CLOSE WINDOW

Ty046-013: byang chub sems dpa' chen po'i sa'i snying pos bcom ldan 'das la zhus pa'i mdo las sems can skye dgu rnams kyis dus drug dang dus bcu dang ring po gsum gyi nyi ma
Wyliee-texts produced with BDRC’s OCR application

རྫོགས་སོ།། །། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོས་བཅོམ་ལྡན་འདས ་ལ་ཞུས་པའི་མདོ་ལས། སེམས་ཅན་སྐྱེ་དགུ་རྣམས་ཀྱིས་དུས་དྲུག་དང་། དུས་བཅུ་དང་། དུས་རིང་པོ་གསུམ་གྱི་ཉི་མ་ལ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་མཚན་ནས་བརྗོད། ་ཅིང་དེའི་ཉི་མ་ལ་ཟ་གཅིག་པ་ཐུབ་ན། སྡིག་པ་ཇི་ཙམ་བྱང་བ་དང་། ངན་སོང་གང་ལས་ཐར་པར་ཡོན་ཏན་མདོར་བསྡུས་ཏེ་བསྟན་ཅིང་བཤད་པ། ཟླ་བའོ་ཅོག་གི་ཚེས་གཅིག་ལ་ལྷའི་བུ ་གཞོན་ནུ་ཉིད་འཇིག་རྟེན་དུ་མི་རྣམས་དགེ་སྡིག་བྱེད་པ་རྟོག་ཅིང་ཉུལ་དུ་བྱོན་ཏེ། དེའི་ཉི་མ་ལ་སངས་རྒྱས་ཏིང་ངེ་འཛིན་འོད་ཀྱི་རྒྱལ་པོའི་མཚན་ནས་བརྗོད་ཅིང་ཟླ་གཅིག་པ་ཐུབ་ན། བསྐལ ་པ་བཞི་བཅུའི་སྡིག་པ་འབྱུང་ཞིང་། མཚོ་མ་རལ་གྲི་དང་མདུང་ཐུང་གི་དམྱལ་བའི་ངན་སོང་ལས་ཐར་པར་འགྱུར་རོ།། ཚེས་བརྒྱད་ལ་རྒྱལ་བུ་ཐེ་ཙོ་ཉིད་ཉུལ་དུ་མཆི་སྟེ། དེའི་ཉི་མ་ལ་སངས ་རྒྱས་སྨན་གྱི་ཟླ་བཻ་ཌཱུཪྻ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ཞིང་མཚན་ནས་བརྗོད་དེ་ཟགཅིག་པ་ཐུབ་ན། བསྐལ་པ་སུམ་ཅུའི་སྡིག་པ་འབྱུང་ཞིང་། ངན་སོང་གི་ངན་འགྲོ་ལས་ཐར་པར་འགྱུར་རོ།། ་ཆོས་བཅུ་བཞི་ལ་ག་ཤིན་རྗེའི་འཁོར་རེ་རྟོག་པའི་དབང་པོ་ཉིད་ཤུལ་དུ་མཆི་སྟེ། རོལ་ཉི་མ་ལ་བསྐལ་པ་བཟང་པོའི་སངས་རྒྱས་སོང་ལ་ཕྱག་འཚལ་ཞིང་མཚན་ནས་འརྗོད་ཅིང་ཟག་ཅིག་པ ་ཐུབ་ན། ཆུ་ཚན་ཁོལ་མའི་ངན་སོང་ལས་ཐར་བར་འགྱུར་རོ།། བསྐལ་པ་སྟོང་གི་སྡིག་པ་འབྱུང་བར་འགྱུར་རོ།། ཚེས་བཅོ་ལྔ་ལག་ཤིན་རྗེའི་འཁོར་ལམ་རྒྱུད་ལྔའི་དབང་བྱེད་པའི་དེ ་དཔོན་ཉིད་ཚུལ་དུ་མཆི་སྟེ། སངས་རྒྱས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ཞིང་མཚན་ནས་བརྗོད་ཅིང་ཟ་གཅིག་པ་ཐུབ་ན། ཤིན་ཏུ་གྲང་ཞིང་ཆབ་བྲོམ་གྱི་ངན་སོང་ལས་ཐལ་ཏེ། བསྐལ ་པ་ཉིས་བརྒྱའི་སྡིག་པ་འབྱང་བར་འགྱུར་རོ།། ཚེས་ཉི་ཤུ་གཅིག་ལག་ཤིན་རྗེའི་རྒྱལ་པོ་ཉིད་ཉུལ་དུ་མཆི་སྟེ། དེའི་ཉི་མ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན ་རས་གཟིས་དབང་ཕྱུག་ལ་ཕྱག་འཚལ་ཞིང་མཚན་ནས་བརྗོད་ཅིང་ཟ་གཅིག་པ་ཐུབ་ན། མཚོན་རལ་གྲིའི་སྡོང་པོའི་དམྱལ་བ་ལས་ཐར་ཏེ། བསྐལ་པ་བཞི་བཅུའི་སྡིག་པ་འབྱང་བར་འགྱུར་རོ།། ་ཚེཆོས་ཉི་ཤུ་གསུམ་ལ་ལྷའི་དབང་ཕྱུག་ཉིད་ཉུལ་དུ་མཆི་སྟེ། དེའི་ཉི་མ་ལ་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ཞིང་མཚན་ནས་བརྗོད་ཅིང་ཟ་གཅིག་པ་ཐུབ་ན། ཡི་དགས་བཀྲེས ་སྐོསྒོམ་པའི་དམྱལ་བ་ལས་ཐར་ཏེ། བསྐལ་པ་སྟོང་གི་སྡིག་པ་འབྱང་བར་འགྱུར་རོ།། ཚེས་ཉི་ཤུ་བཞི་ལ་གཤིན་རྗེའི་འཁོར་གྱི་དབང་པོ་རི་རབ་ཀྱི་དབང་པོ་ཉིད་ཉུལ་དུ་མཆི་སྟེ། དེའི་ཉི་མ་ལ ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའི་མཚན་ནས་བརྗོད་ཅིང་ཟ་གཅིག་པ་ཐུབ་ན། བཅད་ཅིང་གཏུབ་པའི་དམྱལ་བ་ལས་ཐར་ཏེ། བསྐལ་པ་སྟོང་གི་སྡིག་པ་འབྱུང་བར ་འགྱུར་རོ།། ཚེས་ཉི་ཤུ་བརྒྱད་ལ་ལྷའི་དབང་པོ་བརྒྱ་བྱིན་ཉིད་ཤུལ་དུ་མཆི་སྟེ། དེའི་ཉི་མ་ལ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ཞིང་མཚན་ནས་བརྗོད་དེ་ཟ ་གཅིག་པ་ཐུབ་ན། ཐིག་ནག་གྲང་བའི་སེམས་ཅན་དམྱལ་བ་ལས་ཐར་ཏེ། བསྐལ་པ་བཞི་བཅུའི་སྡིག་པ་འབྱང་བར་འགྱུར་རོ།། ཚེས་ཉི་ཤུ་དགུ་ལ་ཕྱོགས་སྐྱོང་བཞི་ཉིད་ཉུལ་དུ་མཆི་སྟེ། དེའི ་ཉི་མ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་བླ་ལ་ཕྱག་འཚལ་ཞིང་མཚན་ནས་བརྗོད་དེ་ཟ་གཅིག་པ་ཐུབ་ན། ཞིབ་མོར་འཐག་ཅིང་གཞོམ་པའི་དམྱལ་བ་ལས་ཐར་ཏེ། བསྐལ། ་པ་བདུན་སྟོང་གི་སྡིག་པ་འབྱང་བར་འགྱུར་རོ།། གནམ་སྟོང་ལ་ལྷའི་རྒྱལ་པོ་ཚངས་པ་ཉིད་ཉུལ་དུ་མཆི་སྟེ། དེའི་ཉི་མ་ལ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ཞིང་མཚན་ནས་བརྗོད ་དེ་ཟ་གཅིག་པ་ཐུབ་ན་མེ་མར་མུར་གྱི་དམྱལ་བ་ལས་ཐར་ཏེ། བསྐལ་པ་བརྒྱ་སྟོང་གི་སྡིག་པ་འབྱང་བར་འགྱུར་རོ།། ལོའོ་འཚལ་གྱི་དཔྱིད་ཟླ་ཐ་ཆུང་ཆོས་གཉིས་ཀྱི་དྲོས་བུ་ཆུང་གི་དུས་སུ། ་ཁ་ཤར་ཕྱོགས་སུ་བལྟས་ཏེ། ཕྱོགས་དེའི་སངས་རྒྱས་ཐམས་ཅད་ལ་མངོན་སུམ་དུ་དམིགས་ནས། ཕྱག་དགུ་ཞིག་འཚལ་ན་བསྐལ་པ་སུམ་ཁྲིའི་སྡིག་པ་འབྱང་བར་འགྱུར་རོ།། ལེའོ།། ་འཚལ་གྱི་སྟོན་ཟླ་ར་བ་ཚེས་དྲུག་གི་ཉི་མ་གུང་གི་དུས་ལ་ཁ་ཤར་ཕྱོགས་སུ་བལྟས་ཏེ། སངས་རྒྱས་ཐམས་ཅད་ལ་མངོན་པར་ཕྱག་དགུ་ཞིག་འཚལ་ན། བསྐལ་པ་སུམ་ཁྲིའི་སྡིག་པ་འབྱང་བར་འགྱུར ་རོ།། དུས་དྲུག་ལ། ཆོས་བརྒྱད་དང་། བཅུ་བཞི་དང་། བཅོ་ལྔ་དང་། ཉི་ཤུ་གསུམ་དང་། ཉི་ཤུ་དགུ་དང་། གནམ་སྟོང་དང་། དུས་གསུམ་ལ། ཆེས་བརྒྱད་དང་། བཅོ་ལྔ་དང ་སུམ་ཅུའོ།། སྙིང་རྗེ་གསུམ་ལ།། དཔྱིད་ཟླ་ར་བ་དང་། དཔྱིད་ཟླ་འབྲིང་པོ། སྟོན་ཟླ་ཐ་ཆུང་ངུས་འདི་གསུམ་ལ་སེམས་ཅན་གྱི་སྲོག་བཅད་དུ་མི་རུང་ངོ་།། རྫོགས་སོ།། ་འ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་ལས་བརྒྱད་དེ་བྱུང་ཞེས་གྲག་གོ།། ། རྒྱ་གར་སྐད་དུ། ཨཱརྱ་པ་རི་ཤ་ར་ཎ ་