CLOSE WINDOW

Ty046-015: 'phags pa rgyal bu don grub kyi mdo
Wyliee-texts produced with BDRC’s OCR application

ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་འགོས་ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། འཕགས ་པ་རྒྱལ་བུ་དོན་གྲུབ་ཀྱི་མདོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་འཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ ་ནུ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་པ་དང་། དགེ་བསྙེན་མ་གྲངས་མེད་པ་དང་ཐབས་ཅིག་ཏུ་བཞུགས་སོ།། དེའི་ཚེ་བཅོམ་ལྡན་འདས་འཛུམ་པ་མཛད་ནས། ཞལ་གྱི ་སྒོ་ནས་འོད་ཟེར་ཁ་དོག་སྣ་ལྔ་དང་ལྡན་པ་བཀྱེ་བ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། གོས་ཚིགས་བཅོས་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད ་ཅེས་གསོལ་ཏོ།། བདག་གིས་སངས་རྒྱས་ཀྱི་ཞབས་འབྲིང་ལོ་ཉི་ཤུ་བགྱིས་ཀྱིས་བར་དུ། དེ་འདྲ་བར་བཞད་པ་མ་མཐོང་ན། བཅོམ་ལྡན་འདས་ཀྱིས་སངས་རྒྱས་སྔོན་འདས་པ་འམ། ་མ་བྱོན་པ་འམ། ད་ལྟར་བཞུགས་པའི་སངས་རྒྱས་དགོངས་སམ། དེ་མ་ལགས་པ་ལ་དགོངས་པ་དོན་བསྟན་དུ་གསོལབཅོམ་ལྡན་འདས་ཀྱིས། ཀུན་དགའ་བོ་ལ་བཀར། ་སྩལ་པ། སངས་རྒྱས་འདས་པ་འམ། མ་འོངས་པ་འམད་ལྟར་བཞུགས་པ་ལ་དགོངས་པ་མ་ཡིན་གྱིམངོན་པར་དྲན་པ་ང་སྔོན་བསྐལ་པ་གྲངས་མེད་པའི་ཕ་རོལ་ན ་སྦྱིན་པ་བྱིན་པའི་དངོས་པོ་ལ་དགོངས་ཏེ། དེའི་ཚེ་དེའི་དུས་ན་ཡུལ་ཡ་བ་ཞེས་བྱ་བར་རྒྱལ་པོ་དགེ་བ་ཞེས་བྱ་བ་དྲང་པོའི་ཆོས་ཀྱིས་ཡུལ་གྱི་སྲིད་འཛིན་ཏེ། འགྲོ་བ་མང་པོ་སྐྱོང་བ ་ཞིག་བྱུང་ངོ་།། རྒྱལ་པོ་དེ་ལ་བློན་པོ་ནི་བཞི་སྟོང་ཞིག་ཡོད་དེ། རྒྱལ་ཕྲན་དྲུག་ཅུལ་དབང་བསྐུར་རོ།། གྲོང་ཁྱེར་ཆེན་པོ་བརྒྱད་བརྒྱ་དང་། བལ་གྱི་གླང་པོ་ཆེ་ལྔ་བརྒྱ་ཡོད་དེ་ག་རྒྱལ ་པོ་ལ་བཙུན་མོ་ཉི་ཁྲི་ཡོད་ཀྱང་། སྲས་མི་མངའ་བས་རི་དང་ཀླུང་གི་ལྷ་གཉན་པོ་ལ་མཆོད་འབྲང་བྱས་ནས། བཙུན་མོ་དམ་པ་ལ་སྲས་མངའ་བར་གྱུར་ཏེ། བཙུན་མོའི་མལ་ཆ་དང་། ་ཟས་དང་། སྐོམ་ལ་སོགས་པ་ཡོ་བྱད་གདམ་ཞིང་བཟང་པོར་སྦྱར་ནས། རྒྱལ་པོ་ཉིད་ཀྱིས་རིམ་གྲོ་བྱས་ཏེ་ཟླ་བ་བཅུར་ཚང་ནས། རྒྱལ་བུ་གཅིག་བཅས་སོ།། ཕོ་བྲང་གི་བཙུན་མོ་ཉིའི ་སྙེད་ཀྱང་རྒྱལ་བུ་ཞིག་བཙས་ཞེས་ཐོས་ནས་ཐམས་ཅད་དགའ་མགུ་རངས་ཏེ། ནུ་ཞོའང་རང་བྱུང་བས། རྒྱལ་བུའི་མཚན་ཡང་དོན་གྲུབ་ཅེས་བཏགས་སོ།། རྒྱལ་བུ་ལ་ནུ་ཞོ་བསྣུན་ཅིང་རིམ ་གྲོ་བྱེད་པ་བཞི་ཞིག་བསྐོས་ཏེ། གཅིག་ནི་ནུ་ཞོ་བསྣུན་པའི་ལས་བྱེད། གཅིག་ནི་རྒྱལ་བུ་པང་དུ་ཁྱེར་བར་བསྐོས། གཅིག་ནི་རྒྱལ་བུ་བཀྲུ་བའི་ལས་བྱེད་པར་བསྐོས ་གཅིག་ནི་རྒྱལ་བུ་རྩེར་འགྲོ་བའི་ལས་སུ་བསྐོས་སོ།། དེ་ལྟར་བསྐོས་ནས། རྒྱལ་བུ་ལོ་བཅུ་དྲུག་ལོན་པ་དང་། ཡིག་རྩིས་དང་། འཕོང་རྩལ་དང་། བཟོ་དཔྱད་དང་། རོལ་མོ་ལ་སོག། ་པ་གང་ཡང་མི་ཤེས་པ་མེད་དེ། ཐམས་ཅད་ཀྱང་ལོབས། རྒྱལ་པོ་ཡབ་དང་ཡུམ་ལ་ཡང་ལྷ་བཙུན་འདྲ་བར་རིམ་གྲོ་བྱེད་དོ།། རྒྱལ་པོས་ཀྱང་རྒྱལ་བུའི་ཕོ་བྲང་ལོགས་ཤིག་ཏུ་བརྩིགས། ་སོ།། རྒྱལ་བུ་དེ་ཆུང་ནས་སྦྱིན་པ་ལ་དགའ་ནས། མི་ལ་སོགས་ཏེ་རི་དྭགས་དང་། འདབ་ཆགས་བྱའི་བར་དུ་སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་དགའ་སྟེ། ཚིག་ཏུ་ཡང་གང་མི་ཤིས། ་པ་གཏི་མུག་ཅན་ནི་སྦྱིན་པ་ལ་མི་དགའ་བས། བདག་གིས་བདག་བསླུས་ཏེ། ཕན་པའི་དོན་མེད་ཀྱི། མཁས་པ་ཤེས་རབ་ཅན་ནི། འཇིག་རྟེན་གནས་ཀྱང་སྦྱིན་པ་ལ་ཡོན་ཏན་ཆེར་མཐོང་། ་སྟེ། སྦྱིན་པ་བྱིན་པས་སྔ་མ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་དང་། རང་སངས་རྒྱས་དང་། འཕགས་པ་དགྲ་བཅོམ་པ་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས ་པར་འགྱུར་རོ་ཞེས་སྨྲས་སོ།། རྒྱལ་བུ་བགས་ཀྱིས་ཆེར་སྐྱེས་ནས། རྒྱལ་པོ་ཞིག་གི་བུ་མོ་མན་ཏེ་ཞེས་བྱ་བ་མངར་བྱད་བཟང་ལ་སྡུག་པ། དཔེ་ཟླ་མེད་པ། གསེར་དང་། དངུལ་དང་། བིཌཱུརྱ ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་བརྒྱན་པ་གཅིག་བཙུན་མོར་བླངས་ནས། བུ་མི་སྲིང་གཉིས་ཤིག་ཡོད་པར་གྱུར་ཏོ།། དེ་ནས་རྒྱལ་བུ་དེ་སྦྱིན་པའི་ཕ་རོལ་དུ་ཕྱིན་དྲའི་དོན་སེམས་པ་ལ་ཞུགས་ནས། ་ཡབ་རྒྱལ་པོ་ལ་བདག་ནི་རྩེ་ཞིང་ལྟར་མཆི་ཞེས་གསོལ་པ་དང་། རྒྱལ་པོས་ཀྱང་དེ་བཞིན་དུ་གནང་ངོ་།། དེ་ནས་རྒྱལ་བུ་ཕོ་བྲང་ནས་བྱུང་བ་དང་། བརྒྱ་བྱིན་ལྷའི་དབང་པོས་གྲོང་ཁྱེར་གྱི ་སྒོ་ལམ་སྲང་དག་ན། དབུལ་འཕོངས་པ། ལོང་བ། འོན་པ། ལྐུགས་པའི་སློང་མོ་པ་དག་ཅིག་སྤྲུལ་ནས་སྡོད་དུ་བཅུག་གོ། རྒྱལ་བུས་དེ་དག་མཐོང་བ་དང་། དེ་མ་ཐག་ཏུ་ཕྱིར་ལོག ་ནས་ཕོ་བྲང་དུ་ཞུགས་ཏེ། མྱ་ངན་ཆེན་པོས་ནོན་ནས། མི་དགའ་ཞིང་འདུག་པ་ལ། ཡབ་རྒྱལ་པོས་སྲས་རྒྱལ་བུ་ལ་འདི་སྐད་ཅེས་བསྒོའོ།། རྩེ་ཞིང་ལྟད་མོ་ལྟར་བཏང་ན། ཅིའི་ཕྱིར ་མི་དགའ་ཞིང་མྱ་ངན་བྱེད་པར་གྱུར་ཅེས་དྲིས་པ་དང་། རྒྱལ་བུས། ཡབ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། བདག་རྩེ་ཞིང་ལྟད་མོ་བལྟར་མཆིས་པ་ལས། སློངས་མོ་པ་ལོང་བ། འོན ་པ། ལྐུགས་པ་མང་པོ་དང་མཇལ་བས་མྱ་ངན་གྱིས་ནོན་པར་གྱུར་ཏེ། ང་ཡབ་རྒྱལ་པོ་ལ་གསོལ་བ་རྣམ་པ་གཅིག་གསོལ་ན། རྒྱལ་པོས་གནང་ངམ། ཡང་རྒྱལ་པོས་ཀྱང་རྒྱལ་བུ་ཁྱོད་ཅི་དང་ཅི་འདོད་པ ་སྨོས་ཤིག་དང་གནང་བར་བྱའོ་ཞེས་བསྒོ་བ་དང་། རྒྱལ་བུས་ཡབ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། བདག་ནི་ཡབ་རྒྱལ་པོ་ལ་མངའ་བའི་བང་མཛོད་ན་རིན་པོ་ཆེ་མཆིས་པ་རྣམས་གྲོང་ཁྱེར་གྱི་སྒོ་བཞི ་དང་ཚོང་དུས་སུ་སྤུངས་ཏེ། སློངས་མོ་པ་ཐམས་ཅད་ལ་ཡིད་དང་མི་འགལ་བར་སྦྱིན་པ་བགྱིད་པར་འཚལ་ལོ་ཞེས་གསོལ་པ་དང་། རྒྱལ་པོས་སྲས་རྒྱལ ་བུ་ཁྱོད་ཅི་དང་ཅི་དགའ་བ་ཡིད་དང་མི་འགལ་བར་གནང་ངོ་ཞེས་བསྒོའོ།། དེ་ནས་རྒྱལ་བུས་བློན་པོ་རྣམས་ལ་བསྒོ་ནས་ནོར་དབྱིག་རིན་པོ་ཆེའི་རྣམས་ཤིང་རྟས་བསྐྱས་ཏེ། གྲོང་བྱེར།། ་གྱི་སྒོ་བཞི་དང་ཚོང་དུས་སུ་སྤུངས་ནས་ཕ་རོལ་པོ་འདོད་པ་བཞིན་སྦྱིན་པ་བྱིན་པ་དང་། ཡུལ་ཁམས་ཕྱོགས་བརྒྱད་ཀུན་ཏུ་རྒྱལ་བུའི་ཡོན་ཏན་གྲགས་པར་གྱུར་པས། ཁ་ཅིག་ནི་དཔག་ཆད ་བརྒྱ། ཁ་ཅིག་ནི་དཔག་ཚད་སྟོང་། ཁ་ཅིག་ནི་དཔག་ཚད་ཁྲིའི་ཕ་རོལ་ནས་ལྷགས་ཏེ། ཁ་ཟས་དང་སྐོམ་འདོད་པ་ལ་ནི་ཟས་སྐོམ་བྱིན། གང་གོས་དང་བགོ་བ་འདོད་པ་ལ་ནི་གོས་དང་བགོ་བ་བྱིན ་གང་གསེར་དང་། དངུལ་དང་། རིན་པོ་ཆེ་འདོད་པ་ལ་ཡང་ཅི་འདོད་པ་བཞིན་ཡིད་དང་མི་འགལ་བར་གང་ཡང་མི་གཏོང་བ་མེད་དོ།། དེའི་ཚེ་དེའི་དུས་ན་དགྲ་ཟླར་གྱུར་པའི་རྒྱལ་ཁམས་གཅིག ་ཅིག་ཡོད་པ་དེས་རྒྱལ་བུ་སྦྱིན་པ་བྱིན་པ་ལ་དགའ་བས། ཕ་རོལ་པོ་ཅི་འདོད་པ་བཞིན་ཡིད་དང་མི་འགལ་བར་ཡོངས་སུ་གཏོང་ངོ་ཞེས་ཐོས་ནས་བློན་པོ་རྣམས་དང་། མཁས་པ་བློ་དང་ལྡན ་པ་ཀུན་ལ་སོགས་པ་བསྡུས་ཏེ། འདི་སྐད་ཅེས་འགྲོས་སོ།། ཡུལ་ཡ་བའི་རྒྱལ་པོ་ལ་བལ་གྱི་གླང་པོ་ཆེ་པདྨོའི་སྟེང་ནས་འགྲོ་བ་སུ་ཏ་ཡ་ཞེས་བྱ་བ་སྟོབས་དང་ལྡན་པ་ཞིག་ཡོད་དེ། དེ་དག་ན་མ་ངགྲ། ་ཟླའི་རྒྱལ་ཁམས་གཞན་དང་འཐབ་པའི་ཚེ། བལ་གྱི་གླང་པོ་ཆེ་དེས་རྟག་ཏུ་རྒྱལ་བར་གྱུར་པས་ན། ཁྱེད་ལས་སུ་ཞིག་དེར་སོང་སྟེ། སློང་བར་ནུས་ཞེས་བགྲོས་ན། བློན་པོ་ལས་གང་ཡང ་འགྲོ་ནུས་པ་མ་བྱུང་ངོ་།། དེའི་ནང་ན་བྲམ་ཟེ་མི་བརྒྱད་ཅིག་གིས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། བདག་ཅག་གིས་སློང་ཞིང་མཆི་བར་འཚལ་ན། བདག་ཅག་གི་ཚོགས་དང་བརྒྱགས་སྦྱོར ་ཅིག་ཅེས་གསོལ་པ་དང་། རྒྱལ་པོས་དེའི་ཚོགས་དང་བརྒྱགས་སྦྱར་ནས། བྲམ་ཟེ་ལ་འདི་སྐད་ཅེས་བསྒོའོ།། གལ་ཏེ་ཁྱེད་ཀྱིས་བལ་གླང་དེ་ཁུགས་དེ་འོངས་ན། བྱ་དགའ་ཆེར་སྦྱིན་ནོ་ཞེས ་གཙིགས་བྱས་སོ།། དེ་ནས་བྲམ་ཟེ་བརྒྱད་པོས་འཁར་བ་ཐོགས་ཏེ། ལ་ལུང་བགྲོད་ནས་ཡུལ་ཡ་བ་གང་ན་བ་དེར་སོང་ངོ་།། ཡུལ་དེར་ཕྱིན་ནས། རྒྱལ་པོའི་སྒོར་འཁར་བ་ལ ་སྐོམ་ཚུགས་བཅས་ཏེ། རྐང་པ་ཡ་གཅིག་གིས་འགྲེང་ཞིང་སྡོད་དོ།། དེ་ནས་རྒྱལ་བུའི་སྒོ་སྲུངས་ཕོ་བྲང་ནང་དུ་སོང་ནས། ཕྱི་རོལ་ན་བྲམ་ཟེ་དག་ཅིག་ལྷགས་ཏེ། འཁར་བ་ལ་སྐོམ་ཚུགས ་བཅས་ནས་རྐང་པ་ཡ་གཅིག་གིས་འགྲེང་ཞིང་སྡོད་དེ། བདག་ཅག་ནི་ལམ་རིང་པོ་ནས་ཆེད་དུ་འདིར་སྤོང་དུ་འོངས་སོ་ཞེས་མཆིའོ།། རྒྱལ་བུས་དེ་སྐད་ཅེས་སྨྲས་པ་ཐོས་ནས་རབ་ཏུ་དགའ་སྟེ། ་མོད་ལ་ཕྱི་རོལ་དུ་བྱུང་ནས་བསུས་ཏེ་ཕྱག་བྱས་སོ།། དཔེར་ན་པ་དང་བུ་ཕྲད་པ་ཙམ་དུ་གཅིག་ལ་གཅིག་གིས་སྤྲོ་བའི་ཚིག་གིས་ཁྱེད་གང་ཕྱོགས་ནས་འོངས།། ལམ་དུ་ཉོན་མ་མོངས་སམ། ་ཅི་འདོད་ནི་སྲོང་ན་རྐང་པ་ལ་གཅིག་གིས་འགྲེང་སྙིང་རྗེས་སོ།། བྲམ་ཟེ་བརྒྱད་པོས་རྒྱས་པ་བདག་ཅག་ནི་རྒྱལ་བུ་ཅོད་རྒྱུན་པ་བྱིན་པ་ལ་རབ་ཏུ་དག ་རོལ་པོ་ཅི་སློང་ཡང་ཡིད་དང་འགལ་བར་མི་མཛད་དོ་ཞེས་རྒྱལ་བུའི་ཡོན་ཏན་ཕྱོགས་མཚམས་བརྒྱད་དང་། ཡར་ནི་སྟེང་གི་གནམ་ལ་ཐུག། མར་ནི་སའི་མཐིལ་ལ་ཐུག་པ་མན་ཆད་དུ ་གྲགས་པས་ནི། ཁྱོད་ཀྱིས་སྦྱིན་པའི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་སྟེ། ཉེ་རིང་ཐམས་ཅད་ཀྱིས་བསྟོད་ཅིང་བསྒྲགས་པས། གང་ཡང་མ་ཐོས་པ་འམ་མི་ཤེས་པ་མེད་དེ། ཀུན ་གྱིས་བརྗོད་པ་གང་ཡང་མ་ཡིན་ལ། ད་ལྟའི་སྲས་སུ་གྱུར་པས་ན། ལྷ་ནི་ཅི་སྨྲ་ཡང་བརྫུན་པ་མ་ཡིན་ཏེ། ང་རྒྱལ་བུས་སྦྱིན་པ་མི་མཛད་ན་བདག་ཅག་ཡིད་དང་འགལ་བར་མཛོད ་དམ། བདག་ཅག་ནི་རྒྱལ་བུ་ལས་མེ་ཏོག་པདྨོའི་སྟེང་ནས་འགྲོ་བ་བལ་གྱི་གླང་པོ་ཆེ་སློང་དུ་འོངས་སོ་ཞེས་སྨྲས་པ་དང་། རྒྱལ་བུས་དེ་དག་བལ་གླང་གི་ལྷས་སུ་ཁྲིད་དེ། བལ་གྱི་གླང ་གཞན་ཞིག་བྱིན་ནོ།། བྲམ་ཟེ་བརྒྱད་པོས་སྨྲས་པ། བདག་ཅག་ནི་པདྨོའི་སྟེང་ནས་འགྲོ་བའི་ངལ་གྱི་གླང་པོ་ཆེ་སུ་དྲཱ་ཡ་ནི་འདོད་དོ།། རྒྱལ་བུས་སྨྲས་པ། བལ་གྱི་གླང་པོ་ཆེ་འདོན ་བདག་གི་ཡབ་རྒྱལ་པོ་ལ་གཅེས་ཤིང་གནང་བ་ཡིན་ཏེ། བལ་གླང་འདི་དང་བདག་ཏུ་ཐ་མི་དད་པར་དགོངས་པས། ཁྱེད་ལ་སྦྱིན་དུ་མི་རུང་ངོ་།། གལ་ཉི་བདག་གིས་ཁྱེད་ལ་བྱིན་ན ་རྒྱལ་པོའི་དགོངས་པ་དང་འགལ་བས། གལ་ཏེ་བལ་གླང་འདིའི་རྐྱེན་གྱིས་བདག་ཡུལ་འདི་ནས་སྐྲོད་པར་འགྱུར་རོ་ཞེས་སྨྲས་ནས། རྒྱལ་བུ་ཡང་འདི་སྙམ་དུ་བསམས་སོ།། ་བདག་སྔོན་གྱི་དམ་བཅས་པ་ན། ཕ་རོལ་པོ་ཅི་སྲོང་ཡང་ཡིད་དང་མི་འགལ་བར་བྱའོ་ཞེས་དམ་བཅས་ན། ད་བདག་གིས་སྔར་བསམས་པ་ལས་འཟློག་སྟེ། སྦྱིན་པ་འདི་མ་བྱིན་ན ་ཇི་ལྟར་ཡང་བླ་ན་མེད་པ་མཉམ་སྙོམས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་འགྱུར། གལ་ཏེ་སྦྱིན་པ་འདི་བྱིན་ན། བླ་ན་མེད་མཉམ་སྙོམས་པའི་སྐྱོན་སེམས་སུ་འགྱུར་རོ།། ་སྙམ་བསམས་ནས། རྒྱལ་བུས་འདི་སྐད་ཅེས་སྨྲས་སོ།། ཤིན་ཏུ་དཀའ་སྟེ་དེ་བཞིན་དུ་སྦྱིན་པར་བྱའོ་ཞེས་སྨྲས་ནས། དྲུང་ན་འདུག་པའི་གཡོག་ལ་བལ་གྱི་གླང་པོ་ཆེ་ལ་གས་རང་། ་གྱི་རྣམ་པ་སད་དེ། མྱུར་དུ་ཤོག་ཅིག་ཅེས་འསྒོ་པ་དང་། བལ་གྱུང་ཁྲིད་དེ་འོངས་ནས། རྒྱལ་བུས་ལག་པ་གཡོན་པས་ནི་ཆུའི་སྡོད་ཐོགས་ཏེ། བྲམ་ཟེའི་ལག་པ་བཀྲུས། བྱུག་པ་གསས ་བས་ན་དྲལ་བླང་གི་ཝ~ཾ་ཐག་ནས་བཟུང་དེ། བྲམ་ཟེ་བརྒྱད་པོ་ལ་བྱིན་པ་དང་། བྲམ་ཟེ་བ་རྒྱད་པོས་ནུ་འཕྲུལ་སྨོན་ལམ་གཁྲིའོ།། སྔོནྱ་ལམ་བཏབ་མ་ཇུག་དྷ། བལ་གྱི་མང་པོ ་ཐུགས་ཏེ། དགའ་བཞིན་ཕུང་།། དེ་ནས་རྒྱལ་བུས། བྲམ་ཟེ་དེ་དག་ལ་ཡང་འདི་སྐད་ཅེས་བསྐོའོ།། ཁྱེང་བུང་དུན་ཕྱོགས་པར་སོང་ཤིས།། གལ་སེ་ལ་བ་རྒྱལ་ཁྲིམ་པས་གྱི ་བྱ། མ་གཏང་སྟེ་འཕྲོག་ཏུ་འོང་ངོ་ཞེས་བསྒོ་བ་དང་། དེའི་ཚེ་བྲམ་ཟེ་དེ་དག་གིས་དེ་མ་ཐག་ཏུ་མགྱོགས་སུ་དོང་ངོ་།། བློན་པོ་རྣམས་ཀྱིས་རྒྱལ་བུས་བལ་གྱི་གླང་པོ་ཆེ་དགྲ ་ཟླ་ལ་བྱིན་ནོ་ཞེས་ཐོས་ནས་ཐམ་ཅད་སྐྲག་སྟེ། ཁྲི་ལས་དབབ་ཏུ་ལྷུང་ནས་མྱ་ངན་གྱིས་ནོན་ཏེ། འདི་སྙབ་དུ་ཡུལ་འདི་ནི། བལ་གླང་འདི་ལ་བལྟས་ན་དགྲ་ཟླ་གཞན་ལ་བྱིན་པར་གྱུར་ཏོ་སྙམ་དུ་བསམས ་ནས། རྒྱལ་པོ་ག་ལ་བ་དེར་སོང་སྟེ། འདི་སྐད་ཅེས་གསོལ་ཏོ།། རྒྱལ་བུས་ནི་ཕྱིའི་དགྲ་ཐུབ་པ་ལ་གླང་རིན་ཆེན་ཕ་རོལ་གྱི་དགྲ་ཟླ་ལ་བྱིན་ནོ་ཞེས་གསོལ་པ་དང་། རྒྱལ་པོ་ཡབ་ཡོད་ཡེད་པོར ་གྱུར་པ་ལས། བློན་པོས་ཡང་འདི་སྐད་ཅེས་གསོལ་ཏོ།། ད་ལྟར་རྒྱལ་པོ་ལ་བལ་གྱི་གླང་པོ་ཆེ་འདི་མངའ་བས། ཆབ་སྲིད་ཆེ་བ་ལགས་ཏེ། བལ་གྱི་གླང་པོ་ཆེ་དེ་ནི་བལ་གླང་དྲུག་ཅུ་སྙེད་ཀྱི་མཐུ་སྟོབས ་དང་ལྡན་པ་ལགས་ན། རྒྱལ་བུས་དགྲ་ལ་སྩལ་ཏེ། དགྲ་ཟླ་འཚལ་བས། ཆབ་སྲིད་ཀྱང་སྟོར་དུ་མཆི་ན། ཇི་ལྟར་མཛད་པའི་རིགས། འདི་རྒྱལ་བུ་རང་ཉམས་སུ་སྦྱིན་པ་བྱིན་པས་བང་མཛོད་ཀྱང ་སྐྱོངས་ཤིང་། ཡུལ་གྱི་སྲིད་དང་། བཙུན་མོ་དང་། སྲས་ཀྱི་བར་དུ་སྦྱིན་པ་བགྱིད་པར་དོགས་སོ་ཞེས་གསོལ་པ་དང་། རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས། ལྷག་པར་མི་དགའ་བར་གྱུར ་ཏེ། བློན་པོ་གཞན་ཞིག་བོས་ནས། བློན་པོ་དེ་ལ་རྒྱལ་བུས་བལ་གྱི་གླང་པོ་ཆེ་དགྲ་ཟླ་ལ་བྱིན་པ་བདེན་ནམ་ཞེས་དྲིས་པ་དག་བློན་པོ་དེས་ཀྱང་བྱིན་པ་བདེན་ནོ་ཞེས་གསོལ་ཏོ།། རྒྱལ་པོས་དེ་སྐད་སྨྲས་མ་ཐག་ཏུ། ་ཆེར་དངངས་ནས། གདན་ཁྲི་ལས་ལྷུང་སྟེ། མི་དྲན་པར་བརྒྱལ་བར་གྱུར་པ་ལས། ཆུས་གཏོར་ནས། རིང་ཞིག་ལོན་པ་དང་། བྱིས་སངས་པར་གྱུར། བཙུན་མོ་ཉི་ཁྲི་སྙེད་ཀྱང་ཐམས་ཅད། ་མྱ་ངན་གྱིས་ནོན་པར་གྱུར་ཏོ།། དེ་ནས་རྒྱལ་པོ་དང་། བློན་པོ་རྣམས་འདུས་ནས། ང་རྒྱལ་བུ་དེ་འདི་ལ་ཇི་ལྟར་བྱ་ཞེས་བགྲོས་པ་དང་། དེའི་ནང་ན་བློན་པོ་གཅིག་གིས་ནི། བལ་གླང་གི ་ལྷས་སུ་སོང་བ་ནི། རྐང་པ་བཅག་པའི་རིགས། བལ་གླང་བཟུང་བ་ན་ལག་པ་བཅག་པའི་རིགས། མིག་གིས་བལ་གླང་ལ་བལྟས་ན་ཡང་། མིག་དབྱུང་བའི་རིགས་ཞེས་གསོལ། ་ཅིག་གིས་ནི་མགོ་བཅག་པའི་རིགས་སོ་ཞེས་བློན་པོ་རྣམས་སོ་སོ་ནས་བགྲོས་ཏེ། གསོལ་བའི་ཚིག་རྒྱལ་པོས་ཐོས་ནས། རབ་ཏུ་མི་དགའ་ཞིང་མྱ་ངན་གྱིས་ནོན་ཏེ། བློན་པོ་རྣམས་ལ་འདི ་སྐད་ཅེས་བསྒོའོ།། ངའི་བུ་འདི་ལེགས་པའི་དོན་ལ་མོས་ཏེ། སྦྱིན་པ་ལ་དགའ་བ་ཡིན་ན། ཇི་ལྟར་མཐོ་བཙམ་ཞིང་གཟུང་བར་བྱ། དེའི་ནང་ནི་བློན་པོ་གཅིག་གིས་བློན་པོ་སྔ་མ་རྣམས་ཀྱི ་བགྲོས་པ་མི་རུང་ངོ་ཞེས་དཔྱས་ནས་འདི་སྐད་ཅེས་གསོལ་ཏོ།། རྒྱལ་པོ་ལ་སྲས་གཅིག་པུ་ཞིག་མངལ་བ་ལ་རབ་ཏུ་སྡུག་ཅིང་གཅེས་པས་རྒྱལ་བུ་རྒྱལ་ཆབ་ལགས་ན། དེ་ལ་མཐོང་ཙམ་ཞིང ་གཟུང་གདགས་བྱ་བའི་སེམས་བསྐྱེད་པ་ནི་མི་རིགས་ཏེ། བདག་ནི་རྒྱལ་པོ་ཆེན་པོའི་སྲས་ལ་གཟུང་གདགས་བྱ་བར་མི་གསོལ་གྱི། རྒྱལ་བུ་འདི་ཡུལ་འདི་ནས་སྤྱུགས་ཏེ། ལོ་བཅུ་གཉིས་ཀྱི་བར ་དུ་དགོན་པར་སྤངས་ན། སྨྲ་བབ་ཅིང་ངོ་ཚ་བར་འགྱུར་རོ་ཞེས་གསོལ་པ་དང་། རྒྱལ་པོས་ཀྱང་བློན་པོ་ཆེན་པོའི་ཚིག་མཉན་ཏོ།། དེ་ནས་རྒྱལ་པོས་རྒྱལ་དུ་རྒྱལ། ་ཚ་བ་བཀུག་སྟེ། འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱིས་ངའི་བལ་གྱི་གླང་པོ་ཆེ་དགྲ་ཟླ་ལ་བྱིན་པ་བདེན་ནམ་ཞེས་དྲིས་པ་དང་། རྒྱལ་བུས་གསོལ་པ། བདག་གིས་སྩལ་བ་མེད་དོ་ཞེས་གསོལ ་ཏོ། རྒྱལ་པོས་སྨྲས་པ། རྒྱལ་བུ་ཁྱོད་ཅིའི་ཕྱིར་ང་ལ་མ་ཞུས་པར་ངའི་བལ་གྱི་གླང་པོ་ཆེ་དགྲ་ཟླ་ལ་བྱིན་ཞེས་དྲིས་པ་དང་། རྒྱལ་བུས། རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། སྔར་ཡང་རྒྱལ་པོ། ་དང་དམ་བཅས་པ་ན། སྦྱིན་པ་ཅི་སྦྱིན་ན་ཡང་མི་འགལ་བར་མཛད་དོ་ཞེས་གསུངས་པ་དེས་རྒྱལ་པོ་ལ་མ་ཞུས་པ་ལགས་སོ།། རྒྱལ་པོས་སྨྲས་པ། སྔར་དམ་བཅས་པ་ནི། ནོར་དབྱིག ་དང་། རིན་པོ་ཆེ་ལ་དབང་བར་བྱས་ན། བལ་གྱི་གླང་པོ་ཆེ་ཅི་གཏོགས། རྒྱལ་བུས་གསོལ་པ། དེ་དག་ཐམས་ཅད་རྒྱལ་པོ་མངའ་བའི་དཀར་ལགས་ན། ཅིའི་སླད་དུ་འདི་བཀོལ་ཏེ་མ་གཏོགས ་ཞེས་གསུངས། རྒྱལ་པོས། རྒྱལ་བུ་རྒྱལ་ཚ་བ་ལ་སྨྲས་པ། ཁྱོད་རི་དན་ཏིག་ཏུ་ལོ་བཅུ་གཉིས་སྤངས་ཀྱིས། ཡུལ་འདི་ནས་མྱུར་དུ་བྱུང་སྟེ་སོང་ཞིག། རྒྱལ་བུས། རྒྱལ་པོ་ལ་གསོལ། ་པ། བདག་རྒྱལ་པོ་ཆེན་པོས་བཀའ་སྩལ་པའི་བཀའ་མི་གཅོག་ན། ད་དུང་ཡང་ཞག་བདུན་ཞིག་སྦྱིན་པ་བགྱིས་ཏེ། བདག་གིས་བསམ་པ་རྫོགས་ནས། ཡུལ་འདི་ནས་བྱུང་སྟེ་མཆི་བར་འཚལ ་ལོ་ཞེས་གསོལ། རྒྱལ་པོས་སྨྲས་པ། ཁྱོད་ཀྱིས་སྦྱིན་པ་མ་འོས་པར་བྱས་པས་ཡུལ་གྱི་བང་མཛོད་ཀུན་སྟོངས་ཏེ། ངའི་བལ་གླང་རིན་པོ་ཆེ་ཡང་མེད་པར་བྱས་པས་ཁྱོད་སྤངས་པ ་ཡིན་ཏེ། དཕྱིར་འདུག་ཅིང་ཞག་བདུད་སྦྱིན་པ་བྱར་མི་གནང་གིས། མྱུར་དུ་སོང་ཞིག་ཅེས་བསྒོའོ།། རྒྱལ་བུས་གསོལ་པ། རྒྱལ་པོ་ཆེན་པོའི་བཀའ་བདག་མི་གཅོག་སྟེ། རྒྱལ་པོའི་བཙུན ་མོ་ཉི་ཁྲི་སྙེད་ཀྱང་རྒྱལ་པོ་གང་ན་བདེར་ལྷགས་ནས། རྒྱལ་བུ་རྒྱལ་ཆ་བ་ཞག་བདུན་ཞིག་སྦྱིན་པ་བྱིན་ཏེ། ཡུལ་ནས་མཆི་བར་གསོལ་པ་རྒྱལ་པོས་ཀྱང་དེ་བཞིན་དུ་གནང་ངོ་།། དེ་ནས ་རྒྱལ་བུ་རྒྱལ་ཆབ་ཀྱིས་སོ་སོ་བྲན་གཡོག་མངགས་ཏེ། ཕྱོགས་བཞི་ནས་ནོར་རྫས་འདོད་པ་རྣམས་ཕོ་བྲང་སྒོར་འདུས་ཤིག། ནོར་ཟས་ཐམས་ཅད་ནི་རྟག་པ་དང་བརྟན་དུ་རུང་བ་མ་ཡིན་ཏེ། ་མཐར་འཇིག་ཅིང་མེད་པའི་ཆོས་ཅན་ནོ་ཞེས་བསྒོ་བས། ཕྱོགས་བཞི་ནས་སློང་བ་བ་མང་པོ་ལྤགས་པ་ལ་རྒྱལ་བུ་རྒྱལ་ཆབ་ཀྱིས། ཟས་དང་། སྐོམ་དང་། ནོར་དང་། རིན་པོ་ཆེ་རྣམས་ཞག་བདུན་གྱི ་བར་དུ་ཡིད་བཞིན་དུ་བྱིན་ནས། དབུལ་འཕོངས་པ་རྣམས་ལོངས་སྤྱོད་དང་ལྡན་ཞིང་། ཐམས་ཅད་བདེ་སྐྱིད་པར་བྱས་སོ།། དེ་ནས་རྒྱལ་དུ་རྒྱལ་ཚབ་ཀྱིས། ཆུང་མ་ལ་སྨྲས་པ། བཞིན་བཟངས་ལོངས ་ལ་བདག་ཅི་ཟེར་བ་ཉོན་ཅིག། རྒྱལ་པོ་ཆེན་པོས་ནི་བདག་ལོ་བཅུ་གཉིས་ཀྱི་བར་དུ་རི་ངན་ཏིག་ཅེས་བྱ་བར་སྤངས་སོ།། ཆུང་མས་རྒྱལ་བུས་སྨྲས་པའི་ཚིག་ཐོས་ནས། ཡིད་ཅེས་དངངས་ཏེ། ལདྲ ་ནས་འདི་སྐད་ཅེས་སྨྲས་སོ།། རྒྱལ་བུ་ལ་ཉེས་པ་ཅི་ཞིག་མཆིས་ན་རྒྱལ་པོས་དེ་ལྟར་མཛད་པར་གྱུར། རྒྱལ་བུས་སྨྲས་པ། བདག་གིས་སྦྱིན་པ་མ་འོས་པ་ཞིག་བྱས།། ་ཏེ། རྒྱལ་པོའི་བང་མཛོད་ཀྱང་སྟོངས། བལ་གླང་རིན་པོ་ཆེ་ཡང་དགྲ་ཟླ་ལ་བྱིན་ཞེས་རྒྱལ་པོ་དང་བློན་པོ་རྣམས་ཁྲོས་ནས། བདག་སྤངས་པ་ཡིན་ནོ།། བཙུན་མོ་མན་ཏེས་སྨྲས་པ། རྒྱལ་པོའི ་ཡུལ་དུ་ལོ་ལེགས་པ་དང་། རྒྱལ་པོ་ཆེན་པོ་དང་། བློན་པོ་དང་། འབངས་ཀྱི་བར་དུ་བདེ་སྐྱིད་པ་དང་། ལོངས་སྤྱོད་ཆེ་བར་སྨོན་ལམ་ལེགས་པར་བཏབ་ལ། བདག་ཅག་རི་ལ་སྒོམ་དུ་འདོང་ངོ་།། ་རྒྱལ་བུས་སྨྲས་པ། བཞིན་བཟངས་རི་ནི་འཇིགས་པའི་གནས་ཡིན་ཏེ། ཤིན་ཏུ་བྱ་དཀའ་བ་བསམ་དགོས་ལ། སེང་གེ་དང་སྟག་ལ་སོགས་པ་གཅན་གཟན་མ་རུངས་པ་ཡོད་པས། རབ་ཏུ ་འཇིགས་ན་ཁྱོད་ནི་ལོངས་སྤྱོད་མང་བ་ཡིན་པས། ཁྱོད་དེ་ལྟ་བུ་བདག་ལ་བཟོད་དམ། ཁྱོད་ཕོ་བྲང་གི་ནང་ན་གོས་སུ་ནི་ཕྲ་བ་དང་འཇམ་པ་གྱོན་པ། གནས་སུ་ནི་གུར་དང་ཡོལ་བས་བསྐོར་བ་ན ་འདུག། ཟས་སུ་ནི་ཅི་ལ་དགའ་བ་བཞིན་ཞིམ་པ་དང་མངར་བ་ལ་ཟ་ན། རི་ལ་ནི་སྟན་དུ་ནི་རྩཝ་འདིངས། ཟས་སུ་ནི་འབྲས་བུ་ཟན། ཁྱོད་དེ་ལ་མོས་ཤིང་དགའ་བ་ཅི་ཞིག་ཡོད། དེ་མ་ཡིན་པ་གཞན ་ཡང་རླུང་དང་། ཆར་པ་དང་། འབྲུག་དང་། སེར་བ་ཆེ་ཞིང་བ་མོ་དང་ཟིལ་པས་མིའི་སྤུ་ཡང་ལངས་པ་ཙམ་དུ། གྲང་བའི་ཚེ་ནཱ་ནི་གྲང་རབ་ལ། ཚ་བའི་ཚེ་ན་ནི་ཆ་རབ་སྟེ། ཤིང་གི་གསེབ་ན་འདུག ་པའི་གནས་སུ་ཡང་མི་རུང་ན། ས་ལ་གཟེ་མ་དང་། གསེག་མ་དང་། རྡོ་བ་ཡང་མང་ཞིང་། སྦྲུལ་གདུག་པ་ཡང་ཡོད་ན། ཁྱོད་དེ་ལྟ་བུ་དགུ་བཟོད་དམ། མན་ཏེས་སྨྲས་པ། དག་ལ་གཞིན་ནང་། ་འཇམ་པ་དང་། གུར་དང་། ཡོལ་བ་དང་། མངར་བ་དང་། ཞིམ་པས་ཅི་ཞིག་བགྱི། རྒྱལ་བུ་དང་བྲལ་ཞིང་སོ་སོར་མཆི་བ་བདག་མི་བཟོད་དོ།། ནམ་དུའང་རྒྱལ་བུ་དང་མི་འབྲལ་ཞིང་ལྡན་ཅིག ་འགྲོགས་པར་དགའ་འོ།། རྒྱལ་པོའི་ཐོག་མར་འགྲོ་བ་ནི་རྒྱལ་མཚན། མེའི་ཐོག་མར་འགྲོ་བ་ནི་དུད་པ། ཆུང་མའི་ཐོག་མར་འགྲོ་བ་ནི་ཁྱིམ་ཐབ་ཡིན་པས་བདག་ནི་རྒྱལ་བུ་ལ་ཡིད་བརྟན་ཏེ་སྐྱ ་སུ་མཆིའོ།། རྒྱལ་བུ་ནི་བདག་གི་ལྷ་ལགས་ཏེ། རྒྱལ་བུས་ཕྱོགས་བཞི་ནས་འདུས་པའི་སྦྱིན་པ་བྱིན་པའི་ཆ། བདག་གིས་ཀྱང་རྒྱལ་བུའི་གྲོགས་བགྱིད་པས། ང་རྒྱལ་བུ་ལམ་རིང་དུ་འགྲོས ་ལས། གལ་ཏེ་ཕ་རོལ་པོ་སྤོང་བ་འོངས་ཏེ། བདག་གིས་དེ་བཞིན་དུ་གྲོགས་བགྱི། རྒྱལ་བུས་སྦྱིན་པ་མཛད་ན། བདག་གི་སྲོག་ལ་བབ་ཀྱང་མི་བྱར་མི་རུང་ངས། ཐེ་ཙོམ་མི་མཛད་དུ ་གསོལ། རྒྱལ་བུས་སྨྲས་པ། བདག་ནི་སྦྱིན་པ་ལ་དགའ་བས། ཕ་རོལ་གྱི་སེམས་མི་བཟློགས་ཏེ། ཕ་རོལ་པོས་བདག་ལ་གལ་ཏེ་བུ་འམ་ཁྱོད་ཉིད་སློང་བ་འོངས་ན་ཡང་བདག་གིས་མི་གཏོང་མ་ནུས ་སོ།། ཅི་སྟེ་བདག་གིས་བསམས་པ་ཁྱོད་ཀྱིས་དེ་བཞིན་དུ་མ་བྱས་ན་ནི། བདག་གིས་དགེ་བའི་སེམས་འཁྲུགས་པར་གྱུར་པས། འགྲོ་བ་མི་རིགས་སོ།། མན་ཏེས་སྨྲས་པ། རྒྱལ་བུས་སྦྱིན ་པ་མཛད་པ་ནི། འཇིག་རྟེན་གང་ནའང་འདི་འདྲ་བ་མེད་པས། ཡིད་བཞིན་དུ་སྦྱིན་པ་མཛད་དུ་གསོལ། རྒྱལ་བུས་སྨྲས་པ། ཁྱོད་དེ་ལྟར་ནུས་ན་ཤིན་ཏུ་ལེགས་སོ།། ་ཞེས་རྒྱལ་བུ་དང་བཙུན་མོ་དང་། སྲས་གཉིས་དང་བཅས་འགྲོགས་ཏེ། ཡུམ་གང་ན་བ་དེར་སོང་ནས་ད་བདག་ཅག་མཆིའོ་ཞེས་མཆི་ཕྱག་བྱས་ནས། ཡུམ་ལ་འདི་སྐད་ཅེས་གསོལ ་ཏོ།། ཡུམ་གྱིས་སྐབས་སྐབས་སུ་རྒྱལ་བུ་ཆེན་པོ་ལ་ཅི་ནས་དཀར་པོའི་ཆོས་ཀྱིས་ཡུལ་གྱི་སྲིད་བདེ་ཞིང་འབངས་མང་པོ་སྐམས་ལས་མི་བཅད་པར་གྲོས་གདབ་པར་གསོལ་ལོ།། ཡུམ་གྱིས ་རྒྱལ་བུ་འགྲོའོ་ཞེས་མཆི་ཕྱག་བྱས་པ་མཐོང་ནུས། ལྷག་པར་མྱ་ངན་གྱིས་གདུས་ཏེ། དྲུང་ན་འདུག་པ་ལ་འདི་སྐད་ཅེས་སྨྲས་སོ།། ཁོ་མོའི་ལུས་འདི་ནི་རྡོ་བ་ཡིན་པ་ལ། སྙིང་ནི་རྡོ་རྗེ་ཡིན་པ ་ལྟ་སྟེ། བདག་གིས་རྒྱལ་པོ་ཆེན་པོའི་རིམ་གྲོ་བྱ་བ་ལ་སྐྱོན་མ་བྱུང་ན། ད་ཁོ་མོའི་བུ་གཅིག་པུ་འདི་དང་བྲལ་ཏེ། འགྲོ་ན་ཅིའི་ཕྱིར་ཁོ་མོའི་སྙིང་འདིགས་ཏེ་ཤི་བར་མ་གྱུར། བུ་འདི་ཁོ་མོའི་ཁོང ་པ་ན་འདུག་པ་ན། སྐྱེད་ཤིང་གི་འདབ་མ་ལྟར་ཅིན་མཚན་ཆེར་སྐྱེས་ཏེ། ད་སྐྱེད་རྫོགས་ནས། ལོ་མོ་བོར་ཏེ་སོང་བས་ན། བཙུན་མོ་ཐམས་ཅད་ཀྱང་བདག་ལ་སྙིང་ཚིམ་མོ་ཞེས་བརྗོད་ལ་@# ་པོས་ཀྱང་བཀུར་བར་མི་འགྱུར་ན། གལ་ཏེ་ལྷ་རྣམས་ཀྱིས་བདག་གི་སྨོན་ལམ་བཞིན་མི་འགལ་བར་མཛད་ན། བདག་གི་བུ་ཕྱིར་ཡུལ་དུ་འཁོར་བར་ཤོག་ཅིག་ཅེས་སྨོན་ལམ་བཏབའོ།། ་ནས་རྒྱལ་དུ་སུན་མོ་དང་སྲས་གཉིས་དང་བཅས་ཏེ། ཡབ་དང་ཡུམ་ལ་མཆི་ཕྱག་བྱས་ཏེ་དོང་ངོ་།། དེའི་ཚེ་བཙུན་མོ་ཉི་ཁྲིས་ནི་སོ་སོ་ནས་མུ་ཏིག་གི་ཆུན་པོ་རེ་རེ་བརྫངས་སོ།། བློན་པོ་ཆེན་ནོ། ་བཞི་སྟོང་གིས་ནི་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མེ་ཏོག་དང་པདྨོ་རེ་རེ་རྒྱལ་བུ་ལ་བརྫངས་སོ།། དེ་ནས་རྒྱལ་བུ་ཕོ་བྲང་ནས་བྱུང་སྟེ། གྲོང་ཁྱེར་གྱི་བྱང་སྒོར་ཕྱིན་ནས། རིན་པོ་ཆེ་སྣ་བདུན་གྱི་མེ ་ཏོག་དང་དོ་ཤལ་ཡང་རིལ་གྱིས་ཕྱོགས་བཞི་ནས་འདུས་པ་ལ་མ་ལུས་པར་བྱིན་ནོ།། ལུང་བ་དེ་ན་གནས་པའི་མི་མང་པོ་ཁྲི་ཕྲག་དུ་མས་རྒྱལ་བུ་བསྐྱལ་ཏེ། དེ་དག་འདི་སྐད་ཅེས་གཏམ་དུ་བརྗོད་དོ།། ་རྒྱལ་བུ་འདི་ནི་ཤིན་ཏུ་དགེ་བ། ཡུལ་གྱི་ལྷ་གཉེན་ལྟ་བུ་ཡིན་ན། ཅིའི་ཕྱིར་ཡབ་ཡུམ་གྱི་སྲས་རིན་པོ་ཆེ་འདི་ལམ་རིང་དུ་སྤངས་ཞེས་མཐོང་བ་ཐམས་ཅད་ཀྱིས་འཕང་སོ་ཞེས་སྨྲས་སོ།། དེའི་ཚེ་རྒྱལ ་བུ་གྲོང་ཁྱེར་གྱི་ཕྱི་རོལ་དུ་སྐྱེ་ཤིང་གི་དྲུང་ན་འདུག་སྟེ། སྐྱེལ་བའི་མི་རྣམས་ལ་འདི་ནས་ཕྱིར་དེང་ཞིག་ཅེས་སྤྲོ་བའི་ཚིག་སྨྲས་པ་དང་། སྐྱེ་ལ་སྐྱེལ་བ་ཆེ་ཆུང་ཐམས་ཅད་མཆི་མ་བླགས་ཏེ་ངུས་ནས ་ཕྱིར་དོང་ངོ་།། དེ་ནས་རྒྱལ་བུས་བཙུན་མོ་དང་སྲས་གཉིས་ཤིང་རྟའི་ནང་དུ་བཞག་ནས། རྒྱལ་བུ་ཉིད་ཀྱིས་ཤིང་རྟའི་ཁ་ལོ་བསྒྱུར་ཏེ། སོང་བ་ལས་རྒྱངས་ཆད་པར་ཕྱིན་ཏེ། སྐྱེ་ཤིང་གི་དྲུང་ན་ངལ ་བསོ་ཞིང་འདུག་པ་ལས། བྲམ་ཟེ་དག་ཅིག་ལྷགས་ནས། རྒྱལ་བུ་ལ་ཤིང་རྟ་ཁྲིད་པའི་རྟ་བསླངས་སོ།། རྒྱལ་བུས་སློང་བ་ལ་རྟ་བྱིན་ནས། སྲས་བུ་གཉིས་ཤིང་རྟའི་སྟེང་དུ་བཞག་སྟེ། བཙུན་མོས་ནི ་ཤིང་རྟའི་ཕྱི་ནས་ཕུལ་རྒྱལ་བུས་ནི་མདུན་ནས་དྲངས་ཏེ། རྐང་པས་ཤིང་རྟ་འདྲེན་ཅིང་སོང་བ་ལས། རིང་པོ་མ་ལོན་པར་ཡང་བྲམ་ཟེ་ཞིག་དང་ཕྲད་ནས། ཤིང་རྟ ་བསླངས་པ་དང་། རྒྱལ་བུས་ཤིང་རྟ་ཡང་བྲམ་ཟེ་ལ་བྱིན་ནོ།། དེ་ནས་ཡང་སོང་བ་ལས། རིང་པོ་མ་ལོན་པར་ཡང་བྲམ་ཟེ་སློང་བ་དང་ཕྲད་ནས་རྒྱལ་བུས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ་གལ་ཏེ་བདག་གིས་ཁྱོད་ལ་མ་བྱིན་ན་ནི། ཆགས་ཤིང་སེར་སྣ་བྱེད་པར་འགྱུར་ན། ད་ནི་བདག་ལ་ནོར་ཟས་ཟད་དེ་ཅིའང་མེད་དོ་ཞེས་སྨྲས་པ་དང་། བྲམ་ཟེ་ན་རེ། ནོར་རྫས་མེད་ན་ལུས་ལ་བྱོན ་པའི་གོས་དེ་ང་ལ་བྱིན་ཅིག་ཅེས་སྨྲས་པ་དང་། རྒྱལ་བུས་ལུས་ལ་གྱོན་པའི་གོས་རིན་པོ་ཆེ་ཡང་སྐྱོང་བ་ལ་བྱིན་ཏེ། གོས་རྙིང་པ་ཞིག་གྱེན་ཏེ་དོང་བ་ལས། རིང་པོ་མ་ལོན་པར་བྲམ་ཟེ་ཡང་སློང་བ ་ཞིག་དང་ཕྲད་ནས། རྒྱལ་བུས་བཙུན་མོའི་གོས་བྱིན་ནོ།། དེ་ནས་ཡང་དོང་བ་ལས། རིང་པོ་མ་ལོན་པར་བྲམ་ཟེ་སློང་བ་དང་ཕྲད་ནས་རྒྱལ་བུས་སྲས་གཉིས་ཀྱི་གོས་ཀྱང་བྱིན་ནོ།། དེ་ལྟར་རྒྱལ ་བུས་ཏ་དང་། ཤིང་རྟ་དང་། ནོར་རྫས་དང་། བགོ་བའི་གོས་ཀྱི་བར་དུ་མ་ལུས་པ་ཟད་པར་བྱིན་པ་ཡང་ཐོག་མ་ནས་འགྱོད་པའི་སེམས་སྒྲའི་ཅག་མ་ཙམ་མམ་བ་སྲུ་ཙམ་ཡང་མེད་དོ།། ་རྒྱལ་བུས་ནི་སྲས་བུ་ཁུར་དུ་ཐོགས། བཙུན་མོས་ནི་སྲས་མོ་པང་དུ་ཁྱེར་ནས་རྐང་པས་སོང་ཡ་རྒྱལ་བུ་དང་བཙུན་མོ་དང་སྲས་གཉིས་ཀྱིས་བར་དུ་དགའ་བའི་མདངས་དང་བཅས་ཏེ་ཀ་རིག ་ལ་བ་དེར་སོང་ངོ་།། རི་དན་ཏིག་ཅེས་བྱ་བར་ཡུལ་ཡ་བ་ནས་ལམ་སོ་རབ་ཏུ་རིང་སྟེ། དཔག་ཚད་ཕྲག་སྟོང་ཞིག་ཡོད་དོ།། དེ་ལྟར་སོང་སོང་བ་ལས། འབྲོག་དགོན་པར་ཕྱིན་ནས། འཀྲེས། ་པ་དང་སྒོམ་པའི་སྡུག་བསྔལ་གྱིས་ཉེན་པ་ལས་སུམ་ཅུ་རྩ་གསུམ་གནས་ཀྱི་ལྷའི་དབང་པོས་འབྲོག་དགོན་པ་དེར། གྲོང་ཁྱེར་ཁྱིམ་བཟང་པོ་ཚོང་དུས་དང་། ལམ་སྲང་ཡོད་པ། རོལ་མོ་དང་། ་གོས་དང་། བཟའ་བ་དང་། བཏུང་བ་དང་ལྡན་པ། གྲོང་ཁྱིམ་དེ་ན་མི་དག་གིས་རྒྱལ་བུ་བསུ་བདག་སྤྲུལ་ཏོ།། མི་མང་པོས་རྒྱལ་བུ་གྲོང་ཁྱིམ་དུ་བསུས་ཏེ། ཟས་དང་། སྐོམ་དང་། བདེ་བའི ་ཡོ་བྱད་ཀྱིས་བསྟབས་པ་དང་། བཙུན་མོས་རྒྱལ་བུ་ལ་སྨྲས་པ། ལམ་རིང་པོར་བཟོད་པས་རབ་ཏུ་ངལ། ད་ཐལ་བྱུང་འདུག་ཏུ་མི་རུང་ངམ། རྒྱལ་བུས་སྨྲས་པ། ཡབ་རྒྱལ་པོས་བདག ་ཅག་ལ་རི་ངན་ཏིག་ཏུ་སོང་ཞིག་ཅེས་བཀའ་སྩལ་ཏེ། ད་འདིར་འདུག་པར་གྱུར་ན། ཡང་རྒྱལ་པོའི་བཀའ་དང་འགལ་བར་འགྱུར་ཏེ། བུ་སྲི་ཞུ་ཅན་མ་ཡིན་ནོ་ཞེས་གསུངས་ནས་གྲོང་ཁྱེར་དེ་ནས ་བྱུང་སྟེ་མོད་ལ་སོང་ངོ་།། དེ་ལྟར་སོང་བ་ལས། རིང་པོ་མ་ལེན་པརརི་ངན་ཏིག་གི་དྲུང་དུ་ཕྱིན་པ་དང་། རི་དེའི་དྲུང་ན་ཆུ་ཆེན་པོ་ཤིན་ཏུ་ཟབ་པ། བརྒལ་བར་མི་ཐར་པ་ཞིག་དང་ཕྲད་དོ།། ་དེ་ནས་བཙུན་མོས་རྒྱལ་བུ་ལ་རེ་ཞིག་འདིར་བསྡད་དོ།། ཆུ་ཆེན་པོ་བྲི་ནས་བརྒལ་ཏེ་འདོང་ངོ་ཞེས་སྨྲས་པ་དང་། རྒྱལ་བུས་སྨྲས་པ། ཡབ་རྒྱལ་པོས་བདག་ཅག་ལ་རི་དན་ཏིག་ཏུ་སོང་ཞེས ་བཀའ་སྩལ་པས། ད་འདིར་འདུག་པར་གྱུར་ན། རྒྱལ་པོའི་བཀའ་དང་འགུལ་ཏེ། བུ་སྲི་ཞུ་ཅན་མ་ཡིན་ནོ་ཞེས་སྨྲས་པས། རྒྱལ་བུ་དེ་མ་ཐག་ཏུ་བྱམས་པན ་སེམས་ཀྱིས་ཏིང་ངེ་འཛིན་དུ་ཞུགས་པ་དང་། མོད་ལ་ཆུའི་ནང་ནས་རི་ཆེན་པོ་ཞིག་བྱུང་ནས་ཆུའི་རྒྱུན་བཅད་དོ།། དེ་ནས་རྒྱལ་བུ་དང་བཙུན་མོ་གོས་བརྫེས་ཏེ། ཆུ་བརྒལ་ནས། ཕར ་བརྒལ་མ་ཐག་ཏུརྒྱལ་བུས་ཡང་འདི་སྙམ་དུ་བསམས་སོ།། ཐལ་བྱུང་སོང་བར་གྱུར་ན། ཆུ་འཁྱིལ་བ་འདིས་སེམས་ཅན་མང་དུ་འཆི་སྟེ། གྲོག་སྐུར་མང་པོ་ཆུས་ཁྱེར་བར་འགྱུར་སྙམ ་བསམས་ནས་རྒྱལ་བུ་ཕྱིར་ཆུ་ལ་བལྟས་ཏེ། འདི་སྐད་ཅེས་སྨྲས་སོ།། ཆུ་ཁྱོད་སྔ་མཁོ་བཞིན་དུ་རྒྱུན་དུ་འབབ་ཅིང་གལ་ཏེ་བདག་འདོད་པ་ཞིག་འོངས་ན་ཡང་ཐར་པར་བྱོས་ཤིག་ཅེས་སྤྲས་མ ་ཐག་ཏུ་ཆུ་ཡང་སྔ་མཁོ་བཞིན་དུ་འབབ་པར་གྱུར་ཏོ།། དེ་ནས་སོང་བ་ལས་རི་དན་ཏིག་ཏུ་ཕྱིན་ནས། རྒྱལ་བུས་རི་དེ་ལ་བལྟས་ན། རི་དེ་རང་རོང་དང་ཟང་ཟེད་དུ་འདུག་ལ། ཤིང་མང་པོ་རབ་ཏུ་རྒྱས ་ཤིང་། བྱ་སྣ་ཚོགས་ཀྱང་སྙན་པའི་སྒྲ་འབྱིན། འབབ་ཆུ་དང་། ཆུ་མིག་དང་། མཚེའུ་དང་། ལྟེང་ཀར་ལྡན་ཏེ། ཆུ་ནི་མངར། འབྲས་བུ་ཞིམ། ཆུ་བྱ་དང་། ངང་དུར་དང་། འཛིན་མོ་དང་། ་རི་སྐེགས་ལ་སོགས་པ་བྱ་རྣམ་པ་སྣ་ཚོགས་དག་ཀྱང་གནས་པ་མཐོང་ནས་རྒྱལ་བུས་བཙུན་མོ་ལ་ཡང་འདི་སྐད་ཅེས་སྨྲས་སོ།། རི་འདི་ལ་བལྟས་ན་ཤིང་དང་ཚལ་གནམ་ལ་རེག ་པ་ཙམ་དུ་སྐྱེས་ན་ཡང་འརྔས་པ་འམ། བཅད་པ་མེད་པས། ཆུ་མིག་ཞིམ་པོ་ལ་འཐུང་ཞིང་། འབྲས་བུ་མངར་བ་ཟ་སྟེ། རི་འདི་ལ་སྒོམ་པ་དག་ཡོད་པས། འདིར་གནས་པར ་བྱའོ།། རྒྱལ་བུ་རི་དེ་ལ་ཕྱིན་པ་དང་། རི་དེ་ལ་གནས་པའི་འདབ་ཆགས་བྱ་དང་། གཅན་གཟན་དང་། རི་དགས་ཐམས་ཅད་རབ་ཏུ་དགའ་ནས་རྒྱལ་བུ་བསུས་སོ།། དེའི་ཚེ་རི་ལ ་སྒོམ་པའི་དགེ་སློང་ཨ་ཙུ་ཏ་ཞེས་བྱ་བ་ལོ་ལྔ་བརྒྱ་ལོན་པ། ཡོན་ཏན་མཆོག་དང་ལྡན་པ་ཞིག་གནས་ཏེ། རྒྱལ་བུ་དེའི་དྲུང་དུ་སོང་ནས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་ནསའདི་སྐད ་ཅེས་སྨྲས་སོ།། རི་འདི་ལ་གང་ཕྱོགས་ན་འབྲས་བུ་དང་ཆུ་མིག་བཟང་པོ་ལྡན་པ་གནས་སུ་རུང་བ་ཅི་ཡོད་ཅེས་དྲིས་པ་དང་། ཨ་ཙུ་དས་སྨྲས་པ། རི་འདི་གནས་ཐམས་ཅད་དུ་བསོད་ནམས་དང་ལྡན ་པའི་ས་གཞི་ཡིན་པས་གང་དུ་གནས་ཀྱང་རུང་སྟེ། རི་འདི་ནི་ཤིན་ཏུ་དབེན་པའི་གནས་གཙང་མ་ཡིན་པས་ན། ཅི་རྒྱལ་བུ་ཁྱོད་ཆུང་མ་དང་བུ་སྨད་དུ་བཅས་ཏེ་ཆོས་སློབ་ཏུ་འོངས་སམ ་དེ་ལ་རྒྱལ་བུས་སྔ་མ་ཁོམ་པར། བཙུན་མོ་མན་ཏེས་སྨྲས་པ། དགེ་སློང་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་རི་ལ་ལམ་བསྒོམས་ནས་ཇི་སྲིད་ཅིག་ལོན་དགེ་སློང་གིས་སྨྲས་པ་ཀ་རི ་འདིར་ཕྱིན་ནསལོ་བཞི་བརྒྱ་འམ། ལྔ་བརྒྱ་ཙམ་ལོན་ནོ།། བཙུན་མོ་མན་ཏེས་སྨྲས་པ་ད་དུང་བདག་དང་བདག་གི་བར་དུ་འཛིན་ན། ནམ་ཞིག་ལ་མ་ཐོབ་པར་འགྱུར། དེ་སྲིད། ་དུ་རི་ལ་གནས་ཀྱང་རྡོ་ཤིང་དང་ཐ་མི་དད་དེ། བདག་དང་བདག་གིར་མི་འཛིན་ན། གདོད་ལམ་ཐོབ་པར་འགྱུར་ཞེའོ།། དགེ་སློང་གིས་སྨྲས་པ་བདག་གིས་ཡང་དག། ་པར་དོན་དེ་ལྟ་བུ་མི་ཤེས་སོ།། དེ་ནས་རྒྱལ་བུས་དགེ་སློང་ལ་སྨྲས་པ་བཙུན་པ་ཡུལ་ཡ་བའི་རྒྱལ་བུ་རྒྱལ་ཚབ་དོན་གྲུབ་ཅེས་བྱ་བ་ཐོས་སམ། དགེ་སློང་གིས་སྨྲས་པ། བདག་གིས་རྒྱུན་དུ ་ཐོས་ཀྱི་མཐོང་བ་མ་ཡིན་ནོ།། རྒྱལ་བུས་སྨྲས་པ་བདག་ནི་རྒྱལ་བུ་རྒྱལ་ཆབ་དོན་གྲུབ་ཅེས་བྱ་བ་ཡིན་ནོ།། དགེ་སློང་གིས་རྒྱལ་བུ་ཁྱོད་གར་འགྲོ། ཅི་འདོད་ཅེས་དྲིས་པ་དང་། རྒྱལ་བུས་སྨྲས་པ། ་བདག་ནི་ཐེག་པ་ཆེན་པོའི་ལམ་འདོད་དོ་ཞེས་སྨྲས་སོ།། དགེ་སློང་གིས་སྨྲས་པ། རྒྱལ་བུའི་ཡོན་ཏན་དང་སྦྱར་ན། རིང་པོར་མི་ཐོགས་པར་ཐེག་པ་ཆེན་པོའི་ལ་མཐོབ་པར་འགྱུར་ཏེ། རྒྱལ་བུ་ཐམ ་མེད་པའི་བྱང་ཆུབ་མངོན་པར་སངས་རྒྱས་པ་ན། བདག་ནི་ཉེ་གནས་རྫུ་འཕྲུལ་གྱི་མཆོག་ཏུ་གྱུར་ཅིག་ཅེས་སྨྲས་ནས། རྒྱལ་བུ་ཁྲིད་དེ་འདུག་པའི་གནས་བསྟན་ཏོ།། དེ་ནས་དགེ་སློང་གིས་ཆོས་བཞིན་དུ ་རྒྱལ་བུའི་སྐྲ་བླངས་ནས། མདུད་པ་བོར་ནས། ཟས་སུ་ནི་ཤིང་གི་འབྲས་བུ་ཤིང་ཐོག་ཟ། སྐོམ་དུ་ནི་ཆུ་མིག་འཐུང་ངོ་།། དེ་ནས་རྒྱལ་བུས་ཤིང་དང་རྩཝ་བསྡུས་ཏེ། བདག་འདུག་པའི་རྩཝའི་སྦྱི ་པོ་ཆུང་དུ་མ་ཅིག་བྱས། བཙུན་མ་མན་ཏེ་བུ་མིང་སྲིང་གཉིས་འདུག་པའི་སྐྱིལ་པོ་རེ་རེ་ཡང་བྱས་སོ།། དེའི་ཚེ་ན་ཁྱེའུའི་མིང་ནི་ཡི་ར་ཞེས་བྱ་སྟེ་ལོ་བདུན་ལོན་ནས། གོས་རང་གྱོ་མ་ནུས་ཏེ། ་བྱི་བཞིན་དུ་འགྲོའོ།། བུ་མོའི་མིང་ནི་གེ་ནོ་ཡན་ཞེས་བྱསྟེ། ལོ་དྲུག་ལོན་པས། རི་དགས་ཀྱི་འགས་པ་སོན་ཅིང་བ་མའི་ཕྱི་བཞིན་འགྲོའོ།། རི་དེ་ལ་གནས་པའི་གཅན་གཟན་དང་། ངས ་དང་། འདབ་ཆགས་བྱ་ལ་སོགས་པ་ཐམས་ཅད་ཀྱང་རབ་ཏུ་དགའ་ནས། རྒྱལ་བུ་ལ་རྟེན་ཅིང་གནས་སོ།། རྒྱལ་བུ་རི་དྭེ་ལ་བྱིན་ནས། ཞག་གཅིག་ལོན་པ་དང་། སྔོན་བསྐམས་པའི་ཆུ་མིག་དང་། ་རྫིང་ཡང་ཆུས་གང་བར་གྱུར། སྐྱེ་ཤིང་བསྐམས་པ་རྣམས་ཀྱང་ཐམས་ཅད་མེ་ཏོག་དང་འདབ་མ་སྐྱེས་པར་གྱུར་ཏེ། སྲིན་བུ་གདུག་པ་རྣམས་ཀྱང་མེད་པར་གྱུར་ནས། གཅན་གཟན་གཅིག ་ལ་གཅིག་ཟ་བ་ཡང་སོ་སོ་ནས་རྩཝ་ལ་ཟ་བར་གྱུར། འབྲས་བུའི་ཤིང་རྣམས་ཀྱང་རྒྱས་ཤིང་བཟང་པོར་གྱུར། བྱ་སྣ་ཚོགས་སྙིང་རྗེའི་སྐད་ཀྱི་སྒྲ་སྐད་སྙན་པ་འབྱིན་པར་གྱུར་ཏེ། བཙུན་མོ་མན ་ཏེས་ནི་ཤིང་གི་འབྲས་བུ་དང་། ཤིང་ཐོག་བརྡ་ཞིང་རྒྱལ་བུ་ལ་ཕུལ་ཏེ། སྲས་མི་སྲིང་གཉིས་ཀྱང་བསྟོད་དོ།། སྲས་བུ་མི་སྲིང་གཉིས་ནི་སྐབས་སྐབས་སུ་ཕ་མ་གཉིས་དང་བྲལ་ཏེ། ཧ་ཅང་ཡང་མི ་རིང་བའི་ཆུ་མིག་གི་འགྲམ་དག་ཏུ་གཅན་གཟན་ནམ། རི་དགས་དག་དུང་ལྷན་ཅིག་རྩེ་སྟེ། བར་འགའ་ཞག་ལོན་པར་ཡང་རྩེའོ།། ཕྱིས་དུས་གཞན་ཞིག་ན། སྲས་ཁྱེའུ་ལ་རི་སེང་གེ་ལ་ཞོན་པ ་ལས་སེང་གེ་བརྒལ་ནས། རྡབ་ཅིག་བསྣུན་པས། སྲས་བུའི་གདོང་པ་ཅུང་ཟད་སྣད་དེ་ཁྲག་བྱུང་བ་ལས། སྤྲེའུ་ཞིག་གིས་ཤིང་གི་ལོ་མ་བླངས་ཏེ། གདོང་གི་ཁྲག་ཕྱིས་ནས། ཆུ་འགྲམ་དུ ་ཁྲིད་དེ་ཁྲག་ཕྱིས་པ་ཡང་རྒྱལ་བུས་རྒྱང་མ་ནས་མཐོང་། དེའི་ཚེ་ཡུལ་ཀེའུ་ལེའུ་ཞེས་བྱ་བར་བྲམ་ཟེ་དབུལ་པོ་ཞིག་ལོ་བཞི་བཅུ་ལོན་ནས་ཆུང་མ་བླངས་སོ།། ཆུང་མ་ནི་རབ་ཏུ ་བཟང་ཞིང་སྡུག་ལ། བྲམ་ཟེ་དེ་ནི་རབ་ཏུ་མི་སྡུག་པའི་མཚན་མ་བཅུ་གཉིས་རྫོགས་པར་ཡོད་དེ། དེའི་ལུས་མདོག་སོལ་བ་ལྟར་གནག་ལ། གདོང་པ་འབུར་འབུར་པོ་གསུམ་ཡོད་པ། སྣ་འབྱོར ་ཞིང་མིག་གཉིས་ཤེལ་ལྟར་སྔོ་བ། གདེང་གཉེར་མ་ཅན་ལ། མ་མཆུ་འཕྱང་བ་། སྨྲ་བའི་སྐད་མི་སྙན་པ། གསུས་པ་ཆེ་ལ་རྐུབ་འབུར་བ། རྐང་པ་གཉིས་གྱོལ་བ། མགོ་ཤུབ་ཅན་ལ ་སྐྲ་མེད་པ་འདྲེ་ལྟར་མི་སྡུག་པ་ཞིག་སྟེ། ཆུང་མས་ཀྱང་མཐོང་མི་འདོད་པ་ཙམ་དུ། ཤི་ཡང་བླ་ཞེས་རྒྱུན་དུ་དམོད་མོ་བྱེད་པ་ཞིག་ཡོད་དོ།། དུས་གཞན་ཞིག་ན་ཆུང་མ་དེ་ཆུ་ཆུར་སོང་སོང་བ་ལས། ལམ ་དུ་ཁྱོག་གཞོན་ནུ་དག་ཁ་ཅིག་དང་ཕྲད་ནས། ཁྱོ་ག་རྣམས་ཀྱིས་ཁྱིམ་ཐབ་ཀྱི་ཁ་གཟུགས་འདི་འདྲའོ་ཞེས་ཅོ་འདྲི་ཞིང་བགད་ནས། ཁྱོད་ནི་དཔེ་མེད་པར་བཟང་ཞིང་སྡུག་ན། ཇི་ལྟར་འདི་འདྲ་བའི་ཆུང་མ ་བྱེད་ནུས་ཞེས་སྨྲས་པ་དང་། ཆུང་མས་ཁྱོག་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། རྒན་པོའི་མགོ་ནི་ཤིང་ལ་བ་མོ་ཆགས་པ་ཁུར་སྐྱ་བ་དེ། ནང་ནུབ་ཤི་བར་དགའ་ན། ཤིར་མི་བཏུབ་ཇི་ལྟར ་བྱ་ཞེས་ཆུ་སྣོད་ཐོགས་ནས། ཕྱིར་ཁྱིམ་དུ་འོངས་ཏེ། ཁྱིམ་ཐབ་ལ་འདི་སྐད་ཅེས་སྨྲས་སོ།། བདག་ཆུ་ཆུར་སོང་སོང་བ་ལས། ལམ་དུ་ཁྱོག་གཞོན་ནུ་དག་ཅིག་དང་ཕྲང་དེ། དེ་དག་བདག་ལ་ཙ ་འདྲི་ཞིང་བགད་པས། ད་ཁྱོད་ཀྱིས་བཀོལ་བའི་བྲན་ཡོད་ན། ཆུ་ཆུ་ཡང་མི་དགོས་ཏེ། གཞན་གྱིས་དཔྱས་པར་ཡང་མི་འགྱུར་རོ།། ཁྱིམ་ཐབ་ཀྱིས་སྨྲས་པ། བདག་ཅག་ནི་ཤིན་ཏུ་ཡང ་དབུལ་འཕོངས་པ་ཡིན་ན། ཟན་ཁོལ་པ་ལས་རྙེད་པར་འགྱུར། ཆུང་མས་སྨྲས་པ་གལ་ཏེ་བདག་གི་ཕྱིར་བྲན་ཁོལ་མེ་བཙལ་ན། བདག་ཀྱང་འགྲོ་སྟེ། ཁྱོད་དང་ལྡན་ཅིག་མི་གནས་སོ།། ་ཆུང་མས་ཡང་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་ཐོས་ན། རྒྱལ་བུ་དོར་གྲུབ་སྦྱིན་པ་མ་འོས་པར་བྱིན་པས། ཡབ་རྒྱལ་པོས་རིངན་ཏིག་ཅེས་བྱ་བར་སྤངས་སོ།། རྒྱལ་བུ་དེ་ལ་ཁྱེའུ་གཅིག་དང་། ་བུ་མོ་གཅིག་ཡོད་ཅེས་གྲག་གིས། ཁྱོད་དེར་སློང་དུ་སོང་ཞིག། ཁྱིམ་ཐབ་ཀྱིས་སྨྲས་པ། རི་དན་ཏིག་ཅེས་བྱ་བ་འདི་ནས་དཔག་ཚད་དྲུག་སྟོང་ལྷག་ཙམ་གཅིག་གིས་ལམ་སོ་ཡོད་ལསྔོན་ལ་ལུང ་བགྲོད་ཀྱང་མ་མྱོང་ན། ད་ཇི་ལྟར་བགྲོད་པར་བྱ། ཆུང་མས་སྨྲས་པ། བདག་གི་ཕྱིར་བྲན་ཁོལ་མུ་བཙལ་ན། བདག་འགེགས་ཏེ་འཆིའོ་ཞེས་སྨྲས་པ་དང་། གཉིས་ན་ཁོ་བོ་ནི་གཅིག་གིས་གསད ་ཀྱང་སླའོ།། ཁྱོད་ཤི་བར་མི་འདོད་དོ་ཞེས་སྨྲས་ནས། ཁྱོད་ཀྱིས་བདག་སློང་དུ་འགྲོ་བར་དང་ན། ཁོ་བོའི་བརྒྱགས་དང་དགོས་པ་སྦྱོར་ཅིག་ཅེས་བསྒོའོ།། ཆུང་མས་སྨྲས་པ། ད་སོང་ཞིག་བརྒྱད། ་དང་དགོས་པ་ཡང་མེད་དོ་ཞེས་སྨྲས་ན། བྲམ་ཟེས་བརྒྱགས་རང་སྦྱར་ཏེ། རྐང་པས་ལམ་དུ་ཞུགས་ཏེ་སོང་ངོ་།། དེ་ནས་བྲམ་ཟེ་ཡུལ་ལ་བ་ཞེས་བྱ་བ་ག་ལ་བ་དེར་སོང་སྟེ། དེར་ཕྱིན་པ་དང་། ་རྒྱལ་པོའི་ཕོ་བྲང་གི་སྒོར་འོངས་ནས། སྒོ་སྲུངས་པ་ལ་རྒྱལ་བུ་དོན་གྲུབ་ད་ལྟར་ག་ལ་འདུག་ཅེས་དྲིས་པ་དང་། སྒོ་སྲུངས་དེ་ཕོ་བྲང་གི་ནང་དུ་སོང་ནས། རྒྱལ་པོ་ད ་ལྟར་ཕྱི་རོལ་ན། བྲམ་ཟེ་ཞིག་རྒྱལ་བུ་དོན་གྲུབ་ག་རེ་ཞེས་འདྲིའོ།། རྒྱལ་པོས་རྒྱལ་བུ་ག་རེ་ཞེས་སྨྲས་པའི་ཚིག་ཐོས་པ་ཙམ་གྱིས་སེམས་འཁྲུགས་ཤིང་ཁྲོས་ནས། འདི་སྙམ་དུ་འདི་འདྲ་བ ་ཤ་སྟག་གི་ཕྱིར། ངའི་སྲས་སྤངས་པར་གྱུར་ན། ད་ཡང་སློང་དུ་འོངས་སྙམ་བསམས་ནས་དཔེ་འདི་སྐད་ཅེས་བརྗོད་པར་གྱུར་ཏོ།། དཔེར་ན་མེ་ནི་རང་བཞིན་གྱིས་ཆ་ཞིང་འབར་བ་ཡིན་ན། ་དེའི་སྟེང་དུ་ཤིང་བསྣན་པ་དང་འདྲ་སྟེ། བདག་ཀྱང་ད་ལྟར་མྱ་ངན་གྱིས་གདུངས་ཏེ་མེ་དང་འདྲ་བ་ལས། ད་ཡང་རྒྱལ་བུ་ག་རེ་ཞེས་འདྲི་བ་ན་མེ་ལ་ཤིང་གིས་བསྣན་པ་དང་འདྲའོ།། བྲམ་ཟེས་གསོལ ་པ། བདག་ནི་ལམ་རིང་པོ་ནས་འོངས་པ་ཡང་། རྒྱལ་བུ་རྒྱལ་ཚབ་མིའི་ཡིད་དང་མི་འགལ་བར་སྦྱིན་པ་བགྱིད་དོ་ཞེས་མིང་སྙན་པ་སྟེང་དུ་གནམ་ལ་ཐུག། འོག་ཏུ་ཆུ་མིག་གི་གཏིང་ལ་ཐུག་གི་གཏིང་གི་བར། ་དུ་གྲགས་པ། བདག་ལམ་རིང་པོ་ནས་རེ་བ་ཡོད་པར་འོངས་སོ།། རྒྱལ་པོས་སྤྲས་པ། རྒྱལ་བུ་དོར་གྲུབ་ནི་ད་ལྟར་རི་ཤིན་ཏུ་དབེན་པ་ན་གནས་ཏེ། རབ་ཏུ་དབུལ་ཞིང་ཅིའང་མེད་དུ། ཁྱོད་ལ ་ཞོག་སྤྲིན་དུ་ཡོད། བྲམ་ཟེས་སྤྲས་པ། རྒྱལ་བུ་ལ་ཅིའང་མེད་ཀྱང་བདག་ཟད་པར་དགའ་འོ་ཞེས་སྨྲས་པ་དང་། རྒྱལ་པོས་ཀྱང་གཞས་ཞིག་ལ་ལམ་སྟོན་ཅིག་ཅེས་བསྐོའོ།། དེ་ནས ་བྲམ་ཟེ་སོང་སོང་བ་ལས། ངན་ཏིག་གི་རི་དྲུང་དུ་ཆུ་ཆེན་པོ་ཞིག་ཡོད་པར་ཕྱིན་ནས། རྒྱལ་བུ་འབལ་ཞིག་བསམས་ཤིང་ཡིད་ལ་བྱས་པས། ཆུའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ།། དེ་ནས་བྲམ་ར། ་རི་དེར་ཕྱིན་ནས། ཐོག་མཛོད་པ་ཞིག་དང་ཕྲད་དོ།། རྔོན་པ་དེ་ལ་ཁྱོད་རི་དེ་ལ་རྒྱལ་བུ་དོན་གྲུབ་ཅེས་བྱ་བ་མཐོང་ངམ་ཞེས་དྲིས་པ་དང་། རྔོན་པ་དེས་ཀྱང་རྒྱལ་བུ་སྦྱིན་པ་ལ་དགའ་བས་བྲམ་ཟེ ་འདི་དག་གི་ཕྱིར་རི་ལ་སྤངས་པར་ཤེས་པས། རྔོན་པ་དེས་ཀྱང་བྲམ་ཟེ་བཟུང་ནས། ཤིང་ལ་བཅངས་ཏེ། བརྡེགས་པས་ལུས་ལ་རྨ་ཡང་བྱུང་ངོ་།། རྔོན་པས་ཡང་སྨྲས་པ། ཁྱོད་རྒྱལ ་བུ་དྲིས་ཏེ་ཅི་ཞིག་བྱ། མདའ་འཕང་ངོ་ཞེས་བྱས་པ་དང་། བྲམ་ཟེ་དེ་ལ་འདི་སྙམ་དུ། ད་ནི་འདིས་བདག་གསོད་ཡང་དག་ན། བརྫུན་ཞིག་བྱའོ་སྙམ་བསམས་ནས། རྔོན་པ་ལ་ཁྱོད་བདག་ལ་འདྲི ་ན་ཅི་ཉེས་ཞེས་སྨྲས་སོ།། དེ་ནས་རྔོན་པས། འོ་ན་ཅི་ཞིག་སྨྲ་བར་སེམས་ཞེས་དྲིས་པ་དང་། བྲམ་ཟེས་བརྫུན་ཚིག་འདི་སྐད་ཅེས་སྨྲས་སོ།། རྒྱལ་པོ་ཡབ་རྒྱལ་བུ་མཐོང་བར་དགའ་བས།། ་བདག་འདིར་རྒྱལ་བུ་ཕྱིར་འགུགས་སུ་འོངས་སོ་ཞེས་སྨྲས་མ་ཐག་ཏུརྔོན་པས་ཀྱང་བཀྲོལ་ཏེ་བཏང་ནས་སྔར་མ་རྟོགས་ཏེ། རྒྱུས་མ་ཤེས་སོ་ཞེས་བཟོད་པ་གསོལ་ནས། རྒྱལ་བུ་གང་ན་འདུག ་འི་གནས་བསྟན་ཏོ།། དེ་ནས་བྲམ་ཟེ་དེ་རྒྱལ་བུའི་ཐད་དུ་ཕྱིན་པ་དང་། རྒྱལ་བུས་ཀྱང་རྒྱང་མ་ནས་བྲམ་ཟེ་འོངས་པ་མཐོང་ནས། རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། བསུས་ནས་གུས་པར་ཕྱག་བྱས་ཏེ། ཁྱོད་གལས་འོང་། ་ལམ་དུ་ཉོན་མོངས་ཤིང་ངལ་བར་མ་གྱུར་ཏ་མ། ཅི་འདོད་ཅེས་སྤྲོ་བའི་གཏམ་བྱས་སོ།། བྲམ་ཟེས་སྨྲས་པ། བདག་ལམ་རིང་པོ་ནས་འོངས་ཏེ། ལུས་ཐམས་ཅད་རྩེ་ཞིང་ངལ་ཏེ། བཀྲེས་སྐོམ ་ཞེས་སྨྲས་པ་དང་། རྒྱལ་བུས་ནང་དུ་ཁྲིད་ནས་སྟན་ལ་འདུག་ཏུ་བཅུག་སྟེ། ཤིང་ཐོག་དང་། ཤིང་གི་འབྲས་བུ་དང་། བཏུང་བའི་སྐོམ་མདུན་དུ་ཕབ་ནས་བྲམ་ཟེས་ཀྱང་སྐོམ་འཐུངས་ཤིང་ཐོག་ཟོས ་ཏེ། ཐལ་བྱུང་རྒྱལ་བུ་ལ་འདི་སྐད་ཅེས་སྨྲས་སོ།། བདག་ནི་ཡུལ་ཀེའུ་ལེའུ་ཞེས་བྱ་བའི་ཡུལ་མི་ཡིན་ཏེ། སྔ་ཞིག་ནས་རྒྱལ་བུ་སྦྱིན་པ་ལ་དགའ་འོ་ཞེས་ཕྱོགས་བཅུར་གྲགས་ཤིང་ཐོས་པས། བདག་ནི ་རྒྱལ་བུ་དབུལ་འཕོངས་ཏེ། རྒྱལ་བུ་ལ་སློང་དུ་འོངས་སོ།། རྒྱལ་བུས་སྨྲས་པ། བདག་ལ་ཡོད་པ་ལས་ཁྱོད་ལ་མ་བྱིན་ན་ནི། ཆགས་ཤིང་སེར་སྣ་བྱེད་པར་ཡང་འགྱུར་ན། བདག་ལ་ཅི་བདོག་པ ་སྔར་བཏང་བས་ད་ནི་ཅིའང་སྦྱིན་དུ་མེད་དོ།། བྲམ་ཟེས་སྨྲས་པ། དེ་ལྟར་ནོར་རྫས་སྦྱིན་དུ་མེད་ན། ཁྱོད་ཀྱི་བུ་གཉིས་བདག་རྒན་པོའི་བཀོལ་བ་འམ། བྲན་དུ་བྱིན་ཅིག་ཅེས་དེ་བཞིན་དུ་ལན་གཎྜཱི ་ལན་གསུམ་གྱི་བར་དུ་སྨྲས་ནསརྒྱལ་བུས་ཀྱང་ཁྱོད་ལམ་རིང་པོ་ནས་འོངས་ལ། བདག་གིས་བུ་གཉིས་འདོད་པ་རབ་ཏུ་ལེགས་ཀྱིས་སྦྱིན་ནོ་ཞེས་སྨྲས་སོ།། དེའི་ཚེ་ན་བུ་མི་སྲིང་གཉིས་རྩེ ་སོང་སོང་བ་ལས། རྒྱལ་བུས་བོས་ནས། བུ་ལ་འདི་སྐད་ཅེས་བསྒོའོ།། བྲམ་ཟེ་འདི་ལམ་རིང་པོ་ནས་བུ་ཁྱེད་གཉིས་སློང་ངོ་ཞེས་ཟེར་ནས་ཁོ་བོས་ཀྱང་སྦྱིན་པ་ཡིན་གྱིས་ཁྱེད་གཉིས ་འདིའི་ཕྱི་བཞིན་སོང་ཞིག་ཅེས་བསྒོ་བ་དང་བུ་གཉིས་རྒྱལ་བུའི་མཚན་དུ་བྲོས་ནས་དྲ་སྟེ་འདི་སྐད་ཅེས་སྨྲས་སོ།། བདག་ཅག་གིས་བྲམ་ཟེ་དུ་མ་མཐོང་ན་འདི་འདྲ་བདག་ཅག་གིས་མ་མཐོང་སྟེ། ་འདི་བྲམ་ཟེ་མ་ལགས་ཀྱི་ཡང་དག་པར་ཡི་དགས་ལགས་པས། ད་བདག་ཅག་གི་མ་ཤིང་ཐོག་ཚོལ་དུ་མཆིས་པ་ལས། སླར་མ་འཁོར་བར་བདག་ཅག་གཉིས་ཡི་དགས་འདིའི་ཟས་སུ་སྩལ་ན། ་གདོན་མི་འཚལ་བར་འགུམ་མོ།། བདག་ཅག་གི་མ་སླར་མཆིས་ཏེ། དུ་དང་མ་མཇལ་ནཱ། ཇི་ལྟར་བ་དང་བེའུ་བྲལ་བ་ལྟར་ངུ་ཞིང་ཆོ་ངེས་འདེབས་ཏེ། མི་དགའ་བའི་མྱ་ངན་གྱིས་གདུངས་པར་འགྱུར ་རོ།། རྒྱལ་བུས། བུ་ལ་བསྒོ་བ། ཁོ་བོས་སྦྱིན་པར་གནང་བས་བསྡད་དུ་མི་རུང་སྟེ། འདི་བྲམ་ཟེ་ཡིན་གྱིས། ཡི་དགས་མ་ཡིན་པས། མི་ཟོས་ཀྱིས། ཁྱེད་གཉིས་འདིའི་ཕྱི་བཞིན་སོང་ཞིག་། བྲམ ་ཟེཅེས་སྨྲས་པ། བདག་ནི་ད་ཆས་ཏེ་འགྲོའོ།། གལ་ཏེ་བུའི་མ་འོངས་ན་འགྲོར་མེད་དེ། མ་བཏང་ན་རྒྱལ་བུས་བདག་ལ་བྱིན་པའི་དགེ་བའི་སེམས་བུའི་མས་ཟློག་ཅིང་ཉམས་པར་འགྱུར་དུ་དོགས་སོ།། ་རྒྱལ་བུས་སྨྲས་པ། བདག་གིས་སྦྱིན་པ་ཅི་བྱས་ཀྱང་ཐོག་མ་ནས་ཅི་ལའང་འགྱོད་པའི་སེམས་བྱུང་མ་མྱོང་ངོ་།། དེ་ནས་རྒྱལ་བུས་ཆུ་སྣོད་ཐོགས་ཏེ། བྲམ་ཟེའི་ལག་པར་ཆུ་བླུགས་ནསབུ ་གཉིས་ཀྱི་ལག་པ་ནས་བཟུང་སྟེ། བྲམ་ཟེ་ལ་ཕུལ་བ་ན། ས་ཡང་རབ་ཏུ་གཡོས་སོ།། བུ་གཉིས་བྲམ་ཟེའི་ཕྱི་བཞིན་མཆིར་མ་བཏུབ་ནས། ཕྱིར་རྒྱལ་བུའི་དྲུང་དུ་འོངས་ཏེ། པུས་མོས ་ལ་བཙུགས་ན་ཕ་རྒྱལ་བུ་ལ་འདི་སྐད་ཅེས་གསོལ་ཏོ།། བདག་ཅག་གཉིས་ཀྱིས་ཚེ་རབས་སྔ་མ་ལ་མི་དགེ་བའི་སྡིག་པ་ཅི་བགྱིས་ནས། འདི་ལྟ་བུའི་སྡུག ་བསྔལ་མྱོང་བར་གྱུར། བདག་ནི་རྒྱལ་པོའི་རིགས་སུ་སྐྱེས་ནས་ཅིའི་སླད་དུ་ཕ་རོལ་པོའི་བྲན་ཁོལ་དུ་གྱུར་ཅེས་ཕ་རྒྱལ་བུ་ལ་སྡིག་བཤགས་ནས། འདིའི་རྒྱུ་འདིའི་རྐྱེན་གྱིས་སྡིག་པ་བྱང་ཞིང ་བསོད་ནམས་སྐྱེས་ཏེ། གང་ནས་གང་དུ་སྐྱེས་ཀྱང་། འདི་ལྟ་བུའི་སྡུག་བསྔལ་དང་ཕྲད་པར་མ་གྱུར་ཅིག་ཅེས་སྨྲས་སོ།། རྒྱལ་བུས་བུ་ལ་སྨྲས་པ། འཇིག་རྟེན་མཛའ་ཞིང་སྡུག་གོ་ཅོག ་མཐར་བྱེ་བྲལ་བར་གྱུར་ཏེ། ཐམས་ཅད་མི་རྟག་པས་ཡིད་བརྟན་དུ་མི་རུང་། ཁོ་བོས་ནམ་བླ་ན་མེད་པའི་མཉམ་སྙོམས་པའི་བྱང་ཆུབ་ཐོབ་པ་ན། ཁྱེད་ཐར་པའི་དོན་བྱའོ་ཞེས་བསྒོའོ།། ་བུ་གཉིས་ཀྱིས་ཡང་ཡང་རྒྱལ་བུ་ལ་སྨྲས་པ། བུས་ནི་མ་ལ་མཆི་ཕྱག་བགྱི་བ་ལགས་ན། ད་གཞར་ཡང་མི་ཕྲད་དེ། མའི་ངོ་མ་མཐོང་བ་ཡང་། བདག་ཅག་གི་སྔོན་གྱི་སྡིག་པའི་ལྔ ་ཀྱིས་གདུངས་པར་ཟད་ན། བདག་ཅག་གི་མ་ཅིའི་ཕྱིར་མྱ་ངན་གྱིས་གདུངས་ཤིང་། སྡུག་བསྔལ་བར་མི་འགྱུར་ཞེས་སྨྲེ་སྔགས་འདོན་ཏོ།། བྲམ་ཟེས་སྨྲས་པ། བདག་རྒས་ལ་ཉམ་ཆུང་བས། དུས ་པ་འདི་གཉིས་བདག་བོར་ཏེ། མའི་ཐད་དུ་བྲོས་པར་གྱུར་ན། བདག་གིས་བྱར་མེད་པར་འགྱུར་གྱིས། ཁྱོད་ཀྱིས་ཆིངས་ལ་བཀྲིས་ཤིག་ཅེས་སྨྲས་པ་དང་། རྒྱལ་བུས་ཀྱང་བུ་གཉིས་ཀྱི་ལག ་བ་བྱིང་ཀ་ལོག་ཏུ་བཟུང་སྟེ་བྲམ་ཟེ་ཉིད་འཆིང་དུ་བཅུག་ནས། ཕྱིང་ཀ་ལོག་ཏུ་བཅིངས་པའི་ཐག་པ་བྲམ་ཟེའི་ལག་པར་བྱིན་ཏེ་སྤེལ་ནས་ཁྲིད་དོ། བུ་གཉིས་ནི་དེ་ལྟར་ཁྲིད་ཀྱང་འགྲོར་མ་འདུབ། ་སྟེ་འཐེན་པ་ལས། བྲམ་ཟེས་ལྷག་ཐོགས་ཏེ། དེད་ནས་གཞུས་པའི་ལམ་དུ་ཁྲག་ཕྱུང་བའང་ས་ལ་ཆལ་པར་གང་ངོ་།། རྒྱལ་བུས་དེ་ལྟར་མཐོང་ནས་མཚམ་བྱུང་སྟེ། མཆིམ ་ས་ལ་བོ་བས། ས་ཡང་ཁོལ་བར་གྱུར་ཏོ།། རྒྱལ་བུ་དང་། རི་དགས་དང་། གཅན་གཟན་མང་པོ་ཐམས་ཅད་ཀྱིས་བུ་གཉིས་བསྐྱལ་ཏེ། མི་སྣང་བར་གྱུར་པ་དང་། གཟོད་ཕྱིར ་ལོག་གོ།། རི་དགས་དང་གཅན་གཟན་ལ་སོགས་པས་རྒྱལ་བུ་བསྐྱལ་ཏེ། ཕྱིར་རྒྱལ་བུ་དང་རྩེ་བའི་གནས་སུ་ཕྱིན་ནས། སྙིང་རྗེའི་སྐད་ཕྱུང་སྟེ། ལུས་ས་ལ་རྡེབས་ཤིང་འགྲེའོ།། བྲམ ་ཟེ་དེས་ལམ་དུ་ཞུགས་ཏེ་སོང་སོང་བ་ལས་ལམ་ཁར་སྐྱེ་ཤིང་ཞིག་ཡོད་པ་ལ་བུ་གཉིས་བཏགས་ཏེ་འདུག་གོ།། དེ་ནས་ཆས་པ་དང་བུ་གཉིས་ཕ་མེ་དང་ཕྲད་དུ་རེ་ནས། ཤིང་གི་ཕག་ལ་འདྲི་ཞིང་འགྲོར ་མ་བཏུབ་ནས། བྲམ་ཟེས་ཡང་གཞུས་པ་ལས། བུ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ།། བདག་ཅག་ལ་མ་རྡེག་ཅིག། བདག་ཅག་རང་འགྲོའོ་ཞེས་གནམ་ལ་ཡང་བལྟས་ཏེ། ཡང་འདི ་སྐད་ཅེས་སྨྲས་སོ།། རི་གཉེན་གྱི་ལྷ་དང་། ནགས་ཚལ་གྱི་ཤིང་ལྷ་རྣམས་བདག་དག་ཅུང་འཐུགས་བརྩེ་བའི་དགོངས་པ་མི་མངའ་འམ། བདག་ཅག་ནི་ལམ་རིང་པོར་གཞན་གྱི་བྲན་ཁོལ་བྱེད་དུ ་འགྲོ་སྟེ། མ་དང་བྲལ་བར་གྱུར་ན། བདག་ཅག་གི་མ་རི་ལ་ཤིང་ཐོག་ཚོལ་ཞིང་བརྡར་བཏང་སྟེ་མྱུར་དུ་བདག་ཅག་དང་ཕྲད་པར་ཤོག་ཅིག་ཅེས་མི་སྦྲན་ནམ་ཞེས ་དེ་སྐད་སྨྲས་པ་དང་། བུའི་མ་རི་ལ་འདུག་པའི་རྐང་པ་གཡོན་པ་མཐིལ་གཡའ་ཞིང་གཡོ་བ་དང་། མིག་གཡོན་པའང་འགུལ། མུ་མ་གཉིས་ནས་ནུ་ཞོའང་རང་ཟག་པར་གྱུར་ནས་འདི་སྙམ ་དུ་འདི་འདྲ་བའི་ལྟས་ངན་གནའ་ནས་མ་བྱུང་ན། བདག་གི་བུ་གཉིས་ལ་ཡེ་འདྲོག་མ་བྱུང་ངམ་སྙམ་བསམས་ནས་ཤིང་ཐོག་གིས་ཅི་ཞིག་བྱ་སྙམ་སྟེ། ཤིང་ཐོག་བརྡ་བའང་བཏང་ནས། ་མྱུར་བར་ཕྱིར་གནས་སུ་འགྲོ་བར་ཆས་སོ།། དེའི་ཚེ་སུམ་ཅུ་རྩ་གསུམ་པའི་གནམ་གྱི་ལྷའི་དབང་པོས་རྒྱལ་བུས་གཞན་ལ་བུ་བྱིན་པར་ཤེས་ནས་བཙུན་མོས་དགེ་བར་བསམས་པའི་སེམས། ་ཀྱི་བར་ཆད་བྱེད་དུ་དོགས་པས་སེང་གེ་ཞིག་ཏུ་སྤྲུལ་ནས། ལམ་གྱི་སྲང་དུ་བསྡད་དོ།། བཙུན་མོས། སེང་གེ་ལ་སྨྲས་པ། ཁྱོད་ནི་གཅན་གཟན་གྱི་རྒྱལ་པོ།། ཁོ་མོ་ནི་མིའི་རྒྱལ་མོ་ཡིན ་ཏེ། རི་ལ་འཁོད་པར་འདྲ་ན། ཅུང་ཟད་ལམ་ལས་བྱོལ་ཏེ་བདག་ཐོང་ཞིག། བདག་ལ་ཆུང་ངུ་མ་ཤེད་མ་བྱེ་བ་གཉིས་ཤིག་ཡོད་དེ། ད་ཙམ་གྱི་བར་དུ་ཅིའང་མ་ཟོས་པས། བདག་འོང་དུ་རེ་སྟེ ་སྡོད་དོ།། སེང་གེས་ཀྱང་བྲམ་ཟེ་དེ་རྒྱང་རིང་དུ་ཐལ་བར་ཤེས་ནས། ལམ་ལས་བྱོལ་ཏེ་བཙུན་མོ་བཏང་ངོ་།། བཙུན་མོ་ཕྱིར་གནས་སུ་འོངས་ནས་རྒྱལ་བུ་འབའ་ཞིག་སྣང་གི། བུ་གཉིས ་མ་མཐོང་བས། བདག་ཉིད་འཇུག་པའི་སྤྱིལ་བུང་བ་ལྟས་ན་ཡང་བུ་མ་མཐོང་བུ་གཉིས་འདུག་པའི་སྐྱིལ་པོར་བལྟས་ན་ཡང་བུ་མ་མཐོང་སྟེ། དེ་ནས་བུ་རྩེ་བའི་གནས་ཆུ་འགྲམ་དུ་བཙལ་ན་ཡང་། ་མཐོང་ངོ་།། སྔོན་བུ་དང་རྩེ་བའི་རི་དགས་ཤབ་དང་། 2་ཤ་དང་། གནན་གཟན་སེང་གེ་དང་། སྤྲེའུ་ལ་སོགས་ཏེ། མདུན་ནས་ལུས་ས་ལ་རྡེབས་ཤིང་སྒྲ་འབྱིན་ལ། སྔོན་རྩེ་བའི་རྫིང་བུ ་ཆུ་ཡང་བསྐམས་པར་མཐོང་ནས། ཕྱིར་རྒྱལ་བུ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། རྒྱལ་བུ་ལ་བདག་གི་བུ་གཉིས་ག་རེ་ཞེས་དྲིས་ན། རྒྱལ་བུ་ཅང་མི་སྨྲའོ།། བཙུན་མོས་ཡང་སྨྲས་པ ་བདག་ནམ་ཤིང་ཐོག་ཐོགས་ཏེ་ཕྱིར་གནས་སུ་འཁོར་བ་ནས། བདག་གི་བུ་གཉིས་རྐྱང་ནས་རྒྱུག་ཅིང་མདུན་དུ་བསུས་ཏེ། བརྡེག་འཆོས་ན་ཡང་ཕྱིར་ལངས་ཏེ། དཀྱུ་མཆོང་ཞིང་། ཨ་མ་འོངས་ཨ་མ ་འོངས་སོ་ཞེས་འབོད་དོ།། བདག་འདུག་པ་ན་གཉིས་ཀ་གཡས་གཡོན་ན་འདུག་ཅིང་། ཕྲག་པའམ། ལུས་ལ་རྡུལ་གོས་ན་ཡང་འཕྱི་ཞིང་སྤྲུག། ད་བདག་གི་བུ་ག་རེ་མ་མཐོང་ན། གཞན ་ལ་མ་བྱིན་ནམ། འདི་ལྟར་མ་མཐོང་བས། བདག་གི་སྙིང་གས་པར་འགྱུར་གྱིས། བདག་གི་བུ་ག་ལ་འདུག་མྱུར་དུ་སྨྲོས་ཤིག། བདག་མྱོས་པར་འགྱུར་རོ་ཞེས། དེ་ལྟར་ལན་གཉིས ་ལན་གསུམ་གྱི་བར་དུ་དྲིས་ཀྱང་ལན་མ་སྨྲས་སོ།། བཙུན་མོས་ཡང་སྨྲས་པ། ལྷག་པར་སྡུག་བསྔལ་གྱིས་གདུངས་ཏེ། བུ་གཉིས་མ་མཐོང་བ་ལྷ་ཚོད་ཡོད་ན། རྒྱལ་བུས་ལན་མ་སྟེར་བས ་ལྷག་པར་མྱོས་ཤིང་འཁྲུགས་པར་གྱུར་ཏོ།། རྒྱལ་བུས་སྨྲས་པ། ཡུལ་ཀེའུ་ལེའུ་ཞེས་བྱ་བ་ནས། བྲམ་ཟེ་ཞིག་འོངས་ཏེ། བདག་གི་བུ་གཉིས་བསྙུངས། ་པ་ལས། བདག་གིས་བྱིན་ནོ།། བཙུན་མོས་རྒྱལ་བུས་སྨྲས་པ་ཐོས་མ་ཐག་ཏུ་རི་རྡིབ་པ་ལྟར་ས་ལ་འགྱེལ་ཏེ། འགྲེ་ཞིང་ཆོ་ངེས་བཏབ་བོ།། རྒྱལ་བུས་སྨྲས་པརེ་ཞིག་སྡོད་ཅིག། ཁྱོད་སྔོན།། ་འདས་པའི་དུས་ན། སངས་རྒྱས་མར་མེ་མཛད་ཀྱི་ཚེ་དམ་ཇི་ལྟར་བཅས་པ་མི་དྲན་ནམ་དེའི་ཚེ་དེའི་དུས་ན། བདག་ནི་བྲམ་ཟེའི་བུ་གཞོན་ནུ་ཞེས་བྱཁྱོད་ནི་བྲམ་ཟེའི་བུ་མོ་སུ་ཏ་རི ་ཞེས་བྱ་སྟེ། ཁྱོད་ནི་དེའི་ཚེ་མེ་ཏོག་པདྨོ་བདུན་ཞིག་ཐོགས་བདག་ལ་དངུལ་གྱི་དོང་ཙེ་ལྔ་ཞིག་ཡོད་དེ། ཁྱོད་ལས་པདྨོ་ལྔ་ཞིག་ཉོས་ནསསངས་རྒྱས་ལ་ཕུལ་བར་བྱས་པ་ལས་ཁྱོད ་ཀྱིས་པདྨོ་ལྷག་མ་གཉིས་པོ་ཡང་ང་ལ་བྱིན་ཏེ། སངས་རྒྱས་ལ་འབུལ་གྱིས་སྨོན་ལམ་དུ་ཡང་བདག་སྐྱེ་བ་ཕ་རོལ་ཏུ་རྟག་པར་ཁྱོད་ཀྱི་ཆུང་མར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པ་ལས ་བདག་དེའི་ཚེ་ཁྱོད་དང་འདི་སྐད་ཅེས་དམ་མ་བཅས་སམ། ཁྱོད་བདག་གིར་ཆུང་མར་དགའ་ན་བདག་གི་ཡིད་དང་འགལ་བར་མ་བྱེད་ཅིག། བདག་སྦྱིན་པ་ཞིག་བྱེད། ཕ་མ་གཉིས་མ་གཏོགས།། ་པར་གཞན་སྦྱིན་ཡང་། བདག་གི་ཡིད་བཞིན་དུ་སྦྱིན་པ་ལས་འགལ་བར་མ་བྱེད་ཅིག་ཅེས་དམ་བཅས་པ་ལས་དེའི་ཚེ་ཁྱོད་ན་རེ། དེ་བཞིན་དུ་བྱའོ་ཞེས་མ་ཟེར་རམ་ད་ཁྱོད་ཀྱི་བུ་གཉིས ་གཞན་ལ་སྦྱིན་པ་ལ་བདག་གི་དགེ་བའི་སེམས་དཀྲུག་ཏུ་ཡང་ཅི་ཞིག་ཡོད་ཅེས་རྒྱལ་བུས་སྤྲས་མ་ཟག་ཏུ། བཙུན་མོས་ཐོས་པ་ཙམ་གྱིས་སེམས་དང་ཡིད་ཀྱི་སྔོན་གྱི་གནས་དྲན། ་བའི་མངོན་པར་ཤེས་པ་ཚོར་བར་གྱུ་ཏེ། རྒྱལ་བུའི་བསམ་པ་མྱུར་དུ་རྫོགས་པར་འདོད་པས། ཡིད་བཞིན་དུ་སྦྱིན་པ་ལ་རྗེས་སུ་ཡི་རང་བར་གྱུར་ཏོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་རྒྱལ་བུས ་སྦྱིན་པ་བྱིན་པ་ཇི་ལྟར་སེམས་པ་བསམ་པའི་ཕྱིར། བྲམ་ཟེ་ཞིག་ཏུ་སྤྲུལ་ཏོ།། བྲམ་ཟེ་དེའང་མི་སྡུག་པ་རྣམ་པ་བཅུ་གཉིས་དང་ལྡན་ཏེ། རྒྱལ་བུ་ག་ལ་བ་དེར་སོང་ནས། འདི་སྐད ་ཅེས་སྨྲས་སོ།། རྒྱལ་བུ་ཁྱོད་སྦྱིན་པ་ལ་དགའ་བས། ཕ་རོལ་པོའི་ཡིད་དང་འགལ་བར་མི་བྱེད་ཅེས་གྲག་སྟེ། བདག་ཀྱང་ཆེད་དུ་འདིར་སློང་དུ་འོངས་ཀྱིས་ཁྱོད་ལ་བཙུན་མོ་ཡོད་པ་དེ་བདག ་ལ་བྱིན་ཅི།། རྒྱལ་བུས་སྦས་པ། ཤིན་ཏུ་ལེགས་ཏེ། དེ་བཞིན་དུ་སྦྱིན་ནོ་ཞེས་སྨྲས་སོ།། བཙུན་མོས་སྦས་པ། བདག་ཀྱང་ཕ་རོལ་པོ་ལ་བྱིན་ན། རྒྱས་བུའི་གཡོག་སུས་བྱ ་རྒྱལ་བུས་སྦས་པ། དེ་ཁྱོད་ཀྱང་སྦྱིན་པ་མ་བྱས་ན། ཇི་ལྟར་ཡང་བླ་ན་མེད་པ་མཉམ་སྙོམས་པའི་བྱང་ཆུབ་ཐོབ་པར་འགྱུར། དེ་ནས་རྒྱལ་བུས་ཆུ་སྲོང་ཐོགས་ཏེ། བྲམ་ཟེའི ་ལག་པ་བཀྲུ་བའི་ཕྱིརལག་པར་ཆུ་ཐུགས་ནས་བཙུན་མོའང་བྲམ་ཟེ་ལ་ཕུལ་ལོ།། དེ་ལྟར་རྒྱལ་བུ་ལ་འགྱོད་པའི་སེམས་ཅུང་ཟད་ཀྱང་མེད་པར་བརྒྱ་བྱིན་གྱིས་རྟོགས་ནས། ལྷ་རྣམས ་ཀྱིས་བསྟོད་ཅིང་བསྔགས་ཏེ། གནམ་སའང་ཆེར་གཡོས་སོ།། དེ་ནས་བྲམ་ཟེས་བཙུན་མོ་ཁྲིད་དེ། གོམ་པ་བདུན་ཙམ་དུ་ཕྱིན་པ་དང་། ཕྱིར་ལོག་ནས་བཙུན་མོ ་འདི་རྒྱལ་བུ་ལ་ཕྱིར་གདམས་ཀྱིས། སུ་ལའང་མ་བྱིན་ཅིག་ཅེས་སྨྲས་སོ།། རྒྱལ་བུས་སླར་སྨྲས་པ། ཅིའི་ཕྱིར་མི་ཁྲིད་མི་འདོད་དམ། ཅི་མིར་སྐྱེས་པའི་རླུང་མའི་ནང་ན། ཆུང་མ་འདི་ནི་ཤིན ་ཏུ་འང་བཟང་ཞིང་མཛེས་ཏེ། རྒྱལ་པོའི་བུ་མོ་ཡིན་ལ། རྒྱལ་པོ་དེ་ལ་བུ་མོ་འདི་གཅིག་པུ་ལས་མེད་དེ། ཆུང་མ་འདི་ནི་བདག་ལ་ཆུ་གང་ཆེ་བས་ཁ་ཟས་བཙོ་བ་དང་བསྲེག་པའང་ལག་དར ་ཏེ་བྱེད། བཟའ་བ་དང་། བཏུང་བ་ངན་ཀྱང་ངན་ཅེས་མི་འཁོད་དེ། རྟག་ཏུ་འགྲུབ་ཆེ་ལ། བྱད་བཞིན་ཡང་བཟང་ལ་མཛེས་པས། ཁྱོད་ཁྱེར་ན་བདག་དགའ་འོ་ཞེས་སྨྲས་སོ།། བྲམ་ཟེས། རྒྱལ་བུ་ལ ་སྨྲས་པ། ངདག་ནི་བྲམ་ཟེ་མ་ཡིན་གྱི། བརྒྱ་བྱིན་ལྷའི་དབང་པོ་ཡིན་ཏེ། ཆེད་དུ་ཁྱོད་བགམ་པའི་ཕྱིར་འོངས་པ་ཡིན་ནོ་ཞེས་ཕྱིར་བརྒྱ་བྱིན་གྱི་ལུས་བཟང་པོར་བསྒྱུར་ནས། ཁྱེད་ཅིར་སྨོན་ཅེས ་སྨྲས་སོ།། དེ་ནས་བཙུན་མོས་གུས་ཕྱག་འཚལ་ཏེ། སྨོན་ལམ་རྣམ་པ་གསུམ་ཞིག་གསོལ་ཏེ། གང་ཞེ་ན། གཅིག་ཏུ་བུ་ཁྲིད་པའི་བྲམ་ཟེ་ཕྱིར་ཡང་བདག་གི་ཡུལ་དུ་ཕྱིན་པར་གྱུར་ཅིག། གཉིས་སུ ་ན་བདག་གི་བུ་གཉིས་བཀྲེས་པ་དང་སྐོམ་པས་སྡུག་བསྔལ་བར་མ་གྱུར་ཅིག། གསུམ་དུ་ན་རྒྱལ་བུ་དང་བདག་ཅག་གཉིས་ཀྱང་བདག་གི་ཡུལ་དུ་མྱུར་དུ་འཁོར་བར་གྱུར་ཅིག་ཅེས་སྨྲས་པ་དང་། བརྒྱ་བྱིན ་ལྷའི་དབང་པོས་ཀྱང་དེ་བཞིན་དུ་གྲུབ་པར་གྱུར་ཅིག་ཅེས་སྨྲས་སོ།། རྒྱལ་བུས་སྦས་ལ། བདག་ནི་སེམས་ཅན་ཐམས་ཅད་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་སྡུག་བསྔལ་ལས་སྩོལ་དར་། ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང་། བརྒྱ་བྱིན་ལྷའི་དབང་པོས་སྨྲས་པ། སྨོན་ལམ་འདི་ནི་ཤིན་ཏུའང་རྒྱ་ཆེ་སྟེ། བླ་ན་མེད་པ་ཡིན་ནོ།། གལ་ཏེ་མཐོ་རིས་སུ་སྐྱེ་ཞིང་ཉི་ཟླ་ལ་དབང་པང ་བདག་པོར་འདོད་དམ། འཇིག་རྟེན་གྱི་རྒྱལ་པོར་འདོད་དམ། ཚེ་རིང་ཞིང་ཡུན་དུ་གནས་པར་འདོད་ན། བདག་གིས་སྦྱིན་དུས་ཀྱིས། ཁྱོད་ཀྱིས་སྨྲས་པའི་སྨོན་ལམ་ཁམས་གསུམ་ལས ་མཆོག་ཏུ་འདས་པ་ཡིན་པས། བདག་གིས་ནུས་པ་མ་ཡིན་ནོ།། རྒྱལ་བུས་སྨྲས་པ། ད་ལྟར་རེ་ཞིག་མཆོག་ཏུ་ཕྱུག་པོར་གྱུར་ཏེ། སྔོན་དུ་ཀྱང་ལྷག་པར་རྟག་པར་སྦྱིན་པ་བྱིན་ཞིང་ཡང་རྒྱལ ་བོ་དང་། བློན་པོ་རྣམས་དང་བདག་ཅག་ཕྲད་པར་ཤོག་ཅིག་ཅེས་སྨྲས་པ་དང་། བརྒྱ་བྱིན་གྱིས་སྨོམ་པ་བཞིན་དུ་ངེས་པར་གྲུབ་པར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་མི་སྡང་བར་གྱུར་ཏོ།། ཡུལ་ཀེའུ་ལེའུའི ་བྲམ་ཟེ་དེས་བྱིས་པ་གཉིས་ཁྲིད་དེ་ཁྱིམ་དུ་འོངས་ནུ། ཆུང་མས་འདི་སྐད་དུ། ཁྱོད་ངོ་སོ་འདི་ལ་བྱིས་འཁོར་ཏེ་འོངས་པ་ལྔ་ངོ་མི་ཚ་འམ། བྱིས་པ་འདི་གཉིས་ནི་རྒྱལ་པོའི་གདུང་ལ་གཏོགས་པ་ཡིན་ན། ་སྙིང་རྗེའི་སེམས་ཀྱང་མེད་དེ། འདི་ལྟར་བཙོགས་བརྡེགས་ཤིང་། ལུས་ལ་རྨ་དང་རྣག་ཁྲག་གིས་བཙོག་བཙོག་སྔར་བྱས་པ་བཟོད་དམ་ཞེས་སྤྲོ་བརྒྱང་ནས་བྱིས་པ་འདི་གཉིས་ཆོངས་ལ ་བཀོལ་དུ་རླུང་བཁྲི་ཤོག་ཅིག་ཅེས་བསྒོ་བདུང་། ཁྱིམ་ཐབ་ཀྱང་ཆུང་མས་བསྒོ་བ་བཞིན་ཚོངས་དུས་སུ་སོང་བ་ལས། བརྒྱ་བྱིན་ཁྭའི་དབང་པོ་སྤྲུལ་ཏོ།། ཅོང་དུས་སུ། ་འོངས་ནས། བྲམ་ཟེ་དེ་ལ་བྱིས་པ་འདི་ནི་ཤིན་ཏུ་རིན་ཆེ་བས། སུའང་ཉོ་མི་ནུས་སོ་ཞེས་སྨྲས་སོ།། བྱིས་པ་དེ་གཉིས་བཀྲེས་ཤིང་སྐོམ་པ་ལས། བརྒྱ་བྱིན་གྱིས་ལྷའི་རྫུ་འཕྲུལ་གྱིས་ལྷའི་དྲི་བསུང ་སྤྲུལ་ཏེ། བྱིས་པ་གཉིས་ཀྱི་བ་སྤུའི་ལུང་བུ་ནས་ལྟོ་འགྲངས་པར་བྱས་ཏེ། བརྒྱ་བྱིན་གྱིས་བྲམ་ཟེའི་སེམས་ཀྱང་བསྒྱུར་ནས། ཡུལ་ཡ་བར་ཕྱིན་པར་བྱས་སོ།། ཡུལ་དེའི་བློན་པོ་དང་ཡུལ ་མི་ཐམས་ཅད་ཀྱིས་རྒྱལ་བུའི་སྲས། རྒྱལ་པོ་ཆེན་པོའི་ཚ་བོ་ཡིན་པར་མི་ཤེས་པ་མེད་པས། ཡུལ་མི་ཐམས་ཅད་མྱ་ངན་གྱིས་གདུངས་ཏེ། བློན་པོ་ལ་སོགས་པས་བུ་འདི་གཉིས་ག་ལས་འོངས ་ཞེས་དྲིས་པ་དང་། བྲམ་ཟེ་ན་རེ། བདག་གིས་བསླངས་ཏེ་འོངས་པ་ལ། ཁྱེད་ཀྱིས་དྲིར་ཅི་ཡོད་ཅེས་སྨྲས་སོ།། བློན་པོ་རྣམས་ཀྱིས་སྨྲས་པབདག་ཅག་གིས་ཡུལ་དུ་འོངས་པས་ན ་བདག་ཅག་གིས་འདྲི་བར་རིགས་ཀྱི། མི་འདྲི་བ་མ་ཡིན་ནོ་ཞེས་བློན་པོ་དང་ཡུལ་མི་རྣམས་ཀྱིས་བགྲོས་ཏེ། བྲམ་ཟེ་ལས་བུ་གཉིས་དབྲོག་པར་བྱས་པ་ལས། དེའི་ནང་ནས་ཁྱིམ་བདག ་གིས་འདི་སྐད་ཅེས་གྲོས་བཏབའོ།། འདི་ན་རྒྱལ་བུས་སྦྱིན་པར་བསམས་ཏེ། སྦྱིན་པ་འདི་ལ་རྒྱལ་བུས་བསམས་པའི་ཡིད་དང་འགལ་ཞིང་དབྲོག་པར་མི་རིགས་ཀྱིཉོས་ན་རྒྱལ་པོ ་ཆེན་པོ་ལ་གསོལ་ན། རྒྱལ་པོ་ཆེན་པོ་ཉིད་ཀྱིས་རིན་གྱིས་སླུ་བར་འགྱུར་རོ་ཞེས་བྱས་པ་དང་། ཐོས་སྔ་མ་བཏང་ནས། བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ་རྒྱལ་པོ་ཆེན་པོའི་དཔོན་པོ་གཉིས་ད་ལྟར་བྲམ་ཟེ་ཞིག་འཚོང་ཞིང་མཆིས་ཞེས་གསོལ་པ་དང་། རྒྱལ་པོས་ཚིག་ཐོས་མ་ཐག་ཏུ་ཆེར་དངངས་ཏེ་བྲམ་ཟེ་དང་བུ་གཉིས་ཕོ་བྲང་ནང་དུ་ཁྲིད་དེ ་ཤོག་ཅིག་ཅེས་བསྒོ་ནས། བུ་གཉིས་པོ་བྲམ་ཟེ་ནང་དུ་འོངས་པའི་ཚེ། རྒྱལ་པོ་དང་། བཙུན་མོ་དང་། ཕོ་བྲང་གི་སྐྱེས་དང་། བློན་པོ་རྣམས་ཀྱིས་བུ་གཉིས་མཐོང་ནས། ཐམས་ཅད ་དབུགས་ཀྱིས་བརྣངས་པ་ཙམ་དུ་མ་ངུས་པ་མེད་དོ།། དེ་ནས་རྒྱལ་པོས་བྲམ་ཟེ་དེ་ལ་ཁྱོད་ཀྱིས་བུ་འདི་གཉིས་ཇི་ལྟར་ཐོབ་ཅེས་དྲིས་ནས་བྲམ་ཟེ་ན་རེ། བདག་གིས་རྒྱལ་བུ་ལ་བསླངས ་ཏེ་ཐོབ་བོ་ཞེས་ཟེར་རོ།། རྒྱལ་པོས་བྱིས་པ་གཉིས་འོང་བོས་ཏེ། ཕང་པར་བླང་སྙམ་པ་ལས་བུ་གཉིས་འོང་དུ་མ་བཏུབ་བོ།། དེ་ནས་རྒྱལ་པོས་བུ་འདི་གཉིས་རིན་ཇི་ཙམ་འདོད་ཅེས་དྲིས ་ནབྲམ་ཟེས་སྨྲ་མ་འོམ་པར་ཁྱེའུས་འདི་སྐད་ཅེས་གསོལ་ཏོ།། བདག་བུ་ཕོ་ནི་དངུལ་གྱི་དོང་ཙེ་སྟོང་དང་བ་གླང་ཞིག་རིའོ།། བུ་མོ་ནི་གསེར་གྱི་དྲོང་ཅེ་སྤོང་དང་བྲ་བཞོན་ཉིས་བརྒྱ་རིའོ་ཞེས་གསོལ ་བ་དང་། རྒྱལ་བས། ཁྱེའུ་ལ་འདི་སྐད་ཅེས་སྨྲས་སོ།། འཇིག་རྟེན་གྱི་ཆོས་ཀྱིས་མིའི་ནང་ན་པོ་ནི་རིན་པོ་ཆེ་དབྱིག་ལྟར་རིན་ཆེ་བ་ཡིན་ན། ཅིའི་ཕྱིར་བུ་པོ་ནི་རིན་ཆུང་། བུ་མོ་ནི་རིན་ཆེ་བར་འདེངས ་བུ་ཁྱེའུས་གསོལ་བ། ཕོ་བྲང་གི་སླས་ལྟ་བུ་རྒྱལ་པོ་དང་ཉེ་བ་མ་ལགས་ལ། མ་རབས་བྲན་ལས་སླས་སུ་བཞེས་ཏེ། དེ་ལ་ཐུགས་དགྱེས་པས། བཀུར་ཞིང ་བཙུན་པར་མཛད་དེ། རིན་པོ་ཆེའི་གོས་སྐོན་ཞིང་བཟའ་བ་དང་བཏུང་བ་རོ་བརྒྱ་དང་ལྡན་པ་བསྟབས་ནས། སྲས་གཅིག་པུ་ཞིག་མངའ་བ་རི་ལ་སྤངས་ཏེ། ཡ་བ་ཅན་ཕོ་བྲང་གི་སླས་དང་རོལ ་ཅིང་། རོལ་མོ་མཛད་ཀྱང་སྲས་ལ་ཅུང་ཟད་ཙམ་ཡང་དགོངས་པའི་ཐུགས་ཀྱང་མ་མངའ་བས་དེ་བས་ན་བུ་པོ་ནི་རིན་ཆུང་ལ་བུ་མོ་ནི་རིན་ཆེ་བར་མངོན་ནོ།། རྒྱལ་པོས་དེ་སྐད་ཅེས ་སྨྲས་པ་ཐོས་ནས། ལྷག་པར་མི་དགའ་བའི་མྱ་ངན་སྐྱེས་ཏེ་འདི་སྐད་དུ་བདག་ནི་རབ་ཏུ་གནོང་ན། ཁྱེད་ཅིའི་ཕྱིར་ཁོ་བོའི་ཕང་དུ་མི་འོང་། ཁྱེད་ང་ལ་མི་དགའ་འམ། འོན་ཏེ་བྲམ་ཟེས ་འཇིས་ཞེས་དྲིས་ན། བྱིས་པ་ན་རེ། བདག་ཅག་ནི་རྒྱལ་པོ་ཆེན་པོ་ལ་མི་དགའ་བའམ་བྲམ་ཟེས་སྐྲག་པའང་མ་ལགས་ན། ཐོག་མ་རྒྱལ་པོ་ཆེན་པོའི་ཚ་བོ་ལས་ད་ལྟར་མིའི་བྲན་ཁོལ་དུ ་གྱུར་པས། གང་ནའང་མིའི་བྲན་ཁོལ་རྒྱལ་པོའི་ཕང་དུ་འདུག་པའི་ཆོས་མེད་པས་མི་སྤོབས་སོ།། རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས། ལྷག་པར་མྱ་ངན་གྱིས་གདུངས་པར་གྱུར་ཏེ། ་མི་དགའ་བར་གྱུར་ནས། བུས་གསོལ་བ་བཞིན་དུ་བྲམ་ཟེ་ལ་རིན་བྱིན་ཅིག་ཅེས་བསྒོ་ནས་བུ་གཉིས་གདོད་རྒྱལ་པོའི་ཕང་དུ་བླངས་སོ།། བུ་གཉིས་རྒྱལ་པོས་བླངས་ནས་། ཕྱག་གིས་བུ ་གཉིས་ཀྱི་མགོ་ནས་བྱུགས་ཏེ། འདི་སྐད་ཅེས་སྨྲས་སོ།། ཁྱེད་རི་ལ་གནས་པ་ན། ཟས་སུ་ནི་ཅི་ཟ། གོས་སུ་ནི་ཅི་གྱོན་ཅེས་དྲིས་ན། བུ་གཉིས་ན་རེ་ཟས་སུ་ནི་ཤིང་གི་འབྲས་བུ་ཤིང ་ཐོག་ཟ། གོས་སུ་ནི་པགས་པ་དང་སྣམ་བུ་གྱོན་ཏེ། བྱ་མང་པོ་དང་རྩེ་དགའ་བས། མྱ་ངན་གྱི་སེམས་མེད་དོ་ཞེས་གསོལ་ཏོ།། དེ་ནས་རྒྱལ་པོས་བྲམ་ཟེ་དེ་ལ་ཕྱི་རོལ་དུ་སོང་ཞིག་ཅེས་བསྒོ་བ ་དང་། བུ་གཉིས་ཀྱིས། རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། བྲམ་ཟེ་འདི་རབ་ཏུ་བཀྲེས་སྐོམ་གྱིས་ཉེན་ན། དེ་ལ་ཁ་ཟས་ཀྱིས་ཚིམ་པར་མཛད་དུ་གསོལ་ལོ།། རྒྱལ་པོས་སྨྲས་པ། ་ཁྱེད་ལ་མི་དགའ་བ་འམ། ཁོན་དུ་འཛིན་པ་མེད་པར། ཕྱིར་ཁ་ཟས་སྦྱིན་པར་སེམས་བུས་སྨྲས་པ། བདག་གི་ཕ་བྱང་ཆུབ་ཀྱི་ལམ་ལ་དགའ་བས། ནོར་རྫས་ཀྱིས་སྦྱིན་དུ་མེད་དེ ་བདག་གི་ལུས་ཀྱིས་སློང་བ་ལ་བྱིན་པའང་བདག་ཅག་ལ་དབང་བའི་བདག་པོ་ལགས་ཏེ། འདིས་བདག་ཅག་ལ་བཀོལ་བའི་ལས་ཙམ་བྱེད་དུ་མ་བཅུག་པའང་། ཐོག་མ་ཕས་བསམས་པ་ལྟར་མ་གྱུར ་ཏེ། དེ་སྙིང་རྗེའི་སེམས་ཙམ་ཡང་མ་མཆིས་ཏེ། ལྟོགས་ཤིང་སྐོམ་པ་བཞིན་དུ་འདུག་པ་འདི་མིག་གིས་ཀྱང་སུ་ཞིག་གིས་བཟོད། བདག་གི་པས་ནི་བུའང་མི་འཕངས་པར་ཕ་རོལ་པོ་ལ་སྦྱིན ་བསྐྱེད་ན། རྒྱལ་པོ་ཆེན་པོས་མི་གཅིག་གི་ཁ་ཟས་ཙམ་ལ་སེར་སྣ་མཛད་དམ་ཞེས་གསོལ་པ་དང་། རྒྱལ་པོས་ཀྱང་བྲམ་ཟེ་དེ་ལ་ཁ་ཟས་ཀྱིས་ཚིམ་པར་བྱིན་ནས། བྲམ་ཟེའང་རབ་ཏུ ་དགའ་སྟེ། ཕྱིར་བདག་གིས་ཡུལ་དུ་སོང་ངོ་།། དེ་ནས་རྒྱལ་པོས་རྒྱལ་བུ་འགུགས་པའི་ཕོ་ཉ་བཏང་ནསཕོ་ཉའང་དེ་མ་ཐག་ཏུ་ཆས་ཏེ། རྒྱལ་བུ་ག་ལ་བ ་དེར་སོང་ངོ་།། དེར་ཕྱིན་པ་དང་། ཆུ་ཞིག་ལ་མ་ཐར་ནས། ཕོ་ཉ་དེས་རྒྱལ་བུ་ཉིད་ཡིད་ལ་བྱས་ཏེ། བསམས་མ་ཐག་ཏུ་ཆུ་དེ་ལས་ཐར་ནས་རྒྱལ་བུ་གང་ན་བདེར་བྱིན་ཏེ། རྒྱལ་པོའི་བཀས ་རྒྱལ་བུ་སླར་ཡུལ་དུ་གཤེགས་སུ་གསོལ་ཞེས་བསྒོའོ།། རྒྱལ་བུས། ཕོ་ཉ་ལ་སྨྲས་པ་ཐོག་མ་རྒྱལ་པོས་ལོ་བཅུ་གཉིས་ཀྱི་བར་དུ་རི་ལ་སྒོམས་ཤིག་ཅེས་བསྒོ་སྟེ་དདུང་ལོ་གཅིག ་མ་ཚང་བས་ད་ལོ་ཚང་ནས་བདག་འགྲོའོ་ཞེས་བསྒོའོ།། དེ་ནས་ཕོ་ཉའང་ཕྱིར་ལོག་ནས་རྒྱལ་པོ་ལ་དེ་བཞིན་དུ་གསོལ་བ་ལས། རྒྱལ་པོ་ཉིད་ཕྱག་དར་ཏེ་ཡི་གེ་བྲིས་ནས་ཕྱིར་རྔོ ་ཉལ་བསྐུར་ཏེ། འདི་སྐད་ཅེས་བསྒོའོ།། ཁྱོད་ནི་མིའི་ནང་ན་མཁས་པ་ཤེས་རབ་ཅན་ཡིན་པས། འགྲོ་བ་ལའང་བཟོད་ཅིང་། འོང་བ་ལའང་བཟོད་པ་ཡིན་ན། ཅིའི་ཕྱིར་ཁྲོས་ཏེ་འོང་དུ་མི ་བདུབ། ཁྱོད་དང་ལྷན་ཅིག་བཟའ་བ་དང་བཏུང་བ་བཏང་དགོས་ཀྱིས་མྱུར་དུ་ཤོག་ཅིག་ཅེས་པོ་ལ་འགུགས་སུ་བཏང་ངོ་།། དེ་ནས་ཕོ་ཉས་ཡི་གེ་ཐོགས་ཏེ། རྒྱལ་བུ་གང་ན་བ་དེར་སོང་ནས་བྱིན ་པདང་། རྒྱལ་བུ་ལ་ཡི་གེ་ཕུལ་ལོ།། རྒྱལ་བུས་ཡི་གེ་བླངས་ནས་ཡི་གེ་ལ་ཕྱག་འཚལ་ནས། ལན་འདུན་བསྐོར་བ་བྱས་ཏེ། མོད་ལ་ཕྱིར་ཡུལ་དུ་འགྲོ་བར་ཆས་སོ།། དེའི་ཚེར་དེ ་ནས་ཆས་པ་དང་། རི་དེ་ལ་གནས་པའི་རི་དགས་དང་གཅན་གཟན་ལ་སོགས་པ་རྒྱལ་བུ་འགྲོའོ་ཞེས་ཐོས་ནས་ཐམས་ཅད་ལུས་ས་ལ་བརྡབས་ནས་ས་ལ་འགྲེ་ཞིང་ངུ་བའི་སྐད་བྱུང་ངོ་།། ་ཆུ་མིག་རྣམས་ཀྱང་བསྐམས་ཏེ། གཅན་གཟན་དང་རི་དགས་ཀྱི་དྲུག་གུའང་མི་ནུ། འདབ་ཆགས་བྱ་མང་པོའང་སྙིང་རྗེའི་སྐད་ཀྱིས་སྒྲ་བྱུང་ངོ་།། དེ་ནས་རྒྱལ་བུ་གོས་གྱོན་ནས་བཙུར ་མེ་དང་འགྲོགས་ཏེ་ཕྱིར་ཡུལ་དུ་སོང་བ་ལས། དགྲ་ཟླའི་ཡུལ་གྱི་རྒྱལ་པོས་རྒྱལ་བུ་ཕྱིར་འོངས་སོ་ཞེས་ཐོས་ནས། བལ་གྱི་གླང་པོ་ཆེ་དཀར་པོ་ལ་གསེར་གྱི་ཞེས་བསྡད་དེ། གསེར ་གྱི་སྣོད་དུ་ནི་དངུལ་གྱི་ཉེའུས་བཀང་དངུལ་གྱི་སྣོད་དུ་ནི་གསེར་གྱི་ཉེའུས་བཀང་བ་བཤམས་ནས་རྒྱལ་བུ་བསུ་བའི་ཕྱིར་ནམ་མཁའ་ལ་བསྟོད་དེ། རྒྱལ་བུ་བསུས་ནས་རྒྱལ་པོའི ་འཕྲིན་དུ་འདི་སྐད་ཅེས་གསོལ་ཏོ།། བདག་ནི་མི་ཤེས་པའི་དབང་དུ་གྱུར་ཏེ། རྒྱལ་བུ་ལས་བལ་གྱི་གླང་པོ་ཆེ་བསླངས་པས། དེའི་རྐྱེན་གྱིས་རྒྱལ་དུ་སྤངས་པར་གྱུར་པ་འགྱོད་པས་ན ་མཀྲོལ་ཚངས་སུ་གསོལ་ལོ།། ང་རྒྱལ་བུ་སླར་གཤེགས་ཞེས་ཟོས་ནས། རབ་ཏུ་དགའ་སྟེ། བལ་གྱི་གླང་པོ་ཆེ་དེ་ཉིད་ཀྱང་སླར་ཕུལ་ཞིང་གསེར་དངུལ་གྱི་ཉེའུ་རྣམས་ཀྱང་ཕུལ་ན། ་འདི་དག་རྣམས་ཀྱང་བཞེས་ཤིང་། ནོངས་པའི་སྐྱོན་རྣམས་ཀྱང་སྦྱང་བར་གསོལ་ཏོ།། རྒྱལ་བུས་སྨྲས་པ། དཔེར་ན་མི་ཞིག་གིས་ཁ་ཟས་རོ་བརྒྱ་དང་ལྡན་པ་སྦྱར་ཏེ། ཕ་རོལ ་པོ་གཅིག་ལ་བྱིན་པ་ལས། མི་དེས་ཁ་ཟས་ཟོས་ནས་ཕྱིར་ས་ལ་སྐྱུགས་ན། ཕྱིར་སྐྱུགས་པའི་ཁ་ཟས་དྲི་བསུང་དང་ལྡན་ཏེ། བཟར་རུང་བར་འགྱུར། ་རམ། བདག་གིས་སྦྱིན་པ་བྱས་པའང་སྐྱུགས་པ་དང་འདྲ་བས་ཕྱིར་མི་འདོད་དོ།། ཕོ་ཉ་ཁྱོད་བལ་གྱི་གླང་པོ་ཆེ་འདི་ལ་ཞོན་ལ་བདག་གི་ཡུལ་དུ་སོང་ཞིག། ཡུལ་དུ་ཁྱོད་ཀྱིས་རྒྱལ་པོ་འད ་ལྟར་བདག་བསུ་ཞིང་། སྤྲོ་བའི་ཚིག་གིས་སྙན་པར་སྨྲས་པ་ལ་རབ་ཏུ་དགའ་འོ་ཞེས་གསོལ་ཅིག་ཅེས་བསྒོ་བ་དང་། ཕོ་ཉ་དེའང་བལ་གྱི་གླང་པོ་ཆེ་ལ་ཞོན་ཏེ། ཕྱིར་བདག་གིས་ཡུལ་དུ་སོང་ནས། ་རྒྱལ་པོ་ལ་དེ་བཞིན་དུ་གསོལ་བ་ལས་བྲལ་གྱི་གླང་པོ་ཆེ་དེའི་རྐྱེན་གྱིས་འཐབ་པའི་དགྲ་ཟླ་དེ་གཅིག་ལ་གཅིག་བྱམས་ཤིང་སྡུག་པའི་སེམས་སུ་གྱུར་ཏེ་རྒྱལ་པོ་དང་ཡུལ་མི་ཐམས་ཅད་ཐ ་ན་མེད་པའི་མཉམ་སྙོམས་པའི་སེམས་བསྐྱེད་པར་གྱུར་ཏོ།། དེའི་ཚེ་རྒྱལ་པོ་ཡབ་ཀྱང་བལ་གྱི་གླང་པོ་ཆེ་ལ་བཅིབས་ཏེ། རྒྱལ་བུ་བསུས་སོ།། རྒྱལ་བུས་མགོ་དང་གདོང་གིས་ཕྱག་འཚལ་ནས། ་རྒྱལ་པོའི་ཕྱི་བཞིན་ཕྱིར་ཡུལ་དུ་སོང་སྟེ་ཡུལ་མི་ཐམས་ཅད་ཀྱང་རབ་ཏུ་དགའ་མགུ་རངས་ནས་མེ་ཏོག་དང་། འདུག་སྤོས་དང་བ་དན་དང་རྒྱལ་མཚན་དང་། བླ་དྲེ་ལ་སོགས ་པབས་མཆོད་པ་བྱ་བའི་ཕྱིར་བཤམས་ཏེ། ས་གཞིའང་སྤོས་ཆུས་ཆག་ཆག་བཏབ་ནས་བསྡད་དོ།། རྒྱལ་བུ་ཕོ་བྲང་གི་ནང་དུ་འོངས་ནས། ཡུམ་གྱི་དྲུང་དུ་ཕྱིན་པ་དང་། མགོ་བོས་ཕྱག་འཚལ ་ནས། སྤོ་བའི་ཚིག་གིས་སྤུན་གསོལ་ཏོ།། དེ་ནས་རྒྱལ་པོས་རིན་པོ་ཆེའི་བང་མཛོད་ཐམས་ཅད་རྒྱལ་བུ་ལ་གཏད་དེ། ཡིད་བཞིན་དུ་སྦྱིན་པ་བྱེད་དུ་བཅུག་ནས། སྦྱིན་པ་སྔ་མ ་བས་ཀྱང་ལྷག་པར་རྒྱུན་མ་ཆད་པར་སྦྱིན་པ་བྱེད་དུ་བཅུག་པས། མངོན་པར་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩ ་པ། ངས་སྔོན་གྱི་སྦྱིན་པ་བྱས་པ་མངོན་དུ་དྲན་པ་ནི་དེ་ལྟ་བུ་ཡིན་ནོ།། དེའི་ཚེ་དེའི་དུས་ན། རྒྱལ་བུ་དོན་གྲུབ་ཅེས་བྱ་བ་ནི་ད་ལྟ་རང་ཉིད་ཡིན་ནོ།། དེའི་ཚེ་ཡབ་རྒྱལ་པོར་གྱུར་པ་དེ་ནིང ་ལྟར་ངའི་ཡབ་རྒྱལ་པོ་ཟས་གཙང་མ་ཡིན་ནོ།། དེའི་ཚེ་ཡུམ་དུ་གྱུར་པ་དེ་ནི་ད་ལྟར་ཡུམ་ལྷ་མཛེས་ཡིན་ནོ།། དེའི་ཚེ་ན་བཙུན་མོར་གྱུར་པ་དེ་ནི་ད་ལྟར་གྲགས་འཛིན་མ་ཉིད་ཡིན་ནོ།། ་དེའི་ཚེ་དགེ་སློང་ཨ་ཙུ་ཏ་ཞེས་བྱ་བ་ད་ལྟར་མོའུ་འགལ་གྱི་བུ་ཆེན་པོ་ཡིན་ནོ།། དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོར་གྱུར་པ་དེ་ནི་ད་ལྟར་ཤཱ་རིའི་བུ་ཡིན་ནོ།། དེའི་ཚེ་རྔོན་པར་གྱུར་པ་ནི་ད་ལྟར ་ཀུན་དགའ་བོ་ཁྱོད་ཡིན་ནོ།། དེའི་ཚེ་ཁྱེའུ་ཡཻ་ར་ཞེས་བྱ་བ་མིང་ལྷུར་ངའི་སྲས་སྐྲགཅན་འཛིན་ཡིན་ནོ།། དེའི་ཚེ་བུ་མོར་གྱུར་པ་དེ་ནི་ཡུམ་སྲུ་ཀོཪྵ་ཏ་མི་ཞེས་བྱ་བ་ཡིན་ནོ།། དེའི་ཚེ་བྲབ ་ཟེ་སློངས་མོ་པ་དེ་ནི་ད་ལྟར་ལྷ་སྦྱིན་ཉིད་ཡིན་ནོ།། དེའི་ཚེ་བྲམ་ཟེའི་ཆུང་མར་གྱུར་པ་དེ་ནི་ད་ལྟར་བྲམ་ཟེ་མོ་ཙན་ཙམ་ན་ཡིན་ནོ།། དེ་ལྟར་མང་ཤིན་ཏུ་བྱེད་དཀའ་བའང་གྲངས་མེད། ་དཔག་ཏུ་མེད། དགེ་བའི་ལས་བྱས་པ་ཡང་གྲངས་མེད་དཔག་ཏུ་མེད་དེ། དེ་བས་ན་མདོ་སྡེ་འདི་དགེ་སློང་དང་བྲམ་ཟེ་ལ་སོགས་པ་ལ་རྒྱས་པར་སྟོན ་ཅིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་བྱས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་བུ་དག་ཡིན་ནོ།། འཕགས་པ་རྒྱལ་བུ་དོན་གྲུབ་ཀྱི་མདོ་ཞེས་བྱ་བའི་བམ་པོ། ་གཅིག་རྫོགས་སོ།། ། སྔོན་རྒྱ་ལས་འགྱུར་བའི་བརྡ་རྙིང་པར་འདུག། བོད་སྐད་དུ། འཕགས་པ་རྒྱལ ་