CLOSE WINDOW

Ty041-014: 'phags pa srid pa 'pho ba zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ་ཨཱརྱ་བྷ་བ་སང་ཀྲཱན་ཏི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྲིད་པ་འཕོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ནུ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚུལ་བྱ་ཀ་ལ་ན་ཏ་ཀ་གནས་པ་ན ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་འཁོར ་བརྒྱ་སྐྱོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ།། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ་མ་འདྲེས ་པ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ་ཡོངས་སུ་བྱང་བ་ཡང་དག་པར་སྟོན་ཏོ།། དེའི་ཚེ་ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར ་ཆེན་པོ་ནས་བྱུང་སྟེ། རྒྱལ་པོའི་འབྱོར་པ་ཆེན་པོ་དང་། རྒྱལ་པོའི་དབང་པོ་ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོས་འོད་མའི་ཚལ་ག་ལ་བ་དང་། བཅོམ་ལྡན་འདས། ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལ་ན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག ་ནས་ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཙཱརརྱ་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་ལས་བགྱིས་ཤིང་བསགས་པ ་འགགས་ནས་ཡུན་རིང་དུ་ལགས་པ་འགུམ་པའི་དུས་ཀྱི་ཚེ་ཉེ་བར་གནས་ཤིང་ཡིད་ལ་མངོན་དུ་འགྱུར་བ་ལགས་འདུ་བྱེད་ཐམས་ཅད་སྟོང་པ་ལ་ཇི་ལྟར་ལས་རྣམས་ཆ་བ་མི་འཚལ་བར།། ་གདའ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ཡུལ་མྱ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྒྱལ་པོ་ཆེན་པོ ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཡུལ་གྱི་བུད་མེད་བཟང་མོ་དང་ལྷན་ཅིག་ཏུ་ཡོངས་སུ་སྤྱོད་པ་རྨི་ས་ལ། དེ་ཉལ་བ་ལས་སྲད་ནས། ཡུལ་གྱི་བུད་མེད་བཟང་མོ་དེ ་དྲན་ན། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས་རྨི་ལམ་གྱི་ཡུལ་གྱི་བུད་མེད་བཟང་མོ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་བ་། རྒྱལ་པོ་ཆེན་པོ་འདྲི་ཇི་སྙམ་དུ་སེམས་འོ་ནཱ་གང་རྨི་ལམ་གྱི་ཡུལ་གྱི་བུད་མེད་བཟང་མོ་དེ་ལ་མངོན་པར་ཞེན་པའི་མི་དེ་ཅི་མཁས་པའི་རང་བཞིན་ཅན། ་ཡིན་ནམགསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ་དེ་ཅིའི་སླད་དུ་ཞེ་ན་བཅོམ་ལྡན་འདས་རྨི་ལམ་གྱི་ཡུལ་གྱི་བུད་མེད་བཟང་མོའང་ཤིན་ཏུ་མ་མཆིས་ཤིང་མི ་དམིགས་ལགས་ན་དེ་དང་ཡོངས་སུ་སྤྱོད་པ་ལྟ་ག་ལ་མཆིས་ཏེ། འདི་ལྟར་མི་དེ་ནི་འཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པའང་། མིག་གིས་གཟུགས་རྣམས་མཐོང་ན། ཡིད་བདེ་བར་འགྱུར་བའི་གཟུགས་རྣམས ་ལ་མངོན་པར་ཞེན་ཏེ། མངོན་པར་ཞེན་པར་གྱུར་ནས། རྗེས་སུ་ཆགས་པར་འགྱུར་རོ།། ཀུན་ཏུ་ཆགས་པར་འགྱུར་རོ།། ཀུན་ཏུ་ཆགས་ནས་འདོད་ཆགས་ལས་བྱུང་བ་དང ་ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་བ་དང་། ལུས་དང་། ངག་དང་། ཡིད་ཀྱིས་མངོན་པར་འདུ་བྱེད་དོ།། ལས་དེ་མངོན་པར་འདུ་བྱས་པར་གྱུར་ནས་འགོག་གོ། ་འགག་པ་ནི་ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན། ལྷོ་ཕྱོགས་སུ་མ་ཡིན། ནུབ་ཕྱོགས་སུ་མ་ཡིན། བྱང་ཕྱོགས་སུ་མ་ཡིན། སྟེང་དུ་མ་ཡིན། འོག་ཏུ་མ་ཡིན།། ་ཕྱོགས་མཚམས་རྣམས་སུ་བརྟེན་ཏེ་གནས་མ་ཡིན་ནོ།། དུས་གཞན་ཇི་ཙམ་ཞིག་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ་བ་དེ་དང་སྐུལ་བ་འདྲ་བའི། ་ལས་ཟད་ནས། རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་འདི་ལྟ་སྟེ་དཔེར་ན་ཉེལ་ཉལ་བ་ལས་སད་པའི་མིའི་ཡུལ་གྱི་བུད་མེད་བཟང་མོ་ལྟ་བུར་ལས་དེ་ཡིད་ལ་མངོན་དུ་འགྱུར། ་རོ། རྒྱལ་པོ་ཆེན་པོ་དེ་ལྟར་རྣམ་པར་ཤེས་པ་ཐ་མ་འགག་ཅིང་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་ཡང་ན་ནི་ལྷའི་ནང་དུ་ག་ཡང་ན་ནི་མིའི་ནང་དུཡོད་ན་ནི།། ་སེམས་ཅན་དམྱལ་བ་རྣམས་སུ། ཡང་ན་ནི་བདུད་འགྲོ་རྣམས་སུ་། ཡང་ན་ནི་ཡི་དགས་རྣམས་སུ་འབྱུང་བར་འགྱུར་རོ།། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་དང་པོ་དེ་འགག ་མ་ཐག་ཏུ། གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་པ་མངོན་པ་དེ་དང་སྐལ་བ་འདྲ་བའི་སེམས་ཀྱི་རྒྱུ་དེ་འབྱུང་ངོ་།། རྒྱལ་པོ་ཆེན་པོ་དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས ་འཇིག་རྟེན་ཕ་རོལ་ཏུ་འཕོ་བའང་མེད་ལུ་འཆི་འཕོ་དང་སྐྱེ་བར་མངོན་པའང་ཡོད་དེ། རྒྱལ་པོ་ཆེན་པོ་དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགགས་པ་དེ་ནི་འཆི་འཕོ་ཞེས་བྱ ་གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱའོ།། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་ཡང་གང་དུའང་མི་འགྲོ།། རྣམ་པར་ཤེས་པ་དང་པོ་སྐྱེ་བའི་ཆར ་གཏོགས་པར་འགྱུར་བའི་ཚེ་གང་ནས་ཀྱང་མི་འོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་དང་བྲལ་བའི་ཕྱིར་རོ།། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས ་པ་ཐ་མས་སྟོང་། འཆི་འཕོ་ནི་འཆི་འཕོས་སྟོང་ལས་ནི་ལས་ཀྱིས་སྟོང་རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོས་སྟོང་། སྐྱེ་བ་ནི་སྐྱེ་བས་སྟོང་ལ་ལས ་རྣམས་ཆུད་མི་ཟ་བར་མངོན་པར་ཡང་ཡོད་དོ།། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་དང་པོ་སྐྱེ་བའི་ཆར་གཏོགས་པ་འགགས་མ་ཐག་ཏུ་རྣ་བར་མ་ཆད་པར་གང་ལ་རྣམ་པར་སྨིན ་བམྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་འབྱུང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན ་བསྲ་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། འདི་དག་ཐམས་ཅད་མིང་ཙམ་སྟེ།། འདུ་ཤེས་ཙམ་དུ་གནས་པ་ཡིན།། བརྗོད་པ་ལས་ནི་བཞག་གྱུར་པ།། བརྗོད་པར་བྱ་བ་ཡོད ་མ་ཡིན།། མིང་ནི་གྲང་དང་གང་གིས་སུ།། ཆོས་རྣམས་གང་དང་གང་བརྗོད་པ།། དེ་ལ་དེ་ནི་ཡོད་མ་ཡིན།། འདི་ནི་ཆོས་རྣམས་ཆོས་ཉིད་དོ།། མིང་གིས་མིང་ཉིད་སྟོང་པ་སྟེ།། མིང ་ནི་མིང་གིས་ཡོད་མ་ཡིན། མིང་མེད་པ་ཡི་ཆོས་རྣམས་ཀུན།། མིང་གིས་ཡོངས་སུ་བརྗོད་པར་བྱས།། ཆོས་རྣམས་འདི་དག་ཡོད་མིན་ཏེ།། རྟགས་པ་ལས་ནི་ཀུན་ཏུ་འབྱུང་།། ་གང་གིས་སྟོང་པར་རྣམ་རྟོག་པ།། རྟོག་པ་དེ་ཡང་འདི་ན་མེད།། མིག་གིས་གཟུགས་ནི་མཐོང་ངོ་ཞེས།། ཡང་དག་གཟིགས་པས་གང་གསུངས་པ། ་འཇིག་རྟེན་ལོག་པའི་ངང་ཅན་ལ།། ཀུན་རྫོབ་བདེན་པར་དེ་གསུངས་སོ།། འཚོགས་ནས་མཐོང་ཞེས་གང་དག་ཏུ།། འདྲེན་པ་སཱ་རབ་ཏུ་བསྟན་མཛད་པ།། དེ་ནི་དོན་དམ ་གདགས་པའི་སར།། བློ་དང་ལྡན་པས་བཀའ་སྩལ་ཏོ།། མིག་གིས་གཟུགས་རྣམས་མི་མཐོང་ཞིང་།། ཡིད་ཀྱིས་ཆོས་རྣམས་མ་རིག་པ།། དེ་ནི་བདེན་པ་མཆོག་ཡིན་ཏེ།། ་དེ་ལ་འཇིག་རྟེན་མི་དངོགས་སོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཡུལ་མ་གྲ་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་དང་།། བྱང་ཆུབ་སེམས ་དཔའ་དེ་དག་དང་། དགེ་སློང་དང་། ལྷ་དང་། མི་དང་། ལྷ་མ་མིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདྲེས་ཀྱིས་གསུངས་པ་ལ་མངོན་པར་བསྟོད ་དོ།། འཕགས་པ་སྲིད་པ་འཕོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི ་ལོ་ཙ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ཏེ་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ། ་