| Wylie | e-texts produced with BDRC’s OCR application |
དང་གང་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་རའི་འབྲུ་ཙམ་བྱེད ་དུ་འཇུག་སྲོག་ཤིང་ནི་ཁབ་ཙམ་འཛུགས་སུ་འཇུག། གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་ལགེབས་སུ་འཇུག། སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང ་ཡུངས་ཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན་ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་མང་བར་ང་སྨྲའོ།། ཅིའི་ཕྱིར་ཞེ་ན་ཀུན་དགའ་བོ་འདི་ལྟར་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྦྱིན་པ་དཔག་ཏུ་མེད་པ་ཚུལ་ཁྲིམས་དཔག་ཏུ་མེད་པ། བཟོད་པ་དཔག་ཏུ་མེད་པ་བརྩོན་འགྲུས ་དཔག་ཏུ་མེད་པ། བསམ་གཏན་དཔག་ཏུ་མེད་པ་ཤེས་རབ་དཔག་ཏུ་མེད་པ་བྱམས་པ་ནས། བཏང་སྙོམས་ཀྱི་བར་དུ་དཔག་ཏུ་མེད་དེ་ཀུན་དགའ་བོ་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང ་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ནས་མངོན་པར་བསྟོད་དོ།། ཁང་དུ་བརྩེགས་པའི་མདོ་རྫོགས་སོ།། ་རྒྱ་གར་སྐད་དུཔྲ་ས་ན་ཛིད་གཱ་ཐཱ། བོད་སྐད་དུ་གསལ་རྒྱལ་གྱི་ཚིགས་སུ་བཅད་པ་དཀོན་མཆོག ་གསུམ་ལ་ཕྱག་འཚལ་ལོ།། རྒྱལ་པོ་གསལ་རྒྱལ་གདུགས་དང་བཅོད་པན་དང་།། ཛ་ལ་བ་རལ་གྲི་ནིར་བུ་ལྷམ་བཞག་སྟེ།། ཐལ་མོ་སྦྱར་ཅིང་ལེགས་པར་ཕྱག་འཚལ་ནས། ་འཇིག་རྟེན་མགོན་པོ་ལ་ནི་ཞུ་བ་ཞུས།། ཕན་པར་དགོངས་པ་ཐུགས་རྗེའི་བདག་ཉིད་ཅན།། དེ་བཞིན་གཤེགས་རྣམས་མྱ་ངན་འདས་པ་ན།། མཆོད་པ་བགྱིས་པས་རྔོ་མཆོག ་ཇི་ལྟ་བུར།། སྲིད་པ་གཞན་དུ་མ་རྣམས་བདེ་བ་ཐོབ།། བཅོམ་ལྡན་མི་ཡི་སེང་གེ་སྔ་ཕྱིའི་མཐའི།། ཆོས་རྣམས་ཀུན་ལ་མངོན་སུམ་སྤྱན་གྱུར་པས།། ཀུན་དག། ་བཟང་པོ་ཡི་ནི་མངོན་སུམ་དུ།། གསལ་རྒྱལ་ཞུས་ལན་འདི་དག་བཀའ་སྩལ་པ།། ཇི་ལྟར་རྒྱལ་བ་རྣམས་ལ་མི་རྣམས་ཀྱིས།། མཆོད་པ་བྱས་པས་སྲིད་པ་གཞན་དག་ཏུ།། རྣམ ་སྨིན་འདོད་པ་རྒྱ་ཆེན་སྣ་ཚོགས་འཐོབ།། གསོལ་བའི་དོན་དེ་རྒྱལ་པོས་མཉན་པར་གྱིས།། བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི།། སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི ་སོང་བ།། དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས།། ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་འཐོབ།། གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན།། ཕུན་སུམ ་ཚོགས་པའི་ས་མཆོག་ཀུན་མྱོང་ནས།། མཐའ་མར་སྐྱེ་དང་རྒ་ལ་སོགས་པ་ཡི།། སྡུག་བསྔལ་མེད་པའི་སངས་རྒྱས་གོ་ཕང་འཐོབ།། སུ་དག་འདིར་ནི་རྒྱལ་བའི་གཟུགས ་བྱེད་པ།། དེ་དག་གཟུགས་བཟང་ཡིད་འོང་ཡོན་ཏནྡ་ལྡན།། དབང་པོ་བརྣམས་ཤིང་འདི་འབར་ཉིམ་བཞིན།། འཇིག་རྟེན་དག་ན་མིག་ཏུ་སྡུག་པར་འགྱུར། སུ་དག་བདེ་བར ་ཤེགས་པའི་གཟུགས་རྩེད་པ། དེ་མི་ལུས་ནི་དྲི་མ་མེད་པ་དང་།། བདྲའི་རྙིང་པོ་ག་སུ་བ་མའི་སངས། ད་ང་སུང་རྡུག་ཇལ་འཇིགས་ལས་ར། ་འཇིག་རྟེན་མགོན་པོའི་གཟུགས་བྱེད་པ།། བླུན་དུ་མི་སྐྱེ་མངག་གཞུག་སྐྱེ་མི་འགྱུར།། དབུལ་པོར་མི་འགྱུར་རིགས་དམར་མི་འགྱུར་ཞིང་། དབང་པོ་རྣམས་ཀྱང་མས་པར། ་ཡོང་མི་འགྱུར།། ཐུབ་དབང་མཆོད་རྟེན་བྱེད་པའི་མི་རྣམས་ནི།། མྱ་ངན་ཡོངས་མེད་ལུས་ཀུན་བརྟན་པ་དང་།། ལོངས་སྤྱོད་མཆོག་ལྡན་རིན་ཆེན་མཛོད་དང་ལྡན།། དགྲ་ཡི་ཚོགས ་རྣམས་ཀྱང་ནི་ཐུབ་པར་འགྱུར།། རྒྱལ་བའི་མཆོད་རྟེན་སྲོག་ཤིང་ཕུལ་བ་ཡིས།། ཆོས་ལ་རྗེས་འཐུན་ཆོས་ལ་སྒྲུབ་པ་དང་།། ཚུལ་ཁྲིམས་ཐོས་དང་བཟོད་པའི་མཆོག་དང་ལྡན།། ་འཇིག་རྟེན་དག་ན་དྲོན་ཀུན་འགྲུབ་པར་འགྱུར།། མཆོད་རྟེན་མཆོག་ལ་གདུགས་བརྩེགས་བུལ་བ་ཡིས།། རྩཝ་དང་མི་ཡི་ནང་དུ་སྐྱེ་བ་དང་། སྲེད་མེད་བུ་ཡི་ལུས་འདྲ་ལུས་ཀུན ་བརྟན།། བཀུར་སྟི་བྱ་བའི་ཡོན་ཏན་ལྡན་པར་འགྱུར།། ཐུབ་དབང་མཆོད་རྟེན་རྡོ་ཐལ་བྱུགས་པ་ཡིས།། ལྷ་མོའི་འཇིག་རྟེན་དགོ་ནཱ་ཚེ་རིང་ཞིང་།། ལུས་སེམས་ནད་དྲང་མྱ་ངན ་རྒུད་སྤངས་ཏེ།། རྟག་ཏུ་སྐྱིད་ཅིང་ནོར་གྱིས་བྱུག་པར་འགྱུར།། གསེར་དངུལ་སྦ་བའི་གླེགས་མས་གཡོགས་པ་ཡི།། ཐུབ་པའི་དབང་པོའི་མཆོད་རྟེན་བྱས་པ་ཡིས། མི ་རྣམས་སྲིད་པར་ཁྱད་པར་གཞན་དག་ཏུ།། ལུས་མཁྲེགས་འོད་ཀྱང་འབར་ཞིང་མཛེས་པར་འགྱུར།། སུ་དག་ལ་ལ་མཆོད་རྟེན་སྐུ་གཟུགས་ལ། དད་པའི་སེམས་ཀྱིས་བླ་བྲེ་འདུལ་བྱེད་པ། ་དེ་དྭག་ས་སྟེང་རྒྱ་མཚོའི་མཐ་སཱ་ཀླས་པཱ། མ་ལུས་གནོད་མེད་རྒྱལ་གཅིག་དབང་བྱེད་འགྱུར།། བདེ་གཤེགས་མཆོད་རྟེན་དག་ལ་དགས་བཞིན་དུ ་རྣམ་མང་རྒྱ་ཆེན་གདུགས་ནི་བཏགས་པ་ཡིས།། ལྷ་མིའི་འཇིག་རྟེན་དག་ན་གདུགས་འདྲ་བར།། ལྷ་དང་མཱི་ཡི་དབང་པོ་ལྟ་བུར་འགྱུར།། མི་རྣམས་སུ་དག་སྐུ་གདུང་སྙིང་པོ་ཅན ་དྲི་མེད་བསོད་ནམས་འབྱུང་གནས་གྱུར་པ་ལ།། བ་དན་མཛེས་པ་སྣ་ཚོགས་འདོགས་པ་དག། མཐུ་དང་ལྡན་ཞིང་སྲིད་གསུམ་མཆོད་གནས་འགྱུར།། བདེ་གཤེགས་མཆོད་རྟེན་རྗོད་པན ་བཏགས་པ་ཡིས།། མི་དབང་དཔལ་དང་ལྷ་ཡི་དཔལ་ཐོབ་ཅིང་།། བདེ་བའི་མཆོག་ཀྱང་ཉམས་སུ་མྱོང་གྱུར་ནས།། རྣམ་པར་གྲོལ་བའི་ཅོད་པན་ཁྱད་པར་འཐོབ།། རྒྱལ་བའི་མཆོད ་རྟེན་དག་ལ་དྲིལ་དུལ་བས།། ཚིག་བཅན་གྲགས་པ་ཆེན་པོ་དག་དྲང་ལྡན།། ཚངས་མའི་སྐ་དབྱངས་ཡིད་འོང་སྐྱེ་པ་དྲན།། དེ་དག་གིས་ནི་རྐྱེན་རྣམས་སྣ་ཚོགས་འཐོབ། ་བཱ་སུ་དག་བདེ་གཤེགས་མཆོད་རྟེན་ལ།། དད་པའི་སེམས་ཀྱིས་འགྲེང་བ་འདོགས་བྱེད་པ།། གསེར་འབྲེང་རིན་ཆེན་མང་པོས་ལེགས་སྨྲས་པ། བསོད་ནམས་ལེགས་ལྡན་དེ ་ཡི་མགོ་ལ་ཐོགས།། སྟོན་པའི་མཆོད་རྟེན་དག་ལ་རྒྱན་འཕྱང་འདོགས།། དེ་དག་དོ་ཤལ་རྒྱན་འཕྲེང་ནོར་བུ་དང་།། གདུ་བུ་དག་དང་དཔུང་རྒྱན་མཆོག་རྣམས་ཀྱིས། ལུ ་བརྒྱན་འཇིག་རྟེན་དག་ན་རྒྱུ་བར་འགྱུར།། སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ།། ས་དང་ལྕི་བཅུག་པ་དེ་དག་ནི།། ལྷ་དང་མིར་སྐྱེ་ལུས་མདོག་སྡུག་པ་དང་།། རྣམ ་དགྲ་རྨ་མེད་བདེ་དང་ལྡན་པར་འགྱུར།། ཐུབ་དབང་མཆོད་རྟེན་བྱི་དོར་བྱས་པ་ཡིས།། ཤིན་ཏུ་བལྟ་ན་སྡུག་ཅིང་མིག་ཏུ་མཛེས།། བྱད་བཞིན་བཟང་ཞིང་པདྨའི་མདོག་དང་ལྡན།། སྨད ་བའི་སྐྱོན་རྣམས་དང་ཡང་བྲལ་བར་འགྱུར།། སུ་དག་སྤོས་མཆོག་སྦྱར་བའི་འབྲུ་མར་གྱིས།། བདེ་བར་གཤེགས་པའི་མཆོད་རྟེན་ཉུག་བྱེད་པ།། དེ་དག་སྤོས་ཀྱིས་མཆོད་ཅིང་ཙན་དན་གྱིས།། ་ལུས་བྱུགས་ཉི་མའི་འོད་དང་འདྲ་བར་འགྱུར།། མི་རྣམས་གང་དག་ཐུབ་དབང་མཆོད་རྟེན་ལ།། སྤོས་ཆུ་གཙང་ཞིང་དང་བས་ཁྲུས་གསོལ་བ།། དེ་དག་ལུས་ལ་དྲི་མ་མེད་པ་དང ་གདུང་བ་མེད་ཅིང་མདོག་འཇམ་མྱ་ངན་མེད།། སུ་ཞིག་སངས་རྒྱས་མཆོད་རྟེན་སྐུ་གཟུགས་ཁང་།། ཚོན་རྩི་སྣ་ཚོགས་རྣམས་ཀྱིས་མཛེས་བྱེད་པ།། དེ་ནི་བདེ་གཤེགས་མང ་བའི་ཡོན་ཏན་རྣམས།། སྣ་ཚོགས་ལྡན་པ་ཀུན་གྱིས་བརྩེགས་པར་འགྱུར།། སུ་དག་དཔྱིད་ཀའི་དུས་སུ་གཙང་མའི་ཆུས།། མཆོད་རྟེན་ཉེ་འཁོར་རྡུལ་རྣམས་ཞི ་བྱེད་པ།། དེ་ལ་བུད་མེད་རྣམས་ནི་དགའ་བཞིན་དུ།། རྡུལ་ལབ་གསེར་གྱི་ཡུ་བ་ཅན་གྱིས་གཡོ་བ།། དཀོན་མཆོག་གསུམ་ཕྱིར་མི་རྣམས་གང་དག་གིས།། འཕགས ་པ་དགྱེས་པའི་དཀྱིལ་འཁོར་བྱས་པས་ནི།། རྐང་ལ་ག་སོར་མོ་དྲ་བར་འབྲེལ་བ་དང་།། ཡན་ལག་ཐམས་ཅད་ཀྱང་ནི་སྐྱོན་མེད་འགྱུར།། སུ་དག་དཀོན།། ་མཆོག་གསུམ་ལ་མེ་ཏོག་དང་།། འབྲས་བུ་གསར་ཏོག་བྱུང་བ་འབུལ་བྱེད་པ།། དེ་དག་འགྲོ་བ་རྣམས་སུ་འཁོར་བ་ན།། རོ་མཆོག་ཀུན་ཐོབ་མི་རྫིའི་སྟོབས་དང་ལྡན།། འཕྲེང་བམེ། ་ཏོག་རྒྱ་ཆེན་ཆར་རྣམས་ཀྱིས།། སུ་དག་འདིར་ནི་རྒྱལ་བའི་གཟུགས་ལ་མཆོད།། དེ་དག་ལྷ་དང་མི་ཡི་འཇིག་རྟེན་དུ།། ཆ་བྱད་ཡིད་འོང་སྣ་ཚོགས་ལེགས་པར་བརྒྱན།། སངས་རྒྱས་མཆོད ་རྟེན་དག་ལ་དྲི་ཞིམ་བྲལ།། བདུག་སྤོས་རྒྱ་ཆེན་མང་པོ་ལྡན་སྦྱར་དང་།། ཨ་ཀ་རུ་ཡི་བདུག་སྤོས་ཕུལ་བ་ཡི།། དེ་ཡི་ལུས་ཀུན་སྤོས་དང་ལྡན་པར་འགྱུར།། སུ་དག་བདེ་བར་གཤེགས་པའི་མཆོད ་རྟེན་ལ།། དགའ་བཞིན་རྔ་ཡབ་རྣམས་ནི་འབུལ་བྱེད་པ།། ཐུབ་དཀའ་རྒྱན་རྣམས་སྙིང་རྗེ་རྔ་ཡབ་ཐོགས།། ཆེ་བ་དེ་ལ་ཚུར་ཡང་གཡོབ་པར་བྱེད།། ཤིན་ཏུ་དྲི་མང་ཟླ་བ་ཉ་འདྲ་བའི།། མད་ལོང་སྡུག ་གུ་ཐམས་ཅད་མཁྱེན་ལ་ཕུལ།། དེ་དག་ཚེ་རབས་བརྒྱུད་པ་རྣམས་སུ་ཡང་།། ལྷ་མིའི་རྣམས་ཀྱིས་ལྟ་བར་འོས་པར་འགྱུར།། སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ།། མཆོད་པའི་ཁྱད་པར་ཅི ་འདོད་ཅི་འབྱོར་པ།། འཚམ་པར་འབུལ་བྱེད་དེ་དག་དྲི་མེད་ཅིང་།། མྱ་ངན་མེད་པའི་བླ་མེད་བྱང་ཆུབ་འཐོག། མི་རྣམས་གང་དག་སངས་རྒྱས་མཆོད་རྟེན་ནམ།། སྐུ་གཟུགས་དག་ལ ་མགོས་གཏུགས་གུས་ཕྱག་འཚལ།། དེ་དག་ལྷ་རྣམས་དང་ནི་མི་རྣམས་ཀྱིས།། ཆེར་ཡང་ཆེ་བར་བཀུར་བའི་གནས་སུ་འགྱུར།། སུ་ཞིག་དད་པས་ཐུབ་པའི་མཆོད་རྟེན་ནམ།། སྐུ ་གཟུགས་དག་ལ་སྐོར་བར་བྱེད་པ་དེ།། ཕྱི་མའི་ཚུལ་དགྲ་ཆེན་རྣམས་ཀྱིས་བདུང་།། བཟང་པོའི་སྣོད་འགྱུར་ཡོན་ཏན་རྣམས་དང་ལྡན།། མི་རྣམས་སུ་དག་དགའ་བཞིན་གུས་པ་ཡིས། ་མེང་མཆོད་ཏན་རྣམས་དང་སྐུ་གཟུགས་ལ།། ལུས་ཀྱིས་ལས་རྣམས་བྱེད་པ་དེ་དག་ནི།། སྲིད་པ་ཀུན་ཏུ་མཛད་རྣམས་ཤིན་ཏུ་རྒྱུས།། རྒྱལ་བའི་མཆོད་རྟེན་རོལ་མོའི་སྒྲ་བུལ་བས།། ཟབ་རྙིང་གས ་པའི་སྤོབས་པ་ཕུན་སུམ་ཚོགས།། ཡན་ལག་ལྔ་རྫོགས་ཡིད་འོང་ཚིག་དང་ལྡན།། སྒྲ་སྐད་དག་གིས་འཇིག་རྟེན་འགྲེངས་པར་བྱེད།། སུ་དག་རྒྱལ་བའི་གདུང་ལྡན་སྟོད་བྱེད་པ།། དེ་དག་གླིང་བུའི ་སྒྲ་དང་གླུ་སྙན་དང་།། སྒྲ་སྙན་ཡིད་དུ་འོང་བ་ཐོབ་པ་དང་།། སོ་སོ་ཡང་དག་རིག་པའང་ཐོབ་པར་འགྱུར།། མི་རྣམས་གང་དག་ནཱ་ཤིང་སོ་ཕག་གིས།། འཇིག་རྟེན་བླ་མའི་སྨྱིག་པ ་རིག་པས་བྱེད།། ཡང་ན་གཞན་དག་བྱེད་དུ་འཇུག་ཀྱང་རུང་།། དེ་དག་འགྲོ་བ་རྣམས་ཀྱི་སྐྱབས་འདྲར་འགྱུར།། མི་རྣམས་གང་དག་རྒྱལ་བའི་གཙང་ཁང་བྱེད།། དེ་དག་འགྲོ་བ ་རྣམས་སུ་འཁོར་བ་ན།། ལྷ་དབང་གནས་འདྲའི་ཁང་ཁྱིམ་ཡོད་འབར་བ།། དུས་ཚིགས་ཀུན་ཏུ་བདེ་ལྡན་ཐོབ་པར་འགྱུར།། མཐོ་རིས་ལས་བཟངས་འབྲས་བུའི་གནས་རྣམས་སུ། ་བསྐལ་པར་རྒ་མེད་རྟག་ཏུ་དགའ་བ་བཞིན།། རྩེན་པར་བྱེད་ཅིང་མྱ་ངན་མེད་པ་དང་།། ཐ་མར་ཞི་བའི་གོ་འཕང་ཐོབ་པར་འགྱུར།། གང་དག་འཇའ་ཁུགས་འདྲ་བའི་རྟ་བབས། ་མཛེས།། ཐུབ་པའི་ཚབ་སྐོར་སྦྲེང་བྱེད་དེ་དག་ནི།། སྲིད་པ་གཞན་དུ་ཁང་ཁྱིམ་སྒོ་དང་བཅས།། རྣམ་པར་བརྒྱན་པ་རྣམས་ནི་ཐོབ་པར་འགྱུར།། མི་རྣམས་གང་དག་སྟོན་པར་སྐུ་གདུང་ཁང་། ་བསྲུང་ཕྱིར་དད་པས་འོབས་དང་སྒྲོ་འཛུགས་པ།། དེ་དག་ཚེ་རབས་གཞན་དུ་དགྲ་རྣམས་ཀྱིས།། དཔལ་ལེན་རྣམས་དང་དབྲལ་བར་ཡོང་མི་ནུས།། མི་རྣམས་སུ་དག་མཆོད་རྟེན་བརྙིངས་པ་རྣམས ་གཞན་གྱི་ངོར་བྱེད་མ་ཡིན་རང་གིས་ཐོས།། རལ་ཚེམས་བྱེད་པའི་སྐྱེ་བོ་དེ་དག་ནི།། ལུས་བཟངས་ཡོན་ཏན་དམ་པས་བརྒྱན་པར་འགྱུར།། རྒྱལ་བའི་མཆོད་རྟེན་མེ་ཏོག་རྙིང་བསལ་བས།། འདོད་ཆགས་ཆགས ་མེད་ཞེ་སྡང་སྡང་མེད་འགྱུར།། གཏི་མུག་རྨོངས་མེད་ལྷ་ངན་ཆགས་མི་འགྱུར།། མི་རྣམས་རབ་ཏུ་དགའ་ཞིང་སྐྱིད་པར་འགྱུར།། སུ་དག་གླང་ཆེན་དྲིལ་སྤངས་སྦ་བར་བརྒྱན།། དུལ་བའི་རྟ ་དང་སྦྱར་བའི་ཤིང་རྟ་དང་།། སྟོན་པ་དང་ནི་འཕགས་པའི་ཚོགས་ལ་འབུལ།། དེ་དག་བླ་མེད་ཐེག་ཆེན་ཐོབ་པར་འགྱུར།། སྐྱེ་བོ་དེ་དག་འཇིག་རྟེན་མགོན་པོ་ལོ།། རིན་ཆེན་འབར་བ་ཡིད་དང་འཐད་པ། ་རྣམས།། འབུལ་བ་དེ་དག་རིན་ཆེན་བདུན་པོ་དང་།། བྱང་ཆུབ་ཡན་ལག་དྲི་མེད་རིན་ཆེན་ཐོབ།། རྒྱལ་བའི་མཆོད་རྟེན་ལ་ནི་གོས་ཕུལ་བས།། བསོད་ནམས་བྱམས་པའི་ངོ་ཚའི་གོས་གྱོན་ཏེ།། དགའ ་ཞིང་ཡོན་ཏན་ཀུན་ལྡན་སེར་སྣ་མེད། སདོག་ཀྱང་འཇམ་ཞིང་འདོག་གསེར་འདྲར་འགྱུར། དཔེ་མེད་མཆོད་རྟེན་མར་མེ་ཕུལ་བ་ཡིས།། ཨུཏྤལ་སྔོན་པོ་ལ་ཕྱེའདབ་འཇའི་མིག་ཁས་པབྱེད། ་སྡུག་ལ་མིག་གི་དཀྱུས་རིང་མཛེས།། དྲི་མ་མེད་པ་ལྷ་ཡི་མིག་དང་ལྡན།། སུ་དག་མཆོད་རྟེན་མར་མེ་མངར་བ་འབུལ།། དེ་དག་མིག་ཏུ་སྡུག་ཅིང་མཛོད་རབ་རྒྱས།། མིག་གི་དཀྱུས་རིང་མཐོན་ཀའི་མདོན ་དང་ལྡན།། སྐྱེས་པ་བུད་མེད་དག་གིས་བལྟ་བར་འོས།། མཚན་མོ་གྲུབ་ཆེན་སྤྱན་སྔར་ཐལ་སྦྱར་འཁོད།། འབྱོར་དང་འཚམ་པར་མེ་མེ་སྡོང་པོ་འདུལ།། དེ་དག་སྲིད་པ་གཞན་དུ་འབྲས་བུར་ལྡན ་རིན་ཆེན་རགས་པའི་འོད་ལྡན་ལུས་ཀྱང་འཐོབ།། རྒྱལ་ལ་ཕུལ་བའི་མར་མེ་འཆི་བ་ན།། དག་པའི་སེམས་ཀྱིས་འདིར་ནི་དགའ་བཞིན་དུ།། སྙིང་པོ་སྐུལ་བར་བྱེད་པ་དེ་དག་ནི།། སྤྱན་ལྔ་དག་ཀྱང ་ངེས་པར་ཐོབ་པར་འགྱུར།། མི་རྣམས་ཀྱང་དག་དགེ་བའི་སེམས་ལྡན་པས།། རྒྱལ་བའི་མཆོད་རྟེན་གཞན་གྱིས་བྱས་པ་ལ།། རྗེས་སུ་ཡི་རང་དོན་དེ་མ་བྱས་ཀྱང་།། མདོར་ན་དེ་དག་གིས་ཀྱང་བྱས་པར ་འགྱུར།། ཚུལ་ཁྲིམས་ལྡན་པ་ཕྱོགས་ནས་ལྷགས་པ་ལ།། སུ་དག་དགེའ་བཞིན་མལ་སྟན་བྱིན་བྱེད་པའི།། མི་རྣམས་འགྲོ་བ་དག་ཏུ་འཁོར་བ་ན།། སེང་གེའི་ཁྲི་དང་སྟན་གྱི་མཆོག་རྣམས་ཐོག ་སུ་དག་རབ་ཏུ་བྱུང་དང་འཚམ་པ་ཡི།། ཁ་ཟས་བཟང་པོ་དགེ་འདུན་སྦྱིན་བྱེད་པ།། དེ་དག་འཁོར་བའི་དགོན་པར་གནས་པ་ན།། ཁ་ཟས་ཁ་དོག་རོ་ལ་སོགས་ལྡན་འཐོབ།། སུ་དག་རབ་ཏུ་བྱུང་དང་འཚམ ་པ་ཡི།། བཏུང་བ་རྒྱ་ཆེན་རབ་ཏུ་སྦྱིན་བྱེད་པ།། དེ་དག་འཁོར་བའི་དགོན་པར་གནས་པ་ན།། བཏུང་བ་ཁ་དོག་རོ་ལ་སོགས་ལྡན་འཐོབ།། སུ་དག་འཇིག་རྟེན་བླ་མས ་གསུངས་པ་ཡི།། དམ་ཆོས་ཚུལ་བཟང་ཐོས་ན་ཉམས་སུ་ལེན།། དེ་དག་ཉོན་མོངས་ཆུ་རླབས་འཇིགས་པ་ཡི།། སྲིད་པའི་རྒྱ་མཚོ་མྱུར་དུ་རྒལ་བར་འགྱུར།། རྒྱལ་པོ་དགེ་བའི་ལས་འདི་ཐམས་ཅད་ནི།། ་འཁོར་བའི་བདེ་སྣ་ཚོགས་སྨིན་ནས་སུ།། སངས་རྒྱས་ཀྱི་ནི་བྱང་ཆུབ་དམ་པ་ནི།། འབྲས་བུ་བདེ་བླག་ཁོ་ནར་འགྲུབ་པར་འགྱུར།། དེ་ནས་རབ་དགའ་མདངས་དང་ལྡན་པ་ཡིས།། དྲང་སྲོང་དགེ་འདུན ་བསྐོར་བ་བྱས་ནས་ཀྱང་།། ཐུབ་དབང་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།། རྒྱལ་པོ་རྒྱལ་བྱེད་ཚལ་ནས་བྱུང་བར་གྱུར།། གསལ་རྒྱལ་གྱི་ཚིགས་སུ་བཅད་པ་རྫོགས་སོ།། ་