| Wylie | e-texts produced with BDRC’s OCR application |
སྟོང་ཕྲག་བཅུ་གཉིས་པའི་རྒྱན་ཆུག་པོ་ལས། ཇི་ལྟ་བརྗོད་པའི་མདོ་རྫོགས་སོ།། ། བསྒྱུར་བ་མ་རྫོགས་པར་བཤེས་རྒྱམ་ས ་ཨཱ་ནྱཙ་ཏུ་རས་ཏྱ་སུ་ཏྲ་ཁོར་སྤང་དུ། འཕགས་པ་བདེན་པ་འཞིའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐར་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དམར་བུངན། ་གྱི་གྲོང་ཁྱེར་དང་རྒྱལ་པོའི་ཁབ་ཀྱི་བར་གྱི་དབུས་ན། རྒྱལ་པོའི་མའི་དབྱུག་པ་ཅན་ནུབ་མོ་ཉེ་བར་རྟེན་ཅིང་། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ་དགེ་སློང་རྣམས་ལ་བཀའ་སྩལ་པ་དགེ་སློང་དགང་དང་ཁྱེད་ཅག་ཁོ་ནས་འཕགས་པའི་བདེན་པ་བཞི་པོ་དེ་དག་མ་ཤེས། མ་མཐོང་ཁོང་དུ་མ་ཆུང། སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུ ་ཅིང་འཁོར་བར་གྱུར་ཏོ།། བཞི་པོ་དེ་གང་ཞེ་ན། ང་དང་ཁྱེད་ཅག་ཁོ་ནས་སྡུག་བསྔལ་འཕགས་པའི་བདེན་པ་མ་ཤེས་མ་མཐོང་། ཁོང་དུ་མ་ཆུད། སོ་སོར་མ་རྟོགས་པས་ལམ ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ།། ང་དང་ཁྱེད་ཅག་ཁོ་ནས་སྡུག་བསྔལ་ཀུན་འབྱུང་འཕགས་པའི་བདེན་པ་མ་ཤེས། མ་མཐོང་། ཁོང་དུ་མ་ཆུད། སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང ་འཁོར་བར་གྱུར་ཏོ།། གང་དང་ཁྱེད་ཅག་ཁོ་ནས་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་མ་ཤེས། མ་མཐོང་། ཁོང་དུ་མ་ཆུད། སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ།། དང་བྱེད་ཅག ་ཁོ་ནས་སྡུག་བསྔལ་འགོག་པ་ལམ་འཕགས་པའི་བདེན་པ་མ་ཤེས་། མ་མཐོང་། ཁོང་དུ་མ་ཆུད། སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ།། དགེ་སློང་དག་ངས་སྡུག་བསྔལ་འཕགས་པ ་བདེར་པ་རྗེས་སུ་རྟོགས་ཤིང་སོ་སོར་རྟོགས་ཏེ། སྲིད་པའི་སྲེད་པ་བཅད་པས་འཁོར་བའི་སྐྱེ་བ་ཟད་དེ། ད་ནི་སྲིད་པ་གཞན་མེད་དོ།། ངས་སྡུག་བསྔལ་ཀུར་འབྱུང་བ་འཕགས ་པའི་བདེན་པ་རྗེས་སུ་རྟོགས་ཤིང་སོ་སོར་རྟོགས་ཏེ། སྲིད་པའི་སྲེད་པ་དེ་བཅད་པས་འཁོར་བའི་སྐྱེ་བ་ཟད་དེ། ད་ནི་སྲིད་པ་གཞན་མེད་དོ།། ངས་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་རྗེས་སུ ་རྟོགས་ཤིང་སོ་སོར་རྟོགས་ཏེ། སྲིད་པའི་སྲེད་པ་དེ་བཅད་པས་འཁོར་བའི་སྐྱེ་བ་ཟད་དེ། ད་ནི་སྲིད་པ་གཞན་མེད་དོ།། ངས་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་རྗེས་སུ་རྟོགས ་ཤིང་སོ་སོར་རྟོགས་ཏེ། སྲིད་པའི་སྲེད་པ་དེ་བཅད་པས་འཁོར་བའི་སྐྱེ་བ་ཟད་དེ། ད་ནི་སྲིད་པ་གཞན་མེད་དོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས ་ནས་སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ།། ང་དང་ཁྱེད་ཅག་ཁོ་ན་ཡིས།། འཕགས་པའི་བདེན་པ་བནི་པོ་དག། ཇི་ལྟ་བ་བཞིན་མ་མཐོང་བས།། ལམ་རིང་དུ་ནི་འཁོར་བར་འགྱུར། བདེན་པ་དེ་དག ་མཐོང་ནས་ནི།། སྲིད་པའི་སྲེད་པ་བཅད་ནས་སུ།། འཁོར་བའི་སྐྱེ་བ་ཟང་བས་ན།། ད་ནི་སྲིད་པ་གནར་མེད་དོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ ་ངག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་བདེན་པ་བཞིའི་མདོ་རྫོགས་སོ།། ་