའ་ཆོས་གོས་རབ་གཡོ་བ།། དེ་དག་སང་གི་གདུགས་ནི་གནམ་གྱི་གུང་དུ་ཕྱིན་པ་ན། ཀཎྜཱི་བརྡུངས་པའི་སྒྲ་སྙན་སྐད་གསང་གྲགས་པའི་ཚེ།། བསྟན་བཅོས། ་སྣ་ཚོགས་ཀྱི་དེ་ཁོ་ན་གོམས་པའི་ཆུ་བླུགས་པས་མི་ཤེས་པའི་སེམས་ཀྱི་དྲི་མ་བཀྲུས་པའི་ཁམས་པའི་ཚོགས་འདུས་པ། ཉི་མ་ཤིན་ཏུ་མང་པོ་དང་ནས་འདྲེས་པའི་སྲིད་པའི་སྤྲོས་པ་བཅད་པ ་བདེ་བར་གཤེགས་པའི་གསུང་རབ་རིན་པོ་ཆེའི་སྦོམ་དུ་གྱུར་པ། དགེ་བའི་ཆོས་བདུད་རྩིའི་བཏུང་བའི་གཞི་བྲོ་ཡེ་ཤེས་ཀྱི་གསེར་མ་རྟོགས་པ་བདར་བའི་བརྡར་རྡོ་སྔོན་པོར་གྱུར་པ་ལེགས ་པར་སྤྱད་པ་སྟོང་གི་ཚོགས་བསགས་པས་གྲགས་པ། རྒྱ་ཆེ་བ་དང་ལྡན་པ། སྦྱིན་བདག་ཆེན་པོ་བདག་ཉིད་ཆེན་པོ་ཅན་སྟོན་གྱི་ནམ་ཐང་བ་ལྟ་བུའི་ཡིད་དང་ལྡན་པ་མིང་འདི་ཞེས་བྱ ་བ་འདིའི་གན་དུ། མ་ཧེའི་རྭ་ལྟར་སྔོ་ཞིང་དྲི་མེད་མཁའ་ལས་འཐུང་།། གཟི་བརྗིད་ཀྱིས་ནི་ཉི་མའི་འོད་སྟོང་འབོར་ཞིང་མངོན་དུ་རྫོགས་ནས་འོང་བའི་སྤྲིན་ནི་དྲལ་ནས་སུ།། སྐྱེ་བོ་ཕན་ཕྱིར ་ཐུབ་རྣམས་སང་འདིར་གཤེགས་སུ་གསོལ།། རྒྱུན་མི་འཆད་པར་ཏིང་ངེ་འཛིན་དང་། ཀློག་པ་དང་། འཆང་བ་དང་སྐྱེ་བོ་བླ་མ་ལ་སྟེན་པར་མངོན་དུ་དགའ་བའི་བློ་གྲོས་དང་ལྡན་པ། མྱ་ངན་ལས ་འདས་པའི་ལམ་གྱི་རྗེས་སུ་འཐུན་པའི་ཁ་ན་མ་ཐོ་བ་མེད་པའི་རིག་པ་གསུམ་རབ་ཏུ་སྒྲུབ་པ། ཉོན་མོངས་པ་ལས་གྲོལ་བར་འདོད་པའི་དགེ་སློང་གང་དག་འདི་ན་གནས་པ། འདུལ་བའི་ཆོ་ག་ལ། ་གོམས་པ། ལུས་དང་། ངག་དང་། མིད་ཀྱི་འཇུག་པ་ཞི་བ་དང་ལྡན་པ་དེ་དག་ཀྱང་མ་ལུས་པར་ཅི་བདེར་དོ་མོད་ཀྱི་མཚན་མོ་ཟད་པར་མཛོད་ལ་འདི་ཉིད་དུ་གནས་པར་མཛོད་ཅིག། ཐུབ་པའི ་སྲས་མོ་ཤེས་རབ་ཞི་དང་དུལ་བས་བརྒྱན་པའི་དགེ་སློང་མ།། ཐ་དད་གླིང་དང་ཀླུ་དང་ནགས་དང་རིང་གནས་སྤྲོས་པའི་བསམ་བྲལ་ཞིང་།། འདོད་ཆགས་ཞེ་སྡང་གཏི་མུག་དྲི་བྲལ་མཆོད ་འོས་འགྲོ་བའི་མ་ལྟ་བུ།། དེ་དག་དགྱེས་པར་མཛོད་ལ་སྦྱིན་པ་དག་པར་བཞེད་པས་སང་འདིར་སྤྱོན།། ཕྱག་ན་རྡོ་རྗེ་ལ་སོགས་ལ་གནོད་སྦྱིན་གཙོ་བོ་དང་།། གྲུབ་པ་རྣམས་དང་གང་དག ་ལྷ་མ་ཡིན་དང་ཀླུ་རྣམས་དང་།། སངས་རྒྱས་ལ་ནི་རབ་ཏུ་དད་པའི་ལྷ་མཆོག་གང་ཡིན་པ།། དེ་དག་རྣམས་ཀྱང་སྦྱིན་བདག་འདི་ལ་ཕན་ཕྱིར་སང་སྤྱོན་ཅིག། ལྷ་དང་། ཀླུ་དང་གནོད ་སྦྱིན་དང་། རིག་སྔགས་འཆང་དང་། གྲུབ་པ་དང་མེ་འམ་ཅི་དང་། ནམ་མཁའ་ལྡིང་ལ་སོགས་པ་འབྱུང་པོ་ཆེན་པོ་རྣམས་དང་། སྟོབས་བཅུ་མངརའ་བའི་བསྟན་པའི་ཡོན་ཏན་སྒྲུབ་པ ་དང་ལྡན་པ་རྣམས་ཀྱིས་ཀྱང་དམ་པའི་ཆོས་གནས་པར་བྱ་བ་དང་། སྦྱིན་བདག་ཆེན་པོ་བདག་ཉིད་ཆེ་བ་འདི་སྣོད་བཟང་པོ་ལ་སྦྱར་བ་དང་། སྦྱིན་པ་ཆེན་པོ་འདི་ལ་གྲོགས་བགྱི་བས། ཉིད་ཀྱི ་དགེ་བའི་ཡོན་ཏན་བསྐྱེད་པ་ལ་ནན་ཏན་མཛོད་ཅིག། རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ་ལ་བརྩོན་པར་མཛོད་ཅིག། ཡང་དུལ་བ་དང་། ཚུལ་ཁྲིམ ་དང་། ཐོས་པས་ཤིན་ཏུ་ཆེ་བའི་འཕགས་པའི་དགེ་སློང་གི་དགེ་འདུན་འདུས་པ་ལ་ག་སོལ་བ་འཚལ་ལོ།། ལྷུན་པོ་ལས་བྱུང་སྦྲུལ་མགོ་ལྔ་འདྲ་རྡོ་རྗེ་ཀ་ན་ཀ། ཉ་དང་གདུགས་དང་འཁོར ་ལོ་དག་དང་ལྕགས་ཀྱུའི་མཚན་མངའ་བ།། པདྨ་གསེར་གྱི་དཔལ་ལྡན་ཕྱག་སོར་དྲ་བ་སྲབ་མོས་འབྲེལ།། སེན་མོ་འོད་ཀྱིས་ཁྱབ་པ་རྒྱལ་བའི་ཕྱག་གིས་བསྐྱབ་པར་ཤོག། སྲིད་པའི་འདོད། ་ཆགས་ཉོན་མོངས་ཞགས་པ་བསལ་ཅིང་སྲེད་མེད་ལ།། ཆུ་ཡི་ཆུ་གཏོར་ལྟ་བུར་ཡོན་ཏན་རྣམས་ཀྱི་གནས་གཅིག་པོ།། ཐུབ་པའི་སྲས་མཆོག་དགེ་འདུན་བདག་གིས་གུས་པ་སྤྱན་དྲངས་པས། ་དེ་རིང་དགེ་བ་གང་བསགས་དེས་ནི་བྱང་ཆུབ་ཐོབ་གྱུར་ཅིག། ཇི་སྲིད་མཁའ་ལ་འོད་དྲོ་འོད་ཀྱིས་གསལ་བ་རྣམ་པར་སྣང་བྱེད་ཅིང་།། རི་དགས་རྟགས་ཅན་འོད་ཀྱི་རགས་པའི་དཀྱིལ ་འཁོར་ལྡན་ལ་འཆར་བ་དང་། རྒྱ་མཚོ་རྒྱས་པར་གནས་པ་དེ་སྲིད་ལྷ་དང་ལྷ་མིན་ཕྱག་བྱས་པའི།། བདེ་བར་གཤེགས་ཀྱི་བསྟན་པ་ཐོགས་པ་མེད་པ་ས་ལ་གནས་པར་ཤོག། གནས ་བརྟན་སྤྱན་དྲངས་པ་རྫོགས་སོ།། ། ཨཱ་ཙརྱ་ཛི་ན་མི་ཏྲ་དང་། བནྡེ་ཡེ་ཤེས་སྡེས་བསྒྱུར་ཏེ་གཏན་ལ་ཕབ་པ།། ་